ཚིག་གི་གཏེར།

༼ཐ༽

༄༅། །ཚིག་གི་གཏེར་ཞེས་བྱ་བའི་བསྟན་བཅོས་བཞུགས།།

༄༅། །རྒྱ་གར་སྐད་དུ། པ་ད་ནི་དྷིཿ བོད་སྐད་དུ། ཚིག་གི་གཏེར། བླ་མ་དང་འཇམ་པའི་དཔལ་ལ་གུས་པས་ཕྱག་འཚལ་ལོ། །འཇམ་དབྱངས་མི་ཟད་ཚིག་གི་གཏེར། །འགྲོ་བ་སྐྱོབ་མཛད་ལ་བཏུད་དེ། །མཁས་པ་རྣམས་ཀྱི་མཛོད་གྱུར་པ། །ཚིག་གི་གཏེར་འདི་བདག་གིས་དབྱེ། །བྱང་ཕྱོགས་འདི་ན་ཚིག་ལ་མཁས་པ་མེད། །ལེགས་པར་ཤེས་ནས་འཆད་པ་ཁོ་བོ་ཙམ། །རྟགས་ཀྱི་དབྱེ་བ་ཕལ་ཆེར་འདིར་མི་འཇུག །འོན་ཀྱང་བོད་ལ་མཁོ་བ་མདོ་ཙམ་བསྡུ། །སངས་«་་་་་སངས་རྒྱས་སྤྱིའི་མཚན། »རྒྱས་བདེ་གཤེགས་ཐམས་ཅད་མཁྱེན། །ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་བཅོམ་ལྡན་འདས། །རྒྱལ་བ་བདུད་འདུལ་འཇིག་རྟེན་འདུལ། །མངོན་ཤེས་དྲུག་ལྡན་སྟོབས་བཅུ་པ། །གཉིས་མེད་གསུང་བ་རྣམ་འདུལ་མཛད། །ཐུབ་དབང་དཔལ་སྟུག་སྟོན་པ་ཐུབ། ༈ །ཤཀ་«་་་་་ཤཀ་ཐུབ་ཀྱི་མཚན། »ཐུབ་ཤཱཀྱའི་སེང་གེ་དང༌། །དོན་གྲུབ་ཟས་གཙང་སྲས་གཽ་ཏམ། །སྒྱུ་འཕྲུལ་སྲས་པོ་ཉི་མའི་གཉེན། །གཞན་ཡང་སྐྱོབ་པ་ཉིད་གཟིགས་དང༌། །བུ་རམ་ཤིང་པ་ལ་སོགས་པའོ། ༈ །གནས་«་་་་་མཐོ་རིས་ཀྱི་མིང༌། »བཟང་སྡིག་མེད་སུམ་རྩེན་དང༌། །ལྷ་ཡི་འཇིག་རྟེན་སྐབས་གསུམ་གནས། །རོལ་པ་གསུམ་གནས་མཐོ་རིས་མིང༌། །གཞན་ཡང་གྲུབ་པའི་གནས་སོགས་ཡོད། ༈ །འཆི་«་་་་་ལྷ་སྤྱིའི་མིང༌། »མེད་རྒས་མེད་སྐབས་གསུམ་ལྷ། །རྣམ་སད་བཅུད་ལྡན་ཚིགས་བཟང་དང༌། །ཡིད་བཟང་སུམ་རྩེན་དབང་ལྡན་དང༌། །མཐོ་རིས་གནས་དང་མི་སྦྱིན་སྐྱེས། །མཁར་ཉལ་ལེགས་བྲིས་མི་སྦྱིན་དགའ། །མི་སྦྱིན་བུ་དང་རྀ་ཡིག་བུ། །མི་རྨི་མི་འཆི་བདུད་རྩི་ཟས། །མེ་ཞལ་མཆོད་སྦྱིན་ཟས་ངག་མཚོན། །སྦྱིན་བྱེད་དགྲ་དང་ཚོགས་བཟང་ངོ༌། །རིག་«་་་་་དེའི་རིགས་ལས་བྱུང་བའི་མིང༌། »འཛིན་ཆུ་བྱུང་གནོད་སྦྱིན་དང༌། །སྲུང་མ་དྲི་ཟ་མི་འམ་ཅི། །ཤ་ཟ་གྲུབ་པ་གསང་བ་པ། །འབྱུང་པོ་འདི་དག་ལྷ་ལས་བྱུང༌། ༈ །ལྷ་མིན་«་་་་་ལྷ་མ་ཡིན་གྱི་མིང༌། »སྦྱིན་བྱེད་སྦྱིན་སྐྱེས་དུང༌། །གཞུ་རྒྱལ་དང་ནི་དབང་པོའི་དགྲ། །ཁུ་བའི་སློབ་མ་སྦྱིན་མའི་བུ། །སྔོན་གྱི་ལྷ་དང་ལྷ་ཡི་དགྲ། ༈ །ཚངས་«་་་་་ཚངས་པའི་མིང་»པ་བདག་སྐྱེས་ལྷ་ལས་རྒན། །མེས་པོ་མཆོག་གནས་གསེར་གྱི་མངལ། །རང་བྱུང་གདོང་བཞི་འཇིག་རྟེན་དབང༌། །བྱེད་པོ་སྡང་བྱེད་ཆུ་སྐྱེས་མངལ། །སྒྲུབ་བྱེད་འབྱིན་བྱེད་པདྨའི་སྟན། །སྣ་ཚོགས་འབྱིན་བྱེད་སྐྱེ་དགུའི་བདག ༈ །ཁྱབ་«་་་་་ཁྱབ་འཇུག་གི་མིང༌། »འཇུག་མི་ཡི་ཐེག་པ་དང༌། །ནག་པོ་བིཥྚཱ་ར་ཐོས་དང༌། །རྟུལ་མོའི་བུ་དང་ཐི་གུའི་ལྟོ། །དབང་པོའི་དབང་ཕྱུག་སྐྲ་གཅན་གསོད། །སྦྲང་རྩིའི་བུ་དང་རང་ལས་སྐྱེས། །སྦྱིན་བྱེད་དགྲ་བོ་པད་དཀར་མིག །མཁའ་ལྡིང་རྒྱལ་མཚན་གླང་རྫིར་གྲགས། །མི་འཛག་གོས་སེར་རྭ་གཞུ་ཅན། །སྣ་ཚོགས་སྡེ་ཅན་འགྲོ་བ་འཛོམས། །ཉེ་དབང་དབང་པོས་བརྟེན་པ་དང༌། །ལག་པ་བཞི་པ་འཁོར་ལོའི་ལག །པདྨའི་ལྟེ་བ་སྦྲང་རྩིའི་དགྲ། །ནོར་ལྷའི་བུ་དང་རྣམ་གསུམ་གནོན། །ལྷ་མོ་དགའ་བྱེད་དཔའ་བོའི་རྒྱུད། །དཔལ་གྱི་བདག་པོ་སྐྱེས་བུའི་མཆོག །མེ་ཏོག་ཕྲེང་ལྡན་སྟོབས་ལྡན་འཇོམས། །འཁར་བའི་དགྲ་དང་འོག་དབང་སྐྱེས། །ཀུན་སྐྱོབ་འཇོམས་བྱེད་ཤེས་གསལ་ཐུལ། །དཔལ་བེའུས་མཚན་པའི་རིན་ཆེན་དགའ། །སྟོབས་བཟང་དང་ནི་རབ་འཕྱང་གསོད། །སྟོབས་ལྷ་མི་འཛག་སྔོན་སྐྱེས་དང༌། །ནམ་གྲུ་དགའ་བྱེད་དགའ་བྱེད་དང༌། །འདོད་སྐྱོང་གཤོལ་མཚོན་གོས་སྔོན་ཅན། །སྣར་མའི་བུ་དང་ཏཱ་ལས་མཚན། །ལེགས་འགུགས་ཐོང་ལྡན་གཏུན་ཤིང་ཅན། །དུས་ལྡན་འཇོམས་དང་ལག་ན་གཤོལ། །སྟོབས་ལྡན་ཞེས་བྱ་དེ་ཡི་སྤུན། ༈ །མྱོས་«་་་་་ཁྱབ་འཇུག་བུའི་མིང་»བྱེད་ཡིད་སྲུབ་གསོད་བྱེད་དང༌། །རབ་སྟོབས་དང་ནི་ཉ་ཡི་ཏོག །ཚངས་འཇོམས་ལུས་མེད་འདོད་ལྡན་སྙེམས། །དྲན་པ་འདོད་པ་མདའ་ལྔ་པ། །སྡོམ་པའི་དགྲ་དང་ཡིད་ལས་སྐྱེས། །གཞན་ལས་སྐྱེ་མེད་མེ་ཏོག་མདའ། །དགའ་མའི་བདག་པོ་མེ་ཏོག་གཞུ། །ཆུ་སྲིན་རྒྱལ་མཚན་བདག་ལས་བྱུང༌། ༈ །སྣ་«་་་་་འདོད་ལྷའི་བུའི་མིང་»ཚོགས་ཏོག་ལྡན་ཚངས་པ་སྐྱེས། །ཉན་ཕྲག་བདག་པོ་མ་འགགས་པ། ༈ །མཚོན་«་་་་་དཔལ་མོའི་མིང་»བྱེད་པུདྨའི་གཞལ་མེད་ཁང༌། །པདྨ་ཅན་དང་ཀ་མ་ལ། །དཔལ་དང་འཕྲོག་བྱེད་དགའ་བ་དུང༌། །དབྱངས་བདག་ལྔ་སྐྱེས་འཁོར་ལོ་དང༌། ༈ །ལེགས་«་་་་་ཕྱག་མཚན་ལ་»མཐོང་ས་མོས་བེ་ཅོན་དང༌། །རལ་གྲི་དགའ་བྱེད་ས་རེངས་དང༌། །ནོར་བུ་ཞེས་ཀྱང་གྲགས་པ་ཡིན། ༈ །འདབ་«་་་་་མཁའ་ལྡིང་མིང་»ལྡན་དུག་འཇོམས་སྐར་མིག་བུ། །རྣམ་དུལ་ལས་སྐྱེས་ཀླུ་མཐར་བྱེད། །མཁའ་འགྲོའི་དབང་ཕྱུག་འདབ་བཟངས་དང༌། །ཁྱབ་འཇུག་ཤིང་རྟ་ལྟོ་འགྲོ་ཟ། ༈ །བདེ་«་་་་་དང་ཕྱུག་གི་མིང་»འབྱུང་དབང་ཕྱུག་ཕྱུགས་བདག་དང༌། །མཆོག་དགའ་དང་ནི་མདུང་ཐོགས་དང༌། །དབང་ཕྱུག་དབང་ཕྱུག་ཆེན་པོ་དང༌། །མཐར་གསོད་དབང་ལྡན་བདེ་བྱེད་དང༌། །གཙུག་ན་ཟླ་བ་འབྱུང་པོའི་དབང༌། །དགྲ་སྟའི་དུམ་བུ་གངས་རིའི་བདག །རི་ཡི་བདག་པོ་སིམ་བྱེད་དང༌། །པགས་པའི་གོས་ཅན་འཆི་ལས་རྒྱལ། །འཇོམས་བྱེད་བདག་པོ་དྲག་ཤུལ་ཅན། །དཔལ་མགྲིན་འགུལ་གནག་རལ་པ་ཅན། །ཐོད་པ་འཆང་བ་གཡོན་ཕྱོགས་ལྷ། །མིག་མི་བཟང་དག་ལྷ་ཆེན་པོ། །རི་ཡི་ཁུ་བ་མིག་གསུམ་པ། །ཀུན་མཁྱེན་རལ་པའི་ཁུར་བུ་ཅན། །ཟ་བོ་དྲན་པོ་འཕྲོག་བྱེད་དང༌། །འཇིགས་བྱེད་གསུམ་ལྷ་གངྒཱ་འཛིན། །གྲོང་གསུམ་མཐར་བྱེད་ལོང་བའི་དགྲ། །མཆོད་སྦྱིན་འཇོམས་བྱེད་ནམ་མཁའི་སྐྲ། །ཁྱུ་མཆོག་རྒྱལ་མཚན་སྲིན་པ་འཇིགས། །རྟག་གནས་དྲག་པོ་ཨུ་མའི་བདག །གཞན་ལས་དྲན་དགྲ་རྩེ་གསུམ་ཅན། །མགྲིན་སྔོན་ལ་སོགས་གྲགས་པ་ཡོད། ༈ །རལ་པ་བཅིངས་པ་ཀ་ར་དྷ། ༈ །དེ་ཡི་འཁོར་ནི་འཇོམས་བྱེད་དོ། ༈ །ཨུ་མ་ཀཱ་ཏྱཱའི«་་་་་ཨུ་མའི་མིང»་བུ་མོ་དང༌། །དཀར་མོ་ནག་མོ་གསེར་ལྡན་མ། །དབང་ལྡན་ཞི་མ་སྲིད་པ་མ། །དྲག་མོ་གསོད་མ་ལོ་མ་མེད། །ཀུན་ལ་བཀྲ་ཤིས་རི་ཁྲོད་མ། །གཏུམ་མོ་སིམ་བྱེད་རྫོང་ན་གནས། །ཀུན་གྱི་མ་རྣམས་བཙུན་མོའི་མིང༌། ༈ །ལོག་«་་་་་ཚོགས་བདག་མིང་»འདྲེན་བགེགས་ཀྱི་རྒྱལ་པོ་དང༌། །ཚོགས་ཀྱི་བདག་པོ་མ་གཉིས་པ། །ཧེ་རམྦ་དང་ལྟོ་འཕྱང་བ། །མཆེ་བ་གཅིག་པ་གླང་པོའི་གདོང༌། ༈ །སྡེ་«་་་་་སྨིན་དྲུག་མིང་»ཆེན་དང་ནི་སྨིན་དྲུག་བུ། །འདམ་བུའི་ཚལ་སྐྱེས་དགོང་དྲུག་པ། །རི་ཁྲོད་མ་དགའ་ངུད་མོ་དང༌། །སྡེ་དཔོན་དང་ནི་མང་པོ་སྐྱེས། །སྒྲོལ་བྱེད་འདུལ་བ་ས་ག་སྐྱེས། །གཙུག་ཕུད་ཅན་ཞོན་མ་དྲུག་པ། །མདུང་ཐོགས་གཞོན་ནུ་ཁྲུང་ཁྲུང་འཇོམས། ༈ །དབང་«་་་་་བརྒྱ་བྱིན་མིང་»པོ་དང་ནི་མ་རུ་ཏྭཱན། །མ་གྷ་ལས་སྐྱེས་འོད་ཁྱབ་དང༌། །སྨིན་པ་འདུལ་བྱེད་བི་ཌོ་ཛཱཿ །རྒན་ལས་ཐོས་སུ་ནཱ་ཤཱི་ར། །པུ་རུ་ཧཱུ་ཏཿགྲོང་འཇོམས་དང༌། །ཛིཥྞུ་རླེ་ཁ་ར་ཥ་བྷཿ །ནུས་ལྡན་མཆོད་སྦྱིན་བརྒྱ་པ་དང༌། །མཐོ་རིས་བདག་པོ་ལེགས་སྐྱོབ་དང༌། །རི་འཇོམས་དབྱིག་ལྡན་རྡོ་རྗེ་ཅན། །གནས་བདག་ཆར་འབེབས་སྒྲིབ་སྐྱོབ་འཇོམས། །ལྷ་ཡི་བདག་པོ་སྟོབས་ཀྱི་དགྲ། །བདེ་སོགས་བདག་པོ་རྨུགས་འཇོམས་དང༌། །འཕྲོག་བྱེད་རྟ་དང་སྭ་ར་ཎུ། །ངུར་འཇུག་དང་ནི་མི་གཏོང་གསོད། །མི་ཉམས་བཟོད་དཀའ་གཞན་སྙེམས་ཐེག །མིག་སྟོང་ཀུན་འཇོམས་སྤྲིན་ལ་ཞོན། །མཐོ་རིས་གནས་པའོ་གཞན་ལས་ནི། །ཀོའུ་ཤི་ཀ་ལ་སོགས་གྲགས། ༈ །དེ་«་་་་་དེའི་བཙུན་མོ་སོགས་ཀྱི་མིང་»ཡི་བཙུན་མོ་དབང་མོ་དང༌། །བདེན་སྨྲ་མཐོང་ལས་སྐྱེས་ཞེས་གྲགས། ༈ །དེ་ཡི་གྲོང་ཁྱེར་འཆི་མེད་གནས། །ཁང་བཟང་རྣམས་རྒྱལ་བདུན་ས་ནི། །ཆོས་བཟང་ནགས་ནི་དགའ་བའི་ཚལ། ༈ །དེ་ཡི་གླང་ཆེན་མཚོ་བྱུང་དང༌། །སྤྲིན་གྱི་གླང་པོ་སྒྲ་སྒྲོགས་དང༌། །སྒྲ་འབྱིན་སྤྲིན་གྲོལ་མ་ཡི་ཁྱོ། ༈ །ཁ་ལོ་བ་ནི་མཱ་ཏ་ལི། ༈ །དེའི་རྟ་མཐོར་ཐོས་མཚོན་ཆ་ནི། ༈ །རྡོ་རྗེ་ལག་ཉལ་འཇིགས་བྱེད་དང༌། །དག་བྱེད་དང་ནི་རྩེ་བརྒྱ་པ། །སྒྲ་ཅན་བདེ་ལྡན་བསྒྱིངས་འགྲོ་དང༌། །ཟ་བྱེད་ཅེས་བྱ་ནམ་མཁའ་ལ། །འགྲོ་བའི་ཐེག་པ་བི་མཱ་ན། ༈ །བཏུང་བྱ་བདུད་རྩི་བཏུང་བདེ་ཡིན། ༈ །ཆུ་བོ་དལ་འབབ་མཐོ་རིས་ཀླུང༌། །ནམ་མཁའི་གངྒཱ་ལྷ་རིངས་སོ། ༈ །འཚེར་བྱེད་ལྷུན་པོ་གསེར་གྱི་རི། །རིན་ཆེན་རྡུལ་བརྩེགས་ལྷ་ཡི་གནས། ༈ །ལྗོན་ཤིང་ཡིད་མོས་རྒྱ་མཚོ་སྐྱེས། །ལེགས་རྒྱས་དང་ནི་དཔག་བསམ་ཤིང༌། །དབང་པོ་ཚིམ་བྱེད་རྣམ་པ་ལྔ། ༈ །ཀུན་འགྱེད་གཞོན་ནུ་རྣམ་བྱེད་བུ། །སྭ་རྦཻ་དྱཱ་དང་རྒོད་མའི་བུ། །མི་བདེན་མེད་དང་ཐ་སྐར་སྐྱེས། །ནད་སེལ་ཞེས་བྱ་ལྷ་མོ་རྣམས། །ཆུ་བྱུང་སྭ་རྦེ་ཤྱཱ་ཨུརྦ་སཱི་སོགས། ༈ །མེ་དང་«་་་་་མེ་ལྷའི་མིང་»འཁྱོགས་འབར་བསྲེག་ཟ་དང༌། །ནོར་ལས་རྒྱལ་དང་ཆུའི་སྐྱེ་གནས། །གསལ་བྱེད་སྐྱེས་ཐོབ་ལུས་འཕེལ་དང༌། །ལམ་ནག་སྐེམས་བྱེད་ཤིང་ལས་འཕེལ། །འབར་བའི་སྐྲ་ཅན་སྔ་དྲོ་འབར། །རྟེན་ཟ་འོད་ཆེན་འཕྲོག་བྱེད་དང༌། །དག་བྱེད་འཚོ་བྱེད་རྟ་དམར་ཅན། །རླུང་གི་གྲོགས་པོ་གཙུག་ཕུད་ཅན། །རྩྭ་ཟན་གསེར་གྱི་ཁུ་བ་དང༌། །བསྲེག་ཟ་སྲེག་བྱེད་མཚུན་ཐོབ་བྱེད། །དུལ་འགྲོ་འོད་འགྲིབ་འོད་བདུན་པ། །འོད་གསལ་འོད་བཀྲ་འོད་ནོར་ཅན། ༈ །ཆུ་«་་་་་རྒོད་མ་ཁ་སོགས་ཀྱི་མིང་»མཁྲིས་བྲང་སྐྱེས་རྒོད་མ་ཅན། །མེའོ་མེ་འོད་འབར་དང་བཅིངས། །མཆོད་བྱ་དེར་འགྲོ་ཉལ་ཡུལ་དང༌། །འཕྲོས་འགྲོ་མེ་ཡི་ཟེགས་མ་དང༌། ༈ །ཡོངས་སུ་གདུང་བ་ཚད་པ་ཅན། ༈ །ཆོས་ཀྱི་«་་་་་གཤིན་རྗེའི་མིང་»རྒྱལ་པོ་ཕ་ཡི་བདག །མཚུན་འཇུག་མཐར་བྱེད་རབ་སོང་རྒྱལ། །ཞི་སྒྲུབ་ཡ་མུ་ན་ཡི་སྤུན། །དུས་འཛིན་གསོད་བྱེད་བཀའ་སྡོད་དང༌། །ཉི་མའི་བུ་དང་མཚུན་ལ་རོལ། ༈ །སྲུལ་«་་་་་སྲིན་པོའི་མིང་»པོ་ཟ་བྱེད་ཤ་ཟ་དང༌། །ཁྲག་འཐུང་ཀུན་གསོད་མཚན་མོར་རྒྱུ། །མཚན་མོར་སྤྱོད་དང་སྙན་པར་བསྟོད། །གསོད་བྱེད་བདག་སྐྱེས་མཐར་འགྲོ་སྦྱིན། །བསོད་ནམས་སྐྱེ་བོ་ཕྱོགས་ཀྱི་བུ། །མཐར་འགྲོ་དང་ནི་བསྲུང་བ་པ། །རབ་སེམས་«་་་་་ཆུ་ལྷའི་མིང་»མཆོག་སྟེར་ཞགས་པ་ཅན། །ཆུ་སྤྱོད་བདག་པོ་ཆུ་བདག་དང༌། །དབུགས་འབྱིན་«་་་་་རླུང་ལྷའི་མིང་»རེག་བྱེད་མ་བདག་ཉལ། །རྟག་འགྲོ་དྲི་ལེན་རྟ་དམར་ཅན། །དྲི་བཞོན་གནས་མེད་མྱུར་འགྲོ་དང༌། །སིམ་བྱེད་སིམ་པ་ཡང་དག་རྒྱུ། །འགྲོ་བའི་ངང་ཚུལ་སྐྱེས་འགྲོའི་སྲོག །མངའ་བདག་དག་བྱེད་རབ་འཇོམས་སོ། ༈ །སྲོག་«་་་་་ལུས་ཀྱི་རླུང་སོགས་གྱི་མིང་»དང་ཐུར་སེར་མཉམ་གནས་དང༌། །གྱེན་རྒྱུ་ཁྱབ་བྱེད་ལུས་ཀྱི་རླུང༌། ༈ །མྱུར་«་་་་་མྱུར་བའི་མིང་»བ་ཉིད་སྒྲོལ་ཤུགས་ལྡན་འགྲོ། །མགྱོགས་པ་ལ་གོར་སྐྱེན་པ་ཡུད། །ཐབས་ཅིག་མི་སྡོད་དེ་མ་ཐག ༈ །རྟག་«་་་་་རྟག་ཏུའི་མིང་»ཏུ་རྒྱུན་ཏུ་མི་ངལ་བ། །རྒྱུན་མི་འཆད་དང་བར་མེད་སོགས། །ལུས་«་་་་་རྣམ་ཐོས་སྲས་ཀྱི་མིང་»ངན་གྲོགས་པོ་མིག་གསུམ་པ། །གསང་བའི་བདག་པོ་གནོད་སྦྱིན་རྒྱལ། །མི་ཡི་ཆོས་ལྡན་ནོར་སྦྱིན་རྒྱལ། །རྒྱལ་པོ་དང་ནི་ནོར་གྱི་བདག །མིའམ་ཅི་དབང་རྣམ་ཐོས་སྲས། །འོད་ཡངས་བུ་ཕོ་མི་ལ་ཞོན། །མཆོད་སྦྱིན་དམར་སེར་མིག་ཡ་ཅན། །དཔལ་སྟེར་དབང་ཕྱུག་བསོད་ནམས་སྐྱེས། ༈ །སྣ་ཚོགས་«་་་་་དེའི་ཚལ་སོགས་ཀྱི་མིང་»ཤིང་རྟ་དེ་ཡི་ཚལ། ༈ །དེ་ཡི་བུ་ནི་གར་མཁན་མཆོག ༈ །གངས་ཅན་གནས་ཡིན་གྲོང་ཁྱེར་ནི། །བརྒྱན་པ་ཅན་ཡིན་དེའི་ཤིང་རྟ། །མེ་ཏོག་རྒྱས་པ་ཅན་ཞེས་བྱ། ༈ །མིའམ་ཅི་དང་ཅིའི་སྐྱེས་བུ། །རྟ་ཡི་གདོང་ཅན་འགྲོ་མགྱོགས་པ། ༈ །གཏེར་གྱི་གཙོ་བོ་གཉེན་གཏེར་དེ། །དབྱེ་ན་དུང་དང་པདྨ་སོགས། ༈ །ལྷ་«་་་་་ནམ་མཁའི་མིང་»རྩེན་རོལ་ས་འཁོར་ལོ་དང༌། །ཀུན་འགེབས་གོ་འབྱེད་ཆུ་སྒྲོགས་དང༌། །མི་གསལ་ཀུན་འགྲོ་དབུས་ནས་གསལ། །བར་མེད་མཐའ་བྲལ་ལྷ་ཡི་ལམ། །མི་འདའ་རྟག་སྡོད་ཁྱབ་འཇུག་གནས། །ཀུན་གསལ་རྣམ་གྲོལ་ནམ་མཁའི་མིང༌། །ཀུན་«་་་་་ཕྱོགས་སྤྱིའི་མིང་»ཁྱབ་གསལ་གནས་ཉི་མས་སྟོན། །འཕྲོག་བྱེད་རྣམས་ནི་ཕྱོགས་ཀྱིའོ། ༈ །ཤར་ལ་སོགས་པའི་ཕྱོགས་རྣམས་སུ། །དབང་པོ་ལ་སོགས་རིམ་བཞིན་གནས། ༈ །རྒྱ་«་་་་་ཕྱོགས་ཀྱི་གླང་པོའི་མིང་»མཚོ་ལས་བྱུང་པདྨ་དཀར། །གཡོན་བཅིངས་མཆོད་འགྲོ་ས་ལ་མོས། །མེ་ཏོག་སོ་དང་ས་སྟེང་གྲགས། །ཆ་མཛེས་ཕྱོགས་ཀྱི་གླང་པོ་བརྒྱད། །དེ་དག་«་་་་་གླང་མོའི་མིང་»ཆུང་མ་སྤྲིན་གྲོལ་མ། །སེར་སྐྱ་མ་དང་དམར་སེར་མ། །དཔེ་མེད་མ་དང་ཟངས་རྣ་མ། །དགེ་བའི་སོ་ཅན་ཡན་ལག་ཅན། །མཆོད་ལྡན་ཅེས་བྱ་རིམ་པ་བཞིན། ༈ །ལྕགས་རི་མུ་ཁྱུད་ཁོར་ཡུག་གོ ༈ །ཆུ་«་་་་་སྤྲིན་གྱི་མིང་»འཛིན་སིམ་བྱེད་ཆུ་ཁུར་དང༌། །ཆུ་ཡི་གཞོན་པ་སྒྲ་སྒྲོགས་དང༌། །རྒྱུན་འཛིན་བརླན་འཛིན་གློག་ཅན་དང༌། །སེལ་བྱེད་ཆུ་ཡིས་མགུ་བྱེད་དང༌། །ཆུ་འབྱིན་དུ་བའི་སྐྱེ་གནས་ཅན། །ཀ་དམྦ་ཅན་སྤྲིན་གྱི་ཕྲེང༌། ༈ །འབྲུག་«་་་་་འབྲུག་གི་མིང་»སྒྲ་སྒྲ་སྒྲོགས་སྤྲིན་གྱི་སྒྲ། །སྒྲ་ཅན་དང་ནི་སྒྲ་བརྒྱ་པ། ༈ །ས་«་་་་་གློག་གི་མིང་»སྲུང་ཅན་དང་སྐད་ཅིག་གསལ། ༈ །གློག་དང་རྣམ་གསལ་གཡོ་འགུལ་ཅན། ༈ །འཕྲོ་«་་་་་ཐོག་གི་མིང་»འཇོམས་རྡོ་རྗེའི་ཟེར་འཕྲོ་བ། །སྤྲིན་གྱི་འོད་ཟེར་ཆུ་ལས་འབར། ༈ །དབང་«་་་་་འཇའ་ཚོན་གྱི་མིང་»པོའི་མཚོན་ཆ་བརྒྱ་བྱིན་གཞུ། །འཇའ་ཚོན་མིང་ཡིན་དེ་དྲང་ན། །རོ་ཧི་ཏཾ་ཞེས་བྱ་བར་གྲགས། ༈ །ཆར་«་་་་་ཆར་པའི་མིང་»པ་དགུང་ཆར་ཆར་རྒྱུན་དང༌། །ཡོངས་ལྷུང་དང་ནི་ཀུན་ནས་འབབ། །ཆུ་ཡི་ཟིགས་མ་བད་ཟིལ་ཅན། །གཞན་ལས་སྤྲིན་གྱི་བཅུད་དང་ནི། །མཁའ་ལས་བབས་དང་སྤྲིན་ལས་བྱུང༌། ༈ །རྡོ་ཆར་«་་་་་སེར་བའི་མིང་»སྡང་བྱེད་སེར་བའི་མིང༌། ༈ །དེ་ལ་«་་་་་ཐན་པའི་མིང་»གནོད་བྱེད་ཐན་པ་སོགས། །སྤྲིན་«་་་་་ཡུལ་ངན་གྱི་མིང་»གྱིས་སྒྲིབ་བྱེད་ཉི་མ་ངན། །མངོན་པར་མི་གསལ་ཉེ་བར་ནུབ། །ཁེབས་པ་ཞེས་བྱ་ཡུལ་ངན་མིང༌། ༈ །བསིལ་«་་་་་ཟླ་བའི་མིང་»ཟེར་ཅན་དང་སིམ་བྱེད་འོད། །ཟླ་བ་དབང་པོ་ཀུ་མུད་གཉེན། །བྱེད་མཁས་བདུད་རྩིའི་འོད་ཅན་དང༌། །འོད་དཀར་ཅན་དང་རྩིའི་དབང་ཕྱུག །མཚན་མོའི་བདག་པོ་ཆུ་ལས་སྐྱེས། །སྲོག་འཚོ་ཆགས་བསྐྱེད་འགྲིབ་པ་ཅན། །རི་དྭགས་མཚན་པ་ཆ་ཤས་གཏེར། །གཉིས་སྐྱེས་རྒྱལ་པོ་རི་བོང་འཛིན། །རྒྱུ་སྐར་དབང་ཕྱུག་མཚན་མོར་བྱེད། །ཆ་ཤས་ཅན་དང་བཅུ་དྲུག་ཆ། །འོད་གཟུགས་དཀྱིལ་འཁོར་ཅན་ཕྱེ་བ། །ཆ་ནུས་དུམ་བུ་ཡན་ལག་ལྡན། །འོད་ལྡན་ཀུན་ཕན་སིམ་འོད་ཅན། །རབ་གསལ་རང་སྣུབ་ཨོཾ་མཚན་དང༌། །རྟགས་ཅན་མཚོན་བྱེད་ལེགས་ཞི་བ། །མཆོག་ཏུ་མཛེས་པ་མཛེས་པ་དང༌། །འཚེར་ལྡན་གསལ་བྱེད་འགེབས་པའོ། །ཁུག་«་་་་་ཁུག་རྣའི་མིང་»རྣ་ལྷོ་འུར་བ་མོ་དང༌། ༈ །འཚེར་བྱེད་ཁ་བ་འཇིག་ལས་སྐྱེས། །མཆོད་བྱ་ཁུ་འཕང་བསིལ་ཡོན་ཅན། ༈ །བརྟན་«་་་་་རྟོད་ཕུར་གྱི་མིང་»གནས་དང་ནི་གན་རྐྱལ་བུ། ༈ །རི་«་་་་་ཨ་ག་སྟྱའི་མིང་»བྱི་དང་ནི་བུམ་པ་སྐྱེས། །གྲོགས་པོ་དང་ནི་ཆུ་ལྷའི་བུ། །མི་འགྱུར་སྐར་མ་འོད་ཅན་དང༌། །སྒྲོལ་མ་ཅན་དང་མདོངས་སེལ་མ། །དཱ་ཀྵའི་བུ་མོ་རྒོད་«་་་་་ཐ་སྐར་གྱི་མིང་»མ་ཅན། །ཀུན་སྒྲུབ་«་་་་་རྒྱལ་སྟོད་ཀྱི་མིང་»རྣམ་ཁྱབ་རྒྱས་བྱེད་དང༌། །གྲུབ«་་་་་གྲོ་ཞུན་གྱི་མིང་»པ་ཚིམ་བྱེད་ལེགས་ཉན་དང༌། ༈ །ནོར་«་་་་་ཁྲུམས་ཀྱི་མིང་»ལྡན་བ་ལང་ཁྱུ་མཆོག་རྐང༌། ༈ །རི་«་་་་་སྨལ་པོ། »དྭགས་མགོ་ཅན་རི་དྭགས་མགོ །དེ་ཉིད་ལོ་ཡི་དང་པོ་ཡིན། །སྟེང་གི་ཆར་གནས་སྐར་མ་དཔྱིད། ༈ །ཆེ་བའི་བདག་པོ་ལྷའི་སློབ་དཔོན། །བློ་ལྡན་བླ་མ་དབྱངས་བདག་པོ། །འཚོ་བྱེད་དང་ནི་འགྲོ་ལྡན་བུ། །སྨྲ་བའི་བདག་པོ་གཙུག་ཕུད་བཀྲ། །དུམ་སྐྱེས་ཞེས་བྱ་ཕུར་བུའི་མིང༌། ༈ །ཁུ་བ་སྦྱིན་«་་་་་པ་ཝ་སངས་ཀྱི་མིང་»བྱེད་བླ་མ་དང༌། །སྙན་ངག་བུ་ཕོ་མདོག་མཛེས་དང༌། །བྷྲྀ་གུའི་བུ་དང་སྙན་ངག་མཁན། ༈ །རོལ་«་་་་་མིག་དམར་གྱི་མིང་»འགྲོ་ས་སྐྱེས་ས་ལས་བྱུང༌། །ལུས་དམར་དང་ནི་ས་ཡི་བུ། །གཞན་ལས་བཀྲ་ཤིས་ཞེས་སུ་གྲགས། །བྲ་«་་་་་ལྷག་པའི་མིང་»ཉེའི་བུ་ཕོ་རྟོགས་ལྡན་དང༌། །ཟླ་བའི་བུ་ནི་གཟའ་ལྷག་གོ ༈ །དལ་«་་་་་སྤེན་པའི་མིང་»འགྲོ་སྤེན་པའོ་མུན་«་་་་་སྒྲ་གཅན་མིང་»ཅན་དང༌། །སྒྲ་གཅན་དང་ནི་མཐོ་རིས་གསལ། །སེང་གེ་ཅན་དང་ཟླ་བ་ཟ། །ཁྱིམ་«་་་་་ཁྱིམ་གྱི་མིང་»རྣམས་འཆར་བ་དུས་སྦྱོར་ཏེ། །དེ་ནི་ལུག་དང་གླང་ལ་སོགས། ༈ །སྣང་«་་་་་ཉི་མའི་མིང་»འབྱུང་ཆུ་འོད་བླ་མེད་གསལ། །མི་སྦྱིན་སྐྱེས་དང་བཅུ་གཉིས་བདག །སྣང་བྱེད་ཉིན་བྱེད་འོད་བྱེད་པ། །རབ་ཏུ་གསལ་བྱེད་རྣམ་གསལ་བྱེད། །འོད་ལྡན་ཁྱབ་གསལ་རྟ་བདུན་པ། །རྟ་ལྗང་དང་ནི་འོད་དྲོད་ཅན། །རྣམ་བསྒྱུར་མཆོད་འོས་མ་ཟླུམ་དང༌། །ཆར་འབེབས་འོང་འགྲོ་གསོ་བར་བྱེད། །ནམ་མཁའི་ནོར་བུ་སྒྲོལ་བྱེད་བཤེས། །འོད་བཀྲ་རྣམ་པར་སྣང་བྱེད་དང༌། །གཟའ་ཡི་བདག་པོ་འོད་ནོར་ཅན། །སྣང་བདག་དང་ནི་ཉིན་མོའི་བདག །འོད་གསལ་གསོད་བྱེད་འོད་སྟོང་འཕྲོ། །གདུང་བ་འོད་འབྱིན་མཐུས་བསྒྲགས་སོ། ༈ །གནས་བྱེད་དམར་སེར་དབྱུག་པ་དང༌། །གཏུམ་པའི་འོད་ཀྱིས་ཡོངས་སུ་བསྐོར། ༈ །ཁ་«་་་་་ཁ་ལོ་བའི་མིང་»ལོ་བ་ནི་འོད་དམར་དང༌། །བརླ་མེད་ཅེས་བྱ་འོད་སྲུང་དང༌། །མཁའ་ལྡིང་ཞེས་བྱ་སྡུན་འགྲོ་བའོ། ༈ །ཡོངས་«་་་་་ཉི་མའི་གུར་»སུ་བསྐོར་བ་ཡོངས་འཛིན་དང༌། །ཉེ་བའི་ཉི་མ་དཀྱིལ་འཁོར་ཅན། ༈ །མུན་«་་་་་འོད་ཟེར་གྱི་མིང་»སེལ་རོ་བྱེད་འཇལ་འཕྲོ་སྣང༌། །ཕྱོགས་ཀྱི་མཐར་འགྲོ་ཆུ་སྣོམ་དྲེགས། །གསལ་བ་འོད་བྱེད་འོད་ཟེར་ཅན། །རི་«་་་་་སྨིག་རྒྱུའི་མིང་»དྭགས་སྲེད་དང་འཆིར་འཇུག་ནི། །སྨིག་«་་་་་དུས་ཀྱི་རྣམ་གྲངས་མདོར་བསྟན་པ་»རྒྱུའོ་དུས་ཀྱི་རྣམ་གྲངས་ནི། །བགྲང་བྱ་དུས་དང་ཚོད་དང་ནི། །ཡང་དག་འགྲོ་ཞེས་བྱ་བར་གྲགས། །ཚེས་«་་་་་ཚེས་སོགས་རྒྱས་པར་བཤད་པ་»གཅིག་ཕྱོགས་རྩ་རྣམ་གྲངས་ཡིན། །མུན་«་་་་་ཉིན་མོའི་མིང་»བསལ་ཉིན་མོ་སྡོང་འཇོམས་དང༌། །མི་ལྡོག་རྩེན་དུས་གནས་འཇུག་དང༌། །མི་«་་་་་སྔ་དྲོའི་མིང་»སྒྲིབ་སང་དུས་ཉིན་མོའི་སྒོ། །ནམ་«་་་་་ཕྱི་དྲོའི་མིང་»ལངས་ཞེས་བྱའོ་ཉིན་མོའི་མཐའ། །ཉི་བསྒྱུར་ལེགས་གནས་ཕ་སྐྱེས་དང༌། །མེལ་«་་་་་ཐུན་མཚམས་ཀྱི་མིང་»ཚེ་ཞེས་བྱ་ཐུན་མཚམས་མིང༌། །སྔ་དྲོ་ཕྱི་དྲོ་ཉི་མ་གུང༌། །ཐུན་«་་་་་མཚན་མོའི་མིང་»ཚོད་གསུམ་ཡིན་མཚན་མོའི་མིང༌། །བྱ་བྲལ་ཕྲར་འཇུག་གནས་དུས་དང༌། །ཐུན་གསུམ་པ་དང་དལ་བ་སྟེར། །སྣང་བ་ཟློག་བྱེད་མུན་པ་ཅན། །རྡུལ་ཅན་དང་ནི་ཐུན་ཚོད་ཅན། །ཞིར་འཇུག་སྣང་མེད་མཚན་མོ་ཆེ། །ཟླ་དཀར་རྐྱང་ཟླ་སྣང་བ་ཅན། །ཚིགས་«་་་་་དཀར་ནག་གི་ཕྱོགས་ངོས་གཟུང་བ་»མཚམས་ཚེས་གཅིག་བཅོ་ལྔའི་བར། །བཅོ་ལྔ་གཉིས་པོ་ཕྱོགས་ཀྱི་མཐའ། ༈ །འཇལ་«་་་་་ཚེས་བཅོ་ལྔའི་མིང་»བྱེད་གང་བའམ་ཟླ་བ་ཉ། ༈ །ཆ་«་་་་་གནམ་སྟོང་གི་མིང་»གཅིག་ཉམས་པ་རྗེས་འདུ་ཟེར། །ཉི་ཟླ་འདུས་ཕྱིར་ལྷན་གནས་པའམ། །འདི་ན་གནམ་སྟོང་ཞེས་སུ་གྲགས། ༈ །ཟླ་«་་་་་ཟླ་བ་མཐོང་བའི་དུས་»མཐོང་ཚེས་པའམ་གཞོན་ནུ་ཅན། ༈ །མ་«་་་་་མ་མཐོང་བའི་དུས་»མཐོང་ཆང་ཅན་ཀུ་ཧུར་གྲགས། ༈ །ཉི་བསྒྱུར་«་་་་་ཉི་མ་གཟས་བཟུང་བའི་མིང་»གཟས་བཟུང་སྒྲ་གཅན་ཟོས། །འདི་ན་སྤྱང་གིས་ཟིན་ཞེས་གྲགས། །ཉི་ཟླ་ཅིག་སྦྱོར་མེ་ཏོག་ཅན། །མིག་«་་་་་དུས་ལ་སོགས་པ་བརྩམ་ཚུལ་»འཛུམས་བཅོ་བརྒྱད་མཐར་གནས་ལ། །དེ་ནི་སུམ་ཅུས་བགྲང་བ་ཡིན། །དེ་སུམ་ཅུ་ལ་སྐད་ཅིག་གོ །དེ་ནི་བཅུ་གཉིས་ཡུད་ཙམ་ཡིན། །དེ་སུམ་ཅུ་ལ་ཉིན་ཞག་གཅིག །དེ་དག་བཅོ་ལྔ་ཕྱོགས་སུ་གྲགས། །སྔ་ཕྱིའི་ཕྱོགས་ནི་དཀར་ནག་གཉིས། །དེ་གཉིས་བསྡོམས་པས་འཇལ་བྱེད་ཡིན། །མཱ་«་་་་་མཆུ་ཟླ་»གྷཱ་ལ་སོགས་གཉིས་གཉིས་ལ། །དུས་ཚིགས་དེ་གསུམ་བགྲོད་པ་གཅིག །ལྷོ་བྱང་བགྲོད་པ་གཉིས་ལ་ལོ། །ཉིན་མཚན་མཉམ་པའི་བི་ཥུ་པ། །འཕེལ་འགྲིབ་མེད་པ་ཞེས་ཀྱང་གྲགས། །མེ་«་་་་་ཟླ་བ་»ཏོག་ལྡན་པའི་ཟླ་བ་ཉ། །རྒྱལ་གྱི་ཟླ་བ་གང་ཡིན་དེ། །མིང་ནི་རྒྱལ་ཡིན་མཆུ་ལ་སོགས། །ལྷག་མ་བཅུ་གཅིག་དེ་བཞིན་ནོ། ༈ །རི་དྭགས་མགོ་ཅན་མིག་འབྱེད་དང༌། །ལོ་འགོ་ཞེས་བྱ་སྨལ་པོའི་མིང༌། ༈ །རྒྱལ་དང་ཏཻ་ཥ་མི་མཇེད་གསུམ། ༈ །དཀའ་ཐུབ་ཟླ་བ་མཆུ་གཉིས་སོ། །འབྲས་བུའི་ཟླ་བ་དཀའ་ཐུབ་བཟང༌། །དབོ་ཡིན་ནག་པ་ཅན་ནག་པ། །འདོད་ཟླའོ་ས་ག་སྦྲང་མགུ་བྱེད། ༈ །ཐུ་བོ་ཁུ་བ་དག་བྱེད་ཟླ། ༈ །མི་བཟོད་ཆུ་འཛག་མཁའ་སྒྲའོ། ༈ །སྤྲིན་བཟང་བ་ལང་བ་ལང་རྐང༌། །ཁྱུ་མཆོག་རྐང་པ་ཁྲུམས་ཀྱི་མིང༌། ༈ །རྒོད་མ་ལྟད་མོའི་ཟླ་བ་དང༌། །རྒོད་མ་ཅན་ནི་ཐ་སྐར་མིང༌། ༈ །སྨིན་དྲུག་མང་སྟེར་སྤྲོ་བ་ཅན། ༈ །ཁ་བ་འབབ་དང་གྲང་བའི་དུས། །དགུན་སྟོད་དགུན་སྨད་རིམ་པ་བཞིན། །དཔྱིད་དང་མེ་ཏོག་དུས་བདེ་བྱེད། །རྡུལ་དུས་ཚད་ཟླ་ངེས་སྲེག་དུས། །དྲོད་ཕེབས་དྲོད་འོངས་ཚད་པ་ཅན། །ཆར་ཟླ་དང་ནི་ཆར་པའི་དུས། །འདི་ན་ཆུ་ཡི་ཟླ་ཡང་ཟེར། །སྟོན་ཀ་གཞན་ལས་སྨིན་པའི་དུས། །འདི་ན་དཔྱིད་ཟླ་ར་བ་སོགས། །གསུམ་ཚན་བཞི་རུ་ཕྱེ་སྟེ་སྨྲ། ༈ །ཨོངས་བགྲང་བགྲང་གཞི་རང་སྐྱོབ་དང༌། །འདོར་བྱེད་ཅེས་བྱ་ལོ་ཡི་མིང༌། ༈ །ཡོངས་འཇོམས་རབ་ཐིམ་རབ་ནུབ་དང༌། །ཟད་པ་རབ་ནུབ་མཐའ་ཞེས་བྱ། །བསྐལ་པའི་མིང་ཡིན་གཞན་དུ་ནི། །འཇིག་དུས་དུས་མཐའ་ཟད་དུས་ཟེར། ༈ །རེག«་་་་་སྡིག་པའི་མིང་»འཕེལ་བསྲུང་བྱ་ངན་འཐུང་དང༌། །དམས་བྱེད་དགེ་འཛད་རྐོ་བྱེད་དང༌། །སྣུབ་བྱེད་དང་ནི་བཟང་པོ་སྤངས། །མཚར་འགྲོ་དང་ནི་བཟང་ལ་འབྱོལ། །ཉེས་བྱས་རྣམས་ནི་སྡིག་པའི་མིང༌། ༈ །འཛིན་«་་་་་དགེ་བའི་མིང་»པ་ཡང་སྦྱོར་རབ་བསྔགས་དང༌། །ལེགས་བྱས་འདོད་འབབ་དགའ་བྱེད་ཚིམ། །རབ་དགའ་དགའ་དང་རབ་མགུ་བྱེད། །རངས་བྱེད་སྤྲོ་བྱེད་ཀུན་དགའ་དང༌། ༈ །སྡིག་«་་་་་བསོད་ནམས་ཀྱི་མིང་»སྲོབ་ལེགས་རྐོ་བཟང་དགེ་དང༌། །བསྔགས་འོས་ཞི་བྱེད་བཟང་པོ་དང༌། །ཕན་ཐོབ་བཟང་སྙེགས་དགེ་ལེགས་དང༌། །སྐལ་བཟང་སྐལ་ཅན་སྐལ་ལྡན་དང༌། །ངན་སེལ་བསྟོད་འོས་མི་དགེ་བསྐྱུང༌། །བསོད་ནམས་མིང་ཡིན་བསྔགས་པ་ཡི། །རྣམ་གྲངས་གཞན་ནི་འདི་རྗེས་འབྱུང༌།། ༈ །།ལྷས་«་་་་་དབང་ཐང་གི་མིང་»བསྐོས་བསྐོས་བསྟན་བགོ་སྐལ་དང༌། །སྐལ་བ་སྔོན་བྱས་རྣམ་གྲངས་ཏེ། །འདི་ནི་ཕྱྭས་བསྐོས་ཁ་རྗེར་གྲགས།། ༈ །།རྒྱུ་«་་་་་ས་བོན་གྱི་མིང་»དང་བྱེད་པ་ཁྱད་འགྲོ་དང༌། །འབྱུང་གཞི་ཐོག་མའི་བྱེད་པ་པོ། །གཞན་ལས་ཉེར་ལེན་སོགས་དྲུག་བཤད། ༈ །ཞིང་«་་་་་བདག་གི་མིང་»ཤེས་བདག་དང་སྐྱེས་བུ་དང༌། །གཙོ་«་་་་་གཙོ་བོ་ལ་སོགས་པའི་མིང་»བོ་རང་བཞིན་ཁྱད་པར་དང༌། །དུས་འབྱུང་གནས་སྐབས་ཡོན་ཏན་ཏེ། །གནས་པ་སྐྱེ་བ་ཐིམ་པས་ན། །ཡོན་ཏན་གསུམ་ཡིན་གཞན་དུའང་འདོད། ༈ །སྐྱེ་«་་་་་སྐྱེ་བོའི་མིང་»བ་སྐྱེ་བོ་སྐྱེད་བྱེད་སྐྱེ། །བསྐྲུན་དང་འབྱུང་བ་རྣམ་གྲངས་སྒྲ། །སྲོག་ལྡན་ཤེས་ཅན་སྐྱེ་ལྡན་དང༌། །སྲོག་ཆགས་སྐྱེ་བོ་ལུས་ཅན་དང༌། །སེམས་ཅན་སེམས་པ་སྙིང་ཅན་དང༌། །སྒྲོགས་བྱེད་འཕྲོག་བྱེད་ཉལ་བྱེད་ཉལ། །ཡིད་«་་་་་བློ་གྲོས་ཀྱི་མིང་»འགྲོ་རྩོལ་བྱེད་བློ་ཤེས་རབ། །ཉལ་སློང་བློ་གྲོས་རབ་མཐོང་དང༌། །ཉེར་དམིགས་སེམས་པ་ལེགས་རྟོགས་དང༌། །བསམ་པ་གོ་བ་ཁོང་དུ་ཆུད། །ཀུན་ཆུབ་འཛིན་བློ་«་་་་་རྟོག་དཔྱོད་ཀྱི་མིང་»ཡང་དག་རྟོགས། །སེམས་ཀྱི་ལོངས་སྤྱོད་ཡིད་ཀྱི་ལས། །ཡིད་ལ་བྱེད་དང་དཔྱོད་པ་དང༌། །བགྲང་དང་རྣམ་པར་དཔྱོད་པ་དང༌། །ཀུན་ནས་སྡུད་དང་རྟོགས་པ་དང༌། །མནོ་བསམ་དང་«་་་་་ཐེ་ཚོམ་གྱི་མིང་»ནི་སོམ་ཉི་དང༌། །ཐེ་ཚོམ་སྙམ་པ་ཡིད་གཉིས་དང༌། ༈ །གཏན་«་་་་་ངེས་པའི་མིང་»ལ་ཕེབས་དང་ངེས་པ་དང༌། ༈ །ལོག་«་་་་་ལོག་ལྟའི་མིང་»པར་ལྟ་དང་མེད་པ་བ། ༈ །འཚེ་«་་་་་གནོད་སེམས་ཀྱི་མིང་»བྱེད་དང་ནི་འཁུ་བའི་སེམས། ༈ །གྲུབ་«་་་་་གྲུབ་མཐའི་མིང་»མཐའ་དང་ནི་བཟུང་བའི་མཐའ། ༈ །འཁྲུལ་«་་་་་བློ་འཁྲུལ་བའི་མིང་»བ་ལོག་བློ་འཁོར་བ་དང༌། ༈ །ཁས་«་་་་་དམ་བཅའི་མིང་»འཆེ་ཕྱོགས་བཟུང་དམ་བཅའ་དང༌། །ངེས་བྱས་མཉན་བྱས་ཡོངས་ཐོས་པ། །བདག་གིར་བྱས་དང་ཁས་བླངས་དང༌། །སོ་སོར་མཉན་དང་ལེགས་བཟུང་དང༌། །ཐར་པའི་བློ་གྲོས་ཡེ་ཤེས་སོ། ༈ །རྣམ་«་་་་་རྣམ་ཤེས་ཀྱི་མིང་»ཤེས་བཟོ་ཡི་བསྟན་བཅོས་ཤེས། །གྲོལ་«་་་་་རྣམ་པར་བྱང་བའི་མིང་»བ་མ་འདྲེས་མྱ་ངན་འདས། །རབ་བསྔགས་འཆི་མེད་ངེས་པར་ལེགས། །ཐར་པ་དང་ནི་སྤངས་པའོ། ༈ །མི་«་་་་་ངར་འཛིན་གྱི་མིང་»ཤེས་མ་རིག་ངར་འཛིན་བློ། ༈ །གཟུགས་སྒྲ་དྲི་རོ་«་་་་་ཡུལ་སྤྱིའི་མིང་»རེག་བྱ་ཡུལ། །སྤྱོད་ཡུལ་«་་་་་དབང་པོའི་མིང་»དབང་དོན་བདེ་བྱེད་དང༌། །ཡུལ་ཅན་བདག་རྟག་དབང་པོའི་མིང༌། །ལས་ཀྱི་དབང་པོ་ཁ་ལ་སོགས། །བློ་ཡི་བདག་རྟག་མིག་ལ་སོགས། ༈ །བསྐ་«་་་་་ཡུལ་སོ་སོར་ལས་རེའི་མིང་»བ་ཆུ་སྟེར་མངར་བ་དང༌། །ལན་ཚྭ་ཚ་བ་རྣོན་པོ་སྐྱུར། ༈ །རྣམ་«་་་་་དྲི་བཟང་གི་མིང་»ཉིད་སྦྱར་སྤོས་འགྲོ་ཡིད་འཕྲོག །ཀུན་མོས་དྲི་བཟང་རིང་ནས་འགུགས། །ངེས་འཕྲོག་ལེགས་འཐུལ་སྣ་ཚིམ་བྱེད། །འདོད་དྲི་དྲི་ཞིམ་ངན་བཟང་སྟེ། །རུལ་«་་་་་དྲི་ངན་གྱི་མིང་»དྲི་དྲི་ངན་དྲི་བཙོག་སོགས། ༈ །དཀར་«་་་་་དཀར་པོའི་མིང་»པོ་དཀར་གསལ་འོད་གསལ་དང༌། །མདོག་དཀར་གཞན་གཅོད་དཀར་སྣུམ་དང༌། །སྐྱ་བསེང་དག་མདོག་ཡིད་སྡེབས་དང༌། །མདོག་བསྔགས་མིག་སྟོབས་དཀར་དག་དང༌། །སྲིད་«་་་་་ངང་མདོག་གི་མིང་»སྒྲུབ་སྐྱ་བོ་རི་དྭགས་མདོག །ངང་པའོ་ནག་པོ་«་་་་་ནག་པོའི་མིང་»སྔོན་པོ་དང༌། །དཀར་མིན་སྔོ་བསངས་མདོག་ནག་དང༌། །རྙིང་མའི་མདོག་གོ་སེར་པོ་«་་་་་སེར་པོའི་མིང་»དང༌། །མདོག་བསྔགས་དང་ནི་ཡུང་བའི་མདོག །ལྗང་«་་་་་ལྗང་གུའི་མིང་»གུ་ལྗང་སེར་ལོ་མའི་མདོག །འདི་ན་«་་་་་དམར་པོའི་མིང་»བསྲུབས་ཁའོ་དམར་པོ་དང༌། །མདོག་དམར་དམར་དང་ཁྲག་མདོག་དང༌། ༈ །ཀ་«་་་་་ལེབ་རྒན་གྱི་མིང་»ན་ད་མདོག་མི་གསལ་ན། །སྐྱ་རེངས་དམར་སྐྱ་པཱ་ཊ་ལ། ༈ །དུ་«་་་་་དུད་ཀའི་མིང་»མདོག་དུད་ཀ་དམར་ནག་ལའོ། །སེར་སྐྱ་«་་་་་སེར་སྐྱའི་མིང་»དཀར་སེར་སེར་བསེང་དང༌། །དམར་སེར་རྐྱང་ཟེར་འདི་ན་ནི། །སྐྱེར་ཁ་ཞེས་གྲགས་བཀྲ་«་་་་་སྣ་ཚོགས་ཀྱི་མིང་»བ་དང༌། །སྣ་ཚོགས་བགྲང་སྣང་འདྲེས་མ་དང༌། །ཁྲ་བོ་ཞེས་བསྒྲགས་རྣམ་གྲངས་སྒྲ། ༈ །ཚངས་«་་་་་སྒྲ་སྤྱིའི་མིང་»བྱུང་གསོ་བསྒྲགས་བརྗོད་པ་དང༌། །དབྱངས་དང་སྒྲ་དང་སྒྲ་ཅན་དང༌། །མཚོ་བྱུང་རྣམ་བརྗོད་གང་བ་དང༌། །སྨྲ་དང་འཆད་དང་བཤད་དང་ལབ། །ཟུར་ཆག་དང་ནི་སྒྲ་ཉམས་པ། །རྗོད་«་་་་་ལུང་དུ་སྟོན་པའི་སྒྲའི་མིང་»བྱེད་བསྟན་བཅོས་སྒྲ་ལ་ནི། །ཏེ་ང་སུབ་ཀྱི་མཐའ་ཅན་ངག །བྱེད་པའམ་བྱ་བ་དང་ལྡན་པ། ༈ །ཐོས་«་་་་་རིག་བྱེད་ཀྱི་མིང་»པ་རིག་བྱེད་གསུམ་མན་ངག །གསུམ་པའི་ཆོས་ནི་དེའི་ཆོ་ག །སྙན་ངག་ངེས་བརྗོད་མཆོད་སྦྱིན་གསུམ། །འདི་གསུམ་རིག་བྱེད་གསུམ་པོ་ཡིན། །བསླབ་སོགས་ཐོས་པའི་ཡན་ལག་གོ ༈ །ཨོཾ་«་་་་་འདོན་པ་ལ་འཇུག་ཚུལ་»གྱི་ཡི་གེ་ཕྱག་འཚལ་བ། །ཨི་ཏི་ཧཱ་སཿཔཱུ་རཱ་པྲྀཏྟ་ད། །ཨུཏྟ་ཏ་ལ་སོགས་གསུམ་དབྱངས། །ཨཱ་«་་་་་ལུང་གི་རྗེས་སུ་རྟོག་ཅིང་འབྱེད་པ་»ནཱི་ཀྵི་ཀཱི་དཎྜཱི་ལུགས། །རྟོག་«་་་་་རྟོག་གེའི་མིང་»གེ་རིག་པ་དོན་བསྟན་བཅོས། །ཨཱ་«་་་་་བསྟན་བཅོས་སྤྱིའི་མིང་»ཁྱ་ཡི་ཀོ་པ་ལབྡྷ། །པཱུ་ར་ཎ་ནི་མཚན་ཉིད་ལྔ། །རྟོག་«་་་་་འཇིག་རྟེན་གཏམ་རྒྱུད་ཀྱི་མིང་»པས་རབ་ཏུ་བཅིངས་པའི་གཏམ། །པྲ་བནྡྷི་ཀཱ་པྲ་ཧེ་ལི་ཀཱ ༈ །དྲན་པ་ཆོས་ཡང་དག་«་་་་་བསྡུས་པའི་མིང་»པར་བསྡུས། །ལེགས་བསྡུས་པ་དང་བསྡུས་པའོ། །ཚིག་བསྡུ་བ་དང་བསྡུས་པའི་དོན། །སྐྱེ་བོས་«་་་་་གཏམ་སྨྲ་པའི་མིང་»ཐོས་པ་གང་ཅིའང་རུང་བརྗོད། །བཱརྟྟ་པྲ་བྲྀཏྟཱི་པྲ་བྲྀཏྟཱ་ནྡཱ། །ཨུ་དནྟ་སྟྱ་ད་ཨཱ་ཁྱཱ། །ཨཱ་ཧེ་ཨ་བྷི་དྷ་ན་དང༌། །མིང་བརྗོད་པ་དང་མིང་དང་ནི། །ཧཱུ་ཏིཿཨཱ་ཀཱ་ར་ཎཱ་ཧཱ་ཎ། །སཾ་ཧཱུ་ཧི་ནི་མང་པོས་བྱས། །རྩོད་«་་་་་རྩོད་པའི་མིང་»པ་དང་ནི་ཐ་སྙད་དང༌། །ཉེ་«་་་་་བསྙོན་འདེབས་པའི་མིང་»བར་དགོད་པ་སྨྲ་བའི་སྒོ། །ཨུ་པོདྒྷཱ་ཏ་ཨུ་དཱ་ཧཱ་ར། །མནའ་«་་་་་མནའི་མིང་»དང་བྲོས་འདོན་འདིར་དབུ་བསྙུང༌། །འདྲི་«་་་་་འདྲི་བའི་མིང་»བ་ཤེས་འདོད་རྗེས་སུ་སྦྱོར། །ལན་«་་་་་ལན་གྱི་མིང་»དང་སླར་བརྗོད་རྗེས་སྟོན་པ། ༈ །ལོག་«་་་་་རྫུན་ཚིག་གི་མིང་»པའི་སྦྱོར་བ་ངན་བརྗོད་དང༌། ༈ །ལོག་«་་་་་སྐུར་འདེབས་ཀྱི་མིང་»པར་བསྔགས་པ་མངོན་པར་སྨོད། །ལེགས་«་་་་་བསྔགས་པའི་མིང་»པ་སྟོན་སྒྲ་རྗེས་ཆགས་སྐྱེས། ༈ །མཆོད་«་་་་་སྙན་བསྒྲགས་ཀྱི་མིང་»ཚིག་ལེགས་སྒྲོག་ཡང་དག་ཤེས། ༈ །བསྟོད་«་་་་་བསྟོད་པའི་མིང་»པ་བསྟོད་སྒྲ་བསྟོད་ཚིག་བསྟོད། །སྐྱོར་ཚིག་གཉིས་གསུམ་བརྗོད་པའོ། །སྒྲ་གསང་མཐོན་པོ་དབྱངས་ཡིན་ནོ། །གཅོང་སྐད་མོ་ཡི་རྣམ་འགྱུར་ཏེ། ༈ །མྱ་ངན་སོགས་ལས་བྱུང་བའི་སྒྲ། ༈ །མི་«་་་་་སྨོད་པའི་མིང་»བསྔགས་བསྡིགས་ཚིག་ངེས་པར་རྒོལ། །ཡོངས་སྨོད་སུན་འབྱིན་ཁྲོ་ཚིག་དང༌། །གཤེ་དང་བརྒྱད་དང་སྨོད་པ་དང༌། །ཚིག་རྩུབ་རྒོལ་བ་སྨ་འབེབས་ཚིག ༈ །ཆགས་པའི་ཁྲོ་བ་འཁྲིག་པའི་གཞི། །ཀུན་བརྗོད་དང་ནི་ཡོངས་སྒྲ་དང༌། །ལབ་ལོབ་དང་ནི་དོན་མེད་གཏམ། །རྗེས་སུ་སྨྲ་«་་་་་ཚིག་ཟློས་པའི་མིང་»དང་ཡང་ཡང་སྨྲ། །རྣམ་སྨྲ་«་་་་་ཚིག་འགལ་བའི་མིང་»དང་ནི་ཡོངས་གདུང་ཚིག །ཅལ་ཅོལ་དང་ནི་འགལ་བའི་ཚིག །དབ་དིབ་«་་་་་སྒྲ་མི་གསལ་བའི་མིང་»དང་ནི་གྲོང་གཏམ་དང༌། །ལེགས་«་་་་་ལེགས་པར་བརྗོད་པའི་མིང་»པར་སྨྲ་དང་ལེགས་བཤད་དང༌། །གསང་སྒྲ་གསོང་གཏམ་ཉིད་ཡིན་ནོ། །ཕན་«་་་་་ཕན་ཚིག་གི་མིང་»བྱེད་སྨྲ་བ་འཕྱོན་མའི་ཚིག །དགེ་གཏམ་འཇམ་གཏམ་འཕྲོད་གཏམ་དང༌། །སྙིང་«་་་་་ཚིག་རྩུབ་ཀྱི་མིང་»ལ་འབབ་པ་གདུང་ཚིག་དང༌། །ཚིག་རྩུབ་གྲོང་པ་ཚིག་མི་ལེགས། །གཏམ་«་་་་་དགའ་བ་བསྐྱེད་པའི་ཚིག་གི་མིང་»སྙན་དགའ་བྱེད་བདེན་པ་དང༌། །གླེན་«་་་་་བླུན་ཚིག་གི་མིང་»ཚིག་ཉོན་མོངས་ཕན་ཚུན་འགལ། །མི་གསལ་མ་རྫོགས་བརྗོད་ཉམས་དང༌། །མྱུར་«་་་་་མཆིལ་ཚིག་གི་མིང་»བརྗོད་ཆུ་ཚིག་མཆིལ་མ་ཅན། །མ་«་་་་་འབྲེལ་མེད་ཚིག་གི་མིང་»འབྲེལ་དོན་མེད་ཡི་གེ་བྲལ། །བརྗོད་བྱ་མེད་པ་གསོག་དང་རྫུན། །མི་«་་་་་བདེན་ཚིག་གི་མིང་»གསལ་མི་བདེན་དེ་ཉིད་དང༌། །ཡིད་འབྱུང་དེ་བཞིན་ཡིད་འབབ་དང༌། །ཡང་དག་བདེན་པའོ་གཞན་ལས་ནི། །མི་སླུ་བ་ལ་སོགས་པའང་གྲགས། །སྒྲ་དང་ངེས་སྒྲོགས་«་་་་་ལུང་དུ་མི་སྟོན་པའི་སྒྲ་རྣམས་ཀྱི་མིང་»གྲག་པ་དང༌། །སྒྲོགས་པ་ཅ་ཅོ་ཀུ་ཅོ་དང༌། །ལྷང་ཙེར་དིང་འུར་ཤུ་སྒྲ་སོགས། །ཤོད་སྒྲ་གོས་སྒྲ་ལོ་མ་ཡི། །ཁྲལ་ཁྲོལ་ཅེས་བྱ་རྒན་གྱི་སྒྲ། ༈ །ཀྭ་ཎ་ཿཀྭ་ཎ་ཿལ་སོགས་དང༌། །སྔོན་དུ་ནི་དང་པྲ་བྱིན་པ། །དྲི་ཟ་སོགས་ཀྱི་པི་ཝང་སྒྲ། ༈ །ཅ་ཅོ་དར་དིར་ལ་སོགས་པ། །མང་པོ་མི་གསལ་བ་ཡི་སྒྲ། །འབུ་སྒྲ་ལ་སོགས་དུད་འགྲོའི་སྒྲ། ༈ །སྒྲ་བརྙན་ལན་སྒྲ་འདིར་བྲག་ཅ། ༈ །གླུ་དང་དབྱངས་མཚུངས་འདྲེན་པ་ལ། །འདྲེས་དང་ཁྱུ་མཆོག་གནྡྷ་ར། །དྲུག་སྐྱེས་པར་མ་བློ་གསལ་བ། །ལྔ་པ་ཞེས་བྱའི་དཀྱུས་བདུན་པའོ། ༈ །པི་ཝང་དང་ནི་མགུལ་པའི་སྒྲ། །སྒྲ་ཆ་ཕྲ་བ་ཀཱ་ཀ་ལི། །མི་གསལ་སྙན་པ་དྷྭ་ནི་ཡིན། ༈ །ཟབ་མོ་སྒྲ་ནི་མནྟྲ་སྟེ། །ཤིན་ཏུ་མཐོན་པོ་ཏཱ་རའོ། །འ་ཡ་ཐམས་ཅད་མཉམ་པ་ཡིན། །ཕེག་རྡོབ་རྣར་འཇུག་བལྐ་ལི། །རྣམ་སྤྲོས་དང་ནི་རྒྱུད་ཅན་ནོ། །རྒྱུད་བདུན་པ་རི་བཱ་དི་ནི། །པི་ཝང་སོགས་སྒྲ་ཏ་ཏཾ་ཡིན། །ཨཱ་ནདྡྷ་དང་མུརྫ་སོགས། །གླིང་བུ་སོགས་ལ་བུག་ཅན། །འཁར་རྔ་ཕེག་རྡོབ་སོགས་སིལ་སྙན། །རྣམ་པ་འདི་བཞི་རོལ་མའི་སྒྲ། །མྲྀ་ཏཾ་ག་དང་མུརྫ་དང༌། །དེ་ཡི་བྱེ་བྲག་ཨཾ་ཀྱཱ་དང༌། །ཨ་ལིངྒེ་དང་ཨུརྡྷ་ཀའོ། །ཡ་ཤཿཔ་ཌ་ཧཿཊཀྐ། །བྷཻ་རི་ཨཱ་ན་ཀ་དང་ནི། །དུནྡུ་བྷི་དང་ཨཱ་ན་ཀ །པ་ཌ་ཧཿདང་ཀོ་ན་དང༌། །པི་ཝང་ཁོག་པ་ཕྲ་བཱ་ལ། །དེ་ཡི་རྩེ་མོ་ཀ་ཀུ་བྷ། །རབ་བསྡམས་པ་ཞེས་བྱ་བར་གྲགས། །འཕངས་འགྲོའོ་རྩ་བར་ལྡེམས་པའི་ཤིང༌། །ཨུ་པ་ན་ཧོ་ཞེས་བྱའོ། །རོལ་མོའི་བྱེ་བྲག་དུ་མ་རུ། །མད་དུ་ཌིཎྜི་ཛྷ་ཛ་ར། །མརྡ་ལ་དང་པ་ཎ་བ།། ༈ །།གར་མཁན་དང་ནི་རོལ་མོ་བ། །དལ་དང་མྱུར་དར་བར་མ་ལ། །ཏ་ཏྭ་ཨོ་གོ་ག་ཎཾ་ཟེར། །དེ་སོགས་གར་གྱི་སྐབས་དོན་འགའ། །བོད་ལ་མཁོ་བ་ཆུང་ཕྱེར་བཞག །སྒེག་«་་་་་ཉམས་ཀྱི་མིང་མདོར་བསྟན་པ་»པ་དཔའ་བ་སྙིང་རྗེ་དང༌། །ངམ་པ་རྒོད་དང་འཇིགས་སུ་རུང༌། །མི་སྡུག་དྲག་ཤུལ་ཉམས་བརྒྱད་དོ། ༈ །སྒིག་«་་་་་རྒྱས་པར་བཤད་པ་»པ་གཙང་བ་རབ་འབར་བ། །སྤྲོ་བ་བསྐྱེད་དང་དཔའ་བ་ཡིན། །སྙིང་རྗེ་བདེ་འགོག་བདག་དབང་བྱེད། །ཐུགས་རྗེ་གཏོང་དང་རྗེས་སུ་བརྩེ། །རྗེས་སུ་ཁྲོ་བའོ་རྒོད་པ་དང༌། །བཞད་པ་རྒོད་བག་གད་མོ་འབྱིན། ༈ །མི་སྡུག་པ་ཡི་རྣམ་པར་འགྱུར། ༈ །ངོ་མཚར་རྨད་བྱུང་མཚར་ཆེ་བ། །སྣ་ཚོགས་ཞེས་བྱའོ་འཇིགས་རུང་དང༌། །འདར་འཇུག་དང་ནི་འཇིགས་བྱེད་དང༌། །ཉམ་ང་ཅན་དང་འཇིགས་པ་དང༌། །འཇིགས་སྡེ་འཇིགས་པ་འཇིགས་པར་བྱེད། །སྐྲག་བྱེད་སོ་སོར་འཇིགས་དྲག་པོ། །དྲག་ཤུལ་ཞེས་བྱ་འདི་དག་ཉམས། །འཇིགས་སྐྲག་ལ་སོགས་ཐུན་མོང་པ། །ཡིད་ཀྱི་རྣམ་«་་་་་ཉམས་ཀྱི་ཁྱད་པར་མིང་»འགྱུར་ངོ་བོ་དང༌། །ཉམས་དང་རྗེས་མྱོང་གོ་བྱེད་དོ། །སྙེམས་«་་་་་ང་རྒྱལ་གྱི་མིང་»པ་མངོན་པའི་ང་རྒྱལ་དང༌། །ངར་བྱེད་ང་རྒྱལ་ཡིད་མཐོ་བའོ། །མ་«་་་་་མ་གུས་པའི་མིང་»དད་ཟལ་གནོན་ཡོངས་སུ་སྨོད། །ཞུམ་བྱེད་མཚང་དགོད་མཆོད་མི་བྱེད། །ཤེས་པར་མི་བྱེད་མ་བརྩིས་པ། །མི་མོས་པའོ་འདི་ན་ནི། །མཚང་འབྲུ་རྒོལ་དང་ཤུང་པ་དང༌། །བརྒྱད་བཀག་ལ་སོགས་གཞན་ཡང་གྲགས། །མིག་«་་་་་ངོ་ཚ་བའི་མིང་»དམན་ངོ་ཚ་ངོ་མི་འཛེམ། །ཞུམ་ཞིང་པ་གོང་འཁུམས་པའང་ཟེར། །བཟོད་«་་་་་བཟོད་པའི་མིང་»པ་གཏོང་འོས་མངོན་སྙེམས་དང༌། །མི་«་་་་་ཕྲག་དོག་གི་མིང་»བཟོད་ཕྲག་དོག་སྐྱོན་སྒྲོ་འདོགས། །དཔལ་«་་་་་ཁོན་འཛིན་གྱི་མིང་»བསྐྱེད་འགལ་བ་རྣམ་པར་འགོག ༈ །སེམས་སྡུག་«་་་་་མྱ་ངན་གྱི་མིང་»མྱ་ངན་གདུང་བའོ། ༈ །ཕྱི་«་་་་་འགྱོད་པའི་མིང་»ནས་གདུང་བ་རྗེས་གདུང་དང༌། །རྣམ་པར་སྙིལ་བ་འགྱོད་པའོ། ༈ །ཁྲོ་«་་་་་ཁྲོ་བའི་མིང་»བ་འཁྲུག་པ་མ་རུངས་པ། །མི་མནོགས་གཞན་བསྣུན་སེམས་འཁྲུག་པ། །གཙང་«་་་་་ཚུལ་ཁྲིམས་མིང་»བར་སྤྱོད་པ་ཚུལ་ཁྲིམས་སོ། །སྨྱོ་«་་་་་འཁྲུལ་སེམས་ལ་»སེམས་རྣམ་པར་འཁྲུལ་བའོ། །ཉམས་«་་་་་དགའ་བའི་མིང་»དགའ་དགའ་ཉིད་སྙིང་སང་དགའ། །སེམས་སྣུམ་འདི་ནི་དགྱེས་པ་སོགས། །འདོད་«་་་་་འདོད་པའི་མིང་»པ་རེ་བ་འདོད་སྤྲོ་དང༌། །ཐོབ་འདོད་སྲེད་པ་ཆགས་རྙེད་འདོད། །ཡིད་ཀྱི་ཤིང་རྟ་འདོད་ཆགས་དང༌། །མངོན་འདོད་ཞེན་པ་དེ་ཆེ་ན། །རྔམས་ཆེ་འདི་ན་ཞེ་ཉེར་གྲགས། ༈ །ཉེར་«་་་་་དོན་སེམས་པའི་མིང་»འཛིན་ཆོས་སེམས་ཀུན་འཛིན་ཡིད། །ཡིད་གདུང་གཅགས་པ་ཤིན་ཏུ་སེམས། །སྤྲོ་བ་ཞེན་པའོ་བརྩོན་«་་་་་བརྩོན་འགྲུས་ཀྱི་མིང་»ལྡན་ཡིད། །དེ་ཚེ་རྡུལ་ལྡན་ཕོང་ཚངས་«་་་་་གཡོ་སྒྱུའི་མིང་»འགྲོ། །སྙད་ཀ་རང་མཐོང་སྙད་འདོགས་དང༌། །འགེབས་དང་ཁྲམ་དང་ངན་ཀྱོག་དང༌། །ངན་བྱེད་གཡོ་ཅན་བག་མེད་དང༌། །ཡིད་མི་རྟོན་ཡིན་འདི་ན་ནི། །ལྷོད་ལ་སོགས་པའང་ཆ་མཐུན་ཡིན། ༈ །མཚར་«་་་་་བཞད་གད་ཀྱི་མིང་»འདོད་དགའ་འདོད་སྐྱོ་བསངས་དང༌། །སྡིག་སེལ་འདི་ན་ཀུ་རེར་གྲགས། །བུད་«་་་་་བུད་མེད་སྒེག་པའི་མིང་»མེད་རྣམས་ཀྱི་རྩེ་བ་ལ། །རོལ་པ་དང་ནི་སྟེགས་འགྲོས་དང༌། །རྣམ་སྐོར་སྒེག་འགྲོས་ཉམས་དགའ་སོགས། །ཧཱ་བཱཿཞེས་གྲགས་བྱ་བ་རྣམས། །སྒེག་པ་ལས་བྱུང་ཉམས་སུ་བཤད། །འཛག་«་་་་་རྩེད་མོའི་མིང་»དང་རྩེ་དང་གད་མོ་དང༌། །རོལ་རྩེད་འཇོ་སྒེག་གཡེར་བག་དང༌། །སྙད་ཀ་འཁྱོག་ཚིག་མཚོན་པ་དང༌། །བྱིས་རྩེད་རྩེ་བ་རྩེད་མོའོ། ༈ །ལུས་«་་་་་རྔུལ་གྱི་མིང་»ཆུ་རྔུལ་དང་ལུས་ཀྱི་རྔུལ། །སེམས་«་་་་་དྲན་པ་མེད་པའི་མིང་»སྟོར་སྙ་དང་སེམས་ཉམས་དང༌། །ཧོན་སྟོང་པ་དང་རྣམ་འགྱུར་སྦེད། །འུར་དང་ཤིན་ཏུ་འབྲོས་པའོ། ༈ །ག་«་་་་་གད་མོའི་མིང་»ཆད་ཀུན་ནས་དགའ་དང་དགོད། །ཆུང་ངུ་འཛུམ་པའོ་བར་མ་ནི། །གད་མོའི་སྤུ་ལྡང་བ་སྤུ་ལངས། །ངུ་«་་་་་ངུ་བའི་མིང་»འབོད་ཆོ་ངེ་མཆི་མ་འཛག །གླལ་དང་«་་་་་གཡལ་བའི་མིང་»གཡལ་བའོ་«་་་་་བསླུ་བའི་མིང་»བསླུ་བ་དང༌། འདྲིད་ཚིག་ངག་འབྲས་གཞན་པ་དང༌། །ཡིད་བརྟན་མེད་པའོ་གཉིད་དང་ནི། །ཉལ་«་་་་་ཉལ་བའི་མིང་»དང་གཟིམས་དང་རྨི་ལམ་དང༌། །ལེགས་ཕབ་སྙ་དང་གློ་ཕབ་པ། །སྨིན་«་་་་་ཁྲོས་པའི་འགྱུར་བ་ལ། »བསྡུས་ཁྲོ་གཉེར་སྨིན་མཚམས་བསྡུས། ༈ །དགའ་«་་་་་དགའ་སྟོན་གྱི་མིང་»སྟོན་མཆོད་ཆེན་ལྷ་གསོལ་ལོ། །མཐོ་རིས་ཀྱི་སྡེའོ།། ༈ །།འོག་«་་་་་ས་འོག་གི་མིང་»མ་ས་འོག་རྐང་འོག་དང༌། །སྟོབས་ལྡན་གནས་དང་བཅུད་འོག་དང༌། །ཀླུ་ཡི་འཇིག་རྟེན་བུ་ག་མཚར། ༈ །ཁུང་དང་བུ་ག་«་་་་་ཁུང་བུའི་མིང་»ཁུང་བུ་དང༌། །བུ་གུ་བུག་པ་དམིགས་ཁུང་དང༌། །གསལ་མཐོངས་མཁའ་མཐོངས་རླུང་འབྱུང་རྣམས། །ཐུན་མོང་མིང་ཡིན་ས་ཁུང་དང༌། །ས་ཕུག་དོང་སྒོ་དོང་བུག་སྒོ། །ལྡོངས་བྱེད་མུན་པ་ཞི་ལྡན་«་་་་་མུན་པའི་མིང་»དང༌། །རབ་རིབ་ཉེར་ནུབ་མུན་ནག་སྨག །མཐུག་ན་ཤེ་མུན་སྲབ་ན་ནི། །ནམ་མཁའ་དག་པ་ཞེས་བྱའོ། །ཀུན་ཁྱབ་མུན་ཁྱབ་བགྲོད་མེད་མུན། །ཀ་«་་་་་ཀླུའི་རྒྱལ་པོའི་མིང་»དྲུའི་བུ་དང་ལྷག་མ་དང༌། །མཐའ་ཡས་ནོར་རྒྱས་སྦྲུལ་ཅན་དང༌། ༈ །བ་«་་་་་སྦྲུལ་བྱེ་བྲག་གི་མིང་»ལང་སྣ་དང་ཐིག་ལེའི་ལུས། །ཨ་ཛ་ག་ཉལ་རླུང་གིས་དགའ། །ཆུ་སྦྲུལ་དང་ནི་མྱུར་འགྲོ་འདོད། །ཐིག་ལེ་དཀར་ལྡན་རྔ་བོ་ཆེ། །ཀླ་ཀློ་གསོ་དང་ཀླ་ཀློའི་སྦྲུལ། །ཤུན་«་་་་་ཤུན་པ་བརྗེ་བའི་མིང་»པ་བརྗེས་པ་གོ་ཆ་གྲོལ། ༈ །ས་«་་་་་སྦྲུལ་སྤྱིའི་མིང་»ལ་རེག་འགྲོ་ས་ལ་འཕྱེ། །འཁྱོག་འགྲོ་གྱ་གྱུ་འཁྱུག་འགྲོ་འཕྱེ། །མཆེ་བ་དུག་ཅན་དུག་འཛིན་དང༌། །འགྲོས་ཀྱོག་རྣམ་འཛིན་འཁོར་ལོ་ཅན། །འཁྱིལ་པ་རྐང་སྦས་མིག་གིས་ཐོས། །ལྟོ་འཕྱེ་གདེངས་ཅན་གཟར་བུ་མགོ །རྒྱབ་རིངས་ཟས་ངན་ཁུང་དུ་ཉལ། །བྲང་འགྲོ་རྐང་གིས་མི་འགྲོ་དང༌། །རྨུགས་འགྲོ་དང་ནི་འཕེལ་ཀ་ཅན། །རླུང་ཟའོ་སྦྲུལ་ལས་བྱུང་བ་ནི། །དུག་དང་རུས་པ་ལ་སོགས་སོ། །སྥུ་ཊ་ཡཱན་དང་«་་་་་གདེངས་ཀའི་མིང་»ཕ་ཎཱ་གཉིས། །ཀཉྩུ་ཀ་དང་ནི་རྨོ་ཀ ༈ །ཀྵེ་«་་་་་སྦྲུལ་དུག་གི་མིང་»ཌ་ག་ར་ལཾ་གི་དུག །ཀཱ་ཀོ་ལ་དང་ཀཱ་ལ་ཀཱུ་ཊ། །ཧ་ལ་ཧ་ལཱ་སཱ་རོཥྚི་ཀ །སོལྐི་ཀ་དང་ཚངས་པའི་བུ། །པྲ་དཱི་པ་ནཿདཱ་ར་ད། །བེའུའི་ལྟེ་བ་ཞེས་བྱ་བ། །དུག་གི་དབྱེ་བ་རྣམ་དགུའོ། ༈ །དུག་«་་་་་དུག་གི་སྨན་པའི་མིང་»གི་སྨན་པ་དུག་སེལ་དང༌། ༈ །སྦྲུལ་«་་་་་སྦྲུལ་འཛིན་བའི་མིང་»འཛིན་དང་ནི་ཏུཎྜི་ཀ ༈ །དམྱལ་«་་་་་དམྱལ་བའི་མིང་»བ་དང་ནི་ངན་འགྲོའི་མཐིལ། །འདོད་འབྲས་བྲལ་དང་ངན་འགྲོའོ། །དེ་ཡི་དབྱེ་བ་ཚ་བ་སོགས། ༈ །ཡི་དྭགས་གྲུབ་«་་་་་ཡི་དྭགས་ཀྱི་མིང་»མེད་འཚོད་པ་ལ་མིན། །འགྲོ་བྲལ་ངན་ཁྱབ་བླ་མེད་«་་་་་དེའི་སྡུག་བསྔལ་གྱི་མིང་»དང༌། །བརྣག་དཀའ་ངན་མྱོང་ཚེར་མ་རྩུབ། །ན་བ་བྲོ་ནད་སྡུག་བསྔལ་དང༌། །ཡིད་འགྲོགས་དང་ནི་སྐྱེ་ལས་སྐྱེས། །དཀའ་དང་གཅོད་སྦྱོར་འཇིགས་པ་ལེན། ༈ །ཟླ་«་་་་་རྒྱ་མཚོའི་མིང་»བས་འཕེལ་དང་ཆུ་འཛིན་དང༌། །ཕ་རོལ་མི་མངོན་ཕ་རོལ་སྒྲིབ། །ཆུ་ཀླུང་བདག་པོ་ཆུ་ལྡན་དང༌། །ཆུ་སྲེལ་དང་ནི་འབབ་ལྡན་དང༌། །ཆུ་ཅན་དུག་ཅན་ཆུ་རྒྱུན་ཅན། །རིན་ཆེན་འབྱུང་གནས་ཆུ་གཏེར་དང༌། །ཆུ་སྲིན་བདག་པོ་ཆུ་ཡི་བདག ༈ །དེ་«་་་་་དེའི་བྱེ་བྲག་གི་མིང་»ཡི་བྱེ་བྲག་འོ་ཆུ་དང༌། །ཚ་ཆུ་བ་ཚའི་ཆུ་དང་ནི། །ཞོ་ཆུ་དང་ནི་ཆུ་ཡི་ཆུ། །མར་གྱི་ཆུ་དང་བུར་ཤིང་ཆུ། །ཆང་གི་ཆུ་དང་ཞིམ་ཆུའོ། ༈ །ཁྱབ་«་་་་་ཆུ་ལ་»པ་མཉམ་སྒྲིབ་ཐུར་དུ་འགྲོ། །འདོད་བྱ་འབྲུ་ཕན་འགོག་བྱེད་དང༌། །འཆིང་བྱེད་མི་འཆི་འཚོ་བ་དང༌། །འབྱུང་བྱེད་རྟེན་པ་ལུས་འཆིང་དང༌། །འཛག་པ་གསོ་བྱེད་རྒྱས་བྱེད་དང༌། །ཀུན་ཕྱོགས་སྙུན་བྱེད་བཏང་འགྲོ་དང༌། །རྫི་བོ་བཏུང་བྱ་འོག་འགྲོ་དང༌། །ཟད་ཕྱེད་ལྟུང་བྱེད་བདེ་མཆོག་དང༌། །སྤྲིན་གྱི་མེ་ཏོག་སྤྲིན་གྱི་བཅུད། །དབའ་«་་་་་ཆུ་རླབས་ཀྱི་མིང་»དང་དབའ་རླབས་མཐོར་འགྲོ་དང༌། །མཚར་གཡོ་ཁྲེམ་མཉེར་བགྲེ་ལྡོག་དང༌། །ཆིལ་སྒྲོག་ཅེས་བྱ་རླབས་ཀྱི་མིང༌། །ཀློང་«་་་་་ཆུ་འཁོར་དང་ཟེགས་མའི་མིང་»དང་ཆུ་ཡི་འཁོར་ལོ་དང༌། །ཆུ་འཐོར་ཐིགས་པ་ཆུ་ཕྲུ་དང༌། །ཆུ་ཡི་ཟེགས་མའོ་རྒྱུན་«་་་་་ཆུ་རྒྱུན་གྱི་མིང་»འཁྱོག་དང༌། །སྦྱོར་འབྱེད་དང་ནི་རྒྱུག་ཆུའོ། །འདི་ན་ཀླུང་དང་ཆུ་ཀླུང་དང༌། །འབབ་ཆུ་ཆུ་རྒྱུན་གཙང་པོའོ། །འགྲོམ་«་་་་་ཆུ་ངོགས་ཀྱི་མིང་»དང་འགོག་བྱེད་ངོགས་དང་ནི། །ཆུ་ངོགས་དང་ནི་ཆུ་ཁ་དང༌། །ཕ་རོལ་ཚུ་རོལ་ཕན་ཚུན་ངོགས། ༈ །དེ་«་་་་་ཆུ་སྲོལ་གྱི་མིང་»གཉིས་བར་ནི་ལྷུང་སྐྱོབ་ཡིན། །འདི་ན་ཆུ་སྲོལ་ཞེས་སུ་གྲགས། ༈ །གཉིས་«་་་་་གླིང་གི་མིང་»འགྲམ་དབུས་སྐམ་ཆུ་དབུས་དང༌། །ཆུ་ཡི་སྒང་ཡིན་འདི་ན་གླིང༌། །ཚལ་ཞེས་ལ་ལར་གྲགས་པ་ཡོད། །བྱིངས་«་་་་་འདམ་རྫབ་ཀྱི་མིང་»བ་རྫབ་དང་འདམ་བག་དང༌། །འདམ་རྫབ་དང་ནི་འཇིམ་པའོ། །བསྐུལ་«་་་་་གྲུའི་མིང་»འགྲོ་སྒྲོལ་བྱེད་སྒྲོལ་བ་དང༌། །རྩ་གཟིངས་འཕྱོས་འགྲོ་གྲུ་ཡི་མིང༌། ༈ །རྒྱུན་«་་་་་འབབ་ཆུའི་མིང་»དང་འབབ་ཆུ་ཆུ་ཀླུང་ཀླུང༌། ༈ །གྲུ་གླ་«་་་་་གྲུ་བཙས་ཀྱི་མིང་»སྒྲོལ་རྔན་འདིར་མཉན་གླ། །ཤིང་«་་་་་ཆུ་གཟར་གྱི་མིང་»གིས་ཆུ་འཆུ་ཆུ་གཟར་ཡིན། །གཟིངས་«་་་་་གྲུ་ནང་གི་སྐྱེས་བུའི་མིང་»བདག་གྲུ་ཡི་ཚོང་པ་དང༌། །རྣ་བ་འཛིན་པ་གྲུ་པ་དང༌། །གཞན་ལས་གདོས་པ་འཛིན་པ་དང༌། །འདི་ན་མཉན་པ་སྐྱ་བ་འཛིན། །གཟིངས་ཀྱི་བདག་པོ་གྲུ་ལ་ཞོན། །འདྲེན་«་་་་་གྲུ་ནང་བཙུགས་པའི་ཤིང་གི་མིང་»ཤིང་གྲུ་ཐག་འདོགས་སའི་ཤིང༌། ༈ །གྲུ་«་་་་་གྲུ་སྐྱའི་མིང་»སྐུལ་དབྱུ་གུ་གདོས་པ་ཡིན། །ཆུ་ལ་འཛུགས་པ་སྐྱ་བའོ། །ཤིང་ཏོག་ཤིང་གི་ཏོག་རྩེ་ཡིན། །འཐོར་སྣོད་ཆུ་«་་་་་ཆུ་འཐོར་སྣོད་ཀྱི་མིང་»འཐོར་ཞེས་བྱའོ། ༈ །དྭངས་«་་་་་ཆུ་དྭངས་རྙོག་གི་མིང་»པ་ཆུ་གཙང་སྙིགས་མ་ཅན། །རྙོག་ཆུ་དང་ནི་ཆུ་སྙིགས་སོ། །གཞོལ་«་་་་་ཆུ་གཏིང་རིང་ཐུང་གི་མིང་»བ་ཟབ་པ་ཟབ་མོ་སྟེ། །དེ་ལས་བཟློག་པ་གསལ་ལེ་བ། །འོག་གཞི་མི་རེག་རབ་མེད་དོ། །ཆུ་«་་་་་ཉ་བའི་མིང་»གནས་ཉ་བ་དོལ་ཐོགས་ཀྱང༌། །འཆུ་བ་དྲྭ་བའོ་«་་་་་ཉ་རྒྱའི་མིང་»ཤ་ན་ཡི། །སྲད་བུ་པ་པི་ཏྲ་ཀ་ཟེར། །སྨྱུག་མའི་དྲྭ་བ་ཉ་འཛིན་ནོ། །ཉ་འབིགས་«་་་་་ལྕགས་ཀྱུའི་མིང་»མཆིལ་པ་ཞེས་སུ་གྲགས། །སྤུ་རིངས་«་་་་་ཉ་སྤྱིའི་མིང་»ཉ་དང་སྤྲོ་བ་ཅན། །འགྲོ་ལྡན་དང་ནི་སྣ་ཚོགས་རྒྱུ། །སྒོང་སྐྱེས་རྣམ་འཕྱོ་བྱང་བུ་ཅན། །ཤ་ཀུ་ལཱརྦྷ་ག་ཊ་ཀཿ། ༈ །མཆེ་«་་་་་ཉའི་བྱེ་བྲག་གི་མིང་»བ་སྟོང་ལྡན་རྒྱབ་མཐོ་དང༌། །སྟེང་འགྲོ་དང་ནི་ཤི་ཤུ་ཀཿ །ཙི་ལི་ཙི་མ་འདམ་བུའི་ཉ། །པྲོཥྛི་«་་་་་ཉ་གཞོན་ནུ་ལ་»དང་ནི་ཤ་བ་རཱི། །སྒོ་ང་ཕྲ་མོའི་ཉ་ཚོགས་ལ། །ཚང་མའོ་དེ་བཞིན་རི་ཥཿདང༌། །རོ་ཧི་ཏ་དང་མངྐུ་རཿ། །ཤཱ་ལ་དང་ནི་རཱ་ཛཱི་བ། །ཤ་ཀུ་ལ་དང་ཏི་མིཿདང༌། ༈ །ཉ་«་་་་་ཆུ་སྲིན་སོགས་སྲོག་ཆགས་ཀྱི་མིང་»མིད་ལ་སོགས་ཆུ་སྲིན་ནི། །ཉ་ཡི་རིགས་གཏོགས་དེའི་བྱེ་བྲག །བྱིས་པ་གསོད་དང་ཤངྐ་བ། །མ་ཀ་རཱ་ལ་སོགས་པ་རྣམས། །ཀུ་ལི་ར་དང་ཀརྐ་ཊའོ། ༈ །ཤུགས་ངན་དང་ནི་ཀྲ་མ་ཐྲ། །འགྲམ་སྐྱོང་དང་ནི་གྲཱི་ཧ་དང༌། །སྤ་སྐོང་འདི་ན་རུས་སྦལ་ཟེར། ༈ །ན་ཀྲ་དང་ནི་ཀུམྦྷི་རའོ། །ས་ཡི་འཁྲི་ཤིང་སྲོག་ཆགས་དང༌། །ད་བྱིད་སྐྱོན་གོར་རྣམ་གྲངས་ཡིན། ༈ །ཁྲག་འཐུང་དང་ནི་ཛ་ལཽ་ཀཿ། །ཆུ་ཤིག་པ་ཡིན་འདིར་པད་པ། །འགའ་ཞིག་སྲོག་ཆགས་པདྨ་ཟེར། ༈ །མུ་ཏིག་སྥོ་ཊཿརྣམ་གྲངས་ཡིན། །མུ་ཏིག་སྐྱེད་ལ་འདིར་ཉ་ཕྱིས། །ཉ་སྐྱོགས་ཀྱང་དེ་དུང་དང་ནི། །ཀམྦུ་ར་དང་དུང་ཕྲན་ནོ། །ཆུ་ཡི་ཉ་ཕྱིས་ཉ་སྐྱོགས་སོ། ༈ །སྦལ་པ་དབྱར་སྐྱེས་འཕར་འགྲོ་དང༌། །དརྡུ་རའོ་རུས་སྦལ་མོ། །དུ་ལིཿཞེས་བྱ་མངྐུ་རའོ། །ཆུང་མ་རྭ་ཅན་མ་ཞེས་གྲགས། །ཁྲོན་«་་་་་འཁྱིལ་ཆུའི་མིང་»པ་རབ་འདྲེན་ཆུ་སྐྱོབ་དང༌། །མུ་ཁྱུད་ཅན་ཡིན་རྫིང་«་་་་་རྫིང་བུའི་མིང་»བུ་དང༌། །ཡོངས་བསྐོས་དང་ནི་ལྷས་བསྐོས་པའོ། ༈ །པདྨའི་«་་་་་མཚོ་བྲན་སོགས་ཀྱི་མིང་»འབྱུང་གནས་སྒྲ་ལྡན་དང༌། །ཆུ་གནས་འབབ་པ་མཚོ་ཡིན་ཏེ། །ཆུ་ངན་འཚེའུ་རྫིང་བུ་དང༌། །རྫིང་རིངས་རྫིང་གི་བྱེ་བྲག་ཡིན། ༈ །སྒྲ་ལྡན་«་་་་་ཆུ་སྤྱིའི་མིང་»འགྱུས་འགྲོ་དབའ་རླབས་ཅན། །ཟི་མ་ཅན་དང་ཆུ་ངོགས་ཅན། །ཀླུང་ཅན་དང་ནི་གཡོ་བ་ཅན། །རྒྱུན་ཅན་དང་ནི་གླིང་ཅན་མ། །འཛག་ལྡན་གཞོལ་འགྲོ་མཚོར་འབབ་བོ། ༈ །གངྒཱ་«་་་་་གངྒཱའི་མིང་»དང་ནི་ཁྱབ་འཇུག་རྐང༌། །ཛཧྣུའི་བུ་མོ་ལྷ་ཡི་ཆུ། །སྐལ་ལྡན་ཤིང་རྟ་ལམ་གསུམ་འབབ། །རྒྱུན་གསུམ་པ་དང་འཇིགས་པའི་མ། ༈ །རྩོད་«་་་་་ཡ་མུ་ནཱའི་མིང་»ལྡན་ཉི་མའི་བུ་མོ་དང༌། །ཞི་བའི་སྲིང་མོ་ཡ་མུ་ནཱ། །རེ་«་་་་་སིནྡྷུ་ལ་»ཝཱ་ཏ་དང་ནརྨ་དཱ། །ཟླས་བྱུང་དེ་ཆའི་བུ་མོ་དང༌། །ལག་ཆུ་དང་ནི་རྟག་པའི་ཆུ། །དཔུང་«་་་་་སིཏཱའི་མིང་»པས་བྱིན་དང་དཀར་པོ་འབབ། །སི་ཏཱ་དྲུཿདང་བརྒྱར་གྱེས་དང༌། །ཞགས་པ་གྲོལ་དང་བི་པཱཥྚ། ༈ །དམར་«་་་་་ཆུ་བོ་གཞན་གྱི་མིང་»སྐྱ་དང་ནི་གསེར་དངུལ་ལོ། །འདམ་བུ་ཅན་དང་དབའ་ཅན་དང༌། །ཟླ་བའི་ཆ་དང་དབྱངས་ཅན་མ། །ཀཱ་བེ་རཱ་དང་ས་རི་ཏ། །གཞན་ཡང་བྱེ་བྲག་དུ་མ་ཡོད། །ཆུ་བོ་འདྲེས་པ་ཆུ་བོ་འདུས། །ཆུ་ཡི་ལམ་ནི་ཝ་ཏིའོ། ༈ །དྲི་«་་་་་མེ་ཏོག་གི་དྲིའི་མིང་»བཟངས་ཆུ་འཕྲོག་ཡིད་ཚིམ་དང༌། །མཚམས་དམར་དེ་བཞིན་སྟེང་«་་་་་ཨུཏྤལ་སྤྱི་ལ་»དུ་འཐུང༌། །ཀུ་བ་ལ་གཉིས་ཨུཏྤལ་མིང༌། །སྔོ་«་་་་་དེའི་བྱེ་བྲག་སོགས་ཀྱི་མིང་»ན་ཨིནྡྲི་བཱ་ར་སྟེ། །དཀར་ན་ས་སྒྲོགས་ས་མོས་སོ། །དེ་ཡི་སྡོང་བུ་ཤ་ལུ་ཀ །ཆུ་ཡི་ལོ་མ་བུམ་པ་ཅན། །ཆུ་ཡི་སྔོ་ནི་ཤེ་བེ་ལ། །ཆུར་ཉལ་འདི་ན་ཟི་མ་ཟེར། །ཀུ་མུད་མང་པོ་ཡིད་མོས་ཚལ། །པདྨ་«་་་་་པདྨ་སྤྱི་བྱེ་བྲག་སོགས་ཀྱི་མིང་»མང་པོ་ན་ལི་ནི། །པད་ཅན་པད་ཚལ་པདྨའི་ཚོགས། །རྐང་འགྲོས་བཅིངས་བཟང་རྩིབས་རྙེད་དང༌། །ཨུཏྤལ་ཆེན་པོ་འདབ་སྟོང་པ། །ཆུ་རྒྱུན་འདབ་བརྒྱ་ཆུར་ཉལ་དང༌། ཆུ་སྐྱེས་ཆུར་གནས་མཚོར་སྐྱེས་དང༌། །ཟེ་འབྲུའི་འཕྲེང་ལྡན་སྡོང་བུ་སྐྱེས། །ཆབ་འཁྲུངས་དང་ནི་པུཥྐ་ར། །པུཎྜ་རཱི་ཀ་པདྨ་དཀར། །དམར་ན་མཚོ་སྐྱེས་ཨུཏྤ་ལ། །དམར་པོ་ཀོ་ཀ་ན་ད་ཟེར། ༈ །སྡོང་«་་་་་སྡོང་བུའི་མིང་»བུ་དང་ནི་ཆུ་བ་དང༌། །རྐང་བུ་དང་ནི་ངར་པ་སོགས། །མེ་ཏོག་རྣམས་ཀྱི་རྩ་བ་ཡིན། ༈ །སྙིང་«་་་་་ལྟེ་བ་ལ་»པོ་ཤི་ཕཱ་ཀནྡཿནི། །དབུས་ཡིན་ཟེ་«་་་་་གེ་སར་གྱི་མིང་»འབྲུ་སྐྲ་རྡུལ་དང༌། །ཟེ་བ་གེ་སར་རྣམ་གྲངས་སོ། ༈ །ལེགས་«་་་་་འདབ་མའི་མིང་»པར་འཕེལ་བ་འདབ་མ་གསར། །ལྟེ་བ་ས་བོན་མཛོད་ཡིན་ནོ། །ས་འོག་གི་སྡེའོ།།  །།མཐོ་རིས་མཁའ་དང་ཕྱོགས་དུས་བློ། །སྒྲ་སོགས་གར་དང་བཅས་པ་དང༌། །ས་འོག་གདེངས་ཅན་དམྱལ་བ་ཆུ། །དེ་དག་དང་ནི་འབྲེལ་བཅས་བཤད། །འཆི་མེད་མཛོད་ལས་བཤད་བཞིན་འདིར་དགོས་རྣམས། །སྒྲ་དོན་ཇི་བཞིན་བསྒྱུར་ནས་ངས་འདི་བཤད། །ད་དུང་ལེགས་ཆ་དུ་མ་ཡོད་མོད་ཀྱི། །ཕལ་ཆེར་ཉུང་ལ་དགའ་ཕྱིར་རེ་ཞིག་བཞག །གྲགས་དང་མ་གྲགས་བརྡ་དང་བརྡ་མིན་དང༌། །སྒྲ་འགྱུར་ལེགས་ཉེས་བསྒྱུར་དང་མ་བསྒྱུར་དང༌། །ཁམས་དང་ཉེར་སྒྱུར་འཆད་ལུགས་ཐ་དད་དང༌། །མི་འདྲའི་དབྱེ་བ་གཞན་དུ་ངས་བཤད་མོད། །གཞུང་བཤད་པ་དང་སྙན་ངག་སྦྱོར་འདོད་རྣམས། །ལེགས་པར་སྦྱར་བའི་སྐད་ཀྱི་རྗེས་འཇུག་པའི། །ཚིག་གི་གཏེར་འདི་ཟུང་ལ་གང་དགོས་སྦྱོར། །ལྷར་བཅས་འཇིག་རྟེན་དགའ་བའི་ཚིག་ཡིན་ནོ།།  །།དགེ་བ་འདི་ཡིས་བདག་དང་སེམས་ཅན་རྣམས། །ཤེས་བྱའི་དཀྱིལ་འཁོར་ཀུན་ལ་རབ་ཡངས་བློས། །དཔལ་འབྱོར་དགེ་ལེགས་ཀུན་གྱི་གནས་བསྒྲུབས་ཏེ། །ཐམས་ཅད་གཟིགས་པའི་གོ་འཕང་མྱུར་ཐོབ་ཤོག།  །།ཚིག་གི་གཏེར་ཞེས་བྱ་བའི་བསྟན་བཅོས་འདི་ནི་ཡོངས་སུ་གྲགས་པའི་ཤེས་བྱའི་གནས་ཕལ་མོ་ཆེ་བློ་ཡུལ་དུ་བྱས་པ། སྒྲ་དང༌། ཚད་མ་དང༌། སྡེབ་སྦྱོར་དང༌། ཚིག་གི་རྒྱན་དང༌། སྙན་ངག་དང༌། མིང་གི་མངོན་བརྗོད་དང༌། རྩིས་དང༌། སྨན་དཔྱད་དང༌། བཟོའི་གནས་ལ་སོགས་པ་མཁས་པ་རྣམས་འཇུག་པའི་ཡན་ལག་ཐམས་ཅད་ལ་སྦྱངས་ཤིང༌། ལུང་དང་རིགས་པའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས། དཔལ་ས་སྐྱའི་གཙུག་ལག་ཁང་དུ་ལེགས་པར་སྦྱར་བ་རེ་ཞིག་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*