དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་གཉིས་པའི་ནང༌།

༨༧ ཆོས་དབང་རིན་པོ་ཆེའི་གཏེར་མ་ཆོས་དྲུག་སྲས་མཁར་མའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མར་པ། དར་མ་མདོ་སྡེ།«་་་་་སློབ་དཔོན་ཆེན་པོ་དང་རྗེ་འབངས་ཀྱི་དུས་ཀྱི་གཏེར་མ་རྣམས་གཏེར་སྟོན་གང་ཡིན་དེའི་ཡང་སྲིད་སྔོན་མའི་དུས་སྨོན་ལམ་དབང་བསྐུར། བཀའ་བབས་ལུང་བསྟན། མཁའ་འགྲོ་གཏད་རྒྱ་སོགས་ཀྱི་བརྒྱུད་པ་ལ་བརྟེན་སྨིན་གྲོལ་རྣམས་ལས་འཕྲོ་གཏེར་བརྒྱུད་འཕྱུགས་མེད་འོང་ཞིང༌། དེར་མ་ཟད་གཏེར་སྟོན་རྣམས་ལ་ཨོ་རྒྱན་ཆེན་པོས་དངོས་ཉམས་རྨི་ལམ་དུ་ཞལ་སྟོན་ཞིང་ཆོས་གསུངས་པའང་ཡིན་འདུག ཆོས་དྲུག་འདི་མར་པའི་ཁ་བྱང་ལ་བརྟེན་ཆོས་དབང་རིན་པོ་ཆེས་བཏོན་པ་ཙམ་ལས་སྨོན་ལམ་དབང་བསྐུར་སོགས་ཡོད་མདོག་མ་ཁ་བས་ཆོས་རྒྱུན་ཡང་ཐེ་ཚོམ་གྱི་གཞིར་སྣང་ངམ་སྙམ།་་་་་»གུ་རུ་ཆོས་དབང༌། ལྷ་རིན་ཆེན་དབང་རྒྱལ། རུ་མཚམས་སྒོམ་ཆེན། སྐྱིད་ཕུག་པ། འོལ་སྒོམ་བྱང་གླིང་པ། སངས་རྒྱས་དབོན་པོ། གཅུང་རིན་པོ་ཆེ། མཁན་ཆེན་བཀའ་བཞི་པ། རིན་ཆེན་རྒྱལ་མཚན།མཁན་ཆེན་སེངྒེ་དཔལ། རྔོག་བྱང་ཆུབ་དཔལ། བཀྲ་ཤིས་དཔལ་གྲུབ། བྱང་ཆུབ་དཔལ་གྲུབ། བྱང་ཆུབ་གྲགས་པ། རྔོག་བློ་གྲོས་དཔལ་བཟང༌། གྲོལ་མཆོག་མན་འདྲ། ༨༨ རྔོག་པའི་དགྱེས་རྡོར་རྫོགས་རིམ་བསྲེ་འཕོའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། འཕགས་པ་ལྷ། ཏཻ་ལོ། ནཱ་རོ། མར་པ། རྔོག་ཆོས་རྡོར། ཞེ་སྡང་རྡོ་རྗེ། ཀུན་དགའ་གཟི་བརྗིད། རིན་བཟང༌། ཆོས་རྒྱལ་བ། དོན་གྲུབ་དཔལ། བྱང་ཆུབ་དཔལ་མན་སྲས་མཁར་མ་ལྟར་རོ། ༨༩ །མར་པའི་སྙན་གྱི་ཤོག་དྲིལ་རྣམ་བཞིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཌཱ་ཀི་རུས་པའི་རྒྱན་ཅན། པེནྡ་བ། མར་པ། ཚུར་སྟོན་དབང་ངེ༌། གཉགས་སྒོམ་དམར་པོ། དྭགས་པོའི་མདུད་རྩེ་ཉི་མ་ལུང༌། མགར་རས་པ། རོག་རྩེ་ལྷ་སྒང་པ། སྙེ་མདོ་ཀུན་དོན། གཡུང་སྟོན་པ། བསོད་བཟང༌། ཚུལ་ཁྲིམས་མགོན་པོ། བསོད་ནམས་རྒྱལ་མཚན།གཉགས་ཕུ་བ། སེངྒེ་དཔལ་མན་སྲས་མཁར་ཆོས་དྲུག་བཞིན་ནོ། ༩༠ །མིད་ལའི་ཞལ་གདམས་རས་ཆུང་སྙན་བརྒྱུད་རྙིང་མའི་བརྒྱུད་པ་ནི། རྡོ་རྗེ་འཆང༌།ཕག་མོ། ཏཻ་ལོ། ནཱ་རོ། མར་པ། མིད་ལ། རས་ཆུང་པ། ཁྱུང་ཚང་པ། དེ་ལས་ལྟར་སྒོམ་པ། མར་སྟོན། མ་གཅིག་ཨོང་ཇོ་གསུམ་གྱིས་གསན། གསུམ་གར་ཞང་ལོ་གྲུབ་པ་དཔལ། དེ་ནས་འགྲོ་མགོན་དྷ་ར་ཤྲཱི། བྱང་སེམས་བསོད་རྒྱལ་བ། ཀུན་ལྡན་རས་པ། སྲས་བདེ་ལེགས་རིན་ཆེན། གཟི་བརྗིད་པ། རིན་རྒྱམ་པ། ཉུག་པ་ཆོས་གྲགས། བྱང་བཟང་བ། རབ་འབྱོར་སེངྒེ། མཁན་ཆེན་ཆོས་དྲུག་སེངྒེ། ལོ་ཆེན་རཏྣ་བྷ་འདྲ། རྗེ་གྲོལ་མཆོག་མན་འདྲ། ༩༡ རས་ཆུང་པས་རྒྱ་གར་ནས་སྤྱན་དྲངས་པའི་སྙན་བརྒྱུད་བར་མ་ལུས་མེད་མཁའ་འགྲོའི་ཆོས་སྐོར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ལུས་མེད་མཁའ་འགྲོ་མ། ཏཻ་ལོ་པ། ནཱ་རོ་པ། ཏི་ཕུ་པ། རས་ཆུང་པ་མན་སྙན་བརྒྱུད་རྙིང་མ་དང་གཅིག ༩༢ ཞང་ཟབ་བརྒྱའི་བརྒྱུད་པ་ནི། སྒོམ་ཚུལ། ཁམས་པ་རྒྭ་ལོ། མ་ལ་ཡེར་པ་བ། བཻ་རོ་ཙ་ན།བཞི་ག་ལས་བླ་མ་ཞང་གིས་གསན། དེ་ནས་ཤཱཀྱ་ཡེ་ཤེས། སངས་རྒྱས་གཞོན་ནུ།«་་་་་བརྒྱུད་འདེབས་སུ་དཀྱུས་ལྟར་བྱུང་ཡང་གྲོལ་མཆོག་གསན་ཡིག་ན་གོ་ལྡོག་སྣང་བ་བརྟག་་་་་»སངས་རྒྱས་སྙིང་པོ། གསེར་ཁང་སྟེང་པ། སངས་རྒྱས་རིན་ཆེན། ཤཱཀྱ་འབུམ། ཤཱཀ་བསོད། དབོན་པོ་ཆོས་བཟང༌། གྲགས་པ་དོན་གྲུབ། བསོད་ནམས་གྲུབ། གྲགས་པའི་མཚན། བླ་མ་རྟོགས་ལྡན། ལྷུན་བདེ་རབ་འབྱམས་པ། ར་ལུང་ངག་དབང་ཆོས་རྒྱལ། སྟག་ལུང་སྤྲུལ་སྐུ་ངག་དབང་རྣམ་རྒྱལ་བཀྲ་ཤིས། རྗེ་གྲོལ་མཆོག་མན་འདྲ། ༩༣ རྒྭ་ལོའི་གཏུམ་མོ་ཞག་བདུན་མའི་བརྒྱུད་པ་ནི། དུས་ཀྱི་འཁོར་ལོ། རྩ་མི་ལོ་ཙཱ་བ། ཨ་བྷ་ཡ། རྒྭ་ལོ། བླ་མ་ཞང༌། རོབ་སྐམ་པ། རས་ཆེན་ལྷུན་གྲུབ། ཡང་དགོན་པ། སྤྱན་སྔ་རིགས་ལྡན། ཟུར་ཕུག་པ། འབའ་ར་བ། ཕ་རྒོད་འཇམ་དབྱངས་ཆོས་རྗེ། ཀུན་དར་རས་མ། རྔོག་གྲགས་པ་དཔལ་འབྱོར། རིན་ཆེན་ཆོས་དར། ཨ་མོ་གྷ་སིདྡྷི། རྗེ་གྲོལ་མཆོག་མན་འདྲ། ༩༤ ཕག་གྲུའི་ཕྱག་བཞེས་ཕྱག་ཆེན་དང་ཐབས་ལམ་ཆོས་དྲུག་ཚིགས་བཅད་མའི་བརྒྱུད་པ་ནི། འབྲི་ཁུང་སྐྱུ་ར་ཡན་ལྔ་ལྡན་ལྟར་ལ། སྤྱན་སྔ་གྲགས་འབྱུང༌། སྤྱན་སྔ་རིན་རྡོར། སྤྱན་སྔ་གྲགས་རྒྱམ། སྤྱན་སྔ་རིན་རྒྱན། སྤྱན་སྔ་གྲགས་གཞོན། སྤྱན་སྔ་བསོད་རྒྱན། སྤྱང་ལུང་གཞོན་ནུ་བློ་གྲོས། པཎ་ཆེན་ཤཱཀ་མཆོག གཞོན་ནུ་ཆོས་གྲུབ། རྗེ་གྲོལ་མཆོག་མན་འདྲ།༩༥ འབྲི་ཁུང་དགོངས་གཅིག་གི་བརྒྱུད་པ་ནི། ཉེར་བརྒྱད་པ་ཡན་ལྔ་ལྡན་ལྟར་ལ། དེ་ནས་དྷརྨ་རཱ་ཛ། སྨན་སྒོམ་པ། ལབ་ཕྱི་བ། འདུལ་འཛིན་པ། སྟག་ལུང་ངག་གྲགས། འབྲུག་པ་ངག་དབང་ཆོས་རྒྱལ། སྟག་ལུང་སྤྲུལ་སྐུ། རྗེ་གྲོལ་མཆོག་མན་འདྲ། ༩༦ སྟག་ལུང་ཆོས་དྲུག་གི་བརྒྱུད་པ་ནི། ཕག་གྲུ་ཡན་ལྔ་ལྡན་ལྟར་ལ། དེ་ནས་སྟག་ལུང་ཐང་པ། སྐུ་ཡལ་བ། སངས་རྒྱས་ཡར་བྱོན། བཀྲ་ཤིས་བླ་མ། སངས་རྒྱས་དཔལ། རཏྣ་ཨཱ་ཀ་ར་གུ་རུ། ཀུན་སྤངས་ཆེན་པོ།བཀྲ་ཤིས་དཔལ་བརྩེགས། བྱང་ཆུབ་རྒྱ་མཚོ། ངག་དབང་གྲགས་པ། རྣམ་རྒྱལ་གྲགས་པ། སྟག་ལུང་སྤྲུལ་སྐུ། རྗེ་གྲོལ་མཆོག་མན་འདྲ། ༩༧ བར་འབྲུག་གི་བླ་སྒྲུབ། རྟེན་འབྲེལ། རོ་སྙོམས་གསུམ་གྱི་བརྒྱུད་པ་ནི། ཕག་གྲུ་ཡན་གོང་ལྟར་ལ། དེ་ནས་གླིང་རས། ཡང་ན་ཏི་ཕུ་བ། རས་ཆུང་པ། ལོ་སྟོན་ཀུན་དགའ་དར། སུམ་པ་སེང་དཔལ། གླིང་རས། རྒྱ་རས། ཡང་ན་སངས་རྒྱས་རབས་བདུན། གཙང་པ་རྒྱ་རས། དབོན་རས་དར་སེང༌། ཆོས་རྗེ་གཞོན་སེང༌། ཉི་མ་སེངྒེ། སེངྒེ་ཤེས་རབ། སྤོས་སྐྱ་བ་སེང་རིན། བཅུ་གསུམ་པ་སེངྒེ་རྒྱལ་པོ། ཀུན་དགའ་སེངྒེ། རྡོ་རྗེ་རིན་ཆེན། བློ་གྲོས་སེངྒེ། མཁྱེན་བརྩེ་རྟོགས་ལྡན། འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར། རྒྱལ་དབང་རྗེ། གྲུབ་ཆེན་ཤཱཀ་འཕེལ། ངག་དབང་ཆོས་རྒྱལ། སྟག་ལུང་སྤྲུལ་སྐུ། གྲོལ་མཆོག་མན་འདྲ། ༩༨ སྨད་འབྲུག་ལོ་རས་ཀྱི་ཐུབ་པ་ལྔ་ལྡན་གྱི་བརྒྱུད་པ་ནི། ཕག་གྲུ་ཡན་གོང་ལྟར་ལ། དེ་ནས་གླིང་རས། རྒྱ་རས། ལོ་རས། བདེ་སྐྱོང༌། གྲྭ་དགའ་ལྡན་པ། དབོན་པོ་བསོད་ནམས་དར། འགིར་ཕུ་བ་ངེས་འབྱུང་དར། འོད་ཟེར་རྒྱ་མཚོ། སངས་རྒྱས་རས་པ། སྐྱེས་མཆོག་སྨོན་ལམ་པ། གཡམ་སྐྱིལ་བློ་གྲོས་ཆོས་རྒྱམ། ངག་དབང་ཆོས་རྒྱལ་མན་བཤད་མ་ཐག་པ་ལྟར་རོ། ༩༩ །སྟོད་འབྲུག་རི་ཆོས་སྙིང་པོ་དྲུག་གི་བརྒྱུད་པ་ནི། རྒྱ་རས་ཡན་བཤད་མ་ཐག་པ་ལྟར་ནས། རིན་ཆེན་རྣམ་བཞི།«་་་་་མཆན་བུར་ཀོ་རྒོད་པ་འབྲི་ཟེར་བ་འདུག་པ་ཡང་དགོན་པ་རང་གིས་དེ་དག་ལས་བརྒྱུད་པ་གསན་ཡང་བརྒྱུད་པ་གོང་མ་གཞན་ནས་འདྲེན་པ་ལས་གཙང་པ་རྒྱ་རས་ནས་ཐམས་ཅད་འདྲེན་ཐུབ་པར་མི་སྣང་ངོ༌།། »ཡང་དགོན་པ། སྤྱན་སྔ་རིགས་ལྡན། ཟུར་ཕུག་པ། འབའ་ར་བ། སྨོན་ལམ་པ། སླེ་ཆུང་བསོད་ནམས་དཔལ་བཟང༌། ཡར་རྒྱབ་ཀུན་སྤངས་ཆོས་འཁོར་སྒང་པ། བསོད་ནམས་རྒྱལ་མཆོག རྗེ་གྲོལ་མཆོག་མན་འདྲ། ༡༠༠ ཕྱག་བཞི་པའི་སྐུ་རགས་མའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། འཕགས་པ་ལྷ། རྟ་དབྱངས། རྡོ་རྗེ་གདན་པ། རྩ་མི་ལོ་ཙཱ་བ། རྒྭ་ལོ། ཨ་སེང༌། ཕག་གྲུ། རྒྱལ་བ་རིན་ཆེན། བླ་མ་འོལ་ཁ་བ། དགེ་སློང་རིན་རྒྱལ། སློབ་དཔོན་རྡོར་རིན། སློབ་དཔོན་མགོན་གཞོན། ཡར་ཀླུངས་པ་སེང་རྒྱན།«་་་་་བཀའ་བརྒྱུད་ནང་བརྒྱུད་གཅིག་ཡོད་དམ་སྙམ་ཡང་བར་སྐབས་ནས་ཆད་པའི་གྲུབ་མཐའ་གཞན་ནས་གསོ་དགོས་བྱུང་བར་སྣང་ངོ༌།། »འཇམ་དབྱངས་རྒྱལ་མཆོག བདག་ཆེན་གྲགས་བློ། སྟག་ལུང་ངག་དབང་གྲགས་པ། སྦས་ཚུལ་ཁྲིམས་མཆོག་གྲུབ། སྟག་ལུང་སྤྲུལ་སྐུ། རྗེ་གྲོལ་མཆོག་མན་འདྲ། ༡༠༡ གུར་གྱི་ནང་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌།མཆོག་སྲེད། ནོར་བུ་གླིང་པ། ཤྲདྡྷཱ་ཀ་ར། ལོ་ཆེན། བྲག་སྟེང་པ། མལ་ལོ། ས་ཆེན། ཡར་སྒོམ་སེ་པོ། རྒྱལ་ཚ་ལུང་མང༌། མཁས་པ་ཡོན་ཏན་ཁྲི། དྲིན་ཆེན་སེང་བཟང༌། ཡར་ཀླུང་པ་སེང་རྒྱན། འཇམ་དབྱངས་རྒྱལ་མཆོག བདག་ཆེན་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང༌། དྲུང་བཙུན་དཔལ་རྒྱན། རྗེ་སངས་རིན། རྗེ་ལྷ་མཆོག་སེངྒེ། རྗེ་གྲོལ་མཆོག་མན་འདྲ། ཡང་ན་བདག་ཆེན་རྡོ་རྗེ་འཆང་ནས་རྡོ་རིང་རིན་པོ་ཆེ། གྲོལ་མཆོག་མན་འདྲ། གྲོལ་མཆོག་གི་གསན་ཡིག་ཏུ་བླ་མ་དམ་པ་ནས་བླ་ཆེན་ཀུན་རྒྱལ་བ་ཡོད་པའི་གསང་ཁྲིད་ཀྱི་བརྒྱུད་པ་བགྲངས་འདུག་མོད། ནང་ཁྲིད་ལ་ནི་ངེས་པར་ཡར་ཀླུངས་པ་རང་དགོས་པར་མངོན་ནོ། ༡༠༢ །བྲམ་ཟེ་ཆེན་པོའི་དོ་པ་སྐོར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདེ་བའི་མགོན་པོ། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི། མཻ་ཏྲི་པ། རྒྱ་གར་ཕྱག་ན། མངའ་རིས་ཇོ་དན། གྲོ་ཤུལ་པ། པར་སྤུ་བ། གྱེར་སྒོམ་ཞིག་པོ། སངས་རྒྱས་དབོན། བྲག་འབུར་བ། རི་པ་གཞོན་རིན། དཀོན་མཆོག་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཇོ་སྟན་རྗེ་ཁོལ་བ། གྲུབ་ཆེན་སྨོན་ལམ། སྟག་ལུང་ངག་དབང་གྲགས་པ། ཤཱཀ་མཆོག ཨ་མོ་གྷ་སིདྡྷི། གྲོལ་མཆོག་མན་འདྲ།༡༠༣ གྲུབ་ཐོབ་ཆོས་དྲུག་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། གྲུབ་ཐོབ་བརྒྱད་ཅུ། མཁའ་འགྲོ་ཀོ་ཀ་ལི། མཁའ་འགྲོ་དྷརྨ་པ། དཔའ་བོ་འོད་གསལ། པཎྜི་ཏ་ཀ་མ་ལ། གྲུབ་ཐོབ་ཚ་བ་རི། པཎྜི་ཏ་མི་འཇིགས་སྦྱིན་པ། མི་ཉག་ལོ་ཙཱ་བ་སྨོན་གྲུབ་ཤེས་རབ། དེ་སྲས་རིན་ཆེན། རིན་ཆེན་བླ་མ། གྲུབ་ཐོབ་ཧཱུྃ་འབར། རྒན་མོ་ལྷས་པ། སྟག་སྟོན་གཞོན་ནུ། བག་སྟོན་པ། མཁན་ཤེས་རྡོར། གཉལ་པ་བདེ་ལེགས། འཕགས་མཆོག་བསོད་དར། དམར་སྟོན་པ། བཀའ་འགྱུར་བ་ཤཱཀ་བཟང༌། གཉུག་ལ་པཎ་ཆེན། ཏྲེ་བོ་ཆོས་རྒྱམ། རྗེ་གྲོལ་མཆོག་མན་འདྲ། ༡༠༤ པདྨ་ལམ་རིམ་གྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང༌། ལོངས་སྐུ་རྡོར་སེམས།སྤྲུལ་སྐུ་པད་འབྱུང༌། གཉགས་ཛྙཱ་ན་ཀུ་མཱ་ར། གནུབས་སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། ཉང་ཆེན་ཡེ་འབྱུང༌། ཟུར་ཤཱཀ་འབྱུང༌། ཟུར་ཆུང༌། ཤཱཀ་བཟང་པ། ཤཱཀ་སེང༌། རྩད་ཚ་ཤཱཀ་རྡོར། གཉོས་ནག་རྒྱལ་མཚན། འབན་རྒྱ་ལུ་ཁམས་པ། ཤཱཀྱ་པ། སངས་རྒྱས་སེངྒེ། ཀུན་དགའ་རིན་ཆེན། རིན་ཆེན་རྒྱལ་མཚན། དཀོན་མཆོག་བཟང་པོ། ཟུར་ཧྭཾ་ཤཱཀ་འབྱུང༌། སྲས་མཆོག་ཤཱཀ་དཔལ། རྗེ་བཙུན་དཔལ་བཟང༌། ཟུར་ཧྭཾ་བཤེས་གཉེན། ཁམས་པ་གྲགས་རྒྱན། སེ་སྟོན་ཆེན་པོ། རས་ཆེན་ནམ་རྒྱན། མཉམ་མེད་བདེ་ལེགས། ཀུན་དགའ་མཆོག་གྲུབ། གྲོལ་མཆོག་མན་འདྲ། ༡༠༥ རྒྱལ་པོ་བཀའ་འབུམ་གྱི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་སྤྱན་རས་གཟིགས། སྤྲུལ་སྐུ་སྲོང་བཙན་སྒམ་པོ། སློབ་དཔོན་པདྨ། ཁྲི་སྲོང་ལྡེ་བཙན། གྲུབ་ཐོབ་དངོས་གྲུབ།ཉང་རལ། མི་བསྐྱོད་རྡོ་རྗེ། ཤཱཀྱ་བཟང་པོ། ལྷ་རྗེ་དགེ་འབུམ། ལྕམ་མོ་ཡེ་ཤེས་མཆོག ཆུ་སྒོམ་པ། མཐའ་བཞི་བྱ་བྲལ། ཚུལ་ཆེན་བསོད་སེང༌། བཀྲ་ཤིས་རྒྱལ་མཚན། ཆུ་རགས་པ་བློ་རྒྱན། འཕགས་མཆོག་ནོར་བཟང༌། ཧོར་བཀའ་བཞི་པ། བླ་མ་དཔལ་ལེགས། དཀའ་བཅུ་བྱང་དཔལ། འཕགས་པ་བློ་རིན།ཡིག་དྲུག་པ་ཤེས་རབ་དཔལ། རྗེ་གྲོལ་མཆོག་མན་འདྲ། ༡༠༦ ནོར་བུ་མཐོང་གྲོལ་གྱི་བརྒྱུད་པ་ནི། ཀུན་བཟང༌། རྡོ་རྗེ་འཆང༌། གྲུབ་ཆེན་ཡ་བརྒྱད།«་་་་་ས་ར་ཧ། ཤ་བ་རི། མི་ཏྲ་ཛོ་ཀི ཨོ་རྒྱན་པ། ཡུམ་བཞི། »བྲམ་པ་ཀུན་ཏུ་བཟང་པོ། འཁྲུལ་ཞིག་ཀུན་དར་རས་མ། རྔོག་གྲགས་པ་དཔལ་འབྱོར། རྔོག་ནོར་བུ་རིན་ཆེན། རྗེ་གྲོལ་མཆོག་མན་འདྲ། ༡༠༧ དུང་མཚོ་རས་པའི་སེམས་ཁྲིད་ཡིད་བཞིན་ནོར་བུའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ། མར་མི་སྒོམ་གསུམ། སྐྱེས་བུ་ཡེ་རྡོར། དུང་མཚོ་རས་པ། སྣེ་ཕུ་རས་པ། འགྲོ་མགོན་ཆོས་དབྱིངས་དབང་ཕྱུག མགར་ལྗོང་མགོན་རྒྱན། མཁྱེན་རབ་རྗེ། གཞོན་ནུ་ཆོས་གྲུབ། རྗེ་གྲོལ་མཆོག་མན་འདྲ། ༡༠༨ ཁྲིད་བརྒྱའི་མཚན་ཐོ། ལོ་རྒྱུས་སྤྱི་ཆིངས་བརྒྱུད་འདེབས་དང་བཅས་པའང་ནོས་སོ། །འདི་ལ་རྒྱལ་དབང་ལྔ་པས་བརྒྱུད་འདེབས་ནས་བླ་མ་གཞན་ལ་ཁ་འཕངས་པ་གསན་ཡིག་ན་ཡོད་མེད་ཅི་རིགས་སྣང་ཞིང་རང་ལུགས་སུ་ཞལ་གྱིས་འཆེས་མ་ཐག་ཏུ་དེ་དང་ནང་འགལ་སོགས་ཁ་ཡར་འདུག་པས་རྫོང་ཆུང་པ་རྡོ་རྗེ་རྒྱལ་མཚན་དང་ཚར་ཆེན་ལ་སོགས་པའི་སྒྲོས་གཙང་དཔྱད་བཟོད་དུ་མ་མངོན་ཡང་ཆོས་རྒྱ་ཆེར་འཚོལ་བའི་དམ་པའི་རྣམ་ཐར་དུ་ཡི་རང་མཛད་འདུག་གོ།    །།ཁ་ཆེ་པཎ་ཆེན་གྱིས་མཛད་པའི་སངས་རྒྱས་སྟོང་གི་བསྟོད་པ་བསྐལ་བཟང་རྒྱན་ཕྲེང་གི་ལུང་ཐོབ་པའི་བརྒྱུད་པ་ནི། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། དགེ་བཤེས་འོན་ཕུག་པ། བླ་མ་བསོད་ནམས་དབང་ཕྱུག ཁྲོ་ཕུ་སེམས་དཔའ་ཆེན་པོ། རིན་ཆེན་དབང་ཕྱུག མཁན་ཆེན་ཆོས་རྒྱལ་དཔལ་བཟང༌། ཀུན་སྤངས་ཆོས་གྲགས་དཔལ་བཟང༌། ཁྲོ་ཕུ་བ་རིན་ཆེན་འབུམ། རི་ཁྲོད་པ་རྒྱལ་བ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། རྗེ་རཏྣ་ཝརྡྷ། ངོར་ཆེན་ལྷ་མཆོག་སེངྒེ། རྗེ་སངས་རྒྱས་སེངྒེ། ཐར་པ་རྩེ་བ་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དེ་དབོན་དཔལ་མཆོག་རྒྱལ་མཚན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། རྒྱལ་དབང་རྡོ་རྗེ་འཆང་ངག་དབང་བློ་བཟང་རྒྱ་མཚོ། རིག་འཛིན་པདྨ་ཕྲིན་ལས། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། དེ་གཉིས་ཀ་ལས་ངག་དབང་ཀུན་དགའ་ལྷུན་གྲུབ། ཨེ་ཝཾ་པ་ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།    །།མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིམ་དུ་མཛད་པའི་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླགས་པས་ཆོག་པ་མདོ་སྡེ་ལས་བཏུས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། སྟོན་མཆོག་ཐུབ་པའི་དབང་པོ། འཕགས་པ་འཇམ་དཔལ་དབྱངས། མཁན་ཆེན་ཞི་བ་འཚོ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། སད་ན་ལེགས་འཇིང་ཡོན། མངའ་བདག་ཁྲི་རལ་པ་ཅན། ལྷ་ལུང་དཔལ་གྱི་རྡོ་རྗེ། མངའ་བདག་འོད་སྲུངས། མངའ་བདག་དཔལ་འཁོར་བཙན། ཁྲི་སྐྱིད་ལྡེ་ཉི་མ་མགོན།མངའ་བདག་བཀྲ་ཤིས་ལྡེ། ལྷ་བླ་མ་ཡེ་ཤེས་འོད། མངའ་བདག་ལྷ་ལྡེ། མངའ་བདག་འོད་ལྡེ། མངའ་བདག་རྩེ་ལྡེ། མངའ་རིས་དགྲ་བཅོམ་པ། དགེ་བཤེས་ཞུ་ལྡན་«་་་་་སྒྲུབ་ཁང་པའི་གསན་ཡིག་ཏུ་སྣར་བྱང་ཆུབ་ཚུལ་ཁྲིམས་ཞེས་པ་ཞིག་འདིའི་ཚབ་ཏུ་བྱུང་བ་མཚན་གྱི་རྣམ་གྲངས་ཡིན་མིན་བརྟག »ཤེས་རབ་གྲགས། ར་ས་ཆུ་ལས་པ་དར་མ་རྒྱལ་«་་་་་འདི་ལའང་ཟར་ཞེས་བྱུང༌། »མཚན། དཔལ་ལྡན་གྲོ་མོ་ཆེ་པ། སངས་རྒྱས་སྒོམ་པ་སེངྒེ་སྐྱབས། གཉགས་སྙིང་པོ་རྒྱལ་མཚན། སྤྲོ་ལུང་པ་ཀུན་དགའ་སྨོན་ལམ། སྤང་སྒང་པ་གྲགས་པ་དཔལ། ཆོས་ལུང་མཁན་ཆེན་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་པ་བཟང་པོ་དཔལ། འཁུས་ལོ་ཙཱ་བ་འགྲོ་མགོན་དཔལ་ལྡན་ཡེ་ཤེས། མཁན་པོ་སེངྒེ་རྒྱལ་མཚན། མཁན་པོ་དཀོན་མཆོག་རྒྱལ་མཚན། བླ་མ་གྲགས་པ་སེངྒེ།ཆོས་རྗེ་རོང་པོ་བློ་བཟང་བ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ལོ་པ་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ངག་གི་དབང་པོ་ཀུན་དགའ་ལྷུན་གྲུབ། མཁས་བཙུན་བསོད་ནམས་དབང་ཕྱུག མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་མཁན་པོ་ཞི་བ་འཚོ་ནས། བོ་དྷི་སཏྭ་ཆུང་བ། རྒྱལ་པོ་དགེ་བའི་དཔལ། ཇོ་བོ་རྗེ་ཨ་ཏི་ཤ ལྷ་བཙུན་བྱང་ཆུབ་འོད། ཏེ་སེ་བ་ཆེན་པོ། བྱང་སེམས་ཟླ་བ་རྒྱལ་མཚན། ཀོང་པོ་ལོ་ཙཱ་བ། དགྲ་བཅོམ་པ་རྒྱལ་མཚན། གྱ་པ་དབང་མཛེས། གྱ་པ་དཔལ་མཛེས། ཡོན་ཏན་དབང་ཕྱུག ཤངས་པ་འདུལ་འཛིན། མཁན་ཆེན་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་པ། འཁུས་ལོ་ཙཱ་བ། དཔལ་ལྡན་ཡེ་ཤེས་སེངྒེ་རྒྱལ་མཚན། འཇམ་དཔལ་རྡོ་རྗེ། བླ་མ་ཀུན་དགའ་རྒྱལ་མཚན། ཆོས་རྗེ་དཔལ་ལྡན་དར་པོ།མུས་ཆེན་ནམ་མཁའ་དབང་ཕྱུག སྟོང་རྭ་བ་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་མན་འདྲའོ།།    །།ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་བདེ་གཤེགས་བརྒྱད་ཀྱི་མཆོད་པའི་ལུང་བརྒྱུད་ནི། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནས། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། རྒྱལ་བ་ལྷ་མཆོག་སེངྒེ། མཚུངས་མེད་སངས་རྒྱས་སེངྒེ། བྲང་ཏི་ནམ་མཁའ་དཔལ་བཟང༌། མུས་ཆེན་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། འཇམ་དབྱངས་ནམ་མཁའ་སངས་རྒྱས། མཚུངས་མེད་«་་་་་སྣར་ཐང་དཔལ་གླིང་བ། »བསོད་ནམས་རྒྱ་མཚོ། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ་བམ་བསོད་ནམས་དཔལ་ལྡན། ཀུན་མཁྱེན་དཔལ་ཆོས། དེ་དབོན་རིན་ཆེན་མཆོག་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ།།    །།བསྟན་པ་ཕྱི་དར་གྱི་སྐབས་ཐུབ་པའི་རིང་ལུགས་ལ་དམ་པའི་ཆོས་དང་ཆོས་མ་ཡིན་པའི་རྣམ་པར་དབྱེ་བ་མ་ནུབ་པའི་སྒྲིབ་པའི་མུན་པས་སྦགས་པ་བསལ་བར་བྱ་བའི་ཆེད་དུ་ལྷ་བླ་མ་ཁུ་དབོན་གྱི་ལྷག་བསམ་གྱི་མཐུ་དང་སྦྱོར་བྱུང་གི་བརྩོན་པ་ལ་བརྟེན། འཕགས་པའི་ཡུལ་ནས་མགོན་པོ་སྣང་བ་མཐའ་ཡས་ཀྱི་སྒྱུ་འཕྲུལ་དྲྭ་བའི་རོལ་གར་དཔལ་མར་མེ་མཛད་ཅེས་ཆོས་ཀྱི་སྒྲོན་མ་ཆེན་པོ་ཉིད་གདན་དྲངས་ཏེ་ཁ་བ་ཅན་གྱི་ལྗོངས་འདིར་བསྟན་པ་རིན་པོ་ཆེ་དབྱར་མཚོ་ལྟར་ཆེས་ཆེར་འཕེལ་བར་མཛད་པའི་ཆེད་དུ་ཟབ་རྒྱས་ཀྱི་ཆོས་རྒྱ་ཆེར་སྩལ་བ་རྣམས་ཀྱི་ནང་ནས་ཟབ་པ་ལས་ཀྱང་ཆེས་ཟབ་པ་གསང་ཆོས་བཀའ་གདམས་གླེགས་བམ་རིན་པོ་ཆེའི་སྐོར་ལ། ཇོ་བོ་ལྷ་གཅིག་དཔལ་ལྡན་ཨ་ཏི་ཤ་ལ་བསྟོད་པ་ཕུན་ཚོགས་བྷདྒ་མ་འབྲོམ་གྱིས་མཛད་པ། ཇོ་བོའི་བསྟོད་པ་བརྒྱད་ཅུ་པ་ནག་ཚོ་ལོ་ཙཱ་བས་མཛད་པ། ཇོ་བོ་ལྷ་གཅིག་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་ཇོ་བོས་རྒྱལ་སྲིད་སྤངས་ནས་ཐར་པར་གཤེགས་པའི་ལོ་རྒྱུས་ཚིགས་བཅད་མ་འབྲོམ་གྱིས་མཛད་པ།ཇོ་བོ་གསེར་གླིང་དུ་བྱོན་པའི་རྣམ་ཐར་དང༌། གསེར་གླིང་པ་དང་མཇལ་བའི་ལོ་རྒྱུས་ཏེ་དེ་ཐམས་ཅད་ཀྱང་གསེར་གླིང་དུ་ཆག་ཕེབས་ཤིང་བླ་མ་དང་མཇལ་བའི་ཚུལ་ལགས་སོའི་མཐའ་ཅན་དཔེ་ཚན་གཉིས་འབྲོམ་གྱིས་མཛད་ཟེར་བ། ཇོ་བོའི་རྣམ་ཐར་རྒྱས་པ་མཆིམས་ཀྱིས་མཛད་པ། ཇོ་བོའི་རྣམ་ཐར་ལམ་ཡིག་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་འབྲོམ་གྱིས་རྭ་སྒྲེང་དཔལ་གྱི་གཙུག་ལག་ཁང་དུ་སྦྱར་བ། འབྲོམ་གྱིས་ལོགས་སུ་ནན་གྱིས་བཏབ་པ་གླེགས་བམ་གྱི་བཀའ་རྒྱ་ཆེན་མོ། བསྟན་པ་རིན་པོ་ཆེ་ལྷ་ཆོས་བདུན་ལྡན་གྱི་བླ་མ་བརྒྱུད་པའི་ལོ་རྒྱུས་ངོ་མཚར་རྨད་དུ་བྱུང་བའི་དཔལ་འབྱོར་ནམ་མཁའ་རིན་ཆེན་གྱིས་མཛད་པའི་མཇུག་སྣར་ཐང་མཁན་ཆེན་ཉི་མ་རྒྱལ་མཚན་གྱིས་བྲིས་པ། མཁན་ཆེན་ཉི་མ་རྒྱལ་མཚན་གྱིས་མཛད་པའི་ལྷ་ཆོས་ཉམས་ལེན་གྱི་མན་ངག་ཐིག་ལེ་ཆེན་པོའི་དབྱིངས་སུ་བྱང་ཆུབ་ཀྱི་སེམས་གཉིས་སྤེལ་བ་ཟུང་འཇུག་ཉི་ཟླའི་ཐིག་ལེ་ཞེས་བྱ་བ་དབང་ཆོག་དང་ཁྲིད་ཡིག་ཟུང་དུ་འཇུག་པ། འབྲོམ་སྟོན་གྱིས་མཛད་པའི་རང་རྒྱུད་ལ་བསྐུལ་མ་གདབ་པ་དད་པའི་ལྗོན་ཤིང༌། ཐུགས་དམ་ཇོ་བོ་ཡབ་སྲས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་གཏེར་མཁན་ཆེན་ཉི་མ་རྒྱལ་མཚན་གྱིས་དཔལ་སྣར་ཐང་དུ་མཛད་པ། གླེགས་བམ་དངོས་ཀྱི་བཞུགས་ཚུལ་ལ། ཕ་«་་་་་འདིར་ཕ་ཆོས་བུ་ཆོས་ཞེས་ཐ་སྙད་གདགས་པའི་རྒྱུ་མཚན་ཕ་འབྲོམ་སྟོན་གྱིས་ཞུས་ནས་ཇོ་བོས་གསུངས་པ་ལ་ཕ་ཆོས་དང༌། བུ་ཁུ་རྔོག་གིས་ཞུས་ནས་གསུངས་པ་ལ་བུ་ཆོས་ཞེས་གྲགས་པས་སོ།། »ཆོས་ནོར་བུའི་ཕྲེང་བའི་རྩ་བ་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ། ཕ་ཆོས་ལེའུ་ཉི་ཤུ་རྩ་དྲུག་ལས་ཞུ་ལན་གྱི་དངོས་གཞི་ནོར་བུའི་ཕྲེང་བ་ལེའུ་ཉི་ཤུ་རྩ་གསུམ་དང༌། ཀ་བས་དབུ་མཛད་པའི་མཁས་བཙུན་མང་པོ་དང་ཡོན་བདག་ཤཱཀ་མགོན་ལ་སོགས་པ་སྐྱེ་བོའི་ཚོགས་དུ་མ་དང་བཅས་པའི་དབུས་སུ་ལྷ་ཆོས་བདུན་ལྡན་གྱི་འཁོར་ལོ་བསྐོར་བ་ལས་འཕྲོས་ནས་ནན་གྱི་སྒོ་ནས་ཆོས་འདི་བཀའ་རྒྱ་དུ་མས་གདབ་པའི་ལེའུ། ལྷ་རི་སྙིང་པོའི་མགུལ་དུ་བླ་མ་ལ་འབུལ་མོ་ཆེ་མཛད་པ་ལས་འཕྲོས་ནས་མ་འོངས་ལུང་བསྟན་པའི་སྐོར། ཤིང་ཕོ་རྟའི་ལོ་ལྷ་རི་སྙིང་པོར་བཞུགས་པའི་ཚེ་སྒྲོལ་མས་སྙེ་ཐང་དུ་འབྱོན་པར་བསྐུལ་ནས་མཐར་བླ་མ་དགའ་ལྡན་དུ་འབྱོན་པའི་བར་གྱི་ཚུལ་རྣམས་མགུར་དུ་བཞེས་པ་འཆི་མེད་རྡོ་རྗེའི་གླུ་སྟེ་ཀུན་དྲིལ་བས་ཕ་ཆོས་ལེའུ་ཉི་ཤུ་རྩ་དྲུག བུ་ཆོས་སྐོར་ལ། འབྲོམ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་བསྟན་པ་ལས་རྔོག་ལེགས་པའི་ཤེས་རབ་ཀྱིས་ཞུས་པའི་རྔོག་ཆོས་ཉི་ཤུ། ཁུ་ཆེན་པོས་ཞུས་པའི་ཁུ་ཆོས་གཉིས་ཏེ་དྲིལ་བས་ཉི་ཤུ་རྩ་གཉིས། ངོ་མཚར་བའི་གཏམ་ཐོར་བུ་རྣམས་ལོ་ཙཱ་བ་ལ་སོགས་པའི་རྗེའི་སྲས་དམ་པ་རྣམས་ཀྱིས་ཟུར་དུ་གླེངས་པས་ཁ་བསྐང་བ་སྟེ་ལེའུ་ཐ་མ། དེ་ལྟར་གླེགས་བམ་དངོས་གཞི་ལེའུ་བཞི་བཅུ་རྩ་བརྒྱད། གང་གི་ལོ་རྒྱུས། བཀོད་པ་ཕུན་སུམ་ཚོགས་པའི་གཏེར། ཐིག་ལེ་བཅུ་དྲུག བཀའ་རྒྱ། རང་རྒྱུད་ལ་བསྐུལ་གདབ་པ་རྣམས་ཀྱི་སྟེང་དུ། ཡོངས་ཀྱི་དགེ་བའི་བཤེས་གཉེན་དེས་དཀོན་མཆོག་གི་སྤྱན་སྔར་ཐུན་མོང་བའི་མཆོད་པ་རེ་བཤམས་ནས་ཐུན་མོང་མ་ཡིན་པའི་གསོལ་གདབ་ཡན་ལག་བདུན་ལྡན། འཇམ་དཔལ་དབྱངས་ཀྱིས་བཤེས་གཉེན་གསང་ཕུ་བ་ཇོ་བོ་ཡབ་སྲས་ཀྱི་དྲུང་དུ་འབྱོན་པར་བསྐུལ་བའི་ལོ་རྒྱུས་ཀྱི་ཚོམས་ཚིགས་བཅད་མ་ཁ་བསྐངས་པ་དང་བཅས་ཀུན་དྲིལ་བས་ཡིག་སྣ་ལྔ་བཅུ་རྩ་དྲུག་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱ་ཆེན་སྤྱོད་རྒྱུད། ཟབ་མོ་ལྟ་རྒྱུད། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གསུམ་ནི་ཡོངས་གྲགས་ལྟར་ཡིན་ལ། བརྒྱུད་གསུམ་ཆུ་བོ་གཅིག་ཏུ་འདྲེས་པ་ཇོ་བོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ། བཤེས་གཉེན་གསང་ཕུ་བ་རྔོག་ལེགས་པའི་ཤེས་རབ། བྱང་ཆུབ་སེམས་དཔའ་མངའ་རིས་པ་ཤེས་རབ་རྒྱལ་མཚན། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། རྣལ་འབྱོར་ཀ་མ་བ་འབྲོམ་རིན་ཆེན་རྒྱལ་མཚན། ཞང་སྟོན་དར་མ་རྒྱལ་མཚན། སྟབས་ཀ་བ་འབྲོམ་བྱང་ཆུབ་བཟང་པོ། སྟོན་པ་ནམ་མཁའ་རིན་ཆེན། སྣར་ཐང་པ་འབྲོམ་གཞོན་ནུ་བློ་གྲོས། སྣར་ཐང་མཁན་པོ་ཉི་མ་རྒྱལ་མཚན། དགའ་ལུང་པ་རིན་ཆེན་བྱང་ཆུབ།«་་་་་གངྒཱའི་ཆུ་རྒྱུན་དུ་གླིང་ཁ་ཞེས་སྣང༌། »དགའ་ལུང་པ་རིགས་ཀྱི་བདག་པོའི་དཔལ། དགའ་ལུང་པ་བྱང་ཆུབ་དཔལ། ཉུག་པའི་སློབ་དཔོན་བསོད་ནམས་འོད་ཟེར། གོས་སྔོན་ཆུ་སེར་བ་སངས་རྒྱས་བཟང་པོ། བྱ་བྲལ་བ་བསོད་ནམས་བཟང་པོ།«་་་་་ཐར་རྩེ་བའི་གསན་ཐོར་འདི་གཉིས་གོ་ལྡོག་ཏུ་འདུག་པ་བརྟག་་་་་»བླ་མ་དཔལ་ལྡན་པ། སྟག་ཚང་ཆོས་འཁོར་བ་མཁན་ཆེན་ནམ་མཁའ་འོད་ཟེར། པ་ཚབ་དགའ་གདོང་པ། གནས་བརྟན་ཡེ་ཤེས་ཚུལ་ཁྲིམས།ནུབ་ཆོས་ལུང་པ་མཁན་ཆེན་རཏྣ་ཨཱ་ཀ་ར་ཤཱནྟི། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ།«་་་་་ངག་དབང་འཆི་མེད་ཀྱང་ཟེར། »དྭགས་པོ་ཕྱོགས་ལས་རྣམ་རྒྱལ། མངའ་རིས་པ་མཁས་པ་ལྷ་དབང་བློ་གྲོས། རྗེ་བྱམས་པ་ཕུན་ཚོགས། འདྲེན་པ་དཔལ་འབྱོར་ཤེས་རབ། རིན་པོ་ཆེ་དཔལ་ལྡན་དོན་གྲུབ། ཤར་པ་ཤེས་རབ་འབྱུང་གནས། ཤར་ཆེན་ཡེ་ཤེས་བཟང་པོ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན་ཡིན་ནམ། དེ་ནས་མཁན་ཆེན་བྱམས་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་གཉུག་ལ་པཎ་ཆེན་ངག་དབང་གྲགས་པ་ནས། ལོ་པ་སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། རྗེ་ནམ་མཁའ་དབང་ཕྱུག ཆོས་རྗེ་ཀུན་དགའ་ལེགས་གྲུབ། ལུམ་པ་ཀུན་དགའ་ཆོས་གྲགས། བཅོ་བརྒྱད་པ་མཁྱེན་རབ་བསྟན་འཛིན་བཟང་པོ། དེ་དབོན་མཁྱེན་རབ་ངག་དབང་བྱམས་པ་ལྷུན་གྲུབ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་མངའ་རིས་པ་ལྷ་དབང་བློ་གྲོས་ནས། འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ། ཁམས་སྟོན་དགའ་བ་ཤེས་རབ། ཐར་རྩེ་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་མན་འདྲ། ཡང་ན་བླ་མ་དཔལ་ལྡན་པ་ནས། གཙང་པ་བློ་བཟང་གྲགས་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ལོ་པ་སྤྱན་སྔ་བསོད་ནམས་ལྷའི་དབང་པོ། སྤྱན་སྔ་ངག་དབང་ཆོས་གྲགས་མན་འདྲ། ཡང་ན་རྗེ་བྱམས་པ་ཕུན་ཚོགས་ནས། མཚུངས་མེད་དཔལ་འབྱོར་ཤེས་རབ། སྒྲུབ་ཁང་དཔལ་དོན་མན་འདྲའོ།།    །།སྐད་གཉིས་སྨྲ་བའི་དབང་པོ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱི་མན་ངག་བརྒྱ་རྩར་གྲགས་པ་ལ། ཐོག་མར་སེམས་ཉིད་ངལ་གསོའི་བརྒྱུད་འདེབས། དགེ་བསྙེན་ཞི་བའི་གོ་ཆ་ཅན་གྱིས་རི་བོ་པོ་ཊ་ལ་ནས་འཕགས་པ་སྤྱན་དྲངས་པའི་ལོ་རྒྱུས་ཕར་ཕྱིན་དྲུག་གི་ཉམས་ལེན། སྐྱེས་བུ་བཞིའི་ཉམས་ལེན། རྟེན་འབྲེལ་ཐབས་བཞིའི་མན་ངག སྟོང་ཉིད་སྙིང་རྗེའི་མན་ངག ཞོལ་སྤོང་བཞིའི་མན་ངག སྐུ་བཞི་ངོ་སྤྲོད་མཁས་པ་བཞིའི་རྩ་«་་་་་རྒྱ་གཞུང༌། »ཚིག དེའི་འགྲེལ་པ། དེའི་མན་ངག་མདོར་བསྡུས། འབུམ་སྐྱབས་ལ་སྤྲིང་བའི་ཆོས་བཅོ་བརྒྱད། ཐབས་མཁས་བཞིའི་མན་ངག ཁ་སརྤཱ་ཎིའི་རྒྱུན་གྱི་ཉམས་ལེན། སྨིན་གྲོལ་གྱི་ཞལ་གདམས། འདའ་ཁ་ཡེ་ཤེས་ཀྱི་འཆི་«་་་་་ཁ་ཆེ་པཎ་ཆེན་གྱི། »ཁའི་མན་ངག བླ་མེད་ཐེག་པའི་མན་ངག་བཅོ་ལྔ། ཐབས་མཁས་བཞིའི་མན་ངག བཞི་ཚན་བཞིའི་མན་ངག བླ་མ་བཞིའི་མན་ངག རྡོ་རྗེ་གསུམ་གྱི་ངོ་སྤྲོད། གྲུབ་པའི་བཅུད་ལེན་གྱི་མན་ངག གནད་ཀྱི་འཕོ་བ། འཆི་ཁའི་གདམས་པ། རྡོ་རྗེ་བཞིའི་རྣལ་འབྱོར། བདུད་རྩི་ཐིག་ལེའི་གདམས་པ། སྟོང་ཉིད་དགུ་ཕྲུགས་པ། སྐྱིད་སྡུག་ལམ་ཁྱེར་གྱི་གདམས་ངག སྙན་བརྒྱུད་བདུད་རྩིའི་ཐིགས་པ། གནད་ཀྱི་གཟེར་དྲུག་གི་གདམས་པ་ཁྱད་པར་ཅན། ཆབ་གཏོར་བསྡུས་པ་བྱ་ཚུལ། སྒྲོལ་མ་ལ་བརྟེན་པའི་འཆི་ཁའི་གདམས་པ་ཁ་ཆེ་པཎྜི་ཏའི་གསུང་ཁྲོ་ལོས་བསྒྱུར་བ། ཞི་བྱེད་དྲུག་པ་དཀར་པོ་དང་བླུད་ཀྱི་སྒྲིབ་སྦྱོང་བའི་མན་ངག་ཐུགས་རྗེ་ཆེན་པོ་ལ་བརྟེན་པ། རང་ལ་བསྐུལ་བ་འགའ་ཞིག་ཆུ་ཤུལ་འཕོ་བ་ལུང་དུ་སྦྱར་བ། གནད་ཀྱི་ངོ་སྤྲོད་གསུམ་པ་བདུད་རྩིའི་ལྟ་བའི་མན་ངག བདུད་རྩིའི་ཉིང་ཁུ་ལྟ་བུའི་མན་ངག་དགུ་པ། ཡང་ཞལ་གདམས་འགའ་ཞིག མཐའ་བཞི་མདུད་འགྲོལ་གྱི་མན་ངག་མདོ་ཁམས་དགའ་སྟོན་ཚུལ་ཁྲིམས་གྲགས་ལ་གདམས་པ། འཆི་ཁའི་གདམས་པ། ཡང་འཆི་ཁའི་གདམས་པ་སྒྲོལ་མ་ལ་བརྟེན་པ་གཅིག ཡང་འཆི་ཁའི་གདམས་པའི་གནད། ཡང་དེའི་མན་ངག་རྒྱས་འདེབས་གསུམ། རང་སེམས་ངོ་སྤྲོད་ཀྱི་གདམས་པ། ཡང་རང་སེམས་ངོ་སྤྲོད་གཅིག སྐྱིད་སྡུག་ལམ་ཁྱེར། དེ་གསུམ་གྱི་བསྡུས་«་་་་་རིན་པོ་ཆེའི་འབྲས་བུ་ལྟ་བུའི་ཉམས་ལེན། »དོན། ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་ཀླུའི་གདོན་འགྲོལ། ངོ་སྤྲོད་གསུམ་གྱི་ཞལ་གདམས། སྒྲོལ་མ་ལ་བརྟེན་ནས་རྟེན་མངོན་ཤེས་སུ་འཆར་བའི་གདམས་པ། བདུད་རྩི་བུམ་པའི་མན་ངག་བླ་མའི་རྣལ་འབྱོར། རྗེ་བཙུན་མ་ཨུ་རྒྱན་ལ་ཞལ་གདམས། མཆོག་གི་གདམས་པ་རྣམ་གསུམ། འཁོར་ལོ་འབར་བའི་གདམས་པ། གནུབས་ལོ་ཙཱ་བའི་སྐྱེལ་མ་རིང་པོ། ཚེ་འདིར་སྒོམ་པའི་ངོ་སྤྲོད་གནད་གསུམ་པ། རིན་ཅེ་འབྲུ་གསུམ་གྱི་མན་ངག ཕན་མེད་བཅུ་གཉིས་པའི་ཞལ་གདམས། ཚང་བཅུ་གཉིས་པའི་ཞལ་གདམས། མན་ངག་གནད་ཀྱི་ལྡེ་མིག དེའི་དོན་འགྲེལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་གདམས་པ་འབྲིང་པོ། སྙིང་པོ་དོན་གྱི་ངོ་སྤྲོད་གསུམ་པ།གནད་དྲུག་གི་འཕོ་བའི་གདམས་པ། འགོར་སྐད་གཉིས་ཤན་སྦྱར་ཡོད་པའི་འཆིང་བ་རྣམ་གྲོལ་གྱི་མན་ངག་མི་ཏྲ་ཛོ་ཀིས་མཛད་པ་ཁྲོ་ལོས་བསྒྱུར་བ། དེའི་འགྲེལ་པ་ཁྲོ་ལོས་མཛད་པ། མི་ཏྲ་ཛོ་ཀི་བརྒྱུད་བཅས་ལ་བསྟོད་«་་་་་ཁྲོ་ལོས། »པ། འགོར་སྐད་ཤན་སྦྱར་ཡོད་པའི་སེམས་རྣམ་པར་སྦྱོང་བའི་ལམ་འབྲས་ཞེས་པ་བུདྡྷཱ་ཤྲཱིས་མཛད་པ་ཁྲོ་ལོས་བསྒྱུར་བ། དེའི་འགྲེལ་པ་ཁྲོ་ལོས་མཛད་པ། བུདྡྷཱ་ཤྲཱི་བརྒྱུད་པ་དང་བཅས་པ་ལ་བསྟོད་པ།«་་་་་ཁྲོ་ལོས། »འགོར་སྐད་ཤན་སྦྱར་ཡོད་པའི་ལྟ་སྤྱོད་རྣམ་དག་གི་མན་ངག་ཅེས་པ་ཁ་ཆེ་པཎ་ཆེན་གྱིས་མཛད་པ་ཁྲོ་ལོས་བསྒྱུར་བ། དེའི་འགྲེལ་པ་ཁྲོ་ལོས་མཛད་པ། ཁ་ཆེ་པཎ་ཆེན་བརྒྱུད་པར་བཅས་པའི་བསྟོད་པ་ཁྲོ་ལོས་མཛད་པ། འགོར་སྐད་ཤན་སྦྱར་ཡོད་པའི་གྲུབ་པ་ངེས་བསྟན་གྱི་རྩ་བ། སྙིང་གཏམ་བཞི་གསུམ་བཅུ་གཉིས་ཀྱི་རྩ་བ། དེའི་འགྲེལ་པ་ཤིན་ཏུ་ཟབ་པ། སྙིང་པོ་དོན་གསུམ་གྱི་རྩ་ཚིག དེའི་བསྡུས་དོན། དེའི་དོན་འགྲེལ་ཤིན་ཏུ་རྒྱས་པ། ལྟ་བསྒོམ་སྤྱོད་པའི་མགུར། ཡང་དེའི་མགུར། ཡང་སེམས་ལ་གྲོས་འདེབས་ཀྱི་མགུར་ཤིན་ཏུ་གཅེས་པའི་མན་ངག དྭགས་པོ་རིན་པོ་ཆེའི་ཞལ་གདམས། རྗེ་སངས་རྒྱས་ཀྱི་ཞལ་ངོ་བལྟ་འདོད་ན་ཞེས་ཡོད་པའི་ཞལ་གདམས། ཡིད་སྨོན་བྱ་བའི་མན་ངག ཕྱི་ནང་གསང་གསུམ་གྱི་བར་ཆད་བསྲུང་ཐབས། ཁ་སརྤཱ་ཎིའི་སྙིང་གི་མུན་སེལ་གྱི་མན་ངག་ཁྲོ་ལོས་ལ་སྟོད་ཀྱི་ལྕིམ་ལུང་དུ་བཀོད་པ། ཆོས་སྤྱིའི་ལུང་ནོད་པའི་མན་ངག་ཟབ་མོ། གཏུམ་མོའི་གདམས་པ་ཟབ་མོ། འབྲལ་མེད་བཞིའི་མན་ངག ཐུགས་རྗེ་ཆེན་པོའི་མན་ངག་མཁན་པོ་འཛད་ཕུ་བ་ལ་གནང་བའི་མཐའ་ཅན། ཆོས་སྤྱོད་ཡན་ལག་བརྒྱད་པ་དགེ་སློང་བྱམས་པའི་དཔལ་གྱིས་བཀོད་པ། མདོ་ཆེན་བདུན་གྱི་མན་ངག་བི་མ་ལ་ཤྲཱི་དང་ཁྲོ་ལོས་བསྒྱུར་བ། ཆོས་སྤྱིའི་གསུང་རང་གྲོལ་གྱི་མན་ངག དགེ་རྩ་གསུམ་གྱི་མན་ངག བོགས་འདོན་གསུམ་གྱི་མན་ངག་ཞལ་ནས་ཞལ་དུ་བརྒྱུད་པ། བར་ཆད་སེལ་ཐབས། བློ་ལས་འདས་ན་ཞེས་པ་འགོར་ཡོད་པའི་ཨ་ཅང་ཆེའི་ཞལ་གདམས་ཕྱག་འཚལ་ཉེར་གཅིག་གི་འདོན་ཐབས། ཤཱཀྱ་ཤྲཱིའི་མན་ངག་སྒྲོལ་མའི་བསྟོད་སྒྲུབ་ཏུ་གྲགས་པ། སྒྲོལ་མའི་ལམ་གྱི་རིམ་པ། མན་ངག་རིན་ཆེན་འབྲུ་དགུའི་ཞལ་གདམས། ཡང་ཞལ་གདམས་ཚིགས་བཅད་མ། འགོར་སྒྱུ་ལུས་ཀྱི་ཆུ་བུར་ཞེས་ཡོད་པའི་ཞལ་གདམས་རིགས་ཀྱི་བུ་བདུན་མ། གཅེས་པ་དྲུག་གི་ཞལ་གདམས། འགོར་ནམ་ཡང་མྱུར་དུ་ཞེས་ཡོད་པའི་ཞུ་བ་དྲུག་གི་ཞལ་གདམས། འགོར་འཆི་བ་འདི་ལ་ཞེས་ཡོད་པའི་ཞལ་གདམས་ལྕགས་ཀྱི་བྲག་དམར་དུ་བཀོད་པ། འགོར་རང་ལུས་འདི་ལ་ཞེས་ཡོད་པའི་ངོ་སྤྲོད་གསུམ་པ། འགོར་སྔོན་ཆད་ཅེས་ཡོད་པའི་ཞལ་གདམས་གསུང་སྒྲོས་ཚིག་བསྐུལ་མ་ཆུ་ཤུལ་འཕོ་བ་ལུང་དུ་བཀོད་པ།བསྐུལ་འདེབས་བརྒྱད་པ། དཔེ་དོན་མའི་ཞལ་གདམས་ཆུ་ཤུལ་འཕོ་བ་ལུང་དུ་བཀོད་པ་མཉམ་མེད་ཆོས་རྗེའི་གསུང༌། འགོར་དངོས་པོའི་ཞེས་ཡོད་པའི་ཞལ་གདམས་ཆོས་རྗེའི་གསུང་རྒྱུན། འགོར་རྗེ་བཙུན་སྐུ་དྲིན་ཅན་ཞེས་ཡོད་པའི་ཞལ་གདམས་ཆུ་ཤུལ་འཕོ་བ་ལུང་དུ་བཀོད་པ། ཡང་མཉམ་མེད་ལོ་ཙཱ་བའི་ཞལ་གདམས། བདུད་རྩི་ཐིགས་པའི་ཞལ་གདམས། མཆོག་གི་གདམས་པ་གསུམ་གྱི་མན་ངག་ཤིན་ཏུ་ཟབ་པ། ཟུང་འཇུག་བཞིའི་རྩ་བ། དེའི་མན་ངག ཉམས་གྲིབ་སེལ་བའི་མན་ངག་རང་རྡོ་རྗེར་བསྐྱེད་པ། ཤེས་ཕྱིན་འདོན་པའི་མན་ངག་ཟབ་མོ་བླ་མ་པཎ་ཆེན་གྱི་ཞལ་གདམས། རྡོ་རྗེ་གུག་སྐྱེད་ཀྱི་གདམས་པ་མི་ཏྲའི་གསུང་ཁྲོ་ལོས་བསྒྱུར་བ། བླ་མ་པཎ་ཆེན་གྱི་མན་ངག་ཐོར་བུ། ནད་གདོན་ལམ་ཁྱེར་གྱི་མན་ངག་གཡུང་དྲུང་ཡེ་ཤེས་ལ་སྐྱེས་སུ་བསྐུར་བ་མཇུག་ཏུ་ཚིགས་བཅད་གཅིག་ཡོད་པ། ཉིང་ཁུ་ལྟ་བུའི་མན་ངག་རྩ་བ། དེའི་རྒྱས་བཤད་གནད་ཀྱི་ལྡེ་མིག འགོར་སྐད་ཤན་སྦྱར་ཡོད་པའི་འཆིང་བ་རྣམ་གྲོལ་གྱི་བསྟན་བཅོས་ཞེས་པ་ནིཥྐ་ལངྐས་མཛད་པ་ལོ་ཆུང་ཤེས་རབ་ཀྱིས་བསྒྱུར་བ། འགོར་སྐད་ཤན་སྦྱར་ཡོད་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་བུདྡྷཱ་ཤྲཱིའི་མན་ངགཚང་བསྲུང་བའི་མན་ངག དེའི་བསྡུས་དོན། ཡེ་ཤེས་གཡུང་དྲུང་ལ་སྤྲིང་པ། མི་ཏྲ་ཛོ་ཀིའི་མན་ངག འགོར་སྐད་ཤན་སྦྱར་ཡོད་པའི་མི་ཏྲའི་གདམས་པ་ཨི་ཐིའི་མཐའ་ཅན། སྦྱིན་བདག་རྒྱལ་མོ་ལ་གདམས་པ། ཇོ་བོ་ཁ་སརྤཱ་ཎིའི་སྒྲུབ་ཐབས། འགོར་ན་མོ་གུ་རུ་ཞེས་ཡོད་པའི་ཞལ་གདམས་རྡོ་རྗེ་ཚིག་བཞིའི་གདམས་པ། ཚེ་སྒྲུབ་ཀྱི་གདམས་པ་ཟབ་མོ་ཁྱད་པར་ཅན། འགོར་བརྒྱུད་རིམ་དང་བཅས་པའི་ཡི་གེ་དྲུག་པའི་སྒྲུབ་ཐབས། འགོར་བླ་མ་རྡོ་རྗེ་འཛིན་པ་ཞེས་ཡོད་པའི་ཡན་ལག་བདུན་པ། འགོར་ན་མོ་གུ་རུ་ཞེས་ཡོད་པའི་འཆི་བླུ་གཞན་ལ་མི་སྤེལ་བའི་མཐའ་ཅན། བྱམས་པས་དམ་བཅས་པའི་གཟུངས། འགོར་སྐད་ཤན་སྦྱར་ཡོད་པའི་བྱམས་པའི་སྒྲུབ་ཐབས་སློབ་དཔོན་ནེར་ཏིས་མཛད་པ་ཁྲོ་ལོས་བསྒྱུར་བ། འགོར་སྐད་ཤན་སྦྱར་ཡོད་པའི་བྱམས་པའི་བསྟོད་པ་ཁྲོ་ལོས་མཛད་པ། འགོར་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ་ཞེས་ཡོད་པའི་ཡང་སྙིང་གསུང་གི་མན་ངག འགོར་སྐད་ཤན་སྦྱར་ཡོད་པའི་རྨི་ལམ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་དགའ་བའི་བཤེས་གཉེན་གྱིས་མཛད་པ་ཁྲོ་ལོས་བསྒྱུར་བ། འགོར་སྐད་ཤན་སྦྱར་ཡོད་པའི་རྟོགས་པ་བརྗོད་པ་སུམ་ཅུ་པ་མི་ཏྲའི་«་་་་་ཇོ་བོའི་བཀའ་བཞིན་མི་ཏྲས་མཛད་པ། »སྤྱན་སྔར་ཁྲོ་ལོས་བསྒྱུར་བ། རྟོགས་བརྗོད་དོ་ཧ་སུམ་ཅུ་པའི་རྣམ་བཤད་ཁྲོ་ལོས་མཛད་པ། རབ་ཏུ་གནས་པའི་ཕྱག་ལེན་ཁྱད་པར་གསུམ་ལྡན་བླ་མ་ལོ་ཙཱ་བའི་གསུང་བཞིན་ཁྲོ་ལོས་མཛད་པ། འགོར་ན་མོ་གུ་རུ་ཞེས་ཡོད་པའི་བླ་མའི་རྣལ་འབྱོར་ཤིན་ཏུ་ཟབ་པ་བཀའ་རྒྱ་ཅན། འགོར་སྐད་ཤན་སྦྱར་ཡོད་པའི་རྒྱལ་པོ་ཟླ་བའི་སྤྲིང་ཡིག་མི་ཏྲས་མཛད་པ་ལོ་ཆུང་ཚུལ་ཁྲིམས་ཤེས་རབ་ཀྱིས་བསྒྱུར་བ། ལྷ་སའི་ཇོ་བོ་ལ་བསྟོད་པ་ཁྲོ་ལོས་མཛད་པ་བློ་བྲིད་དྲུག་པའི་ཞལ་གདམས། ཁ་ཆེ་པཎ་ཆེན་གྱི་ཐུགས་དམ་ཛམྦྷ་ལ་ནག་པོའི་ཆུ་སྦྱིན་སྒྲུབ་ཐབས་སྐད་ཤན་སྦྱར་ཡོད་པ་ཁ་ཆེ་པཎ་ཆེན་གྱི་གདམས་པ་ཁྲོ་ལོས་བསྒྱུར་བ་འགོར་ས་བརྒྱད་དབང་ཕྱུག་ཅེས་ཡོད་པའི་བསྟོད་པ། ཛམྦྷ་ལའི་སྒྲུབ་ཐབས་ཀྱི་གནད་སྦས་པ་འབུམ་འཁྱིལ་དུ་གྲགས་པ་པཎ་ཆེན་གྱི་གསུང་སྒྲོས་ཁྲོ་ལོས་བཀོད་པ། གཤིན་བསྔོ་བྱ་ཚུལ། རྒྱ་གར་གྲུབ་ཆེན་བརྒྱད་ཀྱི་གསོལ་འདེབས། ཛམྦྷ་ལ་ནག་པོའི་ལོ་རྒྱུས་བླ་མ་པཎ་ཆེན་གྱི་གསུང་ཁྲོ་ལོས་བཀོད་པ། འགོར་སྐད་ཤན་སྦྱར་ཡོད་པའི་ཛམ་ནག་གི་སྒྲུབ་ཐབས་གསང་བ་ལས་ཀྱང་ཆེས་གསང་བ་སྦས་པ་འབུམ་འཁྱིལ་པཎྜི་ཏ་ནོར་ཅན་གྱིས་མཛད་པ་ཁ་ཆེ་«གསེར་གདུགས་ཅན་ཡང་ཟེར།་་་་་»པཎྜི་ཏ་དང་ཁྲོ་ལོས་བསམ་ཡས་སུ་བསྒྱུར་བ། དེའི་བསྡུས་དོན་ཁྲོ་ལོས་མཛད་པ། འགོར་འཕགས་པ་ཛམྦྷ་ལ་ཞེས་ཡོད་པའི་ཛམ་ནག་སྦས་པ་གསུམ་འཁྱིལ་གྱི་ལོ་རྒྱུས་ཤིན་ཏུ་ཡ་མཚན་པ་རྫོགས་བྱང་གི་མཐའ་རྟེན། གྲོང་ཁྱེར་ཤིང་ཐག་ཅན་གྱི་ལོ་རྒྱུས་འདུལ་ལུང་ལས་བཏུས་པ། ཛམ་ནག་གི་ལས་ཚོགས་གཏེར་བུམ་ལ་བརྟེན་ནས་ནོར་སྒྲུབ་པ། རྟ་གཟུགས་ལ་བརྟེན་ནས་ནོར་སྒྲུབ་པ། ཐོད་པ་ལ་བརྟེན་ནས་ནོར་སྒྲུབ་པ། རིག་མ་ལ་བརྟེན་ནས་ནོར་སྒྲུབ་པ། ཛམ་ནག་གི་སྟེང་བཞེངས་ཐབས། གཞན་གྱི་ངག་མནན་ཐབ། དགྲ་བོ་རེངས་པའི་མན་ངག རིགས་བརྒྱུད་བཅད་པ། དགྲ་བོ་བསྐྲད་པ། འབྱུང་པོ་འདུལ་བ། ཀླུའི་གདོན་འགྲོལ། ཆར་འབེབས་ཐབས། ནོར་བདག་གནད་ལ་གཟིར་བའི་ཐབས། ཡི་གེ་བཅུ་པའི་ཕྲིན་ལས་ལ་ཨོཾ་གྱིས་དབང་དུ་སྡུད་པ། ཛམ་གྱིས་ནོར་སྒྲུབ་པ། བྷས་འཇིགས་པ་སྐྱོབ་པ། ལ་ཡིས་རྐུན་པོ་བསྲུང་བ། ཛ་ཡིས་བུ་སྟེར་བ། ལེན་གྱིས་ཚེ་བསྲིང་བ།ཏྲ་ཡིས་ཕྱུགས་སྐྱོང་བ། ཡེ་ཡིས་སྐྱེད་ཚལ་རྒྱས་པ། སྭཱ་ཡིས་དབང་བསྐུར་བ། ཧཱ་ཡིས་ནད་ཞི་བ་རྣམས་ཁ་ཆེ་པཎྜི་ཏའི་གདམས་པ་གཞན་ལ་མ་གནང་བའི་ཁྱད་ཆོས་ཁྲོ་ལོས་ཡི་གེར་བཀོད་པ། འགོར་སྐད་ཤན་སྦྱར་ཡོད་པའི་ཛམྦྷ་ལའི་«་་་་་ཐུན་མོང་གི »བསྟོད་པ། སྐད་ཤན་སྦྱར་ཡོད་པའི་ཁྱད་པར་གྱི་བསྟོད་པ།ཕྲིན་ལས་ཉི་ཤུ་པ་པཎྜི་ཏ་ནོར་ཅན་གྱིས་མཛད་པ་ཁ་ཆེ་པཎྜི་ཏ་དང་ཁྲོ་ལོས་སྐྱིད་གྲོང་དུ་བསྒྱུར་བ། འགོར་འཕགས་པ་རྨུགས་འཛིན་ལ་ཕྱག་འཚལ་ལོ། །ཞེས་ཡོད་པའི་བསྟོད་པ་རྫོགས་བྱང་གི་མཐའ་ཅན། འགོར་སྐད་ཤན་སྦྱར་ཡོད་པའི་བསྟོད་པ་ཙནྡྲ་གོ་མིས་མཛད་པ།«་་་་་ཛམྦྷ་ལའི། »བསྟོད་པ་འདོད་འཇོའི་བ་«་་་་་ཛམྦྷ་ལའི། »མོ་ཚིགས་བཅད་བརྒྱད་པ་བླ་མ་པཎ་ཆེན་གྱིས་ཞལ་གཟིགས་དུས་མཛད་པ། སེམས་ཀྱི་བདེ་བ་བཅུ་གསུམ་པའི་ཞལ་གདམས་བླ་མ་པཎྜི་ཏས་གྲོ་མོ་དུར་ཁྲོད་ཕག་རི་སོགས་སུ་གསུངས་པའི་ཞལ་གདམས་ཁ་ཐོར་བ་སྣ་ཚོགས་ཁྲོ་ལོ་བྱམས་པའི་དཔལ་གྱིས་བསྒྱུར་བ། ཆུ་བོ་བཞི་འདོར་བ་ལ་གདམས་པ་ཁྲོ་ལོས་མཛད་པ། མཁན་ཆེན་རིན་པོ་ཆེའི་ཞལ་ནས་ཞེས་ཡོད་པའི་ཤངས་པ་བློ་གྲོས་ཀྱིས་སེམས་ལ་ཕན་པར་གདམས་པ། རིན་པོ་ཆེའི་ཞལ་ནས་ཞེས་ཡོད་པའི་ཞལ་གདམས་ཤངས་པ་བློ་གྲོས་གྲགས་ཀྱིས་ཡི་གེར་བྲིས་པ། སྐད་ཤན་སྦྱར་ཡོད་པའི་ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་པཎྜི་ཏ་ཟླ་བས་བྱིན་གཞོན་ནུས་མཛད་པ་བུདྡྷ་ཤྲཱི་དང་ཁྲོ་ལོས་བསྒྱུར་བ། དེའི་བསྡུས་དོན་ཁྲོ་ལོས་མཛད་པ། སྒྲོལ་མའི་སྒོ་ནས་ཚེ་བསྲིང་བའི་མན་ངག་ཤིན་ཏུ་ཟབ་པ།མཇུག་ཏུ་ལྟས་ངན་གཡང་ལེན་གྱི་གདམས་པ་དང་བཅས་པ་ཟབ་པོའི་མཐའ་ཅན། འགོར་ན་མོ་ཏཱ་ར་ཞེས་ཡོད་པའི་ལྷོ་བྲག་གཏམ་ཤུལ་དུ་བྱོན་པའི་ཚེ་སློབ་མ་རྣམས་ཅུང་ཟད་འཁྲུག་པའི་ཚེ་རྗེ་བཙུན་མ་ལ་སྨྲེ་སྔགས་ཀྱི་སྒོ་ནས་འབོད་པ། བླ་མའི་རྣལ་འབྱོར་ཤཱཀྱ་ཤྲཱིའི་གདམས་པ། འཁོར་བྱང་ཆུབ་སེམས་དཔའ་རིན་ཆེན་མང་ཞེས་པའི་སྒྲུབ་ཐབས་གཏོར་མ་དང་བཅས་པ་ཁྲོ་ལོས་མཛད་པ། རྣམ་སྲས་རྟ་བདག་བརྒྱད་དང་བཅས་པའི་བསྟོད་པ་ཁྲོ་ལོས་མཛད་པ་ཞུས་དག་པའི་མཐའ་ཅན། མཇུག་ཏུ་ཞལ་ཤེས་ཕྲན་བུ། གསང་འདུས་དཔའ་གཅིག་གི་སྒྲུབ་ཐབས་ཁྲོ་ལོས་བསྒྱུར་བ། སྐད་ཤན་སྦྱར་ཡོད་པའི་དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་དུས་ཞབས་པས་མཛད་པ་བུདྡྷ་ཤྲཱི་དང་ཁྲོ་ལོས་བསྒྱུར་བ། འགོར་དཀོན་མཆོག་གསུམ་ལ་ཞེས་ཡོད་པའི་སྨོན་འཇུག་སེམས་བསྐྱེད་ཀྱི་ཆོ་ག་པཎ་ཆེན་གྱི་གསུང་རྒྱུན་རྒྱས་བསྡུས་འཚམ་པར་ཁྲོ་ལོས་བཀོད་པ་སེམས་བསྐྱེད་ཀྱི་བརྒྱུད་པ་དང་བཅས་པ། ཛམྦྷ་ལ་ནག་པོའི་ཆུ་སྦྱིན་པའི་མན་ངགཛམྦྷ་ལའི་ཆུ་སྦྱིན་གྱི་ལོ་རྒྱུས་སྨོན་ལམ་རིན་ཆེན་སིལ་མ། དེའི་བསྡུས་དོན། སྨོན་ལམ་སིལ་མ་ཚིགས་བཅད་དུ་བསྡེབས་པ་རྣམས་ཁྲོ་ལོས་མཛད་པ། ནོར་རྒྱུན་མའི་སྒོ་ནས་དབུལ་བ་སེལ་བ་ལོ་རྒྱུས་དང་བཅས་པ། དེའི་སྔགས་བཟླ་ཐབས་དང་བཅས་པ། འགོར་སྐད་ཤན་སྦྱར་ཡོད་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་པཎྜི་ཏ་བུདྡྷ་ཤྲཱི་དང་ཁྲོ་ལོས་བསྒྱུར་བ། སྐད་ཤན་སྦྱར་ཡོད་པའི་ནོར་འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས་རྫོགས་བྱང་གི་མཐའ་ཅན། ཨོཾ་ཛམྦྷ་ལ་ཞེས་ཡོད་པའི་ནོར་འཛིན་གྱི་གཟུངས། པཎ་ཆེན་གསུང་བསྐྱེད་རྫོགས་ཀྱི་གནད་ཟབ་མོ། ཁྲོ་ལོ་ཆེན་པོའི་གསུང་མགུར་འཆི་དུས་མ་རང་ལ་གདམས་པ། ཡང་བླ་མ་རིན་པོ་ཆེ་ཞེས་ཡོད་པའི་མགུར་མ་བློ་བདེ་བཞི་མ། ན་མོ་གུ་རུ་ཞེས་ཡོད་པའི་རེ་སྐྱིད་མའི་མགུར་མ། ན་མོ་གུ་རུ་ཞེས་ཡོད་པའི་སེར་བ་བསྲུང་བའི་མན་ངག་ཤིན་ཏུ་ཟབ་པ་ཧཱུྃ་དམར་མ་ཁྲོ་ལོའི་ཕྱག་བཞེས་མ། རང་ལ་གྲོས་འདེབས་ཤླཽ་ཀ་གཅིག་རྗེ་བཙུན་སྐུ་དྲིན་ཅན་ལ་ཕྱག་འཚལ་ལོ་ཞེས་ཡོད་པའི་རང་ལ་གྲོས་འདེབས་ཨི་ཐིའི་མཐའ་ཅན། འཆི་བ་སེམས་ཀྱི་ཞེས་ཡོད་པའི་རང་ལ་གྲོས་འདེབས་མེ་ལོང་བདུན་པ་རྣམས་ཏེ་ཆོས་ཚན་དེ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཁྲོ་ཕུ་ལོ་ཙཱ་བ། ཁྲོ་ཕུ་སེམས་དཔའ་ཆེན་པོ། ཡང་རྩེ་བ་རིན་ཆེན་སེངྒེ། དགྲ་བཅོམ་པ་ཡོན་ཏན་བློ་གྲོས།བྱང་ལུང་པ་གཞོན་ནུ་བློ་གྲོས། པཎ་ཆེན་ཤཱཀྱ་མཆོག་ལྡན། ཡིག་དྲུག་པ་ཤེས་རབ་དཔལ་འབྱོར། རྗེ་གྲོལ་མཆོག རྗེ་ཀརྨ་བཟང་པོ། འཇམ་དབྱངས་ཤཱཀྱ་བསྟན་འཛིན། མཁས་དབང་ཤཱཀྱ་ནོར་བུ། སྡེ་སྣོད་འཛིན་པ་ཀུན་དག་ལེགས་པ། ལོ་ཆེན་བཤེས་གཉེན་རྣམ་རྒྱལ། རྒྱལ་སྲས་རྒྱལ་མཚན་བཟང་པོ། སྨྲ་དབང་ཕྱོགས་ལས་རྣམ་རྒྱལ། དོན་གྲུབ་ཆོས་གླིང་པ་བསྟན་པ་རྒྱ་མཚོ། ཀུན་མཁྱེན་ངག་དབང་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། གྲུབ་དབང་སངས་རྒྱས་རྒྱ་མཚོ། རྡོ་རྗེ་འཛིན་པ་ཀུན་དགའ་རྒྱ་མཚོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།    །།རྣམ་འདྲེན་བསྟན་པའི་མངའ་བདག་དཔག་ཡས་རིགས་ཀྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་མི་གཉིས་པ་རྗེ་བཙུན་ས་སྐྱ་པ་གོང་མ་ལྔའི་གསུང་རབ་རིན་པོ་ཆེ་རྣམས་ཀྱི་ལུང་གི་ཚོགས་ལེགས་པར་ནོས་པ་ལ། ངོར་རྫོང་གོང་དཀར་བ་གསུམ་ལ་ཆོས་ཚན་གྱི་གྲངས་ལ་མང་ཉུང་དང་གོ་རིམ་ཅུང་ཟད་མི་མཐུན་པའི་ཁྱད་པར་འགའ་ཞིག་མཆིས་པར། འདིར་རྒྱལ་བ་གཉིས་པ་ལྟ་བུ་རྗེ་བཙུན་ཀུན་དགའ་བཟང་པོས་གློ་བོ་སྨོན་ཐང་གི་རྒྱལ་པོར་དཔལ་ས་སྐྱའི་རྗེ་བཙུན་གོང་མ་ཡབ་སྲས་གསུམ་གྱི་གསུང་རབ་རྣམས་རིན་པོ་ཆེ་སཱུ་ཝརྞ་ལས་གྲུབ་པར་བཞེང་བཅུག་སྐབས་མཛད་པའི་དཀར་ཆག་གི་སྒྲིག་རིམ་དང་མཐུན་པར་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་གིས་མཛད་པའི་དཀར་ཆག ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། ཤར་པ་བྱམས་པ་ཀུན་དགའ་བཀྲ་ཤིས། མཁན་ཆེན་ངག་དབང་ཆོས་གྲགས། སྒྲུབ་ཁང་པ་མཁས་གྲུབ་དཔལ་ལྡན་དོན་གྲུབ།ངག་དབང་བརྟན་པའི་རྡོ་རྗེ་པ་རྣམས་ཀྱི་གསན་ཡིག་ལ་གཞི་བྱས་ནས་གསུང་རབ་ཆོས་ཚན་གྱི་ངོས་འཛིན་ཞིབ་ཏུ་དཔྱད་ནས་འགོད་པ་ལ་ལྔ་སྟེ། དང་པོར་བསྟན་པའི་བདག་པོ་ཆོས་ཀྱི་རྗེ་རྣལ་འབྱོར་གྱི་དབང་ཕྱུག་བརྩེ་བ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ས་སྐྱ་པ་ཀུན་དགའ་སྙིང་པོའི་གསུང་རབ་རིན་པོ་ཆེའི་ཚོགས་རྣམས་ལུང་དུ་མནོས་པའི་རྣམ་གྲངས་ལ། དཔལ་ལྡན་བི་རཱུ་པ་«༼༩༽༼༢༤༽»ལ་བསྟོད་པ་«་་་་་འདིར་ཁྱེད་ཀྱི་གཟི་ཡིས་རྟོག་པ་ཀུན་བྲལ་ཏེ།ཞེས་སོགས་དང་མངོན་སུམ་དུ་བསྟོད་པའི་ཚིག་ཉམས་ཀྱི་ཤུགས་ཀྱིས་བྱུང་བ་ཞེས་པའི་ཚིག་གི་ཞལ་གཟིགས་མ་ཡིན་པར་གསལ་ལོ། »།ལྷན་སྐྱེས་སྤྲོས་བྲལ་མ། ཞང་སྟོན་ལ་དོན་གྱིས་བྱིན་རླབས་སྩལ་བའི་བསྟོད་«༼༩༽༼༢༤༽»པ་ཡོན་ཏན་མཆོག་མངའ་མ། རྒྱུད་«༼༩༽༼༢༤༽»སྡེ་སྤྱིའི་རྣམ་གཞག་ཆུང་ངུ་འགོར། བླ་མ་རིན་ཆེན་ལྟ་བུ་དང༌། ཞེས་དང༌། ཆ་ཤས་ཀྱི་བཤད་པའི་རྒྱུད་སམྤུ་ཊ་ཡིན་ནོའི་མཐའ་ཅན། བརྟག་གཉིས་ཀྱི་ས་«༼༩༽༼༢༤༽»བཅད་འགོར། དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེའི་བརྟག་པ་གཉིས་ཀྱི་བདག་ཉིད་ཅན་གྱི་རྒྱུད་ཅེས་བྱ་བ་དང༌། མཇུག་ཏུ་བདག་གིས་མི་ཤེས་བློ་དམན་ཕྱིར། །རྒྱུད་དོན་ཇི་བཞིན་མ་རྟོགས་པས། །ཞེས་སོགས་དང༌། བརྟག་གཉིས་ཀྱི་བསྡུས་དོན་རྫོགས་སོའི་མཐའ་ཅན། ཀྱེའི་རྡོ་རྗེ་རྩ་བའི་རྒྱུད་«༼༩༽༼༢༤༽»བརྟག་པ་གཉིས་པའི་ཚིགས་འགྲེལ་བླ་མ་མངའ་རིས་པས་མཛད་པ་འགོར། བླ་མ་དམ་པ་རྣམས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །རང་བཞིན་ལྷན་ཅིག་སྐྱེས་པ་མཁའ་ལྟར་ཞེས་པ་དང༌། མི་ཕྱེད་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག་གི་མཐའ་ཅན། སྒྱི་ཆུ་བས་«༼༩༽༼༢༤༽»མཛད་པའི་བརྟག་གཉིས་ཀྱི་དཀའ་འགྲེལ་འགོར། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་ཆེ། །ཞེས་པ་དང་མན་ངག་དོན་གསལ་ཞེས་བྱ་བ་རྨོངས་པས་རྟོགས་སླ་བའི་དོན་དུ་བྲིས་པ་རྫོགས་སོའི་མཐའ་ཅན། དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ན་སྒྱི་ཆུ་བའི་དཀའ་འགྲེལ་དང་ཊཱིཀ་ཆུང་མན་«༼༩༽»ངག་དོན་གསལ་ཞེས་སོ་སོར་གསུངས་པ་ལྟར་འདུག་ཀྱང་གཅིག་ཡིན་པར་འདི་ཉིད་ཀྱི་མཇུག་ན་གསལ། འོན་ཀྱང་འོག་ས་ཆེན་ཉིད་ཀྱིས་མཛད་པ་འདི་གསན་ཡིག་རྣམས་ན་མི་སྣང་བས་དཔྱད། བརྟག་གཉིས་ཀྱི་དཀའ་འགྲེལ་འགོར། བཅོམ་ལྡན་འདས་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །བློ་གྲོས་མཚུངས་མེད་འཇིག་རྟེན་ཀུན་གྱི་མིག །ཅེས་བྱ་བ་དང༌། ཡང་དག་རྡོ་རྗེ་སེམས་དཔའ་འཐོབ་ཅེས་དང༌། ཀྱེའི་རྡོ་རྗེའི་དཀའ་འགྲེལ་བླ་མ་ས་ཆེན་གྱིས་མཛད་པ་རྫོགས་སོའི་མཐའ་ཅན་དང་རྩ་བཤད་ཀྱི་རྒྱུད་དུ་འཇོག་ཚུལ་འཐོར་བུ་འགའ་རེ་དང་བཅས་པ། རྡོ་རྗེ་གུར་«༼༩༽༼༢༤༽»གྱི་ཐོ་ཡིག་འགོར། བཅོམ་ལྡན་འདས་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དགེས་པ་རྡོ་རྗེའི་རྒྱུད་ལ་འབུམ་ཚོ་ལྔ་བྱུང་བ་ནི་ཞེས་པ་དང༌། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཞེས་པ་ལ་སོགས་པས་བསྟན་ཏོ་ས་མཱཔྟའི་མཐའ་ཅན། གུར་གྱི་«༼༩༽༼༢༤༽»བཤད་པའི་ཆིངས་འགོར། ཨོཾ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལ་ཐོག་མར་ཞེས་པ་དང་དཀྱིལ་འཁོར་འཁོར་ལོའི་ལམ་བསྟན་པའོ་རྫོགས་པའི་མཐའ་ཅན། གུར་རིགས་བསྡུས་ཀྱི་རིག་པའི་དབང་གི་བཤད་པ་འགོར་འཁོར་གསུམ་ཡོངས་སུ་དག་པ་ལ་བཞི་སྟེ་ཞེས་པ་དང་དེས་ལུས་རྟག་པ་སྟེ་རྣམ་སྣང་དུ་འགྱུར་ཨི་ཐིའི་མཐའ་ཅན། གུར་གྱི་རྒྱུད་ཀྱི་དཀའ་«༼༩༽༼༢༤༽»གནས་བཤད་པ་འགོར།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལེའུ་དང་པོ་འཁོར་གྱི་ལྷ་མོའི་ཞེས་པ་དང་ལྷག་མ་གོ་སླའོའི་མཐའ་ཅན། མཆོག་སྒྲུབ་པའི་དང་ལས་རྒྱས་པའི་ལྷའི་གྲངས་འགོར་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་འདིས་ཞེས་པ་དང་གོང་དུ་བསྟན་པའི་གསལ་བར་སྟོན་ཏོའི་མཐའ་ཅན། རྡོ་རྗེ་གླུའི་བཤད་«༼༩༽༼༢༤༽»པ་འགོར་རྡོ་རྗེ་གླུའི་བཤད་པ་ལ་དོན་གསུམ་སྟེ་ཞེས་པ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པར་བྱས་ཤིང་གོམས་པར་བྱས་པའོའི་མཐའ་ཅན། རྩའི་མངོན་«༼༩༽༼༢༤༽»རྟོགས་འགོར་རྩའི་མངོན་པར་རྟོགས་པའི་དོན་བསྟན་པ་ལས་ཞེས་པ་དང་དེ་ནི་བྱང་སེམས་ལ་བརྩིས་པས་ཕྲ་བའོ། །ས་མཱཔྟ་མི་ཐིའི་མཐའ་ཅན། རྡོ་རྗེ་སྙིང་འགྲེལ་སྔ་«༼༩༽༼༢༤༽»འགྱུར་གྱི་ཡིག་སྣ་འགོར། འཇིག་རྟེན་སྤྱོད་པ་ཞེས་པ་ན་མར་ཞེས་པ་དང་ཁྱབ་བྱེད་ཅེས་བྱ་སྟེ་མ་ལུས་སོ། །ས་མཱཔྟ་མི་ཐིའི་མཐའ་ཅན། གུར་གྱི་«༼༩༽༼༢༤༽»རྒྱུད་ཀྱི་ཟིན་བྲིས་འགོར་ལེའུ་དང་པོར་རྒྱལ་བ་རིགས་ལྔ་ཞེས་པ་དང་དབང་བསྐུར་བའི་སློབ་དཔོན་ལ་ཇི་ལྟར་གུས་པར་བྱ་བ་བསྟན་ཏོ། །ས་མཱཔྟ་མི་ཐིའི་མཐའ་ཅན། འདི་ལ་གསན་ཡིག་དབང་གི་རྒྱལ་པོར་ལེ་འགྲེལ་ཞེས་གསུང༌། སམྤུ་ཊའི་རྒྱུད་ཀྱི་དཀའ་«༼༩༽༼༢༤༽»འགྲེལ་འགོར། བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་ཡང་དག་པར་སྦྱོར་བ་ཞེས་པ་དང་དཀའ་བའི་གནས་རྣམས་བསྡུས་པས་ནོངས་པར་གྱུར་ན་བླ་མ་མཁའ་འགྲོས་བཟོད་པར་མཛོད། ས་མཱཔྟ་མི་ཐིའི་མཐའ་ཅན། ཁ་«་་་་་རྒྱ་མཚོར་རྫོགས་རིམ་གྱི་མན་ངག་གསུང༌།»སྦྱོར་ཐིག་ལེའི་དོན་འབྱུང་«༼༩༽༼༢༤༽»བ་འགོར་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་ལས་ཁ་སྦྱོར་ཐིག་ལེའི་དོན་ཞེས་པ་དང་ཉམས་སུ་བླང་བའི་མན་ངག་སྔར་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཡང་སྤྱིར་རང་བྱིན་གྱིས་བརླབ་པ་ལ་ཞེས་པ་དང་གང་རུང་འོང་གསུང་ཨི་ཐིའི་མཐའ་ཅན་ཅིག སམྤུ་ཊའི་རྒྱུད་ཕྱི་མའི་རྣམ་པར་«༼༩༽༼༢༤༽»བཤད་པ་འགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །བརྟག་པ་བཅུ་གཅིག་པ་རྒྱུད་ཕྱི་མའི་ཞེས་པ་དང༌། དཀོན་མཆོག་བླ་མ་མཁའ་འགྲོའི་ཚོགས། །བཀའ་ཆད་མི་སྩལ་བཟོད་པར་གསོལ་གྱི་མཐའ་ཅན། ཁ་སྦྱོར་ཕྱི་མའི་བརྟག་པ་«༼༩༽༼༢༤༽»བཅུའི་དོན་བཤད་འགོར། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དེ་ལ་ཡང་དག་པར་སྦྱོར་བའི་རྒྱུད་ཕྱི་མས་བཅུ་པའི་དོན་ཞེས་པ་དང༌། བརྟག་པ་གསུམ་པ་དངོས་སུ་མི་གསལ་བ་གསལ་བར་བྱེད་པ་རྟོགས་པར་བྱའོའི་མཐའ་ཅན། བསྡུས་པའི་དཀྱིལ་«༼༩༽༼༢༤༽»འཁོར་དུ་སློབ་མ་དབང་བསྐུར་བ་འགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །བསྡུས་པའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་རྟོགས་པ་ཞེས་པ་དང༌། མཆོག་གི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱང་འདི་ཉིད་ཀྱིས་ཤེས་པར་བྱ་བ་ཁོ་ན་ཡིན་ནོའི་མཐའ་ཅན། གསན་ཡིག་དབང་གི་རྒྱལ་པོར་སམྤུུ་ཊའི་དཀྱིལ་འཁོར་ཆོ་གའི་ཐོ་ཡིག་གསུངས་པ་འདི་ཡིན་ནམ་དཔྱད། བདེ་མཆོག་ནག་པོ་པའི་ལོ་རྒྱུས་«༼༩༽༼༢༤༽»འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སློབ་དཔོན་བརྟུལ་ཞུགས་སྤྱོད་པ་ཞེས་པ་དང་གཞུང་དྲུག་པོ་དེ་དག་གི་གསེབ་ཆགས་ནས་བཏོན་པ་ཡིན་གསུང་ངོའི་མཐའ་ཅན། གཞུང་དྲུག་སྤྱིའི་རྣམ་«༼༩༽༼༢༤༽»གཞག་འགོར་སློབ་དཔོན་ནག་པོ་པའི་གཞུང་འདི་ཞེས་པ་དང༌། བརྩམས་པ་མཐར་ཕྱིན་པའོའི་མཐའ་ཅན། ནག་པོ་པའི་དཀྱིལ་ཆོག་གི་ས་«༼༩༽༼༢༤༽»བཅད་འགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །སློབ་དཔོན་སྤྱོད་པའི་རྡོ་རྗེས་མཛད་པའི་ཞེས་པ་དང༌། སྤྱོད་པའི་རྗེས་སུ་གནང་བའོ་ཨི་ཐིའི་མཐའ་ཅན། སྒྲུབ་ཐབས་ས་«༼༩༽༼༢༤༽»བཅད་འགོར་སློབ་དཔོན་ནག་པོ་སྤྱོད་པ་བས་མཛད་པའི་ཞེས་པ་དང༌། གཞན་རྣམས་གོང་དང་འདྲའོ་ཨི་ཐིའི་མཐའ་ཅན། སྦྱིན་སྲེག་ས་«༼༩༽༼༢༤༽»བཅད་འགོར་སློབ་དཔོན་སྤྱོད་པའི་རྡོ་རྗེས་མཛད་པའི་ཞེས་པ་དང༌། ཕུར་བུ་དབྱུང་བ་ལ་སོགས་པ་མཇུག་གི་ཆོ་ག་བསྟན་པའོ་ཨི་ཐིའི་མཐའ་ཅན། གསང་བའི་དེ་ཁོ་ན་ཉིད་གསལ་«༼༩༽»བའི་ས་བཅད་འགོར། བླ་མ་དམ་པའི་ཞབས་པད་སྤྱི་བོས་ལེན། སློབ་དཔོན་སྤྱོད་པ་བས་ཞེས་པ་དང༌། གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་འགྲེལ་པ་ཨི་ཐིའི་མཐའ་ཅན། ཨོ་ལ་«༼༩༽༼༢༤༽»པ་ཏིའི་ས་བཅད་འགོར་ན་མཿཤྲཱི་ཙཀྲ་སམྦ་ར་མཎྜ་ལེ་བྷྱཿ ཨོ་ལ་པ་ཏི་ཞེས་པ་དང༌། རིམ་པ་གཉིས་ལ་སོགས་པའོ་ཨི་ཐིའི་མཐའ་ཅན། དཔྱིད་ཀྱི་ཐིག་ལེའི་ས་«༼༩༽༼༢༤༽»བཅད་འགོར་དཔྱིད་ཀྱི་ཐིག་ལེ་ལ་དོན་གསུམ་སྟེ་ཞེས་པ་དང༌། འབྲས་བུ་གསང་བའི་རིམ་པའོ་རྫོགས་སོའི་མཐའ་ཅན། རས་བྲིས་ལ་བརྟེན་པའི་དཀྱིལ་«༼༩༽༼༢༤༽»ཆོག་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ནག་པོ་ཆོ་ག་ལ་བརྟེན་ནས། །ཞེས་པ་དང༌། བཀའ་བཞིན་བསྒྲུབ་པར་ཁས་བླངས་སོ་གསུང་ངོའི་མཐའ་ཅན། མངོན་རྟོགས་ཀྱི་ཊཱིཀ་«་་་་་གསལ་བྱེད་ཀྱང་གསུང༌། »ཆུང་«༼༩༽༼༢༤༽»འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་འདི་ཞེས་པ་དང༌། ནག་པོ་མངོན་རྟོགས་ཀྱི་ཏི་པ་ན་ཨི་ཐིའི་མཐའ་ཅན། སྦྱིན་སྲེག་གི་ཊཱི་ཀ་«༼༩༽༼༢༤༽»འགོར་ཤྲཱི་ཝཱཾ་གུ་རུ་བྷ་དྲཱ་ཡ་ན་མཿ དངོས་གྲུབ་མ་གྲུབ་པ་གྲུབ་པར་བྱེད་ཅེས་པ་དང༌། ཚིག་གི་དོན་རྣམས་ནི་གཞུང་ཉིད་ནས་གསལ་ལོ་སྦྱིན་སྲེག་ས་མཱཔྟ་མི་ཐིའི་མཐའ་ཅན། སྦྱིན་སྲེག་གི་«༼༩༽༼༢༤༽»ལག་ལེན་འགོར་ཀྲྀཥྞ་ཨཱ་ཙཱརྻས་མཛད་པའི་ཞེས་པ་དང༌། འདི་ནི་ལ་མ་ཀ་ལ་སོགས་པའི་སྤྱོད་ཡུལ་ཡིན་གསུང་ངོ་ཨི་ཐིའི་མཐའ་ཅན། རོ་སྲེག་གི་ཆོ་ག་«༼༩༽༼༢༤༽»འགོར་བཅོམ་ལྡན་འདས་བདེ་མཆོག་ལ་ཕྱག་འཚལ་ལོ། །སློབ་དཔོན་སྤྱོད་པ་པའི་ཞེས་པ་དང༌། གཞན་དག་གི་ནི་བསྲེག་རྫས་དང་ཡོན་བདག་ཏུ་བྱ་བའི་ལུགས་ཀྱང་བཞེད་དེ་བརྒྱུད་པ་འདིས་མི་བཞེད་དོའི་མཐའ་ཅན།གསང་«༼༩༽༼༢༤༽»བའི་ཁོ་ན་ཉིད་ཀྱི་ཊཱི་ཀ་འགོར། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སློབ་དཔོན་སྤྱོད་པའི་རྡོ་རྗེས་མཛད་པའི་ཞེས་པ་དང༌།གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་གསལ་བྱེད་རྫོགས་པའི་མཐའ་ཅན། དེའི་ཚིག་དོན་བསྡུས་«༼༩༽༼༢༤༽»པའི་གོ་འབྱེད་འགོར། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ། །གསང་བའི་དེ་ཁོ་ན་ཉིད་ཅེས་པ་དང༌། ཚིག་དོན་གཉིས་བསྡུས་པའི་གོ་འབྱེད་ཅུང་ཟད་ཙམ་བསྟན་པའོ་རྫོགས་སོའི་མཐའ་ཅན། ཡང་དེའི་དོན་གྱི་ཆ་བླ་མའི་གསུང་གནང་བ་བྲིས་པ་འགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །དཔལ་ལྡན་གསང་བ་འདུས་པ་དང༌། །ཞེས་པ་དང༌། གསང་བའི་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཆ་ཙམ་བླ་མའི་གསུང་དང་གཞུང་ན་སྣང་བ་བྲིས་པ་རྫོགས་སོའི་མཐའ་ཅན། ཨོ་ལ་པ་ཏིའི་རྣམ་«༼༩༽༼༢༤༽»བཤད་འགོར་ན་མཿཤྲཱི་ཙཀྲ་སམྦ་ར་མཎྜ་ལཱ་ཡ། རྗེ་བཙུན་བླ་མ་ཞེས་པ་དང་ཨོ་ལ་པ་ཏིའི་རྣམ་པར་བཤད་པ་ཨི་ཐི། ཡང་དེའི་མན་«༼༩༽༼༢༤༽»ངག་འགོར། དབྱུ་གུ་གཅིག་ལ་སུམ་བརྒྱ་ཞེས་པ་དང༌། ཨོ་ལ་པ་ཏིའི་མན་ངག་ཨི་ཐིའི་མཐའ་ཅན། དཔྱིད་ཐིག་གི་ཊཱི་ཀ་«༼༩༽༼༢༤༽»འགོར་ན་མོ་གུ་རུ་བྷྱཿཤྲཱི་ཙཀྲ་སམྦ་ར་མཎྜ་ལཱ་ཡ། སློབ་དཔོན་སྤྱོད་པའི་རྡོ་རྗེའི་དགོངས་པས་ཞེས་པ་དང༌། དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བའི་རྣམ་འགྲེལ་ཨི་ཐིའི་མཐའ་ཅན་ཏེ་དེ་རྣམས་ལ་ནག་པོ་གཞུང་དྲུག་གི་མན་ངག་ནག་འབུམ་དུ་གྲགས་སོ། །དེ་རྣམས་ལ་གསན་ཡིག་དབང་གི་རྒྱལ་པོར་གཞུང་དྲུག་གི་ཐོ་ཡིག་ཅེས་སྦས་པ་ཙམ་ལས་མ་གསུངས། རིམ་པ་བཞིའི་གདམས་ངག་འགོར། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་མཚུངས་པ་མེད་པའི་ཞེས་པ་དང༌། མང་བ་དང་ཉུང་བ་ཁེགས་གསུང་ངོ་ཨི་ཐིའི་མཐའ་ཅན། ཡང་དེའི་ལག་ཏུ་བླང་བའི་རིམ་པ་སོགས་མན་ངག་ཐོར་བུ་བ་འགའ་རེ། འཇིགས་བྱེད་རྟོག་«༼༩༽༼༢༤༽»བདུན་གྱི་ཊཱི་ཀ་འགོར་བཅོམ་ལྡན་འདས་དཔལ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །འཇམ་དཔལ་ཁྲི་དྲུག་སྟོང་ཡོད་པའི་ལེའུ་དྲུག་པ་ཞེས་པ་དང༌། བསད་པའི་ལས་སུ་སྦྱར་བ་ཡིན་ས་མཱཔྟ་མི་ཐིའི་མཐའ་ཅན། སྒྲོལ་མ་«༼༩༽༼༢༤༽»ལྷ་བཅུ་བདུན་མའི་དཀྱིལ་མཆོག་འགོར། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ་མཚན་ཉིད་དང་ལྡན་པའི་བླ་མ་ཞེས་པ་དང༌། དབང་གི་ཆོ་གའི་ཐོ་ཙམ་ཕྱོགས་གཅིག་ཏུ་བསྡེབས་ནས་བསྟན་པ་རྫོགས་སོའི་མཐའ་ཅན། དཔལ་ས་སྐྱ་པའི་མན་ངག་གཅེས་པ་«༼༩༽༼༢༤༽»བཏུས་པ་རིན་པོ་ཆེའི་ཕྲེང་བ་བིརྺ་པའི་སྒྲུབ་ཐབས་སོགས་ནས་མཛེས་མ་རྒྱན་འཁོར་གྱི་བར་མན་ངག་གི་རྣམ་གྲངས་བཞི་བཅུ་ཞེ་དྲུག་ལྷག་ཙམ་ཕྱོགས་གཅིག་ཏུ་བསྒྲིགས་པའི་གདམས་པ་རྣམས་སོ། །འདི་རྣམས་གྲུབ་པའི་སློབ་དཔོན་དུ་མའི་མན་ངག་དང་རྗེ་བཙུན་ཆེན་པོའི་ཕྱག་ལེན་གཅེས་བཏུས་དང་ས་པཎ་གྱི་ལམ་སྦས་བཤད་སོགས་ནས་ཀྱང་བླངས་པའི་སློབ་བརྒྱུད་ཅིག་གིས་ཕྱིས་སུ་བསྒྲིགས་པའི་ལུང་རྒྱུན་མཁན་ཆེན་ཤེར་རྡོར་བས་གསན་པ་འདིར་བཅུག་པར་མངོན། འདི་ནང་གི་ཆོས་ཚན་མང་པོའི་བརྒྱུད་པ་ལམ་འབྲས་ཀྱི་ཆ་ལག་གླེགས་བམ་རྣམས་དང་ཡང་གཅིག་གོ >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*