དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་གཉིས་པའི་ནང༌།

པའི་རྟགས་ཀྱི་ཡི་གེ་གོས་རྡེབ་དམོད་མོ་བརྗོད་པའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད། »འཁོར་བྱ་རོག་མི་འཁོར་ཉམས་གྲིབ་ཆེ་ཞེས་ཡོད་༼ཨེ༽༼ཉི༽པའི་གཏོར་ལེན་བྱ་རོག་བརྟག་པ་ཚིག་རྐང་དྲུག་མ་སྒྲུབ་པ་བསྐྱར་གྱི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད། »འགོར་ཏཱ་ར་ན་མོ། སྒྲུབ་པ་པོ་དག་གི་ཞལ་བཞི་པའི་འཁུ་ལྡོག་དང་ཞེས་ཡོད་པའི་འཁུ་༼སྒོ༽༼གློ༽ལྡོག་དང་ཆོ་འཕྲུལ་མི་འབྱུང་ཞིང་ལས་མྱུར་དུ་སྒྲུབ་པའི་ཡི་གེ་བསམས་པ་ནི་མན་ངག་དམ་པར་གསུངས་སོ་འདི་སྤེལ་བ་ནི་ཉིན་མོའི་སྐར་མ་ཙམ་མོའི་མཐའ་ཅན། འགོར་རྩ་བའི་འཁོར་ལོ་ནི་རྩིབས་དྲུག་ཅེས་ཡོད་པའི་རྩ་བ་༼ཨེ༽༼སྒོ༽དང་གནད་འབེབས་དང་ལས་ཚོགས་ཀྱི་འཁོར་ལོའི་ཞལ་གདམས་སྡིག་པའི་ས་བོན་བྱེད་པས་གསང་ངོའི་མཐའ་ཅན།«་་་་་འདི་རྫོང་པོད་ནའང་ཡོད་ངོར་ལུགས་ལ་འདི་ཁའི་ནང་གི་རབ་གནས་དེ་ཟུར་དུ་ངོས་འཛིན་མཛད་པ་ཡིན། »འགོར་ཐུན་མོང་མ་ཡིན་པའི་གདམས་པ་འདི་ཡིན་ཏེ་ཞེས་ཡོད་པའི་འཁོར་ལོ་དང་ལིང་ཚེ་དང་ལིང་གའི་༼སྒོ༽༼གློ༽ཞལ་ཤེས་རྣམ་སྨིན་ཆེ་བས་གཞན་ལ་མ་སྤེལ་གསང་བར་བྱའོའི་མཐའ་ཅན།«་་་་་འདི་རྫོང་པོད་ནའང་བཞུགས་ཤིང་འཁོར་ལོ་དང་ལིང་གའི་ཞལ་གདམས་ཆོས་ཚན་ལོགས་སུ་མཛད་འདུག »འགོར་མན་ངག་འདིའི་འཁོར་ལོ་བྲི་བར་འདོད་ན་ཞེས་ཡོད་པའི་འཁོར་ལོའི་བྲི་ཐབས་«་་་་་འདི་གོང་དཀར་བའི་གླེགས་བམ་དུ་ཉིས་ལྡབ་འདུག »༼སྒོ༽༼ཉི༽གང་བསྒོ་བ་དེ་ངེས་པར་འགྲུབ་གསུང་བའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད།་་་་་»འགོར་ས་ཨི་ཡཾ་ཡོད་པའི་འཁོར་ལོའི་སྔགས་བྱང་༼སྒོ༽ཙཀྲ་ལ་བྲི་གསུང་ངོའི་མཐའ་ཅན། འགོར་འཁོར་ལོའི་སྐབས་སུ་རྩིབས་དྲུག་དང་ཞེས་ཡོད་༼སྒོ༽པའི་འཁོར་ལོའི་སྔགས་བཀོད་ཚུལ་སྔགས་རིང་རྫོགས་པར་བྲི་གསུང་ངོའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད། »བསྙེན་སྒྲུབ། སྲིའུ། ཤྭ་བཟློག གཏད་ལིང༌། གཏོར་ལིང༌། རྟ་ཕྱུགས་གསོད་པ་སོགས་ལས་ཚོགས་འགའ་ཟུང་གི་འཁོར་ལོའི་མན་ངག་དེ་རྗེས་ལིང་ག་ལའོའི་མཐའ་ཅན།«་་་་་འདི་རྫོང་པོད་ནའང་བཞུགས་ཤིང་ཡང་གསང་ཐུགས་ཀྱི་ཉིང་ཁུ་ཟེར། »ལས་སྦྱོར་སྐབས་སུ་འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །མ་ཧཱ་ཀཱ་ལའི་གསང་སྔགས་༼ཨེ༽༼སྒོ༽༼ཉི༽ཐུང་བ་ཞེས་ཡོད་པ་རྫོགས་སོའི་མཐའ་ཅན། འགོར་གསང་སྔགས་རིང་བ་ནི་ཞེས་ཡོད་༼ཨེ༽༼སྒོ༽༼ཉི༽པ་ཙ་ཏུརྨུ་ཁ་ས་མ་ཡ་ཧཱུྃ་ཕཊ་བཀའ་རྒྱས་གདབ་བོའི་མཐའ་ཅན། འགོར་ཁ་སྦྱོར་དབྱེ་བའི་མན་ངག་ནི་རང་ཡི་དམ་ལྷ་ཞེས་ཡོད་པའི་ཁ་སྦྱོར་དབྱེ་བ་བཞིའི་མན་ངག་༼ཨེ༽༼སྒོ༽༼གློ༽ཟབ་མོ་དམ་དུ་སྦའོ་འདི་ནི་རབ་ཏུ་གསང་བའི་གནས་སོའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད།» འགོར་ལས་སྦྱོར་གྱི་ཚེ་ལིང་ག་ཞེས་ཡོད་པའི་ལས་སྦྱོར་གྱི་ཡིག་ཆུང་༼གློ༽ལིང་ཚེ་བཅོ་ལྔ་པ་སྔགས་ཅན་བཅུག་པར་བྱའོའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད་་་་་་»འགོར་མངོན་སྤྱོད་བསད་ལས་སྒྲུབ་ན་འཁོར་ལོ་ཞེས་ཡོད་པའི་མངོན་སྤྱོད་བསད་ལས་ཀྱི་ཡིག་ཆུང་གསང་སྔགས་རྣམ་པ་གཅིག་པས་ཟབ་བོའི་མཐའ་ཅན། འགོར་ནག་པོ་ཆེན་པོའི་སྒོང་ཟོར་ཞེས་ཡོད་པའི་སྒོང་ཟོར་གྱི་ཡི་གེ་བསྡུས་༼ཨེ༽༼སྒོ༽༼གློ༽པ་ལས་ཀྱི་མཐར་ཐུག་བླ་མ་གཉན་གྱི་མན་ངག་ཨི་ཐིའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད། གོང་དཀར་བའི་གླེགས་བམ་ན་མཆན་དཀྱུས་ལ་ཤོར་འདུག »སྒོང་ཟོར་གྱི་ཡི་གེ་རྒྱས་པ་ལྡོང་སྟོན་ཐིག་ལེ་འབར་ནས་བརྒྱུད་པའི་མན་ངག་དམོད་མོ་བྱའོའི་མཐའ་ཅན། འགོར་འཕང་བ་ཁྱུ་མཆོག་ཅེས་ཡོད་པའི་རྭ་ཟོར་གྱི་ཡི་གེ་འབྲིང་པོ་ཡིན་བླ་མ་༼ཨེ༽༼སྒོ༽༼གློ༽༼ཉི༽གཉན་གྱི་ཨུ་པ་ད་ཤ་འོའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད། »འགོར་ཏཱ་ར་ལ་ན་མོ། ལས་སྦྱོར་གྱི་མཐར་སྦྱིན་སྲེག་བྱེད་པར་འདོད་ན་ཐབ་ཁྲུ་གང་བྲུས་༼ཉི༽པའམ་ཞེས་ཡོད་པའི་ལས་མཐའི་སྦྱིན་སྲེག་གི་ཡི་གེ་རྒྱས་པ་གོང་མས་མཛད་པ་དྲག་པོའི་ལས་མཐར་བྱའོའི་མཐའ་ཅན། འགོར་ལས་མཐའི་སྦྱིན་སྲེག་བྱེད་པར་འདོད་པས་འབྲུབ་ཁུང་ཁྲུ་གང་བ་བརྩིགས་པའི་ཕྱི་ཞེས་ཡོད་པའི་སྦྱིན་སྲེག་གི་ཡི་གེ་བསྡུས་༼ཨེ༽༼སྒོ༽༼གློ༽པ་སྔགས་འཆང་གཟུངས་ཀྱི་དཔལ་བས་མཛད་པ་ནག་པོ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ཨི་ཐིའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད། »འགོར་ཧོ་དཔལ་ནག་པོ་ཆེན་པོ་གདོང་བཞི་པའི་མགོན་པོ། གཙུག་ལག་ཁང་གི་སྲུང་མ་ཞེས་ཡོད་པའི་ཁ་སྦྱོར་དབྱེ་བའི་དམོད་བསྐུལ་༼ཨེ༽༼སྒོ༽དཔལ་མགོན་གདོང་བཞི་པའི་དམོད་བསྐུལ་ཨི་ཐིའི་མཐའ་ཅན། སྤོགས་ཆོག་གི་སྐབས་སུ་འགོར་མ་ཧཱ་ཀཱ་ལ་ལ་ན་མོ། དང་པོར་ཆོས་ཐམས་ཅད་སྟོང་པར་བསྒོམ་ཞེས་ཡོད་པའི་མ་འཆུན་ན་རང་ཉིད་ཞལ་བཞི་པར་བསྐྱེད་པའི་མན་ངག་ཨཀྵོ་བྷྱས་དབུ་བརྒྱན་ནོའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད།་་་་་»འགོར་བདག་ཉིད་ཡེ་ཤེས་ཀྱི་མགོན་པོ་གདོང་བཞི་པ་ཇི་ལྟ་བ་བཞིན་དུ་སྒོམ་ཞེས་ཡོད་པའི་རྩ་དབུ་མ་ཆོས་འབྱུང་དང་བཅས་༼ཨེ༽༼ཉི༽པའི་གནད་དབབ་རྩུབ་པས་ཚོད་བླང་གིན་བྱའོ་གར་ཐོད་ཐོད་དུ་མི་བྱ་གདམས་ངག་ཡིན་ནོའི་མཐའ་ཅན།«་་་་་གོང་དཀར་བའི་གླེགས་བམ་དུ་མགོན་པོ་མདུན་དང་རྩ་ནང་དུ་བསྒོམ་པ་མན་ངག་ཚན་པ་གཉིས་སུ་བྲིས་འདུག »འགོར་ལས་མི་བྱེད་ན་ཤི་ས་བསྟན་པ་ནི་ཞེས་ཡོད་པའི་ཤི་ས་བསྟན་པའི་མན་༼ཨེ༽༼སྒོ༽༼གློ༽ངག་འདི་ཤིན་ཏུ་རྡུགས་ན་བྱ་ཞིང་གར་ཐོད་ཐོད་དུ་མི་རུང་ངོའི་མཐའ་ཅན་རྣམས་སོ།«་་་་་རྫོང་པོད་ནའང་ཡོད། »གསུམ་པ་ཕྲན་བུའི་སྐོར་ལ། འགོར་དཔལ་གདོང་བཞི་པ་ལ་ཕྱག་འཚལ་ལོ། །ཆོས་སྐྱོང་ལ་གཙུག་ལག་ཁང་ཞེས་ཡོད་པའི་མགོན་པོ་ལ་གཙུག་༼ཨེ༽༼སྒོ༽༼གློ༽༼ཉི༽ལག་ཁང་གཏོད་པའི་ཆོ་«་་་་་རྫོང་པོད་ནའང་ཡོད། »ག་གཏོར་མ་ལྔ་ལ་སོགས་པ་རྒྱས་པར་བྱའོའི་མཐའ་ཅན།«་་་་་ངོར་ལུགས་དང་གོང་དཀར་བའི་གླེགས་བམ་དུ་འདི་གཉིས་ཆོས་ཚན་གཅིག་ཏུ་སྦྲེལ་འདུག་་་་་»དེའི་གསལ་བྱེད་འགོར་གཙུག་ལག་༼ཨེ༽༼སྒོ༽༼གློ༽༼ཉི༽ཁང་གི་རྟེན་མཆོད་དང་ཞེས་ཡོད་པའི་ལྕགས་པར་མ་ལའང་འདི་བཞིན་བྱ་བ་ཡིན་ནོ། །གཙུག་ལག་ཁང་གཏད་པའི་ཆོ་གའོའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད།་་་་་»འགོར་དཔལ་མགོན་གདོང་བཞི་པ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །མགོན་པོ་ལ་རང་དང་སློབ་མ་ཞེས་ཡོད་པའི་རང་དང་སློབ་༼ཨེ༽༼སྒོ༽༼གློ༽མ་གཏོད་པའི་ཡི་གེ་ཐུགས་དམ་མ་གཡེལ་ཅིག་ཅེས་གསོལ་བ་གདབ་བོའི་མཐའ་ཅན། འགོར་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །གནས་དང་མལ་ཆ་དང་ཞེས་ཡོད་པའི་རྫས་དང་ཡོ་བྱད་༼ཨེ༽༼སྒོ༽༼གློ༽༼ཉི༽བསྲུང་བའི་ཡི་གེ་མཆོད་གཏོར་ལ་བརྩོན་པར་བྱའོ་གནས་མལ་དང་ནོར་རྫས་བསྲུང་བའི་ཆོ་གའོའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད།»འགོར་ནོར་ལ་ངན་གྱི་གདམས་པ་ནི་ཞེས་ཡོད་པའི་ནོར་༼སྒོ༽གྱི་རྗེས་སུ་འབྲང་བའི་མན་ངག་མིས་མི་མཐོང་བར་སྦས་ན་འགྲུབ་བོའི་མཐའ་ཅན། འགོར་སྲིའུ་གསོ་ན་ཁམ་ཕོར་སོ་མ་གཏང་བ་ཞེས་ཡོད་པའི་སྲིའུ་གསོ་བའི་འཁོར་ལོའི་མན་ངག་༼ཨེ༽༼སྒོ༽༼ཉི༽མ་ཧཱ་ཀཱ་ལའི་ལས་ཀྱི་མན་ངག་གོའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད།་་་་་»འགོར་འདིའི་ཐུན་མོང་མ་ཡིན་པའི་ལས་ཁ་ཚར་ཞིག་བསྟན་ཏེ་ཞེས་ཡོད་པའི་སྲིའུ་གསོ་བ་བྲམ་ཟེ་ཁ་སྤུ་ཅན་གྱི་གདམས་པ་ཐུགས་དམ་དཔང་དུ་བཞག་སྟེ་དམ་བཅས་པའོའི་མཐའ་ཅན། འགོར་ཏཱ་ར་ན་མཿ ནག་པོ་ཆེན་པོ་ཡིད་བཞིན་ནོར་བུ་ཞེས་ཡོད་པའི་ནོར་སྒྲུབ་ཡིད་བཞིན་ནོར་བུའི་མན་ངག་༼ཨེ༽༼སྒོ༽༼གློ༽༼ཉི༽ཀུན་ལ་ཁ་ལོ་སྒྱུར་བའང་གཉན་ལོ་ཙཱ་བའི་གདམས་པའི་མན་ངག་ཨི་ཐིའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད།་་་་་»འགོར་ཁམས་གསུམ་དབང་དུ་སྡུད་པའི་ལས་ཞེས་ཡོད་པའི་དབང་སྡུད་གྲི་ལག་༼ཨེ༽༼སྒོ༽༼གློ༽༼ཉི༽གཡོབ་པ་དར་ཐོགས་ཀྱི་མན་ངག་རྗེས་ལ་སྔགས་ཐུང་ཉེར་གཅིག་བཟླས་སོ་ཤིན་ཏུ་གསང་བ་གལ་ཆེའོའི་མཐའ་ཅན། འགོར་ནག་པོ་ཆེན་པོས་བསྒྲུབ་བྱ་ཞེས་ཡོད་པའི་རྫས་རྣམས་སྐད་ཤན་སྦྱར་བའི་སྒྲུབ་བྱ་དབང་༼ཨེ༽༼སྒོ༽༼གློ༽༼ཉི༽དུ་བྱ་བ་ངེས་པར་འོང་ངོ་བླ་མ་གཉན་གྱི་མན་ངག་ཨི་ཐིའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད།་་་་་»འདོད་ཡོན་ལྔ་ལ་བརྟེན་ནས་སྤྱོད་ལམ་༼ཨེ༽༼སྒོ༽༼གློ༽དབང་དུ་བྱ་བའི་ཆོ་ག་རྫོགས་བྱང་གི་མཐའ་ཅན། སེང་ཕུར་ལ་བརྟེན་པའི་གཏུམ་པོའི་ཤྭ་༼ཨེ༽༼སྒོ༽༼གློ༽༼ཉི༽བཟློག་དེ་འདྲ་གཅིག་ནས་ལྔའི་བར་གྱིས་བཟློག་གི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད།་་་་་»འགོར་མ་ཧཱ་ཀཱ་ལ་ཙ་ཏུརྨུ་ཁ་ཡེ་ཞིང་སྐྱོང་འདིའི་སྒོ་ནས་ཞེས་ཡོད་པའི་དགྲ་༼ཨེ༽༼སྒོ༽༼གློ༽༼ཉི༽ལ་ལྟས་ངན་གཏོང་བའི་མན་ངག་ཆིག་བརྒྱུད་མ་བཀའ་རྒྱའོའི་མཐའ་ཅན། བྱ་འུག་རྟ་ནག་གི་རྫས་དང་ཕག་ཐོད་ལ་བརྟེན་ནས་ཆོ་འཕྲུལ་༼སྒོ༽དབབ་པའི་མན་ངག་«་་་་་རྫོང་པོད་ནའང་ཡོད། »ཨ་མུ་ཀའི་ཐེམས་འོག་ཏུ་གཞུག་གོ་བླ་མ་གཉན་གྱི་གདམས་ངག་ཨི་ཐིའི་མཐའ་ཅན། འགོར་དཔལ་མགོན་པོ་ལ་ཕྱག་འཚལ་ལོ། །ནག་པོའི་ལས་གང་གི་ཞེས་ཡོད་པའི་དགྲ་བོ་ཆམ་ལ་འབེབས་པའི་རྫས་སྦྱོར་གྱི་མན་ངག་གཞན་ལས་ཁྱད་འཕགས་ཨི་ཐིའི་མཐའ་ཅན། འགོར་ཏཱ་ར་ན་མོ། གྲོང་ཁྱེར་བསྐྱོད་པའི་སྔགས་ལ་ཞེས་ཡོད་པའི་བསྐྲད་པའི་ལས་མཐར་༼ཨེ༽༼སྒོ༽༼གློ༽༼ཉི༽ཐུག་ཡིན་གྱི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད། »དེའི་ཞལ་ཤེས་༼ཨེ༽༼སྒོ༽༼གློ༽དམིགས་པའི་འཁོར་ལོ་དྲི་མར་བཅས་སོགས་ཚིག་རྐང་དྲུག་པ་«་་་་་ཆོས་ཚན་འདི་གཉིས་དཀར་ཆག་ན་གཅིག་ཏུ་བསྡོམས། ངོར་པའི་དེར་བར་འདིར་བསྐྲད་འཁོར་འདྲི་ཚུལ་ཞིག་འདུག »དང་«་་་་་རྫོང་པོད་ནའང་ཡོད།་་་་་»ཞལ་ཤེས་ནི་ཤ་༼ཨེ༽༼སྒོ༽༼གློ༽ཤུན་ལ་ཞེས་སོགས་འཁོར་དུ་མི་གཞུག་པའི་མཐའ་ཅན། འགོར་ངག་གནོན་པར་འདོད་ན་ཞེས་ཡོད་པའི་ངག་མནན་༼ཨེ༽༼སྒོ༽༼ཉི༽པའི་ལས་མཐར་ཐུག་གཉན་གྱི་གདམས་ངག་ཨི་ཐིའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད།་་་་་»མ་ཧཱ་ཀཱ་ལ་ལ་བརྟེན་ནས་འདྲེ་བཙན་ཐབས་སུ་མནན་༼ཨེ༽༼སྒོ༽༼གློ༽པ་བཟླས་པ་མི་དགོས་བཙན་ཐབས་སུ་གནོན་པའི་མན་ངག་ཨི་ཐིའི་མཐའ་ཅན།«་་་་་ངོར་ལུགས་ལ་སྒབ་འདྲེ་གནོན་ཐབས་ཞེས་སྣང་བ་ནོར་བར་འདུག་གོ »།དེའི་གསལ་བྱེད་༼ཉི༽འགོར་ཙ་ཏུརྨུ་ཁ་ལ་ན་མོ། དེའི་བཀའ་སྡོད་མ་ཧཱ་བཱ་ལ་ཞེས་ཡོད་པ་སྔགས་བཟླ་ཞིང་ས་བཅག་གོའི་མཐའ་ཅན་རྣམས་སོ།«་་་་་འདི་དཀར་ཆག་ན་མི་གསལ་བས་གོང་གི་འཕྲོས་སུ་གཏོགས་སམ་སྙམ། »ལྔ་པ་འཕྲལ་དུ་ཉེ་བར་མཁོ་བ་གཏོར་ཆོག་དང་བསྐང་བ་བསྟོད་བསྐུལ་གྱི་སྐོར་ལ། གཏོར་ཆོག བསྐང་བ། བསྟོད་བསྐུལ་དང་གསུམ། དང་པོ་ལ། འགོར་ཏཱ་ར་ན་མོ། དཔལ་གདོང་བཞི་པའི་མགོན་པོ་མཆོད་པ་ནི་ལྕགས་ཀྱི་སྣོད་དུ་ཞེས་ཡོད་པའི་མཆོད་པའི་ཆོ་ག་གཉན་གྱིས་ཉེ་གནས་དར་མ་སེངྒེ་ལ་བྱིན་པ་རྫོགས་སོའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད། »དེའི་ཁ་སྐོང་འགོར་འདི་སྒྲུབ་གང་ཟག་དེས་ཞེས་ཡོད་པའི་མཆོད་ཚུལ་༼ཉི༽དང་བསྟོད་པ་མི་རྟོག་དབྱིངས་ལས་མ་དང་བཅས་པ་གཏོར་མ་དགྲ་ཕྱོགས་སུ་གཏོང་ངོ་དགེ་སློང་གཉན་གྱི་གདམས་ངག་གོའི་མཐའ་ཅན། འགོར་ན་མོ་གུ་རུ། ཡི་དམ་གང་བྱེད་དུ་བསམས་ལ་མདུན་དུ་རྡོའི་མཎྜལ་ཞེས་ཡོད་པའི་མངོན་རྟོགས་དང་སྔགས་རིང་བསྟན་པ་དྷརྨ་པཱ་ལ་ཨུ་པ་དེ་ཤ་ཨི་ཐིའི་མཐའ་ཅན།«་་་་་འདི་དཀར་ཆག་ན་མི་གསལ་རྫོང་པོད་ན་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་ཟེར། »འགོར་ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་མགོན་གདོང་བཞི་པ་ཡབ་ཡུམ་གྱི་ཞེས་ཡོད་པའི་གཏོར་ཆོག་བླ་མ་ཁའུ་པས་མཛད་པ་མགོན་པོ་ཞལ་གཟིགས་ནས་བསྟོད་པའོའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད།་་་་་»འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདི་བསྒྲུབ་པར་འདོད་པས་ཞེས་ཡོད་པའི་གཏོར་ཆོག་༼ཉི༽ས་ཆེན་གྱིས་མཛད་པ་དངོས་གྲུབ་ཅི་འདོད་ཀྱི་ཕྲིན་ལས་བཅོལ་གསུང་ངོའི་མཐའ་ཅན། དཔལ་མགོན་གདོང་བཞི་པ་འཁོར་དང་བཅས་པ་ལ་མཆོད་གཏོར་འབུལ་བའི་ཆོ་ག་རྡོ་རྗེ་འཛིན་པ་འཕགས་པས་དཔལ་ས་སྐྱར་བྲིས་པ་རྫོགས་སོའི་མཐའ་ཅན། སྟོབས་འཕྲོག་ནག་པོ་མཉེས་པར་བྱེད་པའི་མངོན་རྟོགས་སམ་གཏོར་ཆོག་བླ་མའི་གསུང་བཞིན་དམར་ཆོས་ཀྱི་རྒྱལ་པོས་བསྡེབས་པ། འགོར་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དཔལ་མགོན་ཞལ་བཞི་པའི་གཏོར་ཆེན་བྱེད་པར་འདོད་པས་ཞེས་ཡོད་པའི་དྲག་༼ཉི༽པོའི་གཏོར་ཆེན་གྱི་མན་ངག་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་མཛད་པ་སུ་ལ་ཡང་མི་སྦྱིན་ནོ་ཞེས་བརྒྱུད་པ་རྣམས་གསུང་ངོའི་མཐའ་ཅན།«་་་་་འདིའི་གཤམ་ན་སེངྒེ་རྒྱལ་མཚན་གྱིས་ཀླུའི་དགོན་པར་ཞུས་དག་བགྱིས་ཟེར་བ་ལས་མཛད་བྱང་མི་འདུག »དེའི་ཕྱག་ལེན་གཏོར་བཟློག་ལྷན་ཐབས་བདག་ཆེན་ངག་གི་དབང་ཕྱུག་གི་བཀས་བསྐུལ་བ་ལ་བརྟེན་ནས་རྗེ་བཙུན་རྡོ་རིང་པ་ཆེན་པོས་ཁའུ་བྲག་རྫོང་དུ་མཛད་པ་རྣམས་སོ། །གཉིས་པ་བསྐང་བ་ལ། དམ་རྫས་ཀྱིས་བསྐང་བ་ཁྱེད་མཐུན་མ་༼ཨེ༽༼སྒོ༽༼གློ༽༼ཉི༽སྤྱན་འདྲེན་ལྷ་མཆོག་མ་དང་བཅས་པ་«་་་་་གོང་དཀར་བའི་གླེགས་བམ་དུ་ཚིག་ཟུར་མི་འདྲ་བ་ཅུང་ཟད་སྣང་ཞིང་ལྷ་མཆོག་མ་ཧཱ་ཀཱ་ལ་མན་གྱི་སྤྱན་འདྲེན་རྣམས་ལྷག་པོར་འདུག་གོ། »གཉན་ལོས་མཛད་པ།«་་་་་རྫོང་པོད་ནའང་ཡོད།་་་་་»དེས་མཛད་པའི་ཕྱག་མཚན་བཅའ་ཐབས་༼ཨེ༽༼སྒོ༽༼གློ༽༼ཉི༽དང་འབུལ་བའི་ཚིགས་བཅད་སྟོབས་ཆེན་ཤུགས་དྲག་མ། ཁའུ་པས་མཛད་པའི་གཏོར་༼ཨེ༽༼གློ༽༼ཉི༽བསྐང་དུར་ཁྲོད་གནས་བརྒྱད་མ། སྟོབས་འཕྲོག་ནག་པོའི་གསང་༼སྒོ༽༼གློ༽༼ཉི༽མདོས་མགོན་པོ་ཉིད་ཀྱིས་བླ་མ་ཁའུ་པ་ལ་དངོས་སུ་གནང་བ་རྣམས་སོ།«་་་་་རྫོང་པོད་ནའང་ཡོད།»གསུམ་པ་བསྟོད་བསྐུལ་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་པ་སྲིན་གཟུགས་མ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་བསྟོད་པ་སྲིན་པོའི་གཟུགས་ཅན་མ། བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པའི་བསྟོད་པ་༼སྒོ༽༼ཉི༽དཔལ་ལྡན་མགོན་པོ་ཤླཽ་ཀ་ཉི་ཤུ་པ་གཉན་ལོ་ཙཱ་བས་བསྒྱུར་བ། རི་སུལ་གྱི་རྣལ་འབྱོར་མས་མཛད་པའི་བསྟོད་པ་༼སྒོ༽མི་རྟོག་དབྱིངས་ལས་མ། བླ་མ་གཉན་ལོ་ཙཱ་བས་མཛད་པའི་བསྟོད་པ་པཾ་༼ཨེ༽༼སྒོ༽༼ཉི༽པད་རཾ་ཉི་མ།«་་་་་དེང་སང་འདི་དང་ཡུམ་གྱི་བསྟོད་པ་གཡས་ཕྱོགས་མ་གཉིས་སོ་སོར་བྲིས་པ་མང་ཡང་འདི་ཁའི་མུར་འཐུད་ནས་མཛད་བྱང་བྲིས་འདུག་གོ། »ཁའུ་པས་མགོན་པོ་ཞལ་དངོས་སུ་གཟིགས་༼ཨེ༽༼སྒོ༽༼ཉི༽དུས་བསྟོད་པ་རྡོ་རྗེ་འཆང་དབང་མ། མལ་ལོ་ཙཱ་བས་རྨི་ལམ་དུ་མགོན་པོ་ཞལ་གཟིགས་དུས་བསྟོད་པ་ཞི་རྒྱས་དབང་དྲག་མ། ས་ཆེན་གྱིས་བསྟོད་པ་༼སྒོ༽༼ཉི༽འཇིགས་བྱེད་དཔའ་བོ་མ། ས་པཎ་གྱིས་ས་སྐྱར་མཛད་པའི་བསྟོད་པ་༼སྒོ༽༼ཉི༽དཔལ་ལྡན་དབང་ལྡན་མ།«་་་་་རྫོང་པོད་ནའང་ཡོད།་་་་་»འཕགས་པ་རིན་པོ་ཆེས་ཤིང་ཀུན་ཏུ་མཛད་པའི་བསྟོད་པ་༼སྒོ༽༼ཉི༽སངས་རྒྱས་གཅིག་བསྡུས་མ།«་་་་་འདིའི་རྗེས་སུ་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པའི་བསྟོད་པ་ཞིག་ཡོད་འདུག་པ་མ་ཐོབ། »ཆོས་རྗེ་བླ་མ་དམ་པས་མཛད་པའི་བསྟོད་པ་༼ཉི༽སྟོང་ཉིད་སྙིང་རྗེ་མ། དེས་མཛད་པའི་བསྟོད་པ་སྲིད་གསུམ་༼སྒོ༽༼ཉི༽དབང་སྒྱུར་མ།«་་་་་གཏོར་ཆོག་བསྟོད་བསྐུལ་དང་བཅས་པ་ཞེས་མཛད་བྱང་ན་འདུག»འཇམ་དབྱངས་གྲགས་པས་མཛད་པའི་བསྟོད་པ་བདེ་ཆེན་དུར་ཁྲོད་མ། དམར་ཆོས་ཀྱི་རྒྱལ་པོས་བསྟོད་པ་དཔལ་ལྡན་མ་ཧཱ་ཀཱ་ལ་མ། འཇམ་དབྱངས་འཁོན་སྟོན་གྱིས་ཆུ་བཟང་དབེན་གནས་སུ་མཛད་པའི་བསྟོད་པ་རྒྱལ་བ་ཀུན་གྱི་མ། བཀྲ་ཤིས་དོན་གྲུབ་ཀྱིས་བསྟོད་པའི་དུས་གསུམ་སངས་རྒྱས་མ། དྷརྨ་ཤྲཱི་བྷ་དྲས་སྲོན་ལུང་བསམ་གཏན་རྫོང་དུ་སྦྱར་བའི་བསྟོད་པ་ཁྱོད་ཐུགས་ཞི་བ་མ། མཁན་ཆེན་གནས་དྲུག་པས་མཛད་པའི་བསྟོད་པ་མཐུ་ཆེན་༼གློ༽༼ཉི༽སྡང་དགྲ་མ། བྷྱ་ཝ་ན་ཡོན་ཏན་བློ་གྲོས་ཀྱིས་མཛད་པའི་རྩ་སྔགས་ཀྱི་དོན་བསྟོད་དུས་མཚན་ཆེན་པོ་མ། སྔགས་འཆང་གཟུངས་པས་ས་སྐྱར་མཛད་པའི་བསྟོད་པ་སྐུ་༼སྒོ༽༼ཉི༽གསུམ་མངོན་གྱུར་མ།«་་་་་རྫོང་པོད་ནའང་ཡོད།་་་་་»དེས་མཛད་པའི་ཐུན་༼སྒོ༽གསུམ་བསྟེན་ཅིང་མ། ཆོས་རྗེ་བཟང་པོ་རྒྱལ་མཚན་པར་ཆོས་སྐྱོང་གིས་རྨི་ལམ་དུ་བསྐུལ་ནས་ཁའུ་སྐྱེད་ལྷས་སུ་མཛད་པའི་བསྟོད་པ་ཧ་ཧ་དགོད་པ་མ། ཤྲཱི་མཱན་བྷ་དྲས་རྩ་སྔགས་དང་མཐུན་པར་རིན་ཆེན་སྒང་མགོན་ཁང་དུ་བསྟོད་པ་ཆོས་དབྱིངས་མཐིང་ནག་མ། བཟང་པོའི་མཐའ་ཅན་གྱིས་རིན་ཆེན་སྒང་བླ་བྲང་དུ་བསྟོད་པའི་ལྷ་ཆེན་ཐུགས་ཀྱི་མ། ཞལ་བཞི་པས་བསྐུལ་ནས་སྦས་པའི་རྣལ་འབྱོར་ཟུར་ཤཱཀྱ་དཔལ་གྱིས་མཛད་པའི་བསྟོད་པ་རབ་འཇིགས་དུར་ཁྲོད་མ།«་་་་་རྫོང་པོད་ནའང་ཡོད། »གཉན་ལོས་མཛད་པའི་རྩ་སྔགས་ཀྱི་དྲག་༼ཉི༽བསྐུལ་ནག་པོ་ཆེན་པོ་མ། དེས་མཛད་པའི་བསྟོད་བསྐུལ་༼སྒོ༽༼གློ༽མངོན་སྤྱོད་རོལ་པ་ལོ་རྒྱུས་དང་བཅས་པ། དེས་མཛད་པའི་བསྟོད་བསྐུལ་༼སྒོ༽ལས་ཀྱི་རྒྱལ་པོ་ཚིགས་བཅད་དཔལ་ལྡན་མགོན་པོ་མ་ལོ་རྒྱུས་དང་བཅས་པ། དེས་མཛད་པའི་བསྐུལ་༼ཉི༽ལེགས་ལྡན་ནག་པོ་མ།«་་་་་འདི་དཀར་ཆག་ན་མི་གསལ་བ་གོང་གི་བསྟོད་བསྐུལ་གྱི་སྡེབས་སུ་འགྲོ་རྒྱུ་ཡིན་ནམ་བརྟག »དེས་མཛད་པའི་དམོད་བསྐུལ་ལས་ཀྱི་རྒྱལ་པོ་ཞེས་པ་ཚིག་ལྷུག་དཔལ་ལྡན་ནག་པོ་མ། ཁའུ་པས་མཛད་པའི་དམོད་བསྐུལ་ལོ་སྟོན་ཐིག་ལེ་ལ་གནང་བ་ཚིག་ལྷུག་དཔལ་ལྡན་མཱ་ཧཱ་ཀཱ་ལ་མ་རྣམས་སོ། །དེའང་དཀར་ཆག་ཏུ། སྙན་བརྒྱུད་ཁྲག་མཚོའི་ལྗོངས་ནས་འོང༌། །མངོན་སྤྱོད་སྦྲུལ་གདུག་ཁ་རླངས་ཅན། །སྲོག་གི་མཐར་བྱེད་འདི་མཐོང་ཚེ། །བསྟན་དང་བསྟན་འཛིན་ལ་འཁུ་བའི། །མི་དང་མི་མིན་གང་ཅིའང་རུང༌། །བག་ཡོད་དུས་ལ་བབ་མིན་ནམ། །ཞེས་གསུངས་པར་དཔགས་ན་ཕྱི་སྒྲུབ་ཡིན་པ་རྒྱུ་མཚན་དུ་བྱས་ནས་སྣོད་མ་བརྟགས་པར་བབ་ཅོལ་དུ་འཆད་པའང་མི་རུང་བར་མངོན་ནོ། །གཉིས་པ་ནང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་གསང་བའི་མན་ངག་ལ། རྩ་བའི་ཡི་གེ་ཚིགས་བཅད་མ་༼གློ༽བླ་མའི་མན་ངག་བཞིན་གབ་དཀྲུགས་མེད་པར་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ། ཡིག་རྙིང་འདི་ལྟ་བུ་ཡོད་པ་མིག་དང་རྣ་བའི་ཡུལ་དུ་མ་གྱུར་པར་རྟག་བརྟན་སྤྲུལ་སྐུ་ཀུན་དགའ་སྙིང་པོས་ཚར་ཆེན་གྱི་གུར་མགོན་གྱི་ཁྲིད་ལས་དཔེ་བླངས་པའི་རང་བཟོ་ཡིན་ཞེས་ངན་སྨྲས་ཀྱི་ཐན་སྐད་ཕྱོགས་བརྒྱར་སྒྲོག་པ་ནི་རང་གི་ནང་ཆ་གསལ་བར་སྟོན་པའོ་ཞེས་རྒྱལ་དབང་ལྔ་པ་ཆེན་པོས་གསུངས་སོ། །གསང་སྒྲུབ་ཀྱི་ཁྲིད་གཞུང་ངམ་མན་ངག་ཐུན་མོང་མ་ཡིན་པ་སྙན་ནས་སྙན་དུ་བརྒྱུད་པ་ཀ་ཞ་དཀའ་བཅུ་དང་རོང་པོ་དཀའ་བཅུ་སོགས་དགེ་བའི་བཤེས་གཉེན་དུ་མས་བསྐུལ་བ་ལ་བརྟེན་ནས་མཚུངས་མེད་སྐྱེས་མཆོག་རྒྱལ་མཚན་གྱིས་མཛད་པ། གསང་བའི་ཁྲིད་ཡིག་ཟུང་འཇུག་རྣམ་པར་རོལ་པ་བདུད་སྡེ་འཇོམས་པའི་བཤན་པ་ཆེན་པོ་ཞེས་བྱ་བ་མདོ་ཁམས་ལྷོ་ཕྱོགས་པ་དབོན་ཆེན་ཆོས་རྒྱལ་མཚན་དང་བླ་མ་གྲགས་པ་རྒྱལ་མཚན་སོགས་ཀྱིས་བསྐུལ་ནས་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་མཛད་པ། དེས་ཁའུ་བྲག་རྫོང་ནག་པོའི་རུ་འདྲེན་གྱི་ཕོ་བྲང་སུམ་ཅུ་རྩ་གསུམ་གྱི་བསམ་གཏན་ཁང་བུར་མཛད་པའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་རྒྱལ་བ་ཀུན་དངོས་མ་རྣམས་འདི་སྐོར་ནི་གཙོ་བོར་མཆོག་གི་དངོས་གྲུབ་ཟུང་འཇུག་གི་གོ་འཕང་སྒྲུབ་པའི་གསང་ལམ་ཟབ་མོ་ཡིན་པས། དཀར་ཆག་ཏུ། ལྷན་སྐྱེས་རྡོ་རྗེ་ལུས་ཀྱི་ཞིང་སྐྱོང་ཆེ། །བདེ་ཆེན་འོད་སྟོང་འབར་བའི་འཛུམ་ཞལ་ལ། །རྣལ་འབྱོར་ཡིད་ཀྱི་དགའ་མ་ཇི་བཞིན་དུ། །འབྲལ་མེད་རྩེ་དགས་རོལ་འདི་ངོ་མཚར་རྨད། །ཨེ་མ་ཚེ་འདིའི་ཆོས་བརྒྱད་ཀུན་དོར་ནས། །གཅིག་པུར་དབེན་པའི་ནགས་ཀྱི་སྨན་ལྗོངས་སུ། །རྒྱལ་བའི་ཐུགས་བཅུད་རིམ་གཉིས་བདུད་རྩིའི་རོ། །མྱང་པའི་སྤྱོད་ཚུལ་དེ་ལ་སྙིང་ནས་སྤྲོ། །ཞེས་པ་རྡོ་རྗེའི་གསུང་བླ་ན་མེད་པ་ཡིན་ལ། ཞར་བྱུང་དུ་ལས་བཞི་ཀ་དང་ཁྱད་པར་མངོན་སྤྱོད་ཀྱི་ལས་སྤྲོས་པ་ལ་མ་བལྟོས་པར་འབད་མེད་དུ་འགྲུབ་པས། ཨེ་དབྱིངས་སྡེ་བརྒྱད་དབུས་སུ་བསྒྲུབ་བྱའི་གཟུགས། །ལུས་ལ་ཞིང་སྐྱོང་བཀོད་པའི་འཁྲུལ་འཁོར་གྱིས། །རྩ་འབྲལ་ཁམས་གསོལ་རྣམ་ཤེས་འཕྲོག་པ་ཡི། །ཞེས་དགྲ་བོ་རྣམས་རིང་པོར་མི་ཐོགས་པར་མི་བསྐྱོད་པའི་ཞིང་དུ་སྐྱེལ་བའི་ཟབ་གནད་ཀྱང་ཤིན་ཏུ་ཆེའོ། །གསུམ་པ་སྙིང་ནང་གི་ཁྲག་ལྟ་བུ་ཁྱད་པར་གྱི་མན་ངག་ལ། རི་སུལ་གྱི་རྣལ་འབྱོར་མས་བླ་མ་གཉན་ལ་གདམས་པའི་ཐུན་མོང་མ་ཡིན་པའི་ཤོག་དྲིལ་ཉེར་གཅིག དེ་ལས་ཟབ་པའི་ཡིག་ཆུང་དང་གཉིས། དང་པོ་ལ། འགོར་བླ་མ་རྡོ་རྗེ་འཆང་དབང་དང་ཞེས་ཡོད་པའི་སྲུང་བཟློག་བསད་མནན་ཚེ་སྒྲུབ་དང་བཅས་༼ལྡོང༽པའི་ཤོག་དྲིལ་གཏོར་མདོས་མན་ངག་རྫོགས་སོའི་མཐའ«»་ཅན། འགོར་དཔལ་ལྡན་བླ་མ་དམ་པ་དང་ཞེས་ཡོད་པའི་རྟེན་གསུམ། གནད་འབེབས། བསྙེན་པ། ལས་སྦྱོར། རྟགས། སྲེག་མནན་༼ཨེ༽༼སྒོ༽རྣམས་སྟོན་པ་སྦས་ཏེ་འཛམ་གླིང་དུ་མ་གྲགས་པ་སྙིང་ནང་གི་ཁྲག་ལྟ་བུའི་ཤོག་དྲིལ«» འགོར་ཆོས་སྐྱོང་ཞི་བར་ཞེས་ཡོད་པའི་བསྙེན་དུས་ཀྱི་མགོན་པོ་ལ་བརྟེན་པའི་ཆོས་སྐྱོང་ཞི་བ་ནོར་དུ་སྒྲུབ་པའི་ཤོག་དྲིལ་སྒྲུབ་ལུགས་ཡིན་ནོ་རྫོགས་སོའི་མཐའ«»་ཅན། འགོར་བུདྡྷཱ་ཡ་ཤྲཱི་བ་ཤཾ་ཀུ་རུ་ཞེས་ཡོད་པའི་ཞལ་གཅིག་ཕྱག་གཉིས་པ་མ་ཧེའི་གདན་ལ་བཞུགས་པ། ནང་ཙིཏྟ་ལ་བརྟེན་ནས་ཞལ་དངོས་སུ་བལྟ་བའི་ཤོག་དྲིལ་རྫོགས་སོའི་མཐའ་ཅན«» འགོར་དཔལ་མགོན་པོ་གདོང་བཞི་པ་བསྒྲུབ་པ་ལ་ཞེས་ཡོད་པའི་ཕྱིའི་སྒབ་འདྲེ་བདུད་མོ་ཤཱནྟིཾ་རོ་ཟན་མ་གནོན་པ་འབྲུག་མགོ་ཅན་གྱི་ཤོག་དྲིལ«» འགོར་བྱད་མའི་ངག་མནན་པ་ནི་ཞེས་ཡོད་པའི་ནང་གི་མལ་འོག་བསྲུང་བ་བྱད་མའི་ངག་གནོན་པའི་ཤོག་དྲིལ«» འགོར་མན་ངག་འདིའི་ཞལ་གདམས་ནི་ཞེས་ཡོད་པའི་གསང་བ་རང་སྲོག་རྟེན་གྱི་འཁོར་ལོ་ཁ་སྦྱོར་ཤོག་དྲིལ་ཞར་བྱུང་དུ་དམ་ཚིག འཁུ་ལྡོག འཆིང་བ། གཉེན་པོ། རིག་སྔགས་གོ་ལྡོག་རྣམས་ཀྱང་ཟུར་ཙམ་བསྟན་པ་ཙཀྲའི་གདམས་པ་ཨི་ཐིའི་མཐའ་ཅན«» འཁོར་བསྲུང་ཞིང་མི་འཁུ་མི་ལྡོག་པའི་འཁོར་ལོའི་ཤོག་དྲིལ་ཨི་ཐིའི་མཐའ་«»ཅན། འགོར་ཡུམ་ཆེན་ཁྲོས་མའི་ཞལ་གདམས་ལ། དང་པོ་རྫས་བསག་པ་ནི་ཞེས་ཡོད་པའི་ཡུམ་ཆེན་ཁྲོས་མའི་ཤོག་དྲིལ་༼ཨེ༽༼སྒོ༽དམ་ཚིག་མེད་པ་ལ་གསང་བར་བྱའོའི་མཐའ་ཅན།«༩་་་་་རྫོང་པོད་ནའང་ཡོད། »བུམ་པ་ལ་བརྟེན་ནས་ནག་པོ་ཆེན་པོའི་འཆི་མེད་༼གློ༽ཚེ་སྒྲུབ་ཀྱི་ཤོག་དྲིལ་བླ་མ་བེནྡ་པས་ལུང་བསྟན་ཐོབ་ནས་བསྒྲུབས་པས་ལོ་ཕྱེད་དང་ཉིས་བརྒྱ་བཞུགས་པའི་ཆེ་བ་ཅན«༡༠» རྫས་སྔགས་འཁོར་ལོ་གསུམ་ལ་བརྟེན་པའི་ནག་པོ་ཆེན་པོའི་དགོས་འདོད་ནོར་བུ་སྒྲུབ་པའི་ཤོག་དྲིལ་ས་མཱཔྟ་མི་ཐིའི་མཐའ་ཅན«༡༡» རྫས་སྔགས་སྲོག་འཁོར་གསུམ་ལ་བརྟེན་པའི་སྐུ་དངོས་སུ་བལྟ་བའི་ཤོག་དྲིལ་ཨི་ཐིའི་མཐའ་རྟེན་སྙིང་གི་རྒྱ་ཅན«༡༢» རྫས་སྔགས་ལྷ་སྒོམ་པ་གསུམ་ལ་བརྟེན་པའི་༼གློ༽ནག་པོ་ཆེན་པོའི་ཆོ་འཕྲུལ་ལྟས་ངན་དབབ་པའི་ཤོག་དྲིལ་གཏང་བ་ཨི་ཐིའི་མཐའ་ཅན«༡༣» རྫས་སྔགས་འཁོར་ལོ་གསུམ་ལ་བརྟེན་ནས་ནག་པོ་ཆེན་པོས་དགྲ་སྲོག་མྱུར་དུ་གཅོད་པའི་སྲོག་རྩ་རྣོན་པོའི་ཤོག་དྲིལ་གཞན་ལ་སྤེལ་ན་བཀའ་ཆད་འབྱུང་ས་མཱཔྟ་མི་ཐིའི་མཐའ་ཅན«༡༤» རྫས་སྔགས་བཅའ་གཞི་གསུམ་ལ་བརྟེན་ནས་ནག་པོ་ཆེན་པོས་དགྲ་མཁར་རྨང་ནས་སྒྱེལ་༼རྡོ་རྗེ༽བ་ནག་པོ་མཁར་སྒྱེལ་གྱི་ཤོག་དྲིལ་མཁར་བཤིག་པའི་སྤུ་གྲི་ནག་པོ་ཞེས་བྱ་བ་ས་མཱཔྟ་མི་ཐིའི་མཐའ་ཅན«༡༥» རྫས་དང་སྔགས་ཀྱི་བཟླ་ཐབས་ལ་བརྟེན་ནས་སེར་བ་དབབ་པ་གདོང་བཞི་པའི་སྤུ་གྲི་ངར་མའི་ཤོག་དྲིལ་བཅོལ་བསྐུལ་གཞུང་དང་མཐུན་ནོའི་མཐའ་ཅན«༡༦» འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ནག་པོ་འཇིགས་པར་བྱེད་པ་ཡི་ཞེས་ཡོད་པའི་རྫས་སྔགས་གཉིས་ལ་བརྟེན་ནས་ཞིང་སེལ་འཇུག་པ་སྤུ་གྲི་སོ་འདེབས་སོའི་མཐའ་ཅན་གྱི་ཤོག་དྲིལ«༡༧» འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཆོས་སྐྱོང་གི་བསྙེན་པ་བྱས་པས་ཅུང་ཞིག་རྩུབ་ནས་ཞེས་ཡོད་པའི་ཙ་ཏུརྨུ་ཁ་གཅུན་ཐབས་ཉི་ཟླ་ཅན་གྱི་ཤོག་དྲིལ་གནད་ལ་དབབ་པའི་གདམས་པ་རྫོགས་བྱང་གི་མཐའ་ཅན«༡༨» འགོར་ལྷ་མོ་ནག་མོའི་ཞལ་གདམས་ཞེས་ཡོད་པའི་གནད་ལ་༼ལྡོང༽༼སྒོ༽༼གློ༽དབབ་པ་ལྷ་མོ་ནག་མོའི་ཤོག་དྲིལ་ཏིང་འཛིན་ཞལ་ཤེས་ལེགས་པར་ཐུགས་ལ་ཆོངས་ཀྱི་མཐའ་ཅན«༡༩»«་་་་་འདི་ལ་དཔལ་མགོན་གདོང་བཞི་པའི་མན་ངག་ཅེས་པ་གོང་གི་གསལ་བྱེད་འདྲ་བ་གཅིག་ན་མོ་གུ་རུ་གཉིས་པ་བགྱིས་སོ་ཞེས་དང༌། ཨ་མ་ར་ཞེས་པ་ཡོད་པ་གཅིག་དང་བཅས་པའི་ནང་གསེས་ཆོས་ཚན་བཞིར་དབྱེ་བ་འདྲ་ཞིག་འདུག་ཀྱང་དཀར་ཆག་ཏུ་བསྡོམས་པར་སྣང་ངོ༌། །རྫོང་པོད་ནའང་བཞུགས། »འགོར་དཔལ་མགོན་ནག་པོ་ཆེན་པོ་མ་འཆུན་ན་ཞེས་ཡོད་པའི་མ་འཆུན་འཁུ་ལྡོག་བྱེད་ན་མནན་པའི་ཤོག་དྲིལ་ས་མཱཔྟ་མི་ཐིའི་མཐའ་ཅན«༢༠» འགོར་དཔལ་ནག་པོ་ཆེན་པོ་གདོང་བཞི་པ་དགྲ་བོ་ལ་འགྲོ་མ་ཉན་ཅིང་ཞེས་ཡོད་པའི་ལས་བྱེད་༼གློ༽དུ་མི་འདོད་ན་ཨར་གཏད་ཀྱི་ཤོག་དྲིལ་ཤིན་ཏུ་སྦས་པའོའི་མཐའ་ཅན་རྣམས་དུས་གཅིག་ལ་མང་པོར་མི་སྤེལ་བའི་ཆིག་བརྒྱུད«༢༡»་གྲས། ཤོག་དྲིལ་དང་པོའི་གསལ་བྱེད་འགོར་བླ་མ་དང་དཔལ་ལྡན་མགོན་པོ་ལ་ཕྱག་འཚལ་ལོ། །རྗེ་བཙུན་ཀུ་ས་ལི་ཞེས་ཡོད་པ་རྗེ་བཙུན་༼དབང༽རྡོ་རིང་པ་ཆེན་པོས་མཛད་པ་བཟློག་པ་སོགས་གཞན་དུ་ཤེས་སོའི་མཐའ་ཅན། ཤོག་དྲིལ་དང་པོའི་རྒྱུན་གྱི་ཉམས་ལེན་ངག་འདོན་གསལ་བར་བཀོད་པ་རྡོ་རྗེ་འཆང་ཚར་བ་ཆོས་རྗེས་མཛད་པ་རྣམས་སོ། །གཉིས་པ་དེ་ལས་ཟབ་པའི་ཡིག་ཆུང་ལ། ཙ་ཏུརྨུ་ཁ་དཀར་པོ་ཚེ་འཕེལ་གྱི་སྒྲུབ་༼ལྡོང༽༼རྡོ་རྗེ༽ཐབས་ཞར་བྱུང་རྗེས་གནང་གི་ཡིག་ཆུང་དང་བཅས་པ་སྙན་བརྒྱུད་ཡི་གེར་བཀོད་པ་བཀའ་རྒྱ་ཨི་ཐིའི་མཐའ་ཅན། འགོར་གཉིས་པ་རྣལ་འབྱོར་པ་ནོར་སྤེལ་༼ལྡོང༽༼རྡོ་རྗེ༽ན་ཞེས་ཡོད་པའི་སེར་པོ་རྒྱས་པའི་ཡི་གེ འགོར་གསུམ་པ་དགྲ་བགེགས་སྒྲོལ་ན་ཞེས་ཡོད་པའི་ནག་པོ་དགྲ་བགེགས་སྒྲོལ་བའི་ཡི་གེ་ཞལ་དུ་༼ལྡོང༽༼རྡོ་རྗེ༽གསོལ་བར་བསམ་མོའི་མཐའ་ཅན། འགོར་བཞི་པ་དམིགས་བྱ་དབང་དུ་བསྡུ་༼ལྡོང༽༼རྡོ་རྗེ༽ན་ཞེས་ཡོད་པའི་དམར་པོ་དབང་སྡུད་ཀྱི་ཡི་གེ འགོར་ཏཱ་ར་ལ་ན་མོ། མགོན་པོ་དཀར་སེར་དམར་ནག་ཅེས་ཡོད་པའི་ལས་༼ལྡོང༽༼རྡོ་རྗེ༽བཞི་མགོན་པོའི་མངོན་རྟོགས་ཀྱི་གསལ་བྱེད་ཨུ་པ་དེ་ཤ་གསང་བར་བྱའོའི་མཐའ་ཅན། མགོན་པོ་སེར་པོའི་བྱིན་རླབས་ཀྱི་ཡིག་༼ལྡོང༽༼རྡོ་རྗེ༽ཆུང་ཙིཏྟའི་དཀྱིལ་དུ་སྦས་སོ་ས་མཱཔྟ་མི་ཐིའི་མཐའ་ཅན། ལས་བཞི་མགོན་པོའི་སྒྲུབ་ཐབས་ཏཱ་མིང་རྒྱལ་པོ་ཆེན་པོའི་བཀས་བསྐུལ་བ་ལྟར་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་ཕོ་བྲང་ཏྭའི་ཏུའི་ཧྭོའི་སྡེ་ཆེན་པོར་སྦྱར་བ། མགོན་པོ་ཞལ་བཞི་པ་དཀར་པོའི་ཚེ་སྒྲུབ་ཟླ་བའི་ཆུ་རྒྱུན་༼ལྡོང༽རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ། དེས་མཛད་པའི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འཆང་དབང་མ།རི་སུལ་གྱི་རྣལ་འབྱོར་མ་ཀུ་ས་ལི་ཆེན་མོས་གཉན་ལོ་བོད་དུ་འབྱོན་ཁར་འགྲོ་ཆོས་སུ་གནང་བའི་བྲམ་༼རྡོ་རྗེ༽ཟེ་དམོད་པའི་སྲོག་མཐུ་«་་་་་འདི་ཕྱི་བྲམ་ཟེ་ལྟར་སྒྲུབ་པའི་མན་ངག་ཡིན་ནམ་སྙམ། »དགྲ་བོའི་སྲོག་གི་བཤན་པ་དམར་པོ་སྙིང་ཁྲག་ཐང་ལ་འཕོ་ཞིག་ས་མ་ཡ་ན་ར་སྐན་གྱི་མཐའ་ཅན།«་་་་་ངན་སྔགས་དགྲ་སྲོག་གི་སྤུ་གྲི་དམར་པོ་ཡང་ཟེར། »ལམ་བར་གྱི་ཆོམ་རྐུན་བརྟག་པའི་ཕྱིར་དུ་གདོང་བཞི་པའི་བཀའ་སྡོད་དྲང་སྲོང་ནག་པོའི་པྲ་སེ་ན་དབབ་པའི་མན་ངག་མཁར་ནག་དགེ་བཤེས་ནས་བརྒྱུད་པ་ཤིན་ཏུ་གསང་བ་གལ་ཆེའོའི་མཐའ་ཅན། དེའི་ཞལ་ཤེས་སྙིང་གི་དཀྱིལ་དུ་ཆོངས་ཀྱི་མཐའ་ཅན། བླ་མ་གཉན་བོད་དུ་བྱོན་ཁར་མགོན་པོས་ལུང་བསྟན་པ་ལ་བརྟེན་ནས་ཞུས་པའི་ཙ་ཏུརྨུ་ཁའི་ཆོ་འཕྲུལ་༼རྡོ་རྗེ༽ཐན་འགྱེད་གཉན་གྱི་མགུལ་ཁུག་མར་གྲགས་པ་ཆིག་བརྒྱུད་སྙིང་གི་དུམ་བུ་བཀའ་རྒྱ་དང་བཅས་པ་ཨི་ཐིའི་མཐའ་ཅན། འགོར་ཌཱ་ཀི་མ་བཞི་ཞེས་ཡོད་པའི་ཡུམ་ཆེན་བཞིའི་ཐན་༼རྡོ་རྗེ༽འགྱེད་གཉན་གྱི་མགུལ་ཁུག་བཀའ་རྒྱ་མ་ས་མཱཔྟ་མི་ཐིའི་མཐའ་ཅན། འགོར་ཏཱ་ར་ན་མོ། རྣལ་འབྱོར་པ་མཚན་མ་ཐོབ་ནས་ཞེས་ཡོད་པའི་གཉན་༼རྡོ་རྗེ࿊༽མགོན་གྱི་པར་བུའི་ཆོ་གའི་མན་ངག་ཞལ་གདམས་བཀའ་རྒྱ་མ་ཨི་ཐིའི་མཐའ་ཅན། འགོར་ཏཱ་ར་ན་མོ། མགོན་པོའི་ནོར་སྒྲུབ་ནི་ཞེས་ཡོད་པའི་གཉན་མགོན་ལྷ་དགུའི་སྒྲུབ་༼རྡོ་རྗེ༽ཐབས་ཐུན་མོང་མ་ཡིན་པ་སྙན་བརྒྱུད་ཀུན་ལ་མ་གྲགས་པའི་སྙིང་ནང་གི་ཁྲག་ལྟ་བུ་ཤིན་ཏུ་གསང་རྒྱའི་མཐའ་ཅན། འགོར་ཏཱ་ར་ན་མོ། རྫས་ཀྱི་སྦྱོར་བ་ཞེས་ཡོད་པའི་རྫས་ཀྱི་སྒོ་ནས་དགྲ་གསོད་པའི་ལས་སྦྱོར་བླ་མའི་ཞལ་ལས་ཤེས་སོ་ས་མཱཔྟ་མི་ཐིའི་མཐའ་ཅན། འགོར་ཏཱ་ར་ན་མོ། གཏད་བྱ་བ་ནི་ཞེས་ཡོད་པའི་རྡོ་ནག་༼རྡོ་རྗེ༽ཡིག་དམར་གྱི་སྒྲུབ་མཐུ་གསེར་ཞོ་རེའི་བཀའ་རྒྱ་ཡོད་ས་མཱཔྟ་མི་ཐིའི་མཐའ་ཅན། འགོར་ཁང་སེལ་ཞིང་སེལ་ལ་ཞེས་ཡོད་པའི་ཁང་སེལ་ནག་པོ་ཟླ་ཕྱེད་ཚུན་ལ་འཇིག་པ་སྭཱ་ཧཱ་སྔགས་སོ་ཨི་ཐིའི་མཐའ་ཅན། འགོར་ཞལ་བཞི་པའི་མན་ངག་ལ་དགྲ་གློ་བུར་ཞེས་ཡོད་པའི་དགྲ་བོ་ཟླ་བ་གཅིག་ལ་གསོད་པ་༼གློ༽མཛེ་ཕོ་ནག་པོའི་མན་ངག་འདི་ཀ་ལ་གསོད་ཨི་ཐིའི་མཐའ་ཅན། དགྲ་བོ་ཀླུ་ལ་གཏོད་པ་རེག་པས་ཆོག་པ་དྲག་པོའི་བཙན་དུག་གཏད་ཁྲམ་གྱི་ཡང་སྙིང་གཉན་གྱི་ནཱ་ག་སྟོབས་འཕྲོག་ཏུ་གྲགས་པ། འགོར་ན་མོ་གུ་རུ། མོན་པ་ཞེས་ཡོད་པའི་མོན་པ་ནག་པོ་ནོར་བཤེར་གྱི་«འདི་བརྩེགས་ཞལ་གྱི་ལས་ཚོགས།་་་་་»མན་ངག་རྒྱ་གར་ནས་བོད་དུ་བྱོན་པ་ལ་འདི་ལས་ཟབ་པ་མེད་དོ་རྟགས་ཐོན་ཐོན་པ་ཡིད་ཆེས་པར་གྱིས་ཤིག་གི་མཐའ་ཅན། དར་ལུང་གི་བྲག་སྤྲེའུ་དམར་འཛིང་འདྲ་བའི་རྨང་དུ་བླ་མ་གཉན་གྱིས་སྦས་པ་ཁའུ་པས་བཏོན་པའི་ཟངས་ཁབ་དམར་པོའི་བསད་ལས་ཁར་ལྕེ་མྱུག་གེ་བྱའོའི་མཐའ་ཅན།«་་་་་གདོང་བརྙན་ཅན་ལ་བརྟེན་པ། »འགོར་དཔལ་རྗེ་བཙུན་སྟོབས་འཕྲོག་ནག་པོ་ལ་ཕྱག་འཚལ་ལོ། །བླ་མ་གཉན་ལོ་ཙཱ་བ་ཞེས་ཡོད་པའི་སྲེག་བྱེད་མེའི་སྦྱོར་བ་བླ་མ་ཁའུ་པ་ཆེན་པོའི་གསུང་བཞིན་ཡི་གེར་བཀོད་པ་ལ། ནག་པོ་ཆེན་པོས་བཟོད་པར་མཛོད་ཅིག་ས་མཱཔྟ་མི་ཐིའི་མཐའ་ཅན། འགོར་ཨོཾ་སྭ་སྟི་སིདྡྷཾ། དཔལ་མགོན་པོ་ཞལ་བཞི་པའི་ཞལ་གྱི་གདམས་པ་བསྟན་པ་ནི་ཞེས་ཡོད་པའི་གཅུན་པའི་མཐར་ཐུག་སྡིག་པ་ནག་པོའི་འཁྲུལ་འཁོར་གྱི་ལས་ཚོགས་གཙོ་འཁོར་གསུམ་བསྒོམ་མོའི་མཐའ་ཅན་རྣམས་སོ། །གཞན་ཡང་གདོང་བཞི་པའི་སྒོ་ནས་སྲིའུ་གསོ་བ་རྒྱུད་རིན་ཆེན་སྤུངས་རྒྱན་གྱི་གདམས་པ་མངལ་བསྲུང་བའི་ཆོ་གའོའི་མཐའ་ཅན། བུ་འཚོལ་བའི་མན་ངག་༼ལྡོང༽༼ཉི༽ལྟས་ཀྱི་ལེའུ་འོའི་མཐའ་ཅན། མངལ་བསྲུང་བའི་གདམས་༼ལྡོང༽༼ཉི༽པ་དབང་ཕྱུག་དང་པདྨ་ལ་བརྟེན་པ་གཉན་གྱི་ཨུ་པ་དེ་ཤའི་མཐའ་ཅན། མ་ཧཱ་ཀཱ་ལའི་སྐུ་གཟུགས་༼ཉི࿊༽ལ་བརྟེན་ནས་སྲིའུ་གསོ་བ། འགོར་ཏཱ་ར་ན་མོ། ཞལ་བཞི་པའི་སྒོ་ནས་སྲིད་མེད་པ་སྲིད་དང་ཕྲད་པ་འདི་ལ་གསུམ་སྟེ་ཞེས་ཡོད་པའི་སྲིད་མེད་པ་འཚོལ་བ་ལུང་སྐམ་ཆུ་འབེབས། ཀླུང་ལོག་བུ་མོར་འོང་བས་སྲིད་པ་ལྟེ་བ་བསྒྱུར་བ།ཡོད་པ་གསོ་བའི་གདམས་པ་རྣམས་ཀྱི་ཡི་གེ་བླ་མ་གཉན་གྱིས་མཛད་པ་བཀའ་རྒྱ་མ། འགོར་ཏཱ་ར་ན་མོ། ནག་པོ་ཆེན་པོའི་སྒོ་ནས་ཆུང་སྲི་ཞེས་ཡོད་པའི་ཆུང་སྲི་འདུལ་༼ཉི࿊༽བ་གཉན་ལོའི་མན་ངག་ཨི་ཐིའི་མཐའ་ཅན།«་་་་་དཀར་ཆག་ན་འདི་གོང་མའི་ཁོངས་སུ་བསྡུས་པ་ལས་ཟུར་དུ་མེད། »ཞལ་གདམས་སྙིང་གི་དུམ་བུར་གྲགས་པའི་ནང་ཚན་ལ་འགོར་ཏཱ་ར་ན་མོ། ཙ་ཏུརྨུ་ཁའི་ཞལ་གདམས་སྙིང་གི་དུམ་བུ་ཞེས་ཡོད་པའི་སྤུ་གྲི་སོ་འདེབས་ཀྱི་གདམས་༼ལྡོང༽པ་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པའི་ཟབ་ཆོས་གཞན་ལ་མི་སྟོན་པའི་བཀའ་རྒྱ་དམ་པོ་ཡོད་དོའི་མཐའ་ཅན། འགོར་ཏཱ་ར་ན་མོ། ཙ་ཏུརྨུ་ཁའི་རང་སྲུང་གནད་ཀྱི་འཁོར་ལོ་ཞེས་ཡོད་པའི་རང་སྲུང་ཕྲ་མོ་ཡིད་བཞིན་འཁོར་ལོའི་ཞལ་གདམས་གཅིག་ལས་མང་བ་ལ་མི་སྤེལ་གསུང་ངོའི་མཐའ་ཅན། འགོར་ན་མོ།བླ་མའི་ཞལ་ནས་སྤྱིར་འདི་ལ་ཞེས་ཡོད་པའི་རྟེན་གྱི་ཞལ་གདམས་ཕྱི་ནང་གཉིས་ཀ་ལ་རྩུབ་གསུང་ངོའི་མཐའ་ཅན། འགོར་ན་མཿ གཏོར་མ་བཞི་ཞེས་ཡོད་པའི་གཏོར་མའི་ཞལ་གདམས་མཐའ་ཡས་པ་བྱའོའི་མཐའ་ཅན། འགོར་བླ་མ་དང་མ་ཧཱ་ཀཱ་ལ་ལ་ན་མོཿ སྙིང་དང་འདྲ་བའི་སློབ་མ་གཅིག་ཅེས་ཡོད་པའི་སྔགས་ཀྱི་ཞལ་གདམས་སྔགས་སྒྲིགས་ས་མཱཔྟ་མི་ཐིའི་མཐའ་ཅན། འགོར་ཤྲཱི་མ་ཧཱ་ཀཱ་ལ་པུ་ཛེ་ཏ་ཞེས་ཡོད་པའི་སྔགས་ཀྱི་ཞལ་གདམས་རྣམ་འགྱུར་འདི་ཚེ་བག་ཐུང་བ་ཡིན་ནོའི་མཐའ་ཅན།«་་་་་དཀར་ཆག་ན་འདི་གོང་གི་ཁོངས་སུ་བསྡུས་པ་ལས་ཟུར་ན་མི་གསལ། »དགྲ་བགེགས་བསད་པ། གཞན་སྲུང་བ།རང་སྲུང་བའི་འཁོར་ལོའི་ཞལ་གདམས་རྡོ་རྗེ་འཛིན་པ་ཤྲཱི་ཝཱན་མ་ཏིས་བསམ་གླིང་དགོན་པར་བྲིས་པ། དེའི་ཞར་བྱུང་འགོར་བླ་མའི་ཞལ་ནས་བོད་རྦད་བསད་གསུམ་ཞེས་ཡོད་པའི་རང་སྲུང་གི་ཡི་གེ་མན་ངག་དངོས་སུ་བཀོད་པའོའི་མཐའ་ཅན་རྣམས་སོ།«་་་་་འདི་དཀར་ཆག་ན་མི་གསལ་བ་གོང་མའི་ཁོངས་སུ་བསྡུས་སམ་སྙམ། »དེ་ཡང་དཀར་ཆག་ཏུ། སྔོན་ཆད་གངས་རིའི་ལྗོངས་འདིར་མ་གྲགས་པ། །སྔོན་གྱི་མཁས་གྲུབ་གཉན་ལོའི་ཐུགས་བཅུད་འདི། །བདག་གི་འདྲེན་མཆོག་ཀུན་སྤངས་ཆོས་རྗེ་ལས། །གཞན་ན་ཡོད་མེད་གཟུ་བོའི་བློས་ལྟོས་ཤིག །འདི་ལྟའི་མན་ངག་སྙིང་ཁྲག་ཞུན་མ་འདི། །སྤེལ་བའི་གནས་མེད་བསེ་བྲག་དམར་པོར་སྦོས། །ཅིས་ཀྱང་སྤེལ་ན་སྣོད་ལྡན་གཅིག་ཉིད་ལ། །བཀའ་རྒྱས་ཐོབ་ལ་མགོན་པོ་དཔང་དུ་ཚུགས། །ཞེས་འབྱུང་བ་ལྟར་ས་བཅད་གསུམ་པའི་སྐོར་འདི་ཁའུ་བྲག་རྫོང་པའི་བརྒྱུད་འཛིན་རྣམས་ལས་ཀུན་ལ་མ་གྲགས་པའི་ཟབ་ཅིང་གཉན་པས་སྣོད་དང་ལྡན་ངེས་ལ་ཆོས་སྐྱོང་དཔང་དུ་བཙུགས་ནས་སྟོན་དགོས་པའི་ཚུལ་འདི་སྙིང་གི་དཔལ་བེའུར་བཅང་བར་བྱའོ། །ཞར་བྱུང་དཔེ་རིས་ཀྱི་སྐོར་ལ། གཏུམ་པོ་རང་སྲུང་གི་འཁོར་ལོ་རྩིབས་དྲུག་པ། ཆུང་བ་གྲི་གུག་མ།«་་་་་འོག་གི་འཁོར་བསྲུང་བའི་དཔེ་རིས་ཀྱང་དབྱིབས་འདི་ཁ་ལ་འདྲི་ཚུལ་གྱི་ཁྱད་པར་ཅུང་ཟད་ཡོད། »རང་སྲུང་ཕྲ་མོ་ཡིད་བཞིན་འཁོར་ལོའི་དཔེ་རིས་རྒྱས་འབྲིང་བསྡུས་གསུམ།«་་་་་འདི་གསུམ་གྱི་དབྱེ་བ་ཞལ་ལས་ཤེས་དགོས། »དཀར་ཆག་ན། རང་སྲུང་འཁོར་ལོ་ཆེ་ཆུང་གསུམ་གསུངས་པའི་ཆུང་བ་ཤོག་དྲིལ་ཉེར་གཅིག་གི་འཁུ་ལྡོག་བསྲུང་བའི་རང་སྲུང་འཁོར་ལོ་གྲི་ཐོད་མའམ་སྐུ་གསུང་ཐུགས་འཁོར་དུ་གྲགས་པ།«་་་་་ཞལ་བཞི་ཡོངས་སུ་རྫོགས་པའི་རང་སྲུང་ཡང་ཟེར། »གཏུམ་པོའི་སྒོ་ནས་མི་མ་ཡིན་དྲག་པོ་སྲུང་བའི་འཁོར་ལོ། འཁོར་སྲུང་བའི་གྲི་གུག་ཅན། ཤོག་དྲིལ་ཉེར་གཅིག་གི་གསང་བ་རང་སྲོག་རྟེན་གྱི་འཁོར་ལོ་རྩིབས་དྲུག་ཁ་སྦྱོར་ལུས་དང་གྲིབ་མ་བཞིན་འགྲོགས་པ། ཡི་གེ་རྙིང་པ་ལས་བྱུང་བའི་བསད་པའི་འཁོར་ལོ་ལིང་ཚེ་ཉི་ཤུ་པ་དང༌། བཅོ་ལྔ་པ། དམར་གྱི་བཞེད་པ་གཅིག ལིང་ཚེ་རྐྱང་པ་བཅོ་ལྔ་པ་དང༌། ཉི་ཤུ་པ། ལིང་ག་འཁོར་ལོ་ཅན། ལིང་ག་ལིང་ཚེ་ཅན་འཁོར་ལོ་ཡོད་མེད་གཉིས། ཆོས་རྗེ་ས་པཎ་ལ་མགོན་པོ་ཉིད་ཀྱིས་གདམས་པའི་ལིང་ཚེ་ཉི་ཤུ་པ་དང་བཅོ་ལྔ་པ། དེའི་བཞེད་པའི་རང་སྲུང་འཁོར་ལོ་ལིང་ཚེ་ཉི་ཤུ་པ་དང་བཅོ་ལྔ་པ། དེའི་བཞེད་པའི་ལིང་ག་འཁོར་ལོ་ཅན་གཉིས། དེའི་བཞེད་པའི་ལིང་ཚེ་རྐྱང་པ་གཉིས། དེའི་བཞེད་པའི་ལིང་ག་ལིང་ཚེ་ཅན་གཉིས། གཞན་ཡང་གོང་དང་ཅུང་ཟད་མི་འདྲ་བའི་ལིང་ཚེ་ཉི་ཤུ་པ་གཏོར་མ་ལ་འཛུགས་རྒྱུའི་འཁོར་ལོ་རྩིབས་དྲུག་པ། ལིང་ག་སྔགས་བཀོད་ལུགས་མི་འདྲ་བ་གཉིས་དང་སྔགས་མེད་གཅིག རྡོ་ནག་མཎྜལ་མཆོད་གཏོར་དང་བཅས་པའི་ཤོམ། ཕྱག་མཚན། ལས་ཁུང༌། རྡོ་ཟོར། རྭ་ཟོར། མདའ་ཟོར། ཐུན་ཁུང༌། རློན་ཐུན། སྦྱིན་སྲེག་གི་ཐབ་ཁུང་མི་འདྲ་བ་གཉིས། རྫའི་ཨན་དྷ་མུ་ཤ ལ་ཆའི་ཨན་དྷ་མུ་ཤ འབྲུ་ནག་གི་སྡིག་པ། སྒབ་འདྲེ་འབྲུག་མགོ་ཅན་གྱི་མནན་འཁོར་མལ་འོག་བསྲུང་བའི་ངག་མནན་འཁོར་ལོ། མ་ཧཱ་བ་ལ། དེའི་རྒྱབ་ཡིག ལིང་ག རྒྱ་གྲམ། གླང་དམར་གྱི་རྭ། ཚེ་སྒྲུབ་ཀྱི་བཅའ་གཞིའི་མཆོད་རྟེན། ནོར་སྒྲུབ་ཀྱི་བུམ་པ། དབང་སྡུད་གྲི་ལག ལམ་སྲུང་གི་རྡེའུ་དང་རྡོ་རྗེ་རྒྱ་གྲམ་རྩེ་མོར་ཕྱག་མཚན་དང་བཅས་པ། ཤྭ་བཟློག་ཕུར་ཐོད། བྱ་རོག་བསྐྲད་འཁོར་གྱི་འཁོར་ལོ་ལིང་ག་དང༌། བྱ་རོག་གི་གཟུགས། མ་ཆུན་སྤྲེའུའི་འཁོར་ལོ། ལྷ་མོ་ནག་མོའི་དཔེ། མངལ་སྲུང་པདྨའི་ཕོ་འཁོར་མོ་འཁོར་དབང་ཕྱུག་གི་གཟུགས། ནཱ་ག་སྟོབས་འཕྲོག་གི་ལིང་ག སཱཙྪ། བུམ་པ། རྒྱ་གྲམ། ཡང་ལིང་ག་འཁོར་ལོ་ཅན་ལུགས་གཅིག ཀླུ་སྒྲུབ་རྒྱ་གཞུང་གི་ཤམ་བུ་བརྒྱད་པའི་དཀྱིལ་འཁོར་ལིང་ག ཐུན་སྣོད་དང་བཅས་པ།ནམ་མཁའ། རྒྱང་བུ། མདའ་འཕང༌། ཕོ་གདོང་མོ་གདོང༌། རི་རབ་གླིང་བཞི། གདུགས་སོགས་མདོས་ཀྱི་ཆ་ལག་རྣམས་དང༌། གཞན་ཡང་དཔེ་རིས་རྙིང་པ་ན་མེད་པའི་མགོན་པོ་ཆེ་ཆུང་གི་དམ་རྫས་རྒྱན་གྱི་གཏོར་མ། དཔལ་གྱི་ཞལ་ཟས། ཛམྦུུ་ཏི་བ། བཤོས་བུ་དམར་ནག གུར་གྱི་བསྙེན་སྒྲུབ་རྗེས་གནང་གི་གཏོར་དཔེ། དུད་སོལ་མའི་གཏོར་མ། ཞལ་གྱི་དམ་ཚིག་བསྐང་གསོ་དང་རྟག་གཏོར། པུ་ཏྲའི་གཏོར་མ། བེག་ཙེའི་གཏོར་མ། གཞི་བདག་གཏོར་མ། དམར་ཆེན་གཏོར་མ། མགོན་པོ་ཆེ་ཆུང་གི་གཏོར་མའི་དར་གུར། ཟངས་གྲི་ཅན་གྱི་ཟོར་གཏོར། ཞལ་གྱི་གཏོར་ཆེན་གྱི་དཔེ་རྣམས་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་ཞལ་བཀོད་མ་རྣམས་སོ། །གཉིས་པ་དཀར་ཆག་གིས་མ་ཟིན་པའི་སྐོར་ལ། ཕྱི་སྒྲུབ་དང་ཁྱད་པར་གྱི་མན་ངག་ལ་མཁོ་བའི་སྐོར།གསང་སྒྲུབ་ཀྱི་སྐོར། ཕྱི་སྒྲུབ་ཀྱི་སྙིང་པོར་གྱུར་པ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་སྙིང་ཐིག་ཧ་ལ་ནག་པོའི་སྐོར་དང་གསུམ། དང་པོ་ལ། འགོར་གདོང་བརྙན་ཅན་ལ་གཏོར་མ་འབུལ་ན། པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཟས་པ་བསྒྱེལ་ཞེས་ཡོད་པའི་གླང་༼འབུམ༽གདོང་ཕྱག་དྲུག་པའི་གཏོར་འབུལ་ཨེ་ཀ་ཛ་ཊཱི་ཧཱུྃ་ཕཊ་ཅེས་པའོ་ཨི་ཐིའི་མཐའ་ཅན། འགོར་ཨོཾ་སྭ་སྟི། བླ་མ་དང་མ་ཧཱ་ཀཱ་ལ་ལ་ཕྱག་འཚལ་ལོ། །འཇིགས་པའི་ཚོགས་རྣམས་འཇོམས་མཛད་པ། །ཞེས་སོགས་ཀྱི་མཆོད་བརྗོད་ཤླཽ་ཀ་གཉིས་མདོ་སྟོད་པ་འཇམ་དབྱངས་རྒྱལ་མཚན་གྱིས་མཛད་པའི་འགྲེལ་པ་དྲི་མེད་དོན་གསལ་ཇི་ལྟ་བ་ལ་དེ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱ་གཞུང་ལ་དཔང་པོ་བྱས་ཞེས་ཡོད་པའི་གདོང་༼འབུམ༽བརྙན་གྱི་བསྙེན་པའི་ཡི་གེ་འཕགས་པ་ཀླུ་སྒྲུབ་སྙིང་པོའི་རྒྱ་གཞུང་ལྟར་བསྙེན་པའི་ཆོ་གའོའི་མཐའ་ཅན། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་བསྐུལ་ནས་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཞིང་སྐྱོང་སྟོབས་འཕྲོག་གདོང་བཞི་པ་ལས་སྦྱོར་གྱི་མགོན་པོ་གདོང་བརྙན་ཅན་འཁོར་མང་དང་བཅས་པ་ལ་བསྟོད་ཅིང་༼དབང༽འཕྲིན་ལས་གསོལ་བ་བདུད་དགྲའི་སྲོག་འཕྲོག་དམ་ཉམས་ཀྱི་ཙིཏྟ་དམར་འབྱིན། འགོར་བླ་མ་དམ་ཅན་སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་ལ་བློ་གྲོས་རབ་རྒྱས་ཤིང༌། །ཞེས་ཡོད་པའི་གདོང་བཞི་པའི་ལོ་རྒྱུས་དཀར་ཆག་བསྐྱེད་ཆོག་མི་འདྲ་བའི་ཁྱད་པར་མཁའ་འགྲོ་འཁུ་ལྡོག་སྤོང་བ་དང་བཅས་སྟོན་པའི་ཡི་གེ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་མཛད་པ་མངོན་སུམ་ཉིད་དུ་གྲུབ་པའི་ལས་མཛོད་ཅིག་གི་མཐའ་ཅན།«་་་་་འདིའི་འགོའི་མཆོད་བརྗོད་ལ་བདག་ཆེན་རྗེའི་མཚན་སྤེལ་ཡོད་པ་དེ་རྡོ་རིང་རིན་པོ་ཆེའི་གསུང་ཡིན་པ་འདྲ་ཞེས་ཡིག་ཆར་སྣང་ངོ༌།། »འགོར་རྡོ་རྗེ་འཆང་དབང་རྩ་བའི་བླ་མ་དང་ཞེས་ཡོད་པའི་བརྒྱུད་འདེབས་༼གླང༽ཀྱི་ལོ་རྒྱུས་ཟུང་ལྡན་གྱི་རྒྱན་དང་བཅས་པ་བདུད་རྩིའི་འོད་ཅན་ཞེས་བྱ་བ་རྡོ་རྗེ་འཆང་ཚར་པ་བློ་གསལ་རྒྱ་མཚོས་ཁའུ་བྲག་རྫོང་ནག་པོར་མཛད་པ། དེས་མདོ་ཁམས་པ་དབོན་པོ་དཔལ་གྲུབ་དང་བསོད་ནམས་མཆོག་གྲུབ་གཉིས་ཀྱིས་བསྐུལ་བ་ལྟར་ན་ལནྡར་༼ལྡོང༽མཛད་པའི་རྡོ་རྗེ་ནག་པོ་ཆེན་པོ་སྟོབས་འཕྲོག་དབང་པོ་གདོང་བཞི་པ་འཁོར་བཅས་ཀྱི་རྗེས་གནང་དངོས་གྲུབ་རྒྱ་མཚོ། བསྐུལ་བ་པོ་དང་མཛད་པོ་གོང་ལྟར་གྱི་དཔལ་སྟོབས་འཕྲོག་དབང་པོ་གདོང་བཞི་པ་སྒྲུབ་༼ཏ༽དུས་ཀྱི་ཐུན་མོང་མ་ཡིན་པའི་རྗེས་གནང་ཆིག་བརྒྱུད་གསེར་ཆོས་ཀྱི་ཡིག་ཆུང༌། སྒྲུབ་དུས་ཀྱི་མགོན་པོ་ཞལ་ཁྲ་ཅན་གྱི་རྗེས་གནང་གི་ཁོག་ཕུབ་བསྙེན་དུས་སྒྲུབ་དུས་ཐུན་མོང་མ་ཡིན་ལ། དཀར་པོ་ཚེ་འཕེལ་ཐུན་མོང་མ་ཡིན་པ། དམར་པོ་དབང་སྡུད། སེར་པོ་རྒྱས་བྱེད་ལྷ་དགུ། སྔོན་པོ་བགེགས་འཇོམས་དང་བཅས་པ་རྣམས་ཀྱི་ཐོ་ཡིག་༼ངག༽མུན་སེལ་སྒྲོན་མེ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱིས་མཛད་པ། དེས་རྩེ་གདོང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོས་གྲྭར་མཛད་པའི་དཔལ་མགོན་གདོང་བརྙན་༼འབུམ༽༼ངག༽ཅན་གྱི་རྗེས་གནང་གོ་བདེ་བཀླག་ཆོག་ཏུ་བཀོད་པ། འགོར་ཏཱ་ར་ན་མོ། འདི་ཆིག་བརྒྱུད་མ་གཏོགས་ཡེ་མི་བྱེད་དོ་ཞེས་ཡོད་པའི་གནད་དབབ་༼ཨཱ༽ཀྱི་མགོན་པོ་ནང་གཤིན་རྗེ་ལྟར་སྒྲུབ་པའི་མངོན་རྟོགས་རྗེས་གནང་གི་ཡི་གེ་དཀྱུས་དང་འདྲའོའི་མཐའ་ཅན་ཚར་ཆེན་གྱི་གསུང༌། དེའི་གསུང་འགོར་ཏཱ་ར་ན་མཿ བྲམ་ཟེ་མངགས་པའམ་བྲན་དུ་གཏད་པ་ཞེས་ཡོད་པའི་བྲམ་ཟེ་ནག་པོ་མངགས་གཏད་ཀྱི་རྗེས་༼བྲཾ༽གནང་འཆོལ་བར་སྤྱད་ན་དམ་ཚིག་ཉེས་པ་ཆེན་པོར་འགྱུར། དེ་བས་གསང་ཞིང་སྦ་བར་བྱའོའི་མཐའ་ཅན། འགོར་ཨོཾ་སྭ་སྟི། རྡོ་ནག་པོ་མི་གཅིག་གིས་ཐེག་མི་ཐེག་ཅིག་ཅེས་ཡོད་པའི་སྒྲུབ་དུས་ཀྱི་ལས་ཁྲིགས་གསལ་བྱེད་ཀྱི་ཡི་གེ་རྙིང་པ་ཞེས་སྤེལ་བ་ནི་མན་ངག་དམ་པའོའི་མཐའ་ཅན། དཔལ་མགོན་གདོང་བཞི་པའི་གཏོར་མ་ཞི་བ་དམ་ཚིག་བསྐང་བའི་གཏོར་སྐྱོང་དང་གཏོར་མའི་ལས་ཙམ་གྱིས་དགྲ་བགེགས་འདུལ་བའི་ཚེ་བྱ་བ་དྲག་པོ་གཏོར་ཆེན་གྱི་ཚུལ་ལྷན་ཅིག་ཏུ་གསལ་བར་སྟོན་པའི་ཆོ་ག་གནམ་ལྕགས་༼རྡོ་རྗེ༽འབར་བ་ཞེས་བྱ་བ་མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱིས་མཛད་པ། འགོར་ཨོཾ་སྭ་སྟི། དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཐམས་ཅད་ཀྱི་གཙུག་རྒྱན་ཞེས་ཡོད་པའི་ཞལ་བཞི་པའི་དམ་ཚིག་བསྐང་གསོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་༼ཀུ༽རྒྱུན་ཕྱག་ལེན་ལྟར་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱིས་ཟིན་བྲིས་སུ་མཛད་པ་ནག་པོ་ཆེན་པོ་མཆེ་བ་ཅན་སོགས་ཀྱི་བསྐུལ་བྱའི་མཐའ་ཅན། འགོར་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས་ཞེས་ཡོད་པའི་རྡོ་རྗེ་ནག་པོ་ཆེན་པོ་སྟོབས་འཕྲོག་དབང་པོའི་གཏོར་མ་དྲག་པོའི་ཆོ་ག་༼རྡོ་རྗེ༽བསྒྲིགས་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་ཀྱིས་མཛད་པ་གནོད་བྱེད་ཚར་བཅད་པར་བསམ་མོའི་མཐའ་ཅན། དཔལ་མགོན་གདོང་བཞི་པའི་གཏོར་ཆེན་གྱི་༼རྡོ་རྗེ༽འཆམས་ཡིག་ཐུ་བཙུན་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་གྱིས་མཛད་པ། དེས་མཛད་པའི་གཏོར་ཆེན་གྱི་རྔ་བརྡུང་བསྟན་པ་ནི་ཞེས་ཡོད་པའི་གཏོར་ཆེན་འཆམས་༼རྡོ་རྗེ༽ཡིག་གི་ཞལ་ཤེས་མཐར་དགུ་བརྡུང་འབའ་ཞིག་གིས་སྡུད་དོའི་མཐའ་ཅན། དཔལ་མགོན་ཁྱུང་ཞལ་ཅན་གྱི་རྗེས་གནང་༼ཤཱི༽གི་ཡི་གེ་ལས་སྦྱོར་གྱི་མགོན་པོར་གཏགས་གསུང་ངོའི་མཐའ་ཅན། དཔལ་མགོན་སེངྒེ་ནག་པོའི་གཏོར་ཆོག་༼བཛྲ༽ལས་དང་པོ་པ་འགའ་དང་རང་གི་རྒྱུན་གཏོར་གྱི་ཕྱིར་ཕུན་ཚོགས་གླིང་དུ་བྲིས་པ། དེའི་རྗེས་གནང་འགོར་༼བཛྲ༽མཁྱེན་བརྩེའི་འོད་ཟེར་སྟོང་འཕྲོས་པས་ཞེས་ཡོད་པ་ག་ག་ན་དྷརྨ་ཤྲཱིས་བྲིས་པ། འགོར་དཔལ་མགོན་གདོང་བཞི་པའི་སྲུང་༼དབང༽༼ས༽༼གླང༽འཁོར་ཚེ་སྒྲུབ་ཅེས་ཡོད་པའི་ཡི་གེ་རིན་པོ་ཆེ་རྟ་རྭ་བའི་གསུང་ལ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་རེག་ཟིག་མཛད་པ་དེ་ཙམ་མ་གཏོགས་རྒྱུན་ཁྱེར་ཇི་ལྟ་བས་ཁྲིད་མཛད་ཀྱི་འདུག་གོའི་མཐའ་ཅན། ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་སྲུང་༼མུས༽འཁོར་ཚེ་སྒྲུབ་ཀྱི་ཡི་གེ་བདུད་རྩི་འགུགས་པའི་ལྕགས་ཀྱུ། གཉིས་པ་གསུང་གི་མགོན་པོ་དམར་པོའི་ཉམས་ལེན་སྙན་བརྒྱུད་ཟབ་མོའི་བདུད་རྩི་རྣལ་འབྱོར་༼ལྡོང༽༼དབང༽༼ས༽༼གླང༽དབང་ཕྱུག་ཡར་ཀླུངས་པས་མཛད་པ་ཆོས་བདག་ཞིང་སྐྱོང་མཁའ་འགྲོར་གཏད་པའི་མཐའ་ཅན། དེས་མཛད་པའི་རྒྱས་པ་གཙོ་འཁོར་དགུའི་ཁྲིད་གཞན་ལ་མེད་པའི་ཁྱད་ཆོས་བླ་མ་དམ་པའི་བཀའ་༼ལྡོང༽༼དབང༽༼ས༽༼གླང༽དང་བཤེས་གཉེན་དམ་པ་འགའི་ངོར་བཀོད་པ་ཆོས་བདག་ཞིང་སྐྱོང་མཁའ་འགྲོར་གཏད་པའི་མཐའ་ཅན། དེས་མཛད་པའི་གསུམ་པ་རྒྱས་པའི་ལས་སྒྲུབ་ན་ཡོན་ཏན་གྱི་མགོན་པོ་སེར་པོ་ལྷ་ལྔའི་ཉམས་ལེན་བརྒྱུད་པ་བཟང་༼ལྡོང༽༼དབང༽༼ས༽༼གླང༽ས་སྐྱ་པའི་སྙན་བརྒྱུད་ཟབ་མོའི་གདམས་པ་ཆོས་བདག་ཞིང་སྐྱོང་མཁའ་འགྲོར་གཏད་པའི་མཐའ་ཅན། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་བླ་རྡོ་བཅའ་བའི་ཐབས་༼ལྡོང༽མན་ངག་གིས་རྣམ་པར་བརྒྱན་པ། དེས་མཛད་པའི་ཆུ་བོ་གངྒཱ་ཡང་གྱེན་ལ་ངེས་པར་ལྡོག་ནུས་པའི་ཤྭ་བཟློག་གི་མན་ངག་རྗེ་བཙུན་ཀུན་སྤངས་༼ལྡོང༽༼ས༽༼གླང༽ཆེན་པོའི་གསུང་གི་ཉིང་ཁུ་འགྲོ་དོན་དཔག་ཡས་ས་སྟེང་ཁྱབ་པར་ཤོག་གི་མཐའ་ཅན། བླ་མ་གསེར་གླིང་པའི་མན་ངག་རྒྱ་གར་ཁྲག་འཐུང་ནག་པོ་ལ་ཞུས་པ་སྲོག་མེ་ཁབ་༼ས༽མ་གསེར་སྲང་བདུན་མའི་ཡོན་ཅན་ཡར་ཀླུངས་པའི་ཕྱག་དཔེ་ལས་བཤུས་པ།དཔལ་མགོན་གདོང་བཞི་པའི་ཐེབས་བཟློག་བརྩི་བའི་མན་ངག་༼ས༽རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པ། འགོར་ན་མ་ཙ་ཏུརྨུ་ཁ། འགབ་ཆད་དང་གཞོགས་དྲུད་དང་ཞེས་ཡོད་པའི་དཔལ་འབར་གྱི་མེ་བཀྲ་བརྟག་པ་ཁའུ་པས་གནང་བའི་མཐའ་ཅན། འགོར་སྐྱབས་མེད་སྐྱོབ་པ་རྣམས་ལ་ཕྱག་འཚལ་ལོ། །སྒྲུབ་པའི་ཁང་པ་དབེན་པ་རུ། །ཞེས་ཡོད་པའི་མེ་བཀྲ་དང་དུ་བ་བརྟག་པ་ཞལ་ལས་ཤེས་པར་བྱའོའི་མཐའ་ཅན། འགོར་ཏཱ་ར་ན་མོ། མེ་བཀྲ་འདི་ལ་བཟང་པོའི་རྟགས་བཞི་ཞེས་ཡོད་པའི་མེ་བཀྲ་བརྟག་པ་མངོན་ཤེས་སུ་འགྱུར་རོའི་མཐའ་ཅན། དཔལ་འབར་༼དབང༽བཀྲ་རྟགས། བ་ལེན་བཀྲ་༼དབང༽རྟགས་རྣམས་སོ། །གཉིས་པ་གསང་སྒྲུབ་ཀྱི་སྐོར་ལ། དཔལ་མ་ཧཱ་ཀཱ་ལ་ཞལ་བཞི་པའི་གསང་སྒྲུབ་ཀྱི་རྣམ་གཞག་གསལ་བར་བྱེད་པ་སྙིང་གི་ཡང་ཐིག་ཅེས་༼ས༽༼གླང༽བྱ་བ་རྡོ་རྗེ་འཆང་ཚར་ཆེན་བློ་གསལ་རྒྱ་མཚོས་ཁའུ་བྲག་རྫོང་ནག་པོའི་རུ་འདྲེན་གྱི་ཕོ་བྲང་སུམ་ཅུ་རྩ་གསུམ་དུ་མཛད་པ། དེས་མདོ་ཁམས་པ་ལྕགས་སྒོམ་ཆོས་རྗེའི་གསུང་ཇི་ལྟ་བ་བཞིན་༼གླང༽མཛད་པའི་འགོར་བླ་མ་མཆོག་དང་ཡི་དམ་ལྷ་ཞེས་ཡོད་པའི་གསང་བ་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཐོ། དེས་མཛད་པའི་ཞིང་སྐྱོང་གདོང་བཞི་པའི་གསང་ཁྲིད་ཀྱི་སྔོན་འགྲོ་རྣམ་པ་བཞིའི་ཁྲིད་ཉམས་ལེན་གྱི་སྙིང་པོ་དྲིལ་བ་ཡིན་ནོའི་མཐའ་ཅན།ལྕགས་སྒོམ་ཆོས་རྗེའི་གསུང་བཞིན་དེས་དམ་པའི་གསུང་ངོར་བྲིས་༼གླང༽པའི་ཞིང་སྐྱོང་དབང་པོའི་གསང་ཁྲིད་ཀྱི་སྐབས་སུ་འཁོར་ལོ་བཞི་ལ་བརྟེན་པའི་ལས་སྦྱོར་གྱི་གདམས་པ་སྙན་བརྒྱུད་མ། གོང་གི་འཕྲོས་འགོར་གསུམ་པ་ཙིཏྟ་དྷརྨ་ཙཀྲ་ཞེས་ཡོད་པའི་ཆེས་ཟབ་༼གླང༽༼ས༽ཡང་གསང་སྙིང་ག་ཆོས་ཀྱི་འཁོར་ལོའི་ལས་སྦྱོར་གྱི་ཡི་གེ་རྟགས་མྱུར་དུ་འབྱུང་བ་ནི་ངེས་པའོའི་མཐའ་ཅན། འགོར་གསུམ་པ་ལས་སྦྱོར་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཞེས་ཡོད་པའི་སྙིང་ག་༼གླང༽༼ས༽ཆོས་ཀྱི་འཁོར་ལོའི་ལས་སྦྱོར་སྙན་བརྒྱུད་ཞལ་ཤེས་ཁོ་ན་ཡིན་གྱི་མཐའ་ཅན། བསྙེན་སྒྲུབ་ལས་གསུམ་༼གླང༽གྱི་ཕྱི་མའི་ཡང་ཡིག འགོར་ལྷ་མོ་ནག་མོའི་གདམས་པ་ནི་རང་ཉིད་སྒྲུབ་པའི་དུས་ཀྱི་མགོན་པོ་ཞེས་ཡོད་པའི་ལས་སྦྱོར་སྤོགས་ཆོག་གི་དུས་སུ་ཉེ་བར་མཁོ་བའི་ལྷ་མོ་ནག་མོའི་གནད་འབེབས་ཤོག་དྲིལ་གྱི་གནད་འབེབས་ལས་ཁྱད་པར་དུ་གྱུར་པའི་ཟབ་ཁྱད་ཅན་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་རྒྱུན་གཞན་དུ་མ་འཁྱར་བ་མཛོད་ཅེས་བཀའ་བསྒོ་ཡོད་དོའི་མཐའ་ཅན། ཟབ་ཆོས་འདི་ཉིད་འཆད་པ་ལ་མེད་དུ་མི་རུང་བའི་སྙིང་ནང་གི་ཁྲག་ལྟ་བུའི་ཁྲིད་ཡིག་༼གླང༽རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་ཟིན་བྲིས་སུ་མཛད་པ། འདི་ཉིད་མཐུ་སྟོབས་ཀྱི་དབང་ཕྱུག་དགོན་གསར་བ་བསོད་ནམས་ཆོས་འཕེལ་གྱི་བཀའ་དྲིན་ལ་བརྟེན་པའི་རྒྱུ་མཚན་གྱིས། མཇུག་ཏུ། རྒྱལ་བ་ཀུན་དངོས་ཁྱབ་བདག་རྡོ་རྗེ་འཆང༌། །རིགས་བརྒྱའི་འཁོར་ལོས་སྒྱུར་བའི་ཟློས་གར་གྱིས། །དེང་འདིར་སྐྱེ་དགུའི་དོན་སླད་བཤེས་གཉེན་སྐུ། །ཕ་རྒོད་སྐུ་དྲིན་དབང་པོ་དགོན་གསར་བ། །མགོན་དེའི་གསུང་གི་གསང་བ་མི་ཟད་པ། །ཟབ་རྒྱས་སྙན་བརྒྱུད་བདུད་རྩིའི་རྒྱ་མཚོ་ལས། །དད་གུས་སྙིམ་པའི་བཅུད་ཀྱིས་བསྡུས་པ་འདི། །སྐལ་བཟང་སྙིང་ལ་གྲུབ་པའི་དགའ་སྟོན་སྤེལ། །ཞེས་པའང་སྣང་ངོ༌། །འགོར་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཞེས་ཡོད་པའི་གསང་ཁྲིད་ཀྱི་ཟིན་བྲིས་༼ཞ༽མཁན་ཆེན་ཞྭ་ལུ་པ་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་སྒྲུབ་ཀྱིས་མཛད་པའི་ཡིག་ཆུང་ལྟར་གསུང་གིན་འདུག་གོའི་མཐའ་ཅན་རྣམས་སོ། །གསུམ་པ་ཕྱི་སྒྲུབ་ཀུན་གྱི་སྙིང་པོར་གྱུར་པ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་སྙིང་ཐིག་ཧ་ལ་ནག་པོའི་སྐོར་ནི། ཕྱི་བྲམ་ཟེ་ལྟར་སྒྲུབ་པ། ནང་ཞིང་སྐྱོང་གཟི་ལྡན་དབང་ཕྱུག་གི་སྒྲུབ་པ། གསང་བ་སྟོབས་འཕྲོག་ནག་པོར་སྒྲུབ་པ་གསུམ་ལས་ཕྱི་མ་སྟེ། གོང་གི་ཕྱི་སྒྲུབ་དང་ཁྱད་པར་གྱི་མན་ངག་རྣམས་སུ་གབ་སྦས་ཐོར་བུ་བཞུགས་པས་ཤེས་རློམ་ཅན་དག་མན་ངག་གི་ཁོག་སྒྲིག་མི་ཤེས་པས་དཔེ་མཐོང་བས་ཕྱོགས་ཙམ་ཡང་མི་རྟོགས་པའི་ཕྱིར་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱི་གསུང་རྒྱུན་ཞལ་ཤེས་ཕྱག་ཁྲིད་ཁོ་ན་ལ་བལྟོས་དགོས་པས། རྗེ་བཙུན་ཀུན་སྤངས་རྡོ་རིང་པ་ཆེན་པོ་ཡན་ཆད་དུ་ཡི་གེ་གསལ་བར་བཀོད་པ་མེད་འདུག་ནའང༌། སྙིགས་མ་ལྔ་ཆེས་ཆེར་བདོ་ཞིང་བདུད་རིགས་སྙིང་ལ་ཞུགས་པའི་སྐྱེ་བོ་མི་སྲུན་པ་དག་གིས་རྣམ་པར་འཚེ་བ་བསྲུང་བ་ལ་ཇི་སྐད་དུ། འཕགས་པའི་ཡུལ་དང་གངས་རིའི་ལྗོངས་འདི་ན། །བསྟན་པ་སྲུང་བའི་ཆོས་སྐྱོང་བགྲང་ཡས་ཀྱང༌། །ཁྲོ་ཞིང་འཁྲུག་ལ་གཉན་ཞིང་མྱུར་བ་ནི། །ཡོངས་སུ་གྲགས་པ་སྟོབས་འཕྲོག་དབང་པོ་ཡིན། །ཞེས་ཆེས་ཁྱད་པར་དུ་འཕགས་པའི་གདམས་སྐོར་རྣམས་མེད་དུ་མི་རུང་བ་ལྟ་བུ་ཡིན་ནའང༌། ཀྭ་ཡེ་ད་ནི་ལང་ཚོ་མཐོན་པོར་སོང༌། །ཁ་བའི་ཁྲོད་ན་འདི་འདྲ་ཤེས་པ་མེད། །ག་ལེ་སྤེལ་ཀྱང་ནུབ་པར་གྱུར་དོགས་ནས། །ང་ཡིས་འདི་ནི་ཡི་གེར་གསལ་བར་བྲིས། །ཞེས་བསྟན་པ་རིན་པོ་ཆེའི་བཙས་སུ་འཁྲུགས་བསྡེབས་སུ་མཛད་པ་ཤིན་ཏུ་རྣོ་བ་རེག་ཐབས་མེད་པ་ལྟ་བུ་ནས། དེ་ལྟར་འདི་ནི་སྲོག་འཕྲོག་ཧ་ལའི་དུག །བསྟན་དགྲའི་ཀླད་འགེམས་གཤིན་རྗེའི་དབྱུག་པ་སྟེ། །རྣལ་འབྱོར་སྒོས་དགྲའི་སྙིང་འབྱིན་བཤན་པ་ཆེ། །གང་ལའང་ཐོགས་མེད་གནམ་ལྕགས་འབར་བའི་མཚོན། །ས་སྐྱའི་རྗེ་བཙུན་ཐུགས་ཀྱི་གཅེས་པའི་ནོར། །ཀུན་སྤངས་ཆོས་རྗེའི་ཞལ་གྱི་བདུད་རྩིའི་བཅུད། །སངས་རྒྱས་བསྟན་པ་བསྲུང་བའི་མཚོན་ཆའི་མཆོག །རྣལ་འབྱོར་གཡུལ་ལས་རྒྱལ་བའི་དཔའ་བོའི་ཆས། །ཞེས་དགའ་རབ་དབང་ཕྱུག་སྡེ་དང་བཅས་པ་ལས་རྣམ་པར་རྒྱལ་བའི་གོ་མཚོན་ཡིན་ལ། དེ་ཡང་དགོས་པའི་གཙོ་བོ། གང་འདི་ཐུབ་བསྟན་འཇིག་ལ་ཐུག་པའམ། །རྣལ་འབྱོར་ཁ་ཞན་སྐྱབས་དང་བྲལ་གྱུར་ནས། །ཁ་དྲག་དཔུང་གིས་བསྡིགས་ཤིང་གནོད་པའི་ཚེ། །མཚོན་འདི་ཕྱུང་ལ་སྡིག་ཅན་ཆོས་དབྱིངས་སྐྱོལ། །ཞེས་བསྟན་པའི་སྤྱི་དགྲ་དང་རྣལ་འབྱོར་བྱང་ཆུབ་སྒྲུབ་པའི་སྒོས་དགྲ་བསྒྲལ་བ་ལ་དགོངས་ནས་མཛད་པ་ཡིན་པ་ལས། དེ་ལ་མ་ཡིག་དང་བུ་ཡིག་གཉིས། དང་པོ་ནི། དཔལ་མགོན་ཞིང་སྐྱོང་ནག་པོ་ཆེན་པོ་དགྲ་བོའི་སྟོབས་འཕྲོག་གདོང་བཞི་པའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་གསང་བ་ལས་ཀྱང་ཆེས་གསང་སྙིང་ཐིག་ཧ་ལ་ནག་པོའི་བེ་བུམ་ཞེས་བྱ་བ། འདི་ཉིད་ཀྱི་ལུང་གནང་བའི་དུས་མགོན་པོའི་བྲིས་འབུར་གྱི་སྐུ་བྱིན་རླབས་ཅན་གྱི་དྲུང་དུ་མཆོད་གཏོར་དང་བཅས་ཏེ་སྤྱིར་ལས་འབྲས་ལ་འཛེམ་ཞིང་བསྟན་པ་རིན་པོ་ཆེ་གཅེས་སྤྲས་དང༌། ཁྱད་པར་དཔལ་ལྡན་ས་སྐྱ་པའི་བསྟན་པ་དྲི་མ་མེད་པ་སྤྱི་དང༌། ཡང་སྒོས་གསང་ཆེན་སློབ་བཤད་པའི་རིང་ལུགས་ལ་གཅེས་པར་འཛིན་ཞིང༌། སྣོད་ལྡན་ལ་ཆིག་བརྒྱུད་ལས་མང་པོར་མི་སྤེལ་བ་སོགས་མགོན་པོ་དཔང་དུ་བཙུགས་པའི་དམ་བསྒྲག་ཅིང༌།འཆོལ་བར་སྤྱོད་པ་རྣམས་གནོད་སྦྱིན་བེག་ཙེ་ལྕམ་དྲལ་གྱིས་སྙིང་ཁྲག་འཐུང་བའི་བཀའ་རྒྱ་ཤིན་ཏུ་དམ་པ། དུས་དེར་ཆོས་ཀྱི་ཡོན་ལ་གསེར་སྲང་གང་ངམ་ཡང་ན་དེ་རི་བའི་དངོས་པོ་འབུལ་བ་སོགས་ཀྱི་ཕྱག་ལེན་དེང་སང་གི་བར་དུའང་མ་ནུབ་པར་ཡོད་པས་དཔེ་ཙམ་མཐོང་བས་ཉམས་སུ་ལེན་པ། རྐུ་ཐབས་སུ་བྱེད་པ། ས་སྐྱ་པའི་བསྟན་པ་སྤྱི་སྒེར་ལ་གཅེས་པར་འཛིན་པ་ལྟ་ཞོག གནོད་པ་ལྷུར་ལེན་བཞིན་དུ་ཚུལ་འདི་དོན་དུ་གཉེར་བ་རྣམས་ནི་ས་བོན་མེས་ཚིག་པ་ལ་སོ་ནམ་འབད་པ་ལྷུར་ལེན་པ་དང༌། བཙན་དུག་ལ་རྗེན་ཟས་བྱེད་པ་དང་མཚུངས་པས་བག་ཡོད་པར་བྱ་བ་ནི་གནད་དམ་པའོ། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*