པདྨ་པ་ཏིའི་མན་ངག་དང༌། ཁོལ་པོ་པ་ཏིའི་མན་ངག

༼ཉ༽

༄༅། །པདྨ་པ་ཏིའི་མན་ངག་བཞུགས།།

༄༅། །གནོད་སྦྱིན་མོ་ཡི་བཅུད་ལེན་དང༌། །དགོས་པ་ཐམས་ཅད་སྟེར་བྱེད་པ། །པདྨ་ཏི་ན་ཡིད་འོང་མ། །ཁྱོད་ཉིད་ལ་ནི་ཕྱག་འཚལ་ལོ། །ཨོཾ་པདྨ་པ་ཏཱི་ཡེ་སྭཱ་ཧཱ། ཙནྡན་མཎྜལ་མདུན་དུ་བྱ། །མདུན་དུ་ཡིད་འོང་དམིགས་བྱས་ལ། །མེ་ཏོག་དཀར་པོས་དེ་ལ་མཆོད། །གུ་གུལ་དུད་པ་རྒྱུན་མི་བཅད། །ཟླ་བ་གཅིག་ཏུ་སྨྲ་བ་བཅད། །ཤ་ཆང་འཁྲིག་པ་སྤང་བར་བྱ། །བཅུ་དྲུག་ནས་བཟུང་ཉ་ཡི་བར། །མཆོད་པ་འབྱོར་ཚད་དབུལ་བར་བྱ། །ཕུལ་ལ་མཁྲིག་མ་ནས་བཟུང་ལ། །དེ་ལ་ཆགས་པ་སྤྱད་པར་བྱ། །ང་ཡི་ཆུང་མ་གྱིས་ཞེས་བརྗོད། །མཎྜལ་དུད་པའང་དེ་ལ་དབུལ། །ཇི་སྲིད་དེ་ལ་མ་བྱུང་ན། །ཟླ་བ་གཅིག་ཏུ་ཡང་བསྒྲུབ་བོ། །བཅུད་ཀྱིས་ལེན་གྱི་དངོས་གྲུབ་སྟེར། །བདག་ལ་འཇིག་རྟེན་འདས་པ་ཡི། །མཆོག་གི་དངོས་གྲུབ་སྩོལ་ཞེས་བརྗོད། །ཐུན་མོང་དངོས་གྲུབ་གང་རུང་བླང༌། །དེ་ནས་སྒྲུབ་པ་ཐོན་ནས་སུ། །དེ་ཡི་རིག་པ་བཟླ་བྱ་ཞིང༌། །དུས་གསུམ་མཎྜལ་དུད་པ་བཏང༌། །དེ་མ་གྲུབ་ན་ལན་རེའོ། །གཞན་ལ་ཆགས་པ་སྦང་བར་བྱ། །ཡིད་དུ་འོང་བ་པདྨ་པ་ཏིའི་མན་ངག་རྫོགས་སོ།།

«༄༅། །ཁོལ་པོ་པ་ཏིའི་མན་ངག་བཞུགས།།»

༄༅། །འོང་ངེས་བས་འཇིགས་པ་ཅི་བྱུང་ཡང་སྔགས་རྒྱུན་མི་བཅད་གསུང༌། ཁོལ་པོ་པ་ཏ་ནའི་ཨུ་བ་དེ་ཤ་ནི། ཤིང་གཅིག་གི་དྲུང་དུ་སྤྱིལ་བུ་ཕུབ་ལ། སྒྲུབ་ཐབས་བཞིན་བསྒོམ་པར་བྱའོ། །དེའང་མི་འདྲ་བ་ནི་ཧྲཱིཿནག་པོ་ལས་ལྷ་མོ་ནག་མོར་བསྐྱེད་པའོ། །རང་གི་མདུན་དུ་ཤ་གསར་པའི་གཏོར་མ་བྱའོ། །མདུན་དུ་ཤ་ཆེན་གྱི་དུད་པ་བཏང༌། དེའང་བསྙེན་སྔགས་ལ་རྟགས་མ་བྱུང་བར་དུ་བརྗོད་དོ། །རྟགས་ནི་ལུས་ན་ཆལ་ཆིལ་འོང༌། བུ་ཡུག་ཆེན་པོ་འོང༌། རབ་ནི་བྱིས་པ་ཐོད་ཅན་དངོས་སུ་འོང༌། རྨི་ལམ་མམ་དངོས་སུ་རྟགས་འོང་བའོ། །སྔགས་འོག་མ་སྒྲུབ་པ་ལ་གོང་མ་བསྙེན་སྔགས་ཡིན། གཏོར་མའང་དེས་སྦྱིན་ནོ། །ནེའུ་ལེ་ཡིན་ནོ། །ཨོཾ་སི་ཏྲ། ཨོཾ་བཛྲ་བྷ་ར་དྷི། པྲ་མ་ར། ཙ་ཏ་ཀརྨ་རཀྴ་དྷྲིཛྫ། བསྙེན་པའི་སྔགས་སོ། །རྟགས་མ་བྱུང་བའི་བར་དུ་བྱའོ། །ཨོཾ་བཛྲིཾ་བཛྲིཾ་པྲ་མ་ར་ཙ་ཏ་ཀཏྟི་མ་པྲ་ཡཙྪཛྫ། ཞེས་བརྗོད།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*