དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོའི་ནང༌།

ཡང་ན་ངོར་ཆེན་རྡོ་རྗེ་འཆང་ལས། འཇམ་དབྱངས་ཤེས་རབ་རྒྱ་མཚོ་དང་མཁས་གྲུབ་དཔལ་ལྡན་རྡོ་རྗེ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་ཡོངས་འཛིན་དཀོན་མཆོག་འཕེལ་མན་འདྲ། ཡང་ན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་དང་འཇམ་དབྱངས་ཤེས་རབ་རྒྱ་མཚོ་གཉིས་ཆར་ལས།མཁས་གྲུབ་དཔལ་རྡོར་མན་འདྲ། ཡང་ན་རྗེ་སངས་རྒྱས་རིན་ཆེན། ལྷ་མཆོག་སེང་གེ དཀོན་མཆོག་ལྷུན་གྲུབ་གསུམ་ཆར་ལས། འཇམ་དབྱངས་སངས་རྒྱས་སེང་གེས་གསན། དེ་ལས་རྗེ་བཙུན་དཀོན་མཆོག་དཔལ་ལྡན་དང་རྗེ་ནམ་མཁའ་དཔལ་བཟང་གཉིས་ཀྱིས་གསན། ཡང་ན་རྗེ་སངས་རྒྱས་རིན་ཆེན། ལྷ་མཆོག་སེང་གེ དཀོན་མཆོག་ལྷུན་གྲུབ་གསུམ་ཆར་ལས་ཤར་ཁང་པ་ཤེས་རབ་རྒྱལ་མཚན་གྱིས་གསན། དེ་ལས་རྗེ་ནམ་མཁའ་དཔལ་བཟང་པས་གསན་ནོ། །ཡང་ན་སངས་རྒྱས་རིན་ཆེན་དང་ལྷ་མཆོག་པ་དང་དཀོན་མཆོག་ལྷུན་གྲུབ་གསུམ་ཆར་ལས། མུས་ཆེན་དཀོན་མཆོག་རྒྱ་མཚོས་གསན། དེ་ལས་རྗེ་དཀོན་མཆོག་དཔལ་ལྡན་གྱིས་སོ། །ཡང་ན་སེམས་དཔའ་ཆེན་པོ་དང་ཀུན་མཁྱེན་གཉིས་ཀ་ལས། རྗེ་བཙུན་སངས་རྒྱས་རིན་ཆེན། དེ་ལས་ས་ལོ་དང་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་གསན་པ་མན་འདྲ། ཡང་ན་སེམས་དཔའ་ཆེན་པོ་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ་མན་འདྲ། ཡང་ན་སེམས་དཔའ་ཆེན་པོ་ནས། གྲུབ་ཆེན་དཀོན་མཆོག་བློ་གྲོས། རྗེ་སངས་རྒྱས་རིན་ཆེན་མན་འདྲ། ཡང་ན་རྒྱལ་ཚབ་ཀུན་དབང་ནས། མཁན་ཆེན་བསོད་ནམས་ལྷུན་གྲུབ། དེ་ལས་རྗེ་ས་ལོ་དང་དཀོན་མཆོག་ལྷུན་གྲུབ་ཀྱིས་གསན་པ་མན་འདྲ། ཡང་ན་ས་སྐྱ་པཎྜི་ཏ་ནས། ཚོགས་སྒོམ་པ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བྲག་ཕུག་པ་བསོད་ནམས་དཔལ་མན་འདྲ། ཡང་ན་ཉན་ཆེན་བསོད་ནམས་བརྟན་པ་ནས། དཀར་པོ་བྲག་པ་རིན་ཆེན་སེང་གེ བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཡང་ན་བྲག་ཕུག་པ་བསོད་ནམས་དཔལ་ནས། རི་ཁྲོད་པ་བློ་གྲོས་བརྟན་པ། དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཡང་ན་ཀུན་མཁྱེན་རིན་པོ་ཆེ་ནས། པཎ་ཆེན་དབང་ཕྱུག་གྲུབ་པ། བདག་ཆེན་ངག་གི་དབང་ཕྱུག འཇམ་དབྱངས་དཀོན་མཆོག་རྒྱ་མཚོ་མན་འདྲ། ཡང་ན་རྗེ་དཀོན་མཆོག་འཕེལ་ནས།བདག་ཆེན་ངག་གི་དབང་ཕྱུག་མན་འདྲ། ཡང་ན་ས་ལོ་ཙཱ་བ་ནས་ངག་གི་དབང་ཕྱུག་མན་འདྲ། ཡང་ན་རྗེ་སངས་རྒྱས་རིན་ཆེན་ནས། འཇམ་དབྱངས་ནམ་མཁའ་དབང་ཕྱུག དཀོན་མཆོག་རྒྱ་མཚོ་མན་འདྲ། ཡང་ན་རྗེ་དཀོན་མཆོག་རྒྱ་མཚོ་ནས། རྗེ་བཙུན་བྱམས་པ་རབ་བརྟན། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་མན་འདྲ། ཡང་ན་ཀུན་མཁྱེན་རིན་པོ་ཆེ་བསོད་ནམས་སེང་གེ་དང༌། ཀོང་སྟོན་དབང་ཕྱུག་གྲུབ་པ་གཉིས་ཆར་ལས། འཇམ་དབྱངས་ཆོས་གྲགས་རྒྱ་མཚོས་གསན། ཕྱི་མ་གསུམ་ཆར་ལས་མཁས་གྲུབ་བློ་གྲོས་རབ་ཡངས་དང༌། མཁས་མཆོག་བཀྲ་ཤིས་བརྟན་པ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་རྗེ་བློ་གྲོས་འབྱུང་གནས་ཀྱིས་གསན། དེ་ལས་རྗེ་བྱམས་པ་རབ་བརྟན་པས་སོ། །ཡང་ན་ཀུན་མཁྱེན་རིན་པོ་ཆེ། ལུམ་པ་གྲགས་འབྱོར་ཤེས་རབ།རྗེ་བློ་གྲོས་འབྱུང་གནས་མན་འདྲའོ། །ཡང་ན་ས་ལོ་ཙཱ་བ་དང་རྗེ་དཀོན་མཆོག་ལྷུན་གྲུབ་གཉིས་ལས་སྔགས་འཆང་ཀུན་དགའ་རིན་ཆེན་པས་གསན། སྔགས་འཆང་རིན་པོ་ཆེ་དང་འཇམ་དབྱངས་དཀོན་མཆོག་རྒྱ་མཚོ་རྗེ་དཀོན་མཆོག་དཔལ་ལྡན་གསུམ་ལས་འཇམ་དབྱངས་བསོད་ནམས་དབང་པོས་གསན། དེ་ལས་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱིས་གསན་པ་མན་སྔར་བཞིན་ནོ། །ཡང་ན་མུས་ཆེན་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། སྔགས་འཆང་ཀུན་དགའ་བསོད་ནམས། མཁན་ཆེན་བསོད་ནམས་རྒྱ་མཚོ། རྗེ་ནམ་མཁའ་དཔལ་བཟང་མན་སྔར་བཞིན་ནོ། །ཡང་ཉེ་བརྒྱུད་ནི། བརྩེ་བ་ཆེན་པོ་མངའ་རིས་གུང་ཐང་དུ་བཞུགས་སྐབས་དུག་བྱུང་བའི་རོ་མ་གཡས་རུའི་གྲོང་ཆུ་དགོན་པར་བཞུགས་དུས་ལོངས་པའི་སྐྱོན་གྱིས་ཆོས་རྣམས་མཉེལ་བས་འཇམ་དབྱངས་ཕུག་ཏུ་སྐུ་མཚམས་བསྡམས་ཏེ་གསོལ་བ་བཏབ་པས། ཞང་དགོན་པ་བ་མནལ་ལམ་དང་དངོས་སུ་བྱོན་ནས་གདམས་པ་རྣམས་གསུངས། དེ་རྗེས་རྣལ་འབྱོར་གྱི་དབང་ཕྱུག་ཆོས་འཁོར་གྱི་ཕྱག་རྒྱ་ཅན་ས་སྐྱའི་འབལ་གྲོག་མོན་གྲོག་གི་བར་སྐྱིལ་ཀྲུང་གཅིག་གིས་ཁེབས་པ་གཙོ་འཁོར་ལྔ་པ་ཞིག་ཞལ་གཟིགས། དེ་ནས་དབུ་རྩེ་རྙིང་མར་ཟླ་བ་གཅིག་གི་བར་དུ་མངོན་སུམ་དུ་བཞུགས་ནས་གསུང་ངག་རིན་པོ་ཆེ་དང་ལྕགས་རི་མི་འདའ་བའི་གསེར་ཆོས་བཞི་དང་རྒྱུད་སྡེ་བདུན་བཅུ་རྩ་གཉིས་ལ་སོགས་པ་གསུངས་ཏེ། དེའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རྗེ་བདག་མེད་མ། རྣལ་འབྱོར་དབང་ཕྱུག་བིརྺ་པ། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་མན་གོང་བཞིན་ནོ། །དེ་རྣམས་ནི་གསུང་ངག་གི་བརྒྱུད་པ་གཙོ་ཆེ་བའི་རྣམ་གྲངས་ཡིན་ལ། རྒྱུ་དབང་རྐྱང་པ་ཐོབ་པའི་བརྒྱུད་པའི་རྣམ་གྲངས་ལ། ཆོས་ཀྱི་རྒྱལ་པོ་འཕགས་པ་ཡན་གོང་བཞིན་ལམ་འབྲས་རྒྱུ་དབང་ལྷན་ཅིག་པ་ལྟར་ལས། དེ་ནས་ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། དེ་གཉིས་ཀ་ལས་རྒྱལ་ཚབ་ཀུན་དབང་དང༌། ཀུན་མཁྱེན་བསོད་ནམས་སེང་གེ ཡོངས་འཛིན་དཀོན་མཆོག་འཕེལ། དེ་ལས་ས་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས། དེ་གཉིས་ཀ་ལས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་བཙུན་ནམ་མཁའ་དཔལ་བཟང༌། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། ཤར་པ་ཤེས་རབ་འབྱུང་གནས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཁན་ཆེན་ཤེས་བྱ་བཟང་པོ།དེ་གཉིས་ཀ་ལས་ཤུག་ར་ཧེ་རུ་ཀ་དཔལ་ཀུན་དགའ་དཔལ་འབྱོར་གྱིས་གསན་ནམ་གསན་ཡུལ་གང་ཡིན་ཅུང་ཟད་བརྟག དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་སོ། །ཡང་ན་མཁན་ཆེན་ལྷུན་གྲུབ་དཔལ་ལྡན་ནས། མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ། ཆོས་རྗེ་རྡོ་རྗེ་འཆང་ཀུན་དགའ་ཆོས་འཕེལ། དེ་བཞི་ཆར་ལས་དྲིན་ཆེན་རྡོ་རྗེ་འཆང་བཀྲ་ཤིས་བཟང་པོས་གསན། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ཐོབ་བོ། །ཡང་ན་བྲག་ཕུག་པ་ནས། ལམ་འབྲས་པ་ཡེ་ཤེས་དཔལ། ས་སྐྱ་པ་རིན་ཆེན་དཔལ། ཆོས་ཀྱི་རྗེ་པཎྜི་ཏ་མན་འདྲ། ཡང་ན་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་ལས། ཤར་ཆེན་ཡེ་ཤེས་རྒྱལ་མཚན་དང༌། གྲུབ་ཆེན་བུདྡྷ་ཤྲཱིས་གསན། དེ་གཉིས་ལས་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་གསན་པ་མན་འདྲ། ཡང་ན་རྗེ་བཙུན་གྲགས་པ་ནས། གཅུང་དཔལ་ཆེན་འོད་པོ། ས་པཎ། ཟངས་ཚ་བསོད་ནམས་རྒྱལ་མཚན། འཕགས་པ། འདི་གཉིས་ཀྱི་བར་ན་བླ་མ་ཞིག་དགོས་ངེས་སུ་འདུག་པ་དམ་པ་ཀུན་དགའ་གྲགས་ཡིན་མིན་དཔྱད། བདག་ཉིད་ཆེན་པོ་བཟང་པོ་དཔལ། བླ་མ་དམ་པ་མན་འདྲ། ཡང་ན་བླ་མ་དམ་པ་ནས། བླ་ཆེན་ཀུན་དགའ་རྒྱལ་མཚན། ངོར་ཆེན་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ་ནས། ཚོགས་སྒོམ་པ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ།དཀར་པོ་བྲག་པ་རིན་ཆེན་སེང་གེ ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྗེ་རྡོ་རྗེ་འཆང༌། མཁས་གྲུབ་དཔལ་ལྡན་རྡོ་རྗེ་མན་འདྲ། ཡང་ན་འཕགས་པ་ནས། པཎྜི་ཏ་རྡོ་རྗེ་ཤེས་རབ། བླ་མ་འཕགས་རྒྱལ་བ། བླ་མ་རིན་ཆེན་དཔལ་བཟང༌། འགྲོ་མགོན་བསོད་ནམས་རྒྱལ་མཚན་མན་འདྲ། ཡང་ན་ཞང་དཀོན་མཆོག་དཔལ་ནས། དགའ་ལྡན་པ་ཀུན་དགའ་བསོད་ནམས། རྒྱལ་བ་བྲག་ཕུག་པ་མན་འདྲ། ཡང་ན་ཉན་ཆེན་པ་ནས། བང་མོ་ཞུ་པ་གཞོན་ནུ་དཔལ། བླ་མ་དམ་པ་མན་འདྲ། ཡང་ན་རྗེ་ས་པཎ་ནས། ཚོགས་སྒོམ་རིན་པོ་ཆེ། གཉགས་སྙིང་པོ་རྒྱལ་མཚན། བར་སྟོན་རྡོ་རྗེ་རྒྱལ་མཚན། མཁན་ཆེན་རྡོ་རྗེ་ཚུལ་ཁྲིམས། བླ་མ་དཀོན་མཆོག་རྒྱལ་མཚན། ས་སྐྱ་བུ་སྟོན་དབང་ཕྱུག་དར། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ཀུན་མཁྱེན་རོང་སྟོན་ཆེན་པོ། མཁས་གྲུབ་གུང་རུ་ཤེར་བཟང་མན་འདྲ། ཡང་ན་ས་སྐྱའི་ཞལ་ངོ་ནང་བརྒྱུད་ནི། འཕགས་པ་ནས། བདག་ཉིད་ཆེན་པོ་བཟང་པོ་དཔལ། བླ་ཆེན་ཀུན་དགའ་རྒྱལ་མཚན། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྒྱ་གར་ཤེས་རབ་རྒྱལ་མཚན། ས་ལོ་སྔགས་འཆང་ཆེན་པོ། ཁྲི་ཆེན་བསོད་ནམས་དབང་པོ། འཇམ་དབྱངས་ཀུན་དགའ་བསོད་ནམས། ཡབ་སྲས་གཉིས་ཆར་ལས་མཁན་ཆེན་ལྷུན་གྲུབ་དཔལ་ལྡན་པས་གསན་ནོ། །ཡང་ན་བྲག་ཕུག་པ་བསོད་ནམས་དཔལ་ནས། བྲག་ཕུག་པ་དཀོན་མཆོག་རྒྱལ་མཚན། ས་སྐྱ་བུ་སྟོན་དབང་ཕྱུག་དར་མན་འདྲ། ཡང་ན་དཔལ་ལྡན་བླ་མ་དམ་པ་ནས།སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་བཟང་པོ་རྒྱལ་མཚན། མཚུངས་མེད་རྒྱལ་མཚན་དཀོན་མཆོག རྫོང་ཆུང་པ་བྱམས་པ་རྡོ་རྗེ་རྒྱལ་མཚན། བདག་ཆེན་རྒྱ་གར་ཤེས་རབ་རྒྱལ་མཚན་མན་འདྲ། ཡང་ན་ངོར་ཆེན་ནས། གུ་གེ་པཎྜི་ཏ། རྗེ་རི་ཏི་སྐྱོག་པ། རྗེ་དཔལ་ལྡན་པ། རྗེ་ནམ་དཔལ་བ། རྗེ་ཡོན་ཏན་ཆོས་རྒྱལ། རྗེ་ལེགས་པའི་ཤེས་རབ་དྲུག་གིས་གསན། དྲུག་ག་ལས་གློ་བོ་མཁན་ཆེན་པས་གསན་པ་མན་འདྲ། ཡང་ན་ངོར་ཆེན་ནས། དཔལ་ལྡན་རྡོ་རྗེ། ཀུན་དགའ་མཆོག་གྲུབ་མན་འདྲ། ཡང་ན་ངོར་ཆེན་དང་སེམས་དཔའ་ཆེན་པོ་གཉིས་ལས། ཤེས་རབ་རྒྱ་མཚོ། ཀུན་དགའ་དབང་ཕྱུག དཔལ་ལྡན་རྡོ་རྗེ། ཀུན་མཁྱེན་བསོད་ནམས་སེང་གེ་བཞིས་གསན། མུས་ཆེན་མན་གྱི་བླ་མ་ལྔ་ག་ལས་རཏྣ་ཝརྡྷས་གསན་པ་མན་འདྲ། ཡང་ན་སེམས་དཔའ་ཆེན་པོ་ལས། ཀུན་མཁྱེན་གོ་བོ། གྲུབ་ཆེན་དཀོན་མཆོག་བློ་གྲོས། རྗེ་དཀོན་མཆོག་འཕེལ་གསུམ་གས་གསན། གསུམ་ག་ལས་རྗེ་སངས་རྒྱས་རིན་ཆེན་གྱིས་གསན། དཀོན་མཆོག་ལྷུན་གྲུབ་མན་གོང་ལྟར་རོ། །ཡང་ན་ངོར་ཆེན་ཡབ་སྲས། མཁས་གྲུབ་དཔལ་ལྡན་རྡོ་རྗེ་ནས། མི་ཉག་པཎ་ཆེན་གྲགས་པ་རྡོ་རྗེ། ས་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་ངོར་ཆེན་ནས། མཁས་པ་གཞོན་ནུ་སེང་གེ དེ་གཉིས་ཀས་རྗེས་སུ་བཟུང་བ་ལྷ་འབྲི་སྟོན་པ་ཤེས་རབ་རྡོ་རྗེ། མི་ཉག་པཎ་ཆེན་མན་གོང་བཞིན་ནོ། །ཡང་ན་ངོར་ཆེན་དང་མུས་ཆེན་གཉིས་ལས། སྤྱན་སྔ་རྡོ་རྗེ་ཀུན་དགའ་དང༌། མཁས་གྲུབ་གུང་རུ་ཤེར་བཟང་གིས་གསན།གཉིས་ཀ་ལས་མི་ཉག་པཎ་ཆེན་གྱིས་གསན་ནོ། །ཡང་ན་ས་པཎ་ནས། གྲུབ་ཐོབ་ཡོན་ཏན་དཔལ། ལ་རུ་བ་བསོད་ནམས་སེང་གེ ཀུན་མཁྱེན་གངས་པ་གྲགས་པ་དཔལ།«་་་་་སྤང་ཁང་པ་ཡང་ཟེར། »མ་ཏི་པཎ་ཆེན། ཐེག་ཆེན་ཆོས་རྗེ། ཉི་ལྡེ་པ་གུ་ཤྲཱི་ནམ་མཁའ་བཟང་པོ། དཔལ་ལྡན་རྡོ་རྗེ། མི་ཉག་པཎ་ཆེན་གྲགས་པ་རྡོ་རྗེ་མན་གོང་ལྟར་རོ། །ཡང་ན་བླ་མ་དཔལ་ལྡན་ཚུལ་ཁྲིམས་ནས། དེ་དབོན་ནམ་མཁའ་དཔལ་བཟང༌། གུ་ཤྲཱི་ནམ་མཁའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ་མན་འདྲ། ཡང་ན་གུ་ཤྲཱི་ནམ་མཁའ་བཟང་པོ་ནས། རྗེ་ངག་དབང་གྲགས་པ། བདག་ཆེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན། ས་ལོ་མན་འདྲ།ཡང་ན་འགྲོ་མགོན་བསོད་ནམས་རྒྱལ་མཚན། ཉ་དབོན་ཀུན་དཔལ། གྲུབ་ཆེན་ཀུན་དགའ་བློ་གྲོས། འཇམ་དབྱངས་དཀོན་མཆོག་བཟང་པོ། རྒྱ་གར་ཤེས་རབ་རྒྱལ་མཚན་མན་གོང་དང་འདྲ། ཡང་ན་འགྲོ་མགོན་ཆོས་རྗེ། མཁན་ཆེན་བྱང་ཆུབ་སེང་གེ ཐེག་ཆེན་ཆོས་རྗེ། གྲུབ་ཆེན་ཀུན་དགའ་བློ་གྲོས་སོགས་སྔར་དང་འདྲའོ། །ཡང་ན་འཇམ་དབྱངས་དཀོན་མཆོག་བཟང་པོ་ནས། བདག་ཆེན་རྒྱ་གར་བ་མན་སྔར་བཞིན་ནོ། །ཡང་ན་སངས་རྒྱས་སེང་གེ་དང༌། བྲང་ཏི་པ་ནམ་མཁའ་དཔལ་བཟང་གཉིས་ལས། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། དེ་དབོན་རྗེ་བཙུན་ཤེས་རབ་འབྱུང་གནས་མན་སྔར་དང་འདྲ། ཡང་ན་སངས་རྒྱས་སེང་གེ་ནས། དཀོན་མཆོག་དཔལ་ལྡན། ཤར་ཆེན་པ་མན་གོང་ལྟར། ཡང་ན་དཀོན་མཆོག་ལྷུན་གྲུབ་ནས།ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཤར་པ་ཀུན་བཀྲས་པ་མན་འདྲ། ཡང་ན་ཐར་རྩེ་པ་ནས། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། ཤར་པ་ཤེས་རབ་འབྱུང་གནས་མན་འདྲ། ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། དཀོན་མཆོག་དཔལ་ལྡན། རྩེ་གདོང་ཁྲི་ཆེན་མན་འདྲ། ཡང་ན་བདག་ཆེན་ངག་གི་དབང་ཕྱུག་ནས། མཁན་ཆེན་བྱམས་པ་རབ་བརྟན། རྩེ་གདོང་ཁྲི་ཆེན་མན་འདྲའོ། །ཞེས་གསན་ཡིག་འགའ་ཞིག་ཏུ་འདི་ལྟར་བྱུང་ཡང་རྒྱུ་དབང་གི་བརྒྱུད་པ་ལའང་ལམ་འབྲས་ཀྱི་བརྒྱུད་པ་འདྲེས་པའང་འབྱུང་བ་སོགས་ཞིབ་པར་གོང་མ་སོ་སོའི་རྣམ་པར་ཐར་པ་ལ་ལེགས་པར་དཔྱད་པས་རྟོགས་པར་འགྱུར་རོ། །ཨཥྚའི་བཟླས་ལུང་གི་བརྒྱུད་པ་ངོར་ལུགས་ནི། ཆོས་རྗེ་རྡོ་རྗེ་འཆང་ཡན་ལམ་འབྲས་ལྟར་ལ། དེ་ནས་མུས་ཆེན་སེམས་དཔའ་ཆེན་པོ། མུས་ཆེན་སངས་རྒྱས་རིན་ཆེན། ཡོངས་འཛིན་དཀོན་མཆོག་འཕེལ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། དེ་དབོན་དཀོན་མཆོག་དཔལ་ལྡན། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། དེ་གཉིས་ཀ་ལས་དཔལ་ལྡན་དོན་གྲུབ། འཇམ་མགོན་དཔལ་མཆོག་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསོད་ནམས་དཔལ་ལྡན། དེ་ལས་མཁན་ཆེན་བྱམས་པ་བསོད་ནམས་བཟང་པོ་དང༌། ཚུལ་ཁྲིམས་ལྷུན་གྲུབ་གཉིས་ཆར་གྱིས་གསན། སྔ་མ་ལས་འཇམ་དབྱངས་སངས་རྒྱས་དཔལ་བཟང་བས་གསན། དེ་ལས་བདག་གིས་སོ། །ཡང་ན་མཚུངས་མེད་བསོད་ནམས་དཔལ་ལྡན་པ་ནས། མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་རིན་ལའོ། །ཡང་ན་དཀོན་མཆོག་དཔལ་ལྡན་ནས། རྗེ་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། འཇམ་མགོན་དཔལ་མཆོག་པ་མན་སྔར་བཞིན་ནོ། །རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ས་ཆེན་ཡན་ཆད་ཡབ་དང་འདྲ། ས་སྐྱ་པ་ཆེན་པོ་ནས་ནེ་ཙོ་སྦལ་སྟོན། སློབ་དཔོན་«་་་་་སློབ་དཔོན་བྱེ་མ་ལུང་པ་ཞེས་པ་འདིར་སངས་རྒྱས་ཕུན་ཚོགས་པའི་གསན་ཡིག་ན་བྱུང་ཡང་ཐར་རྩེ་པཎ་ཆེན་དང་རྨོར་ཆེན་སོགས་ཀྱི་གསན་ཡིག་ན་མེད་པས་དགོས་སམ་མ་ཡིན་བརྟག»བྱེ་མ་ལུང་པ། བླ་མ་ཤེས་རབ་གྲགས། གནམ་པ་རྭ་ཆོས་ཀྱི་ཤེས་རབ། མངོན་པ་བ་དབང་ཕྱུག་བརྩོན་འགྲུས། དེ་ལས་འཕགས་པ་རིན་པོ་ཆེ་དང་པཎྜི་ཏ་རྡོ་རྗེ་ཤེས་རབ་གཉིས་ཀྱིས་གསན། དེ་གཉིས་ལས་ཞང་དཀོན་མཆོག་དཔལ། དེ་ནས་ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ་བ། དེ་ལས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་རི་ཁྲོད་པ་བློ་བརྟན་གཉིས་ཀྱིས་གསན། གཉིས་ཀ་ལས་བླ་མ་དཔལ་ལྡན་ཚུལ་ཁྲིམས། དེ་ལས་ཆོས་རྗེ་ཤར་པ་ཡེ་ཤེས་རྒྱལ་མཚན་དང་གྲུབ་ཆེན་བུདྡྷ་ཤྲཱི་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་ངོར་ཆེན་རྡོ་རྗེ་འཆང་གིས་གསན། དེ་ནས་སེམས་དཔའ་ཆེན་པོས་གསན། གཉིས་ཀ་ལས་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་དང་ཀུན་མཁྱེན་བསོད་ནམས་སེང་གེ་གཉིས་ཀྱིས་གསན། གཉིས་ཀ་ལས་འདྲེན་མཆོག་རཏྣ་ཝརྡྷ། ས་ལོ་ཐམས་ཅད་མཁྱེན་པ། སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན། གྲུབ་མཆོག་བསོད་ནམས་དབང་པོ། སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བཀྲ་ཤིས། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། དྲིན་ཆེན་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ཞེས་བགྱི་བས་ལེགས་པར་མནོས་སོ། །ཡང་ན་མངོན་པ་བ། འཕགས་པ་རིན་པོ་ཆེ། སྒང་སྟོན་ཤེས་རབ་འབུམ། དཀར་པོ་བྲག་པ། དཔལ་ལྡན་ཚུལ་ཁྲིམས་པ་མན་འདྲ། ཡང་ན་འདྲེན་མཆོག་དཀོན་མཆོག་འཕེལ་ནས། རྗེ་ལྷ་མཆོག་སེང་གེ དེ་གཉིས་ཀ་ལས་རྗེ་དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ཨ་མི་ལགས་སྔགས་འཆང་ཀུན་དགའ་བསོད་ནམས་མན་འདྲ། ཡང་ན་འདྲེན་མཆོག་དཀོན་མཆོག་འཕེལ་ནས། རྗེ་དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱ་མཚོ་མན་འདྲ། ཡང་ན་ཚར་ཆེན་ནས་བརྒྱུད་པ་ངག་དབང་ཆོས་གྲགས་ལས། ཨ་མི་ལགས་ཀྱིས་གསན་ནོ། །ཡིག་ཆ་རྣམས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་སྒྲུབ་ཐབས། དཀྱིལ་ཆོག མཚམས་སྦྱོར་རྣམས་ཀྱི་སྟེང་ནས་ཐོབ་བོ།།  ༈ །རྡོ་རྗེ་སློབ་དཔོན་ཆེན་པོའི་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་ལམ་དུས་ཀྱི་དབང་བསྐུར་བ་ལན་དུ་མའི་བར་དུ་ཐོབ་པའི་བརྒྱུད་པ་རྒྱས་པ་ནི་གོང་གི་གསུང་ངག་ཡོངས་རྫོགས་ཀྱི་དབང་ཁྲིད་ཀྱི་བརྒྱུད་པ་ཇི་ལྟ་བ་བཞིན་ཡིན་ཞིང༌། འདིར་ཡང་རྒྱུ་དབང་དང་ལམ་དབང་གཉིས་ཀའི་བརྒྱུད་པ་སོ་སོར་མ་ཕྱེ་བར་ཚིགས་སུ་བཅད་པའི་སྒོ་ནས་རྟོགས་བདེ་བར་བརྗོད་ན། ཐོག་མཐའ་མེད་པའི་སངས་རྒྱས་རྡོ་རྗེ་འཆང༌། །མ་སྐྱེས་མི་འགག་ཤེས་རབ་བདག་མེད་མ། །སྟོབས་བཅུའི་དབང་ཕྱུག་དཔལ་མགོན་«དམར་སེར་ཞེས་པ་མེ་སྦྲུལ་ལོ་ལ་སཽ་མ་པཱུ་རིར་བལྟམས་ནས་རྣམ་འབྱུང་ས་འབྲུག་ལ་གྲུབ་པ་བརྙེས།་་་་་»བི་རཱུ་པ། །རྣལ་འབྱོར་དབང་ཕྱུག་ཤར་ཕྱོགས་ནག་པོ་«་་་་་རྒྱ་གར་ཤར་ཕྱོགས་སུ་སྐུ་འཁྲུངས། »པ། །རྟེན་འབྲེལ་ཟབ་མོའི་དོན་གཟིགས་ཌཱ་མ་«་་་་་རྒྱལ་རིགས་ཡུལ་དབུས་སུ་སྐུ་འཁྲུངས། »རུ། །གཟུང་འཛིན་ཀུན་སྤངས་ཨ་«ཝཱ་ར་ཎཱ་སཱིར་སྐུ་འཁྲུངས།་་་་་»ཝ་དྷཱུ་ཏཱི་པ། །མཁས་ཤིང་གྲུབ་པ་བརྙེས་པ་རཏྣ་«་་་་་གྷ་ཡ་དྷ་རའི་མཚན་གྱི་རྣམ་གྲངས་ཏེ་བྷཾ་ག་ལར་སྐུ་འཁྲུངས། »ཤྲཱི། །སྒྲ་བསྒྱུར་རྒྱལ་པོ་ཤཱཀྱ་«་་་་་མང་མཁར་དུ་སྐུ་འཁྲུངས། »ཡེ་ཤེས་དང༌། །སྙན་བརྒྱུད་གདམས་པ་ཀུན་«མདོག་སྨ་ཆེ་འགྲམ་དུ་སྐུ་འཁྲུངས།་་་་་»རིག་རྗེ་བཙུན་སེ། །ཟབ་དོན་ཆོས་ཀྱི་སྣང་བ་«་་་་་སག་ཐང་སྡིངས་སུ་སྐུ་འཁྲུངས། »ཞང་ཆོས་འབར། །ཨཾ་«བག་ཡོད་ཅེས་པ་ཆུ་མོ་གླང་གི་ལོ་དཔལ་ས་སྐྱ་བཏབ་ནས་ལོ་བཅུ་དགུ་འདས་པར་བྲོམ་སྟོད་ཁ་འུར།་་་་་»གིར་ཆུ་སྤྲེལ་ལོར་འཁྲུངས་ས་སྐྱ་པ། །རྔ་ཆེན་ཆུ་ཁྱི་ལོར་འཁྲུངས་«་་་་་ཡབ་ལྔ་བཅུ་པའི་དུས་གཟིམས་སྤྱིལ་དཀར་པོར།»རྗེ་བཙུན་རྩེ། །རབ་བྱུང་མེ་ཡོས་«་་་་་དེ་ལས་ལྔས་གཞོན་པ་སྒོ་རུམ་མགོན་ཁང་མདོར། »འཁྲུངས་པ་གྲགས་པའི་ཞབས། །དགེ་བྱེད་ཆུ་སྟག་ལོར་འཁྲུངས་«་་་་་དེ་ལས་སུམ་ཅུ་རྩ་ལྔས་གཞོན་པ་སྒོ་རུམ་ཚོགས་ཁང་ཕུར། »པཎྜི་ཏ། །མྱོས་བྱེད་ཤིང་ལུག་ལོར་འཁྲུངས་«་་་་་དེ་ལས་ལྔ་བཅུ་ང་གསུམ་གྱིས་གཞོན་པ་ཀླུང་ཁུད་དུ། »འཕགས་པའི་ཞབས། །ཀུན་ལྡན་ལྕགས་«་་་་་དེ་ལས་ལྔས་གཞོན་པར་ར་ས་མཚལ་ཁུད་དུ། »བྱི་ལོར་འཁྲུངས་དཀོན་མཆོག་དཔལ། །དབང་ཕྱུག་མེ་གླང་ལོར་འཁྲུངས་«་་་་་དེ་ལས་ལོ་སོ་བདུན་གྱིས་གཞོན་པ་ར་ས་མཚལ་ཁུད་དུ། »བྲག་ཕུག་པ། །ཡོངས་འཛིན་ཆུ་བྱི་ལོར་འཁྲུངས་འགྲོ་མགོན་རྗེ།«་་་་་དེ་ལས་སོ་ལྔས་གཞོན་པ་ཞྭ་ལུ་ཁང་གསར་དུ། »ཨགྣི་«དེ་ལས་བཞིས་གཞོན་པ།་་་་་»མེ་འབྲུག་ལོར་འཁྲུངས་རི་ཁྲོད་པ། །དཔལ་གདོང་ཆུ་བྱ་ལོར་འཁྲུངས་«་་་་་དེ་ལས་བཅུ་བདུན་གྱིས་གཞོན་པ་འབྲས་ཁུད་སྒང་སྐྱ་རུ། »དཔལ་ལྡན་པ། །མྱོས་ལྡན་ས་ཡོས་«དེ་ལས་དྲུག་གིས་གཞོན་པ་མདོག་གི་ཕུར།་་་་་»ལོར་འཁྲུངས་བུདྡྷ་ཤྲཱི། །རྔ་ཆེན་ཆུ་ཁྱི་ལོར་«་་་་་དེ་ལས་ཞེ་གསུམ་གྱིས་གཞོན་པ་ས་སྐྱའི་བྱི་ཁུང་སྒོར། »འཁྲུངས་རྡོ་རྗེ་འཆང༌། །རྣམ་བྱུང་ས་འབྲུག་ལོར་«་་་་་དེ་ལས་དྲུག་གིས་གཞོན་པ་མུས་སྟོད་གླིང་སྐྱར། »འཁྲུངས་མུས་པ་རྗེ། །ཁྲོ་བོ་ཤིང་གླང་ལོར་«་་་་་དེ་ལས་བདུན་གྱིས་གཞོན་པ་ས་སྐྱའི་གུ་རར། »འཁྲུངས་དཀོན་མཆོག་འཕེལ། །དམར་སེར་མེ་སྦྲུལ་ལོར་«་་་་་དེ་ལས་ང་གཉིས་ཀྱིས་གཞོན་པ་དཔལ་ས་སྐྱའི་གཉན་བླ་བྲང་དུ།»འཁྲུངས་དཀོན་ལྷུན་རྗེ། །མྱོས་བྱེད་ཤིང་ལུག་ལོར་འཁྲུངས་«་་་་་དེ་ལས་སོ་བརྒྱད་ཀྱིས་གཞོན་པ་ས་སྐྱའི་མདོ་བརྗོད་བཀྲ་ཤིས་གླིང་དུ། »བྲང་ཏི་པ། །སྐྱེས་བདག་ལྕགས་ལུག་ལོར་འཁྲུངས་«་་་་་དེ་ལས་སོ་དྲུག་གིས་གཞོན་པ། »ས་«་་་་་འཇམ་དབྱངས་ཀུན་གདའ་བསོད་ནམས་ལྷུན་གྲུབ། »སྐྱ་པ། །གདོང་ངན་མེ་སྤྲེལ་ལོར་འཁྲུངས་«་་་་་དེ་ལས་ཉེར་ལྔས་གཞོན་པ་བཞད་ཀྱི་ཁྱེལ་དུ། »ཤེར་འབྱུང་གནས། །མིག་དམར་ཤིང་བྱི་ལོར་འཁྲུངས་«་་་་་དེ་ལས་ཉེར་བརྒྱད་ཀྱིས་གཞོན་པ་ཤར་མི་ཉག་གི་ཡུལ་འདུན་པར།» ལྷུན་གྲུབ་དཔལ། འགལ་བ་ས་གླང་ལོར་«་་་་་དེ་ལས་ཉེར་ལྔས་གཞོན་པ་མངའ་རིས་སྨད་ཀྱི་ཏྲེའི་འབྲོག་གསེབ་ཏུ། »འཁྲུངས་བུདྡྷའི་མཚན། །ཨགྣི་མེ་འབྲུག་ལོར་འཁྲུངས་«་་་་་དེ་ལས་ལོ་ཉེར་བདུན་གྱིས་གཞོན་པ་ཡུལ་དར་རྩེ་མདོར། »ཚུལ་ལྷུན་ཞབས། །རྣམ་གནོན་ལྕགས་འབྲུག་ལོར་སྐྱེས་«དེ་ལས་ཉེར་བཞིས་གཞོན་པ་ལྡན་ཡུལ་ས་དཀར་དུ།་་་་་»བདག་ལའོ། །ཡང་ན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ནས། །ཕུར་བུ་ས་སྤྲེལ་ལ་«་་་་་དེ་ལས་བཅུ་དགུས་གཞོན་པ་མདོ་མཁར་ཆོས་སྡེར།» འཁྲུངས་བཀྲ་ཤིས་ལྷུན། །དེ་ཡིས་རྗེས་བཟུང་ཚུལ་ཁྲིམས་རིན་ཆེན་«་་་་་དེ་ལས་སོ་གཉིས་ཀྱིས་གཞོན་པ་ལྡན་ཕྲུག་གོ »།ནོ། །ཡང་ན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ནས། །ཤིང་ཡོས་ལོར་«་་་་་དེ་ལས་ཉེར་དྲུག་གིས་གཞོན་པ་མི་ཉག་རབ་སྒང་དུ།» འཁྲུངས་ཚུལ་ཁྲིམས་དཔལ་བཟང་དང༌། །ཞི་བ་ས་བྱའི་བསོད་དཔལ་«་་་་་དེ་ལས་དྲུག་གིས་བགྲེས་པར་ཕྱུག་གཞུང་སྤེས་རྒྱར། »གཉིས་ཀྱིས་གསན། །གཉི་གས་རྗེས་སུ་བཟུང་ནས་ལེགས་སྩལ་བ། །སྣ་ཚོགས་ཆུ་རྟའི་དཔལ་ལྡན་ཆོས་སྐྱོང་«་་་་་ཕྱི་མ་ལས་སོ་གསུམ་གྱིས་གཞོན་པ་གཙང་ངོར་གྱི་སྤེའི་རོང་དུ།» སྟེ། །དེ་ཡིས་རྗེས་བཟུང་བནྡེ་ཚུལ་རིན་«་་་་་དེ་ལས་གསུམ་གྱིས་བགྲེས་པ་འབྲི་ཀླུང་གསེར་དང་ལྡན་མའི་འགྲམ་ངོགས་ས་དཀར་དུ། »ནོ། །ཡང་ན་མཁན་ཆེན་བསོད་ནམས་དཔལ་ལྡན་ནས། །དཀར་པོ་ས་སྦྲུལ་ལ་«་་་་་དེ་ལས་ཉི་ཤུས་གཞོན་པ་གཙང་རོང་གླིང་མ་མཁར་དུ། »འཁྲུངས་བསོད་ནམས་བཟང༌། །དེ་ལས་མྱོས་ལྡན་ས་ཡོས་དཔལ་«་་་་་དེ་ལས་བཅུས་གཞོན་པ་འབྲི་ཀླུང་གསེར་ལྡན་མའི་འགྲམ་གྱི་བྱ་རར། »བཟང་པ། །དེ་ལས་རྒྱུ་ལམ་དབང་ཐོབ་ཚུལ་རིན་ནོ། །ཡང་ན་ངོར་ཆེན་ཡབ་«་་་་་རྡོ་རྗེ་འཆང་དང་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། »སྲས་གཉིས་ཆར་ལས། །ཁྲོ་མོ་ཤིང་«་་་་་ཕྱི་མ་ལས་སོ་དྲུག་གིས་གཞོན་པ་ས་སྐྱ་རུ། »འབྲུག་རྒྱལ་ཚབ་ཀུན་དབང་དང༌། །ཞི་བ་ས་བྱའི་གོ་རམས་«་་་་་དེ་ལས་ལྔས་གཞོན་པར་མདོ་ཁམས་འབམ་གྱི་ཡུལ་དུ། »གཉི་གས་གསན། །གཉི་ག་ལས་ཐོབ་དཀོན་མཆོག་འཕེལ་«་་་་་དེ་ལས་བཅུ་དྲུག་གིས་གཞོན་པ། »འཕེལ་བའོ། །དེ་ལས་དཔལ་«་་་་་དེ་ལས་བརྒྱད་ཀྱིས་གཞོན་པ་མུས་སྟག་མོ་གླིང་སྐྱར། »གདོང་ཆུ་བྱ་སངས་རིན་པ། །གཉི་གས་རྗེས་སུ་བཟུང་བའི་སྲས་ཀྱི་མཆོག །ཀུན་འཛིན་ས་བྱི་ལོར་«་་་་་སངས་རྒྱས་རིན་ཆེན་ལས་བཅོ་ལྔས་གཞོན་པ་ས་སྐྱ་རུ། »འཁྲུངས་ལྷ་མཆོག་སེང༌། །གཉི་«་་་་་དེ་ལས་ཉེར་དགུས་གཞོན་པ། »གས་རྗེས་བཟུང་དཀོན་མཆོག་ལྷུན་གྲུབ་དང༌། །མིག་དམར་ཤིང་བྱའི་སངས་རྒྱས་སེང་གེ་གཉིས།«་་་་༌།དེ་ལས་བདུན་གྱིས་གཞོན་པ། »།གཉི་གས་རྗེས་བཟུང་མི་ཟད་མེ་ཁྱི་«་་་་་ཕྱི་མ་ལས་ཉེར་གཉིས་ཀྱིས་གཞོན་པ་ས་སྐྱའི་གཉན་ཁང་གསར་དུ། »བ། །དཀོན་མཆོག་དཔལ་ལྡན་པ་དང་བྲང་ཏི་པ།«་་་་༌།དེ་ལས་དགུས་གཞོན་པ། »གཉི་གས་ས་རྟར་འཁྲུངས་«་་་་་ཕྱི་མ་ལས་ཉེར་གསུམ་གྱིས་གཞོན་པ་ས་སྐྱའི་གུ་ར་རུ། »པ་ཀུན་བཀྲས་པར། །དེ་ལས་སྒྱུར་བྱེད་ས་«དེ་ལས་ཞེ་གཉིས་ཀྱིས་གཞོན་པ་གཅན་ལུང་མཁས་སྔར།་་་་་»ཕག་དཔལ་མཆོག་ལས། །སངས་རྒྱས་ཕུན་ཚོགས་མན་ཆད་གོང་«དེ་ལས་ལྔ་བཅུས་གཞོན་པ།་་་་་»བཞིན་ནོ། །ཡང་ན་ངོར་ཆེན་ཡབ་སྲས་གཉིས་ཀ་ལས། །ས་བྱི་ལོར་«ཕྱི་མ་ལས་ཉི་ཤུས་གཞོན་པར་གཙང་ཆུ་མིག་གི་བྱ་འདབ་གྲོང་དུ།་་་་་»འཁྲུངས་འཇམ་དབྱངས་ཤེར་རྒྱམ་ལས། །བོང་བུ་ལྕགས་ཡོས་དཔལ་རྡོར་«་་་་་དེ་ལས་གསུམ་གྱིས་གཞོན་པ་དཔལ་ས་སྐྱར་སྐུ་འཁྲུངས། »མན་ཆད་འདྲ། །ཡང་ས་སྐྱའི་ཞལ་ངོ་ནང་བརྒྱུད་ནི། འཕགས་པ་ནས་བདག་ཉིད་ཆེན་པོ་བཟང་པོ་དཔལ། དེ་ལས་བླ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་གསན་པ་ནས། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྒྱ་གར་ཤེས་རབ་རྒྱལ་མཚན། ས་ལོ་སྔགས་འཆང་ཆེན་པོ། ཁྲི་ཆེན་བསོད་ནམས་དབང་པོ། འཇམ་དབྱངས་ཀུན་དགའ་བསོད་ནམས་ཡབ་སྲས་གཉིས་ཆར་ལས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན་པས་གསན་ནོ། །ཡང་རྨོར་ཆེན་རྡོ་རྗེ་འཆང་ཆེན་པོའི་དྲུང་ནས་ལམ་དུས་ལུས་དཀྱིལ་གྱི་དབང་ཐོབ་པའི་བརྒྱུད་པ་སློབ་བཤད་ལྟར་ན། ངོར་ཆེན་རྡོ་རྗེ་འཆང་ཡན་ཆད་སྔར་བཞིན་ལ། དེ་ནས་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ།རྡོ་རིང་པ་ཆེན་པོ་ཀུན་བཟང་ཆོས་ཀྱི་ཉི་མ་བློ་ལྡན་ཤེས་རབ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ།རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ངག་དབང་ཀུན་དགའ་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ཅན་ལ་བཀའ་དྲིན་དུ་སྩལ་ཏོ། །བརྒྱུད་པ་ཐུན་མོང་ཙམ་ནི་ཞང་དཀོན་མཆོག་དཔལ་ནས། དགའ་ལྡན་པ་ཀུན་བསོད། བླ་ཆེན་ཀུན་དགའ་བློ་གྲོས། ཆོས་རྗེ་བླ་མ་དམ་པ། རྗེ་དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང༌། མུས་ཆེན་སེམས་དཔའ་ཆེན་པོ། བདག་ཆེན་རྡོ་རྗེ་འཆང༌། རྗེ་བཙུན་སྒོ་རུམ་པ། འཇམ་མགོན་མཁྱེན་བརྩེ་མན་སྔར་ལྟར་རོ། །ཡང་ན་མུས་ཆེན་ནས། ཀུན་མཁྱེན་བསོད་ནམས་སེང་གེ པཎ་ཆེན་དབང་ཕྱུག་གྲུབ་པ། བདག་ཆེན་ངག་གི་དབང་ཕྱུག བདག་ཆེན་ཀུན་དགའ་བསམ་འགྲུབ། འཇམ་མགོན་མཁྱེན་བརྩེ་མན་འདྲ། ཡང་ན་ངོར་ཆེན་ལས། མུས་ཆེན། རྒྱལ་ཚབ་རྗེ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། པཎ་ཆེན་གྲགས་པ་རྒྱལ་མཚན། མཁས་གྲུབ་དཔལ་ལྡན་རྡོ་རྗེ་ལས་གསན། དེ་ལྔ་ཆར་ལས་མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་དཔལ་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། དེ་དབོན་དཀོན་མཆོག་དཔལ་ལྡན། དེ་ལས་ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་དང༌། ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་མཁན་ཆེན་ངག་དབང་བསྟན་པའི་རྡོ་རྗེ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ལའོ།།  ༈ །ལམ་དབང་གི་སྐབས་སུ་མཛད་པའི་ཧེ་རུ་ཀའི་ཡི་གེ་བརྒྱ་པའི་བཟླས་ལུང་ཐོབ་པའི་བརྒྱུད་པ་ནི་གོང་གི་ལམ་དབང་གི་སྐབས་བརྒྱུད་པའི་འགྲོས་གཅིག་པས་དེས་ཤེས་ཤིང༌། འདིར་མཁས་གྲུབ་སངས་རྒྱས་ཕུན་ཚོགས་པའི་གསན་ཡིག་ཏུ། རྗེ་ནམ་མཁའ་སངས་རྒྱས་ཡན་གོང་ལྟར་ལས། དེ་ནས་རྗེ་དམ་ཆོས་བསམ་འགྲུབ། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ལའོ། །རྗེ་བཙུན་རྡོ་རྗེ་བདག་མེད་མའི་བྱིན་རླབས་ཀྱི་བརྒྱུད་པ་ནི། ཤར་ཆེན་ཤེས་རབ་འབྱུང་གནས་ཡན་སྔར་བཞིན་ལས། དེ་ནས་མཁན་ཆེན་ལྷུན་གྲུབ་དཔལ་ལྡན། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཞལ་བརྒྱད་བཅུ་དྲུག་ཕྱག་ཅན་དུ་བསྒོམ་པའི་ཁྲིད་དང་བྱིན་རླབས་བཅས་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། རྣལ་འབྱོར་དབང་ཕྱུག་བིརྺ་པ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བྲག་ཕུག་པ་བསོད་ནམས་དཔལ། དེ་ལས་རི་ཁྲོད་པ་བློ་གྲོས་བརྟན་པ་དང་བླ་མ་དམ་པ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་བླ་མ་དཔལ་ལྡན་ཚུལ་ཁྲིམས། དེ་ལས་ཤར་པ་ཡེ་ཤེས་རྒྱལ་མཚན་དང་གྲུབ་ཆེན་བུདྡྷ་ཤྲཱི་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་གསན། དེ་ལས་སེམས་དཔའ་ཆེན་པོ། དེ་གཉིས་ཀ་ལས་རྒྱལ་ཚབ་དམ་པ་ཀུན་དབང་དང་ཀུན་མཁྱེན་བསོད་ནམས་སེང་གེ་གཉིས་ཀྱིས་གསན། ཕྱི་མ་གསུམ་ཆར་ལས་རྗེ་དཀོན་མཆོག་འཕེལ་གྱིས་གསན། སེམས་དཔའ་ཆེན་པོ་ལས་གྲུབ་ཆེན་དཀོན་མཆོག་བློ་གྲོས་ཀྱིས་གསན། སེམས་དཔའ་ཆེན་པོ་དང༌། ཀུན་མཁྱེན་དང༌། གྲུབ་ཆེན་གསུམ་ཆར་ལས་སངས་རྒྱས་རིན་ཆེན་པས་གསན། ཕྱི་མ་ལས་རྗེ་དཀོན་མཆོག་འཕེལ་དང་སངས་རྒྱས་རིན་ཆེན་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་ས་ལོ་ཙཱ་བ་དང༌། ལྷ་མཆོག་པ་དང་དཀོན་མཆོག་ལྷུན་གྲུབ་གསུམ་གྱིས་གསན། ས་ལོ་ཙཱ་བ་ལས་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་གསན། རྗེ་ལྷ་མཆོག་པ་དང་དཀོན་མཆོག་ལྷུན་གྲུབ་གཉིས་ཆར་ལས། རྗེ་སངས་རྒྱས་སེང་གེ་དང་ཤར་ཁང་པ་གཉིས་ཀས་གསན། དཀོན་མཆོག་ལྷུན་གྲུབ་དང༌། སངས་རྒྱས་སེང་གེ་དང་ཤར་ཁང་པ་གསུམ་ག་ལས་རྗེ་བྲང་ཏི་ནམ་མཁའ་དཔལ་བཟང་པས་གསན། དེ་ནས་རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་དང་མཁས་གྲུབ་དཔལ་ལྡན་དོན་གྲུབ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་རྗེ་དཔལ་མཆོག་རྒྱལ་མཚན་གྱིས་གསན། དེ་ལས་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་གསན། དེ་ལས་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ་ཀྱིས་གསན། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་སོ། །ཡང་ན་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་ལས། རྗེ་དཀོན་མཆོག་དཔལ་ལྡན། རྗེ་ནམ་མཁའ་དཔལ་བཟང༌། རྗེ་བྱམས་པ་རབ་བརྟན། འཇམ་དབྱངས་བསོད་ནམས་དབང་པོ་དང་བཞིས་གསན། རྗེ་ནམ་མཁའ་དཔལ་བཟང་ལས། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱིས་གསན། རྩེ་གདོང་ཁྲི་ཆེན་དང་བྱམས་པ་ཀུན་དགའ་བཀྲ་ཤིས་གཉིས་ལས། ཤར་ཆེན་ཤེས་རབ་འབྱུང་གནས་ཀྱིས་གསན། དེ་ལས་རྗེ་དམ་ཆོས་བསམ་འགྲུབ་པས་གསན། དེ་ལས་མཁན་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས་ཀྱིས་གསན། དེ་ལས་མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་ལྷུན་གྲུབ་ཀྱིས་གསན། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ལན་གསུམ་བར་དུ་ལེགས་པར་ནོས་སོ། །ཡང་ན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ནས། འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་སོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། ཤེས་བྱ་བཟང་པོ་དང་རྗེ་བསོད་ནམས་དཔལ་ལྡན་གཉིས་ཀྱིས་གསན། དེ་གཉི་ག་ལས་འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། བྱམས་པ་ཚུལ་ཁྲིམས་དཔལ་བཟང་དང༌། མཚུངས་མེད་བསོད་ནམས་དཔལ་ལྡན་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་བྱམས་པ་བསོད་ནམས་བཟང་པོ་དང༌། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་གཉིས་ཀྱིས་གསན། ཕྱི་མ་དེ་ལས་བདག་གིས་ཐོབ་བོ། །ཡང་ན་རྗེ་བསོད་ནམས་བཟང་པོ་དང་བཀྲ་ཤིས་ལྷུན་གྲུབ་གཉིས་ཀ་ལས། མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་དཔལ་བཟང༌། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་ལེགས་པར་ཐོབ་བོ། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་ནང་མའི་བྱིན་རླབས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང༌། རྣལ་འབྱོར་དབང་ཕྱུག་བིརྺ་པ། རྗེ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་པ། ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། འཇམ་དབྱངས་ཤེས་རབ་རྒྱ་མཚོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཀུན་མཁྱེན་བསོད་ནམས་སེང་གེ ལྔ་ཀས་རྗེས་སུ་བཟུང་བ་འདྲེན་མཆོག་དཀོན་མཆོག་འཕེལ། ས་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ས་སྐྱ་པ་ཞབས་དྲུང་ཨ་མི་ལགས། བདག་ཆེན་བསོད་ནམས་དབང་ཕྱུག་མཁན་ཆེན་ལྷུན་གྲུབ་དཔལ་ལྡན་པ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། འཇམ་དབྱངས་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་འཇམ་མགོན་བཀྲ་ཤིས་ལྷུན་གྲུབ་ནས། རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང་དང་འཇམ་དབྱངས་སངས་རྒྱས་དཔལ་བཟང་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་ལེགས་པར་ཐོབ་བོ། །བླ་མ་དོན་ཡོད་གྲུབ་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཚར་གསུམ་ཁུག་པའི་བྱིན་རླབས་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། དཔལ་བིརྺ་པ། གྲུབ་ཆེན་ཀཧྞ་པ། རྗེ་བཙུན་ཌཱ་མ་རུ་པ། གཉིས་སྤངས་ཞབས། པཎ་ཆེན་ག་ཡ་དྷ་ར།ལོ་ཆེན། འབྲོག་མི། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ་དགྲ་ལྷ་འབར། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ།ས་སྐྱ་པཎྜི་ཏ། ལུང་ཕུ་བ་ནམ་མཁའ་བསོད་ནམས། བཀྲས་ལུང་པ། མཁས་གྲུབ་གཞོན་ནུ་དོན་གྲུབ། ཞང་སྟོན་བྱང་ཆུབ་ཤེས་རབ། ཆོས་རྗེ་བླ་མ་དམ་པ།བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ཆོས་ཀྱི་རྗེ་ངོར་ཆེན་རྡོ་རྗེ་འཆང༌། མུས་ཆེན་སེམས་དཔའ་ཆེན་པོ། རྒྱལ་ཚབ་ཀུན་དབང་པ། ཀུན་མཁྱེན་བསོད་ནམས་སེང་གེ འདྲེན་མཆོག་རཏྣ་ཝརྡྷ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་པྲཛྙཱའི་མཚན་ཅན། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། བཅོ་བརྒྱད་པ་མཁྱེན་རབ་བསྟན་འཛིན། དེ་དབོན་བྱམས་པ་ངག་དབང་ལྷུན་གྲུབ། སྤྲུལ་སྐུ་རིན་པོ་ཆེ་པདྨ་ཕྲིན་ལས། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། དེ་ནས་བླ་མ་གཞན་ཡོད་དམ་མུས་པའི་དགེ་བཤེས་ཚུལ་ཁྲིམས་ཀྱིས་གསན་པ་ཡིན་ནམ་བརྟག དྲིན་ཆེན་རྡོ་རྗེ་འཆང་ཆེན་པོ་ཚུལ་ཁྲིམས་ལྷུན་གྲུབ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་མནོས་སོ། །ཡང་ན་རྗེ་བཙུན་གྲགས་པ་རྒྱལ་མཚན་ནས། དབང་ཕྱུག་འོད་ཟེར། མཁན་པོ་རོང་པ། ལུང་ཕུ་བ་མན་འདྲ། ཡང་ན་ས་སྐྱ་པཎྜི་ཏ་ནས། ཚོགས་སྒོམ་པ། ཉན་ཆེན་པ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲའོ། །བླ་མ་རིན་ཆེན་འབྱུང་ལྡན་གྱི་བྱིན་རླབས་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། ལོ་ཆེན་འབྲོག་མི་ཡན་སྔ་མ་རྣམས་དང་འདྲ་བ་ལས། དེ་ནས་མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ། ས་སྐྱའི་རྗེ་བཙུན་གོང་མ་གསུམ། ས་སྐྱ་པཎྜི་ཏ། ལུང་ཕུ་བ། བཀྲས་ལུང་པ། མཁས་གྲུབ་གཞོན་ནུ་དོན་གྲུབ། ཞང་སྟོན་བྱང་ཤེ བླ་མ་དམ་པ་བསོད་ནམས་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས། ངོར་ཆེན་རྡོ་རྗེ་འཆང༌། གུང་རུ་ཤེས་རབ་བཟང་པོ། མཁྱེན་རབ་རྗེ། ལོ་པ་ངག་དབང་ཆོས་གྲགས། བཅོ་བརྒྱད་པ་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། དེ་དབོན་བྱམས་པ་ངག་དབང་ལྷུན་གྲུབ། སྤྲུལ་སྐུ་རིན་པོ་ཆེ་པདྨ་ཕྲིན་ལས།འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། མཁན་ཆེན་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ། དེས་བདག་ཚུལ་རིན་ལའོ། །ཡང་སློབ་བཤད་པ་ལས་བརྒྱུད་པའི་ལུགས་ལྟར་ན། ངོར་ཆེན་རྡོ་རྗེ་འཆང་ཡན་ཆད་སྔར་བཞིན་ལས། དེ་ནས་སེམས་དཔའ་ཆེན་པོ། བདག་ཆེན་རྡོ་རྗེ་འཆང༌། རྗེ་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག མཁན་ཆེན་བསླབ་གསུམ་པ། རྡོ་རྗེ་འཆང་དབང་རབ་པ།མགོན་པོ་བསོད་ནམས་མཆོག་ལྡན། རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། སྤྲུལ་སྐུ་པདྨ་ཕྲིན་ལས། འཇམ་དབྱངས་སངས་རྒྱས་ཕུན་ཚོགས་མན་འདྲའོ། །བིར་སྲུང་ཐུན་མོང་བའི་བྱིན་རླབས་ཐོབ་པའི་བརྒྱུད་པ་རྩེ་གདོང་ཁྲི་ཆེན་དང་བྱམས་པ་ཀུན་དགའ་བཀྲ་ཤིས་གཉིས་ཡན་ཆད་ནི་ལམ་ཟབ་ཞལ་བརྒྱད་བཅུ་དྲུག་ཕྱག་ཅན་པའི་བྱིན་རླབས་ཀྱི་བརྒྱུད་པ་དང་འདྲ་བ་ལས། དེ་གཉིས་ཀ་ལས་ཤར་ཆེན་ཤེས་རབ་འབྱུང་གནས་ཀྱིས་གསན།དེ་ལས་རིམ་པར་རྗེ་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཚུལ་ཁྲིམས་ལྷུན་གྲུབ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ལན་གསུམ་གྱི་བར་དུ་མནོས་སོ། །ཡང་ན་རྗེ་སངས་རྒྱས་ཕུན་ཚོགས་ནས། འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་རྗེ་སངས་རྒྱས་ཕུན་ཚོགས་ནས། ཤར་ཆེན་སངས་རྒྱས་བསྟན་འཛིན། རྗེ་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསོད་ནམས་དཔལ་ལྡན། མཁན་ཆེན་བྱམས་པ་བསོད་ནམས་བཟང་པོ། མཁན་ཆེན་འཇམ་དབྱངས་སངས་རྒྱས་དཔལ་བཟང༌། དེས་བདག་ལའོ། །ཡང་ན་རྗེ་ནམ་མཁའ་དཔལ་བཟང་པ་ཡན་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་དང་འདྲ། དེ་ནས་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་དང་མཁས་གྲུབ་དཔལ་ལྡན་དོན་གྲུབ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་རྗེ་དཔལ་མཆོག་རྒྱལ་མཚན། དེ་ལས་འཇམ་དབྱངས་སངས་རྒྱས་ཕུན་ཚོགས་མན་གོང་བཞིན་ནོ། །བིར་སྲུང་ཐུན་མོང་མ་ཡིན་པའི་བྱིན་རླབས་མན་ངག་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན། ཀུན་དབང་པ། འདྲེན་མཆོག ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ། རྡོ་རྗེ་འཆང་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། འདི་ནས་བརྒྱུད་རིམ་གྱིས་ཚུལ་གང་ཡིན་གྱི་བླ་མ་འགའ་ཞིག་བཙལ་དགོས་པ་ཡོད། དེ་ནས་མུས་པའི་དགེ་བཤེས་ཚུལ་ཁྲིམས། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་པའི་གསན་ཡིག་ལྟར་ཡན་ཆད་བཙལ། དེ་ནས་མཁན་ཆེན་རྡོ་རྗེ་འཆང་བ་ཆེན་པོ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་འདྲེན་མཆོག རྗེ་ལྷ་མཆོག་སེང་གེ རྡོ་རྗེ་འཆང་བུདྡྷ་སིངྷ་མན་འདྲའོ། །ཡང་ན་མུས་ཆེན། གྲུབ་ཆེན་དཀོན་བློ། རྗེ་སངས་རྒྱས་རིན་ཆེན། ས་སྐྱ་ལོ་ཙཱ་བ་མན་འདྲ། ཡང་ན་རྒྱལ་ཚབ་ཀུན་དབང༌། མཁན་ཆེན་ལེགས་འབྱུང༌། ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ། རྡོ་རྗེ་འཆང་བུདྡྷ་སིངྷ་མན་འདྲའོ།།  ༈ །གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་དོན་ཐམས་ཅད་བསྡུས་པ་བརྡ་དོན་གསལ་བ་བྱིན་རླབས་ཁྲིད་ཐོ་གནད་ཟབ་མོ་དུ་མ་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང༌། དཔལ་བི་རཱུ་པ། རྗེ་ས་སྐྱ་པ་ཆེན་པོ། རྗེ་བཙུན་རིན་པོ་ཆེ་གྲགས་པ། ཆོས་ཀྱི་རྗེ་ས་པཎྜི་ཏ། བླ་མ་ལུང་ཕུ་བ་ནམ་མཁའ་བསོད་ནམས། བཀྲས་ལུང་པ། མཁས་བཙུན་གཞོན་ནུ་གྲུབ། དགའ་ལྡན་པ་ཀུན་དགའ་བསོད་ནམས། རྒྱལ་བ་བྲག་ཕུག་པ། དེ་ལས་བླ་མ་དམ་པ་དང་བློ་གྲོས་བརྟན་པ་གཉིས་ཀྱིས་གསན་པས་དེ་གཉིས་གང་རུང༌། གཉིས་ཀས་རྗེས་སུ་བཟུང་བ་བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། གཉིས་ཀས་རྗེས་སུ་བཟུང་བ་རྒྱལ་ཚབ་ཀུན་དབང༌། དེ་ནས་ཡོངས་འཛིན་དཀོན་མཆོག་འཕེལ། ས་ལོ་ཐམས་ཅད་མཁྱེན་པ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ངག་དབང་ཀུན་རིན། ཁྲི་ཆེན་བསོད་ནམས་དབང་པོ། སྔགས་འཆང་ཐམས་ཅད་མཁྱེན་པ་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དབྱངས་བསོད་ནམས་དབང་ཕྱུགམཁན་ཆེན་ལྷུན་གྲུབ་དཔལ་ལྡན། བསྟན་པའི་སྒྲོན་མེ་སངས་རྒྱས་ཕུན་ཚོགས། རིགས་ཀུན་ཁྱབ་བདག་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། མུས་ཆེན་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ཁྲི་ཆེན་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་ཕྱུག་མན་སྔར་བཞིན་ནོ། །ཡང་ན་རྒྱལ་ཚབ་ཀུན་དབང་ནས། ཀུན་མཁྱེན་གོ་རམས་པ། རྗེ་སངས་རྒྱས་རིན་ཆེན། ས་ལོ་ཙཱ་བ་མན་འདྲ། ཡང་ན་ས་པཎ་ནས། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ་མན་འདྲའོ། །བརྡ་ཆིག་བརྒྱུད་ཀྱི་མན་ངག་བྱིན་རླབས་ཀྱི་བརྒྱུད་པ་ནི། ཆོས་རྗེ་བླ་མ་དམ་པ་ཡན་གོང་དང་འདྲ། དེ་ནས་རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྗེ་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་སངས་རྒྱས་རིན་ཆེན། འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ། རྡོ་རྗེ་འཆང་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང་ལ་སོགས་པ་ནས་རིམ་པར་བཙལ། དེ་ནས་མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ཡིན་ནམ། དེ་ནས་མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ཚུལ་ཁྲིམས་རིན་ཆེན་དུ་བོད་པ་ལའོ། །ཡང་ན་ངོར་ཆེན། རྒྱལ་ཚབ་ཀུན་དབང༌། འདྲེན་མཆོག་དཀོན་མཆོག་འཕེལ། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ དེས་བདག་ལའོ། །ཡང་ན་ངོར་ཆེན། ཀུན་དབང༌། འདྲེན་མཆོག རྒྱལ་བ་ལྷ་མཆོག་སེང་གེ རྡོ་རྗེ་འཆང་བུདྡྷ་སིངྷ༌། དེས་བདག་ལའོ། །ལམ་སྦས་བཤད་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། ས་པཎ་ཡན་ཉེ་བརྒྱུད་ལྟར་ལ། དེ་ནས་ཚོགས་སྒོམ་པ། ཉན་ཆེན་པ། བྲག་ཕུག་པ། བླ་མ་དམ་པ། རི་ཁྲོད་པ་བློ་བརྟན། གཉིས་ཀ་ལས་དཔལ་ཚུལ་བ། བུདྡྷ་ཤྲཱི། ངོར་ཆེན། རྒྱལ་ཚབ་པ། དཀོན་མཆོག་འཕེལ། ས་ལོ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན་མན་བརྡ་དོན་གསལ་བའི་ངོར་ལུགས་བཞིན་ནོ། །རྡོ་རྗེ་རྣམ་པར་འཇོམས་«་་་་་འདི་དེ་སྔོན་མ་ཐོབ་ཀྱང་ཐོབ་འགྱུར་གྱིས་བྲིས།» པ་བིརྺ་པའི་ལུགས་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ལེགས་པར་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་རྣམ་པར་འཇོམས་པ། རྣལ་འབྱོར་དབང་ཕྱུག དཔལ་ལྡན་ཆོས་སྐྱོང༌། དཔལ་ས་སྐྱ་པ་ཆེན་པོ། རྗེ་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ། འཇམ་དབྱངས་ས་པཎྜི་ཏ། སྐྱོ་སྟོན་དྲི་མེད། ཞང་དཀོན་མཆོག་འཕེལ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། ཆོས་རྗེ་བསོད་ནམས་རྒྱལ་མཚན།དཔལ་ཚུལ་བ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང༌། མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་སངས་རྒྱས་རིན་ཆེན། འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ས་སྐྱ་པ་ཁྲི་ཆེན་ཀུན་དགའ་བསོད་ནམས། རྗེ་དཀོན་མཆོག་དཔལ་འབྱོར། སྤྲུལ་སྐུ་རིན་པོ་ཆེ་པདྨ་ཕྲིན་ལས། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ཡིན་ནམ་བརྟག ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །སྒྲུབ་པ་ལུང་སྦྱིན་གྱི་བྱིན་རླབས་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། ངོར་ཆེན་ནས་རྒྱལ་ཚབ་ཀུན་དབང༌། འདྲེན་མཆོག་དཀོན་མཆོག་འཕེལ། ས་སྐྱ་ལོ་ཙཱ་བ། དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། གླིང་སྟོད་ཞབས་དྲུང་དཀོན་མཆོག་དཔལ་འབྱོར། སྤྲུལ་སྐུ་རིན་པོ་ཆེ་མན་འདྲ། ཡང་ན་འདྲེན་མཆོག རྒྱལ་བ་ལྷ་མཆོག་པ། རྡོ་རྗེ་འཆང་བུདྡྷ་སིངྷ་མན་འདྲ། ཡང་ན་རྒྱལ་ཚབ་ཀུན་དབང༌། ཀུན་མཁྱེན་གོ་རམས་པ།རྗེ་སངས་རྒྱས་རིན་ཆེན། ས་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། །རྗེ་བཙུན་ཆེན་པོས་གཞུང་ཇི་ལྟ་བ་བཞིན་བཀྲི་བའི་ཁྲིད་ཡིག་ཏུ། ལུས་སྦྱོང་རྒྱས་བསྡུས་ཇི་རིགས་པས་ལུས་འབྱོང་འབྱོང་བྱའོ། །ཞེས་གསུངས་པའི་ལུས་སྦྱོང་བསྡུས་པ་ནི་ཡན་ལག་ལྔའི་སྦྱོང་བ་དང༌། རྒྱས་པ་ནི་ལུང་སྦྱོང་ཉི་ཤུ་པ་སྟེ་དེའི་གསལ་བྱེད་མདུད་འགྲོལ་ལམ་འབྲས་པ་ནོར་བཟང་གིས་ཟིན་བྲིས་མཛད་པ་དང༌། འཁྲུལ་འཁོར་གྱི་དངོས་གཞི་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རྣལ་འབྱོར་གྱི་ཕྲིན་ལས་སུམ་ཅུ་རྩ་གཉིས་ཀྱི་ཡི་གེ་དང༌། དེ་དག་གི་གསལ་བྱེད་བླ་མ་ཕྱི་རབས་པའི་ཟིན་བྲིས་ལས་འབྱུང་ཚུལ་བཤད་པ། སྙིགས་དུས་བསྟན་པའི་ཉི་མ་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གསུང་རྒྱུན་ཟིན་བྲིས་ལས་འབྱུང་ཚུལ་བཤད་པ། གཞན་ཡང་མཁས་པ་གཞན་གྱི་གསུང་རབ་ལས་འབྱུང་ཚུལ་བཤད་པ་གསུམ་གྱི་སྒོ་ནས་གསལ་བར་བཤད་པའི་ལམ་འབྲས་འཁྲུལ་འཁོར་རྣམས་ཀྱི་ལག་ལེན་རྣལ་འབྱོར་ཀུན་དགའ་ཞེས་བྱ་བ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ཡི་གེའི་སྟེང་ནས། ལུས་སྦྱོང་རྒྱས་བསྡུས་དང་ཕྲིན་ལས་སུམ་ཅུ་རྩ་གཉིས་ཀྱི་འཁྲུལ་འཁོར་རྣམས་ཀྱི་ལག་ལེན་གྱི་ཁྲིད་རྒྱུག་འབུལ་དང་བཅས་པ་སྟེ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ངོར་ཆེན་རྡོ་རྗེ་འཆང་ཡན་ལམ་འབྲས་ཁྲིད་ཀྱི་བརྒྱུད་པ་དང་འདྲ་ཞིང༌། དེ་ནས་མུས་ཆེན་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུག མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཀུན་མཁྱེན་བསོད་ནམས་སེང་གེ ཡོངས་འཛིན་དཀོན་མཆོག་འཕེལ་བ། དེ་ལས་རྗེ་བཙུན་སངས་རྒྱས་རིན་ཆེན་དང༌། ས་ལོ་འཇམ་དཔལ་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་གསུམ་གས་གསན། ཕྱི་མ་གཉིས་ལས་སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་གྱིས་གསན་པ་ནས། རིམ་པར་འཇམ་དབྱངས་བསོད་ནམས་དབང་པོ། སྔགས་འཆང་གྲགས་པ་བློ་གྲོས། མུས་ཆེན་སངས་རྒྱས་རྒྱལ་མཚན། དེ་གསུམ་ག་ལས་འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱིས་གསན།དེ་ནས་འཇམ་དབྱངས་བསོད་ནམས་དབང་ཕྱུག སྔགས་འཆང་ངག་དབང་ཀུན་དགའ་བཀྲ་ཤིས། ཨེ་ཝཾ་པ་མཁན་ཆེན་ཚུལ་ཁྲིམས་དཔལ་བཟང༌། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། མི་ཉག་མཁས་བཙུན་སངས་རྒྱས་ཚུལ་ཁྲིམས། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ཡན་གོང་བཞིན་ལས། དེ་ནས་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་མན་འདྲ། ཡང་ན་མཁྱེན་བརྩེའི་དབང་ཕྱུག་ནས། སྔགས་འཆང་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། རྗེ་དབང་ཕྱུག་རབ་བརྟན། ངག་དབང་ཀུན་དགའ་བསོད་ནམས་མན་འདྲའོ། །ཞབས་དྲུང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ཡི་གེའི་ལུང་གི་བརྒྱུད་པ་ནི་རྗེ་ཚུལ་ཁྲིམས་དཔལ་བཟང་པ་ཡན་འདྲ། དེ་ནས་མཚུངས་མེད་བསྟན་འཛིན་ལྷུན་གྲུབ། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ལམ་འབྲས་ཀྱི་བསྟན་པ་གཏད་པའི་ཚུལ་དུ་མགོན་རྐྱང་གི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ངོར་ཆེན་རྡོ་རྗེ་འཆང་ཡན་ཆད་ལམ་འབྲས་དང་འདྲ་ཞིང༌། དེ་ནས་རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཀུན་མཁྱེན་བསོད་ནམས་སེང་གེ མུས་ཆེན་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེང་གེ དེ་གཉིས་ཀ་ལས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ཞབས་དྲུང་སྔགས་འཆང་ཀུན་དགའ་བསོད་ནམས། བདག་ཆེན་བསོད་ནམས་དབང་ཕྱུག མཁན་ཆེན་ལྷུན་གྲུབ་དཔལ་ལྡན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་དཔལ་བཟང༌། དེས་བདག་ཚུལ་རིན་ལའོ། །ཡང་ན་མཁན་ཆེན་སངས་རྒྱས་ཕུན་ཚོགས་ནས།མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ཡིན་ནམ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་རྒྱལ་ཚབ་པ་དང་ཀུན་མཁྱེན་གཉིས་ཀ་ལས་རྗེ་སངས་རིན་དང་རཏྣ་ཝརྡྷ་གཉིས་ཀྱིས་གསན། དེ་གཉིས་ལས་ས་ལོ་ཐམས་ཅད་མཁྱེན་པ། དེ་གསུམ་ཆར་ལས་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། །ཡང་ན་ངོར་ཆེན་རྡོ་རྗེ་འཆང༌། མུས་ཆེན་སེམས་དཔའ་ཆེན་པོ། ཆོས་རྗེ་བློ་གྲོས་རིན་ཆེན། བདག་ཆེན་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རིང་པ། ཚར་ཆེན་རྡོ་རྗེ་འཆང༌།མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། རྗེ་ངག་དབང་ཆོས་གྲགས། ཞབས་དྲུང་ཨ་མི་ལགས་མན་འདྲའོ། །འདིའི་རྗེས་གནང་གི་ཡི་གེ་ཀུན་མཁྱེན་གྱིས་མཛད་པ་ལྟར་དང༌། རྗེས་གནང་གི་ཚེ་ཐུན་མོང་མ་ཡིན་པའི་གསོལ་གདབ་མཛད་ཅིང༌། ཞབས་གཡས་བརྐྱང་ཅན་དུ་མཛད། ཐུགས་ལ་རིགས་འདྲ་བསྟིམ་ནས་ལྟ་བ་ངོ་སྤྲོད་མཉམ་པར་གཞག གཞན་དཀྱུས་བཞིན་ནོ། །འདིར་གསང་བཅུའི་རྒྱས་གདབ་ནི་མ་ཐོས་སོ།།  ༈ །བླ་མ་འབྲོག་མིས་ཆོས་རྣམས་རྫོགས་པའི་མཐར་བི་ཀྲ་མ་ཤཱི་ལའི་མཁས་པ་སྒོ་དྲུག་ལས་ཆོས་འབྲེལ་དུ་གསན་པའི་སྒོ་དྲུག་ཆོས་འབྲེལ་དུ་གྲགས་པ། ཤཱནྟི་པའི་མདོ་རྒྱུད་བསྲེ་བ་ཤེས་རབ་འབྱུང་གནས་སྦས་པའི་གདོན་གྱི་བར་ཆད་སེལ་བ། ཛྙཱ་ན་ཤྲཱིའི་འབྱུང་བ་ལུས་འཁྲུགས། རིན་ཆེན་རྡོ་རྗེས་སེམས་ཀྱི་བར་ཆད་སེལ་བ། ནཱ་རོ་པའི་ཕྱག་རྒྱ་ཆེན་པོ་སྡུག་བསྔལ་གསུམ་སེལ། ངག་དབང་གྲགས་པའི་གཉུག་མ་དྲན་གསལ་ཏེ་དྲུག་ལས། དེ་དག་གི་བརྒྱུད་པ་ནི་ཤཱནྟི་པ། ཛྙཱ་ན་ཤྲཱི། ཤེས་རབ་འབྱུང་གནས་སྦས་པ། རིན་ཆེན་རྡོ་རྗེ། ངག་དབང་གྲགས་པ། ཇོ་བོ་ནཱ་རོ་པ་དྲུག་ལས་འབྲོག་མིས་གསན། དེ་ནས་བར་ཆད་གསུམ་སེལ་«་་་་་གདོན་སེལ་བ་འབྱུང་བ་ལུས་འཁྲུགས་སེམས་ཀྱི་བར་ཆད་སེལ་བ་གསུམ། »གྱི་བརྒྱུད་པ་སྒོམ་ཆེན་སེ་རེག་གཉིས། དེས་གཉོས་ཡེར་པ་སྒོམ་སེང༌། གྲུབ་ཐོབ་ལྷ་འབར། ཁ་རེག་བསྒོམ་པ། ལུང་ཕུ་བ། བཀྲས་ལུང་པ། མཁས་གྲུབ་གཞོན་ནུ་གྲུབ། བྱང་ཆུབ་ཤེས་རབ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས། དེ་ལས་ཤར་ཆེན་ཡེ་ཤེས་རྒྱལ་མཚན་དང་བུདྡྷ་ཤྲཱི་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གཉུག་མ་དྲན་གསལ་གྱི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། ངག་དབང་གྲགས་པ། འབྲོག་མི་ལོ་ཙཱ་བ། འཁོན་དཀོན་མཆོག་རྒྱལ་པོ། བླ་མ་ཤངས་པ། ས་ཆེན། རྗེ་བཙུན་རིན་པོ་ཆེ་གྲགས་པ།ལུང་ཕུ་བ། བཀྲས་ལུང་པ། ཞར་བྱང་ཆུབ་ཤེས་རབ། བླ་མ་དམ་པ། དཔལ་ལྡན་ཚུལ་ཁྲིམས། དེ་ལས་ཤར་ཆེན་དང་བུདྡྷ་ཤྲཱི། གཉིས་ཀ་ལས་ངོར་ཆེན་རྡོ་རྗེ་འཆང༌། ནཱ་རོ་པའི་སྡུག་བསྔལ་གསུམ་སེལ་གྱི་བརྒྱུད་པ་ནི། ནཱ་རོ་པ། འབྲོག་མི། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ། ས་སྐྱ་པ་ཆེན་པོ། རྗེ་བཙུན་རིན་པོ་ཆེ། ལུང་ཕུ་བ། བཀྲས་ལུང་པ། མཁས་གྲུབ་པ། ཞང་བྱང་ཤེ། བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང༌། མདོ་རྒྱུད་བསྲེ་བའི་བརྒྱུད་པ་ནི། ཤཱནྟི་པ། འབྲོག་མི། སེ་སྟོན། ཞང་དགོན་པ་བ། བླ་མ་ས་སྐྱ་པ་ཆེན་པོ། རྗེ་བཙུན་རིན་པོ་ཆེ་གྲགས་པ། ལུང་ཕུ་པ། བཀྲས་ལུང་པ། གཞོན་ནུ་གྲུབ། བྱང་ཤེ། ཆོས་རྗེ་བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང༌། དེ་མན་ཆ་ད་གོང་གི་བརྡ་དོན་གསལ་བ་ལྟར་སོ་སོར་ཕྱིན་པས་ཆོག་གོ།  ༈ །རྗེ་ངོར་ཆེན་གྱིས་ལམ་འབྲས་ལ་སོགས་ལམ་སྐོར་དགུ་ཞེས་པའི་གདམས་པ་པཎ་གྲུབ་བརྒྱད་ཀྱིས་མཛད་པ་ལམ་སྐོར་བརྒྱད་དང་ཆོས་ཀྱི་རྣམ་གྲངས་དགུ་ཡོད་པས་ལམ་སྐོར་དགུར་ཡང་གྲགས་པ་བླ་ཆེན་འབྲོག་མི་ལ་བཀའ་བབས་པའི་ཆོས་སྐོར་ལ།དཔལ་ལྡན་ཏོག་ཙེ་པས་སམྤུ་ཊ་ལ་བརྟེན་ནས་བསམ་གྱིས་མི་ཁྱབ་པའི་གདམས་པ་མཛད། དེ་ཉམས་སུ་ལེན་པ་ལ་བསམ་མི་ཁྱབ་ལྔའམ་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྟ་མཆོག་ཞབས།«་་་་་མདའ་ཆེན་ཟེར། »པི་ན་པཱ་ད།«་་་་་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདི་ལྟར་འདུག་ཀྱང་རྡོ་རྗེ་གདན་པའི་གསན་ཡིག་ན་བི་ན་པ་ཏི་དང་ཐར་རྩེ་བའི་དེར་པཱི་ན་པ་ཞེས་པི་ཝཾ་འཛིན་པ་ཡིན་ཞེས་སྣང་ངོ༌། »།རྒྱལ་པོ་ཨིནྡྲ་བྷཱུ་ཏི། ལེགྨི་པཱ་ད།«་་་་་ཐར་རྩེ་བའི་དེར་ཕུན་ཚོགས་ཞེས་བསྒྱུར་འདུག་ཅིང་ལྕམ་ལཀྵྨཱི་ཀ་ར་ཞེས་སངས་རྒྱས་ཕུན་ཚོགས་པའི་དེར་བྱུང་གཞན་དུ་ཟུར་ཆག་འདི་བཞིན་འདུག »ལཱི་ལ་བཛྲ་གུནྡྷ་རི་པ།«་་་་་རྡོ་རྗེ་གདན་པ་དང་ཐར་རྩེ་བའི་དེར་སྒེག་པའི་རྡོ་རྗེར་བསྒྱུར། »པདྨ་བཛྲ། དྷརྨྨཱ་པ།«་་་་་གོང་དཀར་བ་དང་ཐར་རྩེ་བའི་དེར་ཆོས་ཀྱི་ཕ་ཟེར་བ་འདུག »བྷ་དྲ་པཱ་ད།«་་་་་གོང་དཀར་བ་དང་ཐར་རྩེ་བའི་དེར་བཟང་པོའི་ཞབས་སུ་བསྒྱུར་འདུག »གྲུབ་ཆེན་ཏོག་ཙེ་པ།«་་་་་སྟ་མོའམ་འཇོར་འཛིན་པའི་དོན།»བྷུ་ཥ་ཎ་པ།«་་་་་གོང་དཀར་བའི་དེར་གྷུ་ཤ་ན་འདུག »དྷ་མ་པ།«་་་་་གོང་དཀར་བའི་དེར་པདྨ་པ་ཟེར། »ཀཧྣ་པ།«་་་་་གོང་དཀར་བའི་དེར་ཀརྞ་ཟེར། »བཱི་ར་བཛྲ། འབྲོག་མི་ལོ་ཆེན།«་་་་་རྡོ་རྗེ་གདན་པའི་དེར་ག་ཡ་དྷ་ར་ལ་ཡང་བོད་དུ་གསན་ཟེར། »སེ་སྟོན་ཀུན་རིག ཞང་དགོན་པ་བ། བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ་དང་རི་ཁྲོད་པ་གང་རུང༌། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཞྭ་ལུ་པ་ཆོས་རྗེ་སངས་རྒྱས་དཔལ་བཟང༌། མུས་ཆེན་ནམ་མཁའ་དཔལ་བཟང༌། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། མཚུངས་མེད་དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས། མཁས་གྲུབ་དཔལ་ལྡན་དོན་གྲུབ། རྗེ་དཔལ་མཆོག་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཆང་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་རྗེ་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌།རྩེ་གདོང་བདག་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། རྗེ་ནམ་མཁའ་སངས་རྒྱས། དེ་གཉིས་ཀ་ལས་རྗེ་དཔལ་མཆོག་མན་འདྲ། ཡང་ན་རྗེ་རྡོ་རྗེ་འཆང༌།མཁས་མཆོག་ཀུན་དགའ་བློ་གྲོས། མཁས་བཙུན་དཔལ་ལྡན་རྒྱལ་པོ། མུས་ཆེན་ནམ་མཁའ་དཔལ་བཟང༌། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ།།  ༈ །པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པས་དཔལ་གསང་བ་འདུས་པའི་རྒྱུད་དང་བརྟག་པ་གཉིས་པའི་དགོངས་པ་དང་རྗེ་བཙུན་མ་སྒྲོལ་མའི་གསུང་ལ་བརྟེན་ནས་ཡན་ལག་བདུན་པ་དང་བཞི་པ་སྣང་བར་བྱེད་པ་ལ་སོགས་པའི་བསྟན་བཅོས་མཛད་པའི་ལམ་ཉམས་«་་་་་ཌོམྦི་ཧེ་རུ་ཀའི་བདག་མེད་མའི་སྒྲུབ་ཐབས་བདུད་རྩི་འོད་ཀྱི་སྙིང་པོ་ཉམས་སུ་ལེན་པའི་ཆེད་དུའང་ཡིན། »སུ་ལེན་པ་ལ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་གདམས་པ་ལས་བྱུང་བའི་བྱིན་རླབས་དང་དེའི་གསལ་བྱེད་རྗེ་བཙུན་ཆེན་པོ་གྲགས་པས་དགེ་སློང་བློ་གྲོས་བརྟན་པའི་དོན་དུ་མཛད་པ་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྗེ་བཙུན་སྒྲོལ་མ། པཎ་གྲུབ་ངག་གི་དབང་ཕྱུག་གྲགས་པ། དེ་ཝཱ་ཀ་ར་ཙནྡྲ། དེ་གཉིས་ཀ་ལས་ཇོ་བོ་ཨ་མོ་གྷ་བཛྲས་གསན། དེ་ལས་བླ་ཆེན་འབྲོག་མིས་གསན་པ་མན་གོང་ལྟར་རོ། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསང་བ་འདུས་པ་ལ་བརྟེན་ནས་བྱང་ཆུབ་སེམས་འགྲེལ་མཛད། དེ་ཉམས་སུ་ལེན་པ་ལ་མཆོད་རྟེན་གྱི་དྲུང་དུ་སེམས་ཐག་བཅད་པའི་གདམས་པའི་གསལ་བྱེད་རྗེ་བཙུན་ཆེན་པོ་གྲགས་པས་མཛད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། བྲམ་ཟེ་ས་ར་ཧ།འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཨཱརྻ་དེ་ཝ། དགེ་སློང་ནག་པོའི་ཞབས། སློབ་དཔོན་ཙནྡྲ་ཀཱིརྟི། རྡོ་རྗེ་གདན་པ་དང་ཐར་རྩེ་པའི་གསན་ཡིག་ན་ཟླ་བ་གྲགས་པ་ཞེས་བསྒྱུར། བྲམ་ཟེ་དཔལ་འཛིན། དཔའ་བོ་རྡོ་རྗེ།«་་་་་གོང་དཀར་བའི་གསན་ཡིག་ན་ག་ཡ་དྷ་ར་ཟེར་བ་འདུག་པ་བླ་ཆེན་གྱིས་རྒྱ་གར་དུ་དཔའ་བོ་རྡོ་རྗེ་དང་བོད་དུ་ག་ཡ་དྷ་ར་ལས་གསན་པའི་ཁུངས་མཛད་འདུག »འབྲོག་མི་མན་གོང་བཞིན་ནོ། །སློབ་དཔོན་ནག་པོ་སྤྱོད་པས་སམྤུ་ཊ་དང་སྡོམ་འབྱུང་ལ་སོགས་པ་བདེ་མཆོག་གི་རྒྱུད་ལ་བརྟེན་ནས་ནག་པོ་པའི་ཆོས་དྲུག་མཛད། དེ་དག་གི་ནང་ནས་ཨོ་ལ་པ་ཏི་མངོན་པར་རྟོགས་པའི་སྡོམ་གྱི་ཉམས་ལེན་གསལ་བྱེད་རྗེ་བཙུན་ཆེན་པོ་གྲགས་པས་མཛད་པའི་གཏུམ་མོ་ལམ་རྫོགས་ཀྱི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། རྡོ་རྗེ་དྲིལ་བུ་པ། ཀུརྨྨཱ་པཱ་ད།«་་་་་ཐར་རྩེ་པའི་དེར་རུས་སྦལ་ཞབས་སུ་བསྒྱུར། »ཛ་ལནྡྷ་ར།«་་་་་རྡོ་རྗེ་གདན་པའི་དེར་འདིས་རྡོ་རྗེ་རྣལ་འབྱོར་མར་གསན་ཞེས་སྣང༌། »ཀཧྣ་པ།«་་་་་ཐར་རྩེ་བའི་དེར་ནག་པོ་སྤྱོད་པ་རོ་ལ་ཞོན་པ་ཞེས་བྱུང༌། »བྲམ་ཟེ་དཔལ་འཛིན། པཎྜི་ཏ་ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ་མན་གོང་དང་འདྲའོ། །སློབ་དཔོན་ཨུ་ཙི་ཏ་འཆི་བ་མེད་པས་དཔྱིད་ཀྱི་ཐིག་ལེའི་རྩ་བའི་སྡོམ་ཉམས་སུ་ལེན་པ་ལ་ཡོན་པོ་བསྲང་བ་འཁོར་བ་ལུ་གུ་རྒྱུད་དུ་གཅོད་པའི་གདམས་པ་ནག་པོ་པའི་གསུང་བཞིན་རྗེ་བཙུན་ཆེན་པོས་མཛད་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ། ལྷ་དབང་ཕྱུག་ཆེན་པོ། ནག་པོ་«་་་་་འཆི་བ་མེད་པ། »ཨུ་ཙི་ཏ། གྲུབ་ཆེན་ནག་པོ་སྤྱོད་པ། སློབ་དཔོན་དཔལ་འཛིན།«་་་་་སངས་རྒྱས་ཕུན་ཚོགས་པའི་དེར་བྲམ་ཟེ་རིན་ཆེན་ཞེས་བྱུང༌།»པཎྜི་ཏ་ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ་མན་སྔར་དང་འདྲའོ། །མི་དབང་ཨིནྡྲ་བྷཱུ་ཏིས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་མཐའ་དག་ལ་བརྟེན་ནས་དབང་ཡོན་ཏན་གྱི་རིམ་པ་མཛད། དེ་ཉམས་སུ་ལེན་པ་ལ་ཕྱག་རྒྱ་བཞི་རྫོགས་ཀྱི་ལམ་མ་གོར། ལྷས་བྱིན་གྱིས་ནི་རྟ་བྱས་ལ། ཞེས་པ་དང༌། ལོ་རྒྱུས་དང་བཅས་པ་བསྟན་ཟིན་ཏོའི་མཐའ་ཅན་རྒྱ་གཞུང་མའི་བརྒྱུད་པ་ནི། དང་པོ་དཔལ་སྡེའི་ཞལ་སྔ་ནས། །དེ་བཞིན་དུ་ཡང་ཚངས་པ་དང༌། །བྲམ་ཟེ་མོ་ནི་རྡོ་རྗེ་གྲུབ། །ཤྲཱི་བཛྲ་རྡོ་རྗེ་རྒྱལ། །དེ་ཡི་སློབ་དཔོན་དེའི་ཕྱི་མ། །གོས་བྲལ་ཞལ་སྔ་དེ་བཞིན་ནོ། །དཔལ་ལྡན་ཛྙཱ་ན་བོ་དྷི་རྒྱལ། །དེ་བཞིན་ཤྲཱི་ཡོ་བོ་དྷི་དང༌། །སློབ་དཔོན་པདྨ་བཛྲ་དང༌། །ཌོམྦི་ཞལ་སྔ་དེ་བཞིན་ནོ། །ཡན་ལག་བར་པ་དཔལ་ལྷ་མོ། །བུང་བའི་པདྨ་དེ་བཞིན་ནོ། །དུར་ཁྲོད་དུ་ན་ཀཱི་ལར་བཞུགས། །ལྷ་ལྕམ་ལེགས་སྨིན་དེ་བཞིན་ནོ། །བདག་ཀྱང་དང་པོ་གྲུབ་པ་ཡིན། །ཞེས་པ་ལྟར། ཀུན་མཁྱེན་རྡོ་རྗེ་འཆང་ཆེན་པོ། ཨིནྡྲ་བྷཱུ་ཏི་ཆེ་བ།«་་་་་རྗེ་མཁྱེན་བརྩེའི་གསན་ཡིག་ན་དཔལ་བདེ་བ་ཞེས་བྱུང་བ་ཚིགས་བཅད་ལྟར་ན་དཔལ་བདེ་བ་དང་ཨིནྡྲ་བྷཱུ་ཏི་ཆེ་བ་གཉིས་གཅིག་པ་འདྲ། »བྲཧྨ་པཱ་ད།«་་་་་ཚངས་པའི་ཞབས་ཞེས་བསྒྱུར། »བྲམ་ཟེ་མོ་གྲུབ་པའི་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་བར་པ། སློབ་དཔོན་ཨུ་པ་མའི་ཞབས། ནི་ཨུཏྟ་པཱ་ད།«་་་་་རྡོ་རྗེ་གདན་པའི་གསན་ཡིག་ན་སློབ་དཔོན་གོང་བྲལ་ཞབས་ཞེས་འདུག་པ་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་རྒྱ་སྐད་མ་དང་མཐུན་ཡང་ཐར་རྩེ་པའི་དེར་གཅེར་བུའི་མཆན་དང་བཅས་གོས་བྲལ་དུ་བཤད་འདུག་པ་དཔྱད། »རྒྱལ་པོ་ཛྙཱ་ན་བྷཱུ་ཏི། ཤྲཱི་ཡོ་བྷཱུ་ཏི། སློབ་དཔོན་པདྨ་བཛྲ། ཌོམྦི་ཧེ་རུ་ཀ ཨ་ནངྒ་ཨནྟརྦྷ།«་་་་་རྡོ་རྗེ་གདན་པ་དང་ཐར་རྩེ་པའི་དེར་ཡན་ལག་བར་མའི་ཞབས་ཞེས་བསྒྱུར། »ལྷ་མོ་བུང་བའི་པདྨ། ལྕམ་ལཀྵྨཱི།«་་་་་ཐར་རྩེ་པའི་གསན་ཡིག་ཏུ་ལེགས་སྨིན་ཞེས་ཟུར་ཆག་འདུག »རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆུང་བ། བྲམ་ཟེ་རཏྣ་བཛྲ། ཁ་ཆེ་ཤེས་རབ་གསང་བའམ། ཨ་ཙཱརྻ་དམར་པོར་གྲགས་པ། འབྲོག་མི་ལོ་ཙཱ་བ་མན་སྔར་དང་འདྲའོ། །ཉེ་བརྒྱུད་ནི། སངས་རྒྱས་རྡོ་རྗེ་འཆང༌། ཨིནྡྲ་བྷཱུ་ཏི་ཆེ་བ། ལྕམ་ལེགས་སྨིན། པཎ་ཆེན་ཤེས་རབ་གསང་བ་མན་འདྲའོ། །སློབ་དཔོན་པདྨ་བཛྲ་གྱིས་རྡོ་རྗེ་གུར་ལ་བརྟེན་ནས་སྒྲུབ་ཐབས་མཚོ་སྐྱེས་མཛད་པའི་དོན་ཉམས་སུ་ལེན་པ་ལ་ཟབ་མོའི་ཚུལ་དགུའི་ལམ་གྱི་གསལ་བྱེད་སྦལ་སྟོན་དར་མ་འབྱུང་གནས་ཀྱིས་ཞུས་པའི་ངོར་རྗེ་བཙུན་ཆེན་པོ་གྲགས་པས་མཛད་པ། མཚོ་སྐྱེས་རྡོ་རྗེས་མཛད་པའི་དཔལ་ཀྱེ་རྡོ་རྗེ་མར་མེའི་རྩེ་མོ་ལྟ་བུའི་མན་ངག་རྒྱ་གཞུང་ག་ཡ་དྷ་ར་དང་འབྲོག་མིའི་འགྱུར་གཉིས་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། གྲུབ་ཆེན་བི་ལཱ་སྱ་བཛྲ། ཨ་ནངྒ་བཛྲ།«་་་་་རྡོ་རྗེ་གདན་པ་དང་ཐར་རྩེ་པའི་དེར་ཡན་ལག་མེད་པའི་རྡོ་རྗེར་བསྒྱུར། »གྲུབ་ཆེན་པདྨ་བཛྲ།«་་་་་དེ་གཉིས་ན་མཚོ་སྐྱེས་རྡོ་རྗེར་བསྒྱུར། »རྒྱལ་ཆེན་ཨིནྡྲ་བྷཱུ་ཏི། ལྕམ་ལཀྵྨཱི་ཀ་ར། སློབ་དཔོན་ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། པཎྜི་ཏ་ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ་མན་གོང་དང་«་་་་་རྡོ་རྗེ་གདན་པའི་དེར་རྒྱ་གར་དུ་དཔའ་བོ་རྡོ་རྗེར་ཡང་གསན་ཞེས་སྣང༌། »འདྲའོ། །སློབ་དཔོན་ཌོམྦི་ཧེ་རུ་ཀས་ཀྱེ་རྡོ་རྗེའི་རྒྱུད་བརྟག་གཉིས་ལ་བརྟེན་ནས་ལྷན་ཅིག་སྐྱེས་གྲུབ་མཛད། དེ་ཉམས་སུ་ལེན་པ་ལ་ལྷན་ཅིག་སྐྱེས་པ་གསུམ་གྱི་ལམ་ཉམས་ལེན་དབུ་ན། དེ་ལ་ཌོམྦི་ཧེ་རུ་ཀས། ཞེས་དང༌། ཞག་གསུམ་དེ་གཉིས་ཀྱི་བར་ནས་གང་ཙམ་ལ་སྒོམ། གཞན་ཡང་ཤེས་པར་བྱའོའི་མཐའ་ཅན་གྱི་བརྒྱུད་པ་ནི། ཀུན་མཁྱེན་རྡོ་རྗེ་འཆང་ཆེན། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ཌོམྦི་ཧེ་རུ་ཀ ཨ་ལ་ལ་བཛྲ། སློབ་དཔོན་ནགས་ཁྲོད་པ།«་་་་་བཱ་ར་སི་པ་ཞེས་པའང་བྱུང་ངོ༌། །»གྲུབ་ཆེན་གརྦྷ་རི་པ། «བསོད་སྙོམས་པར་བསྒྱུར།་་་་་»པིནྡ་པ། སློབ་དཔོན་«་་་་་མི་ཐུབ་ཟླ་བར་བསྒྱུར། »དུརྒ་ཙནྡྲ།དགེ་སློང་པྲཛྙཱ་ཨིནྡྲ་རུ་ཙིཿ«་་་་་རྡོ་རྗེ་གདན་པའི་དེར་བཱི་ར་བཛྲ་དང་ཐར་རྩེ་པའི་དེར་དཔའ་བོ་རྡོ་རྗེ་ཞེས་འདུག་པ་དཔྱད། »འབྲོག་མི་ལོ་ཙཱ་བ་«་་་་་རྡོ་རྗེ་གདན་པའི་དེར་བོད་དུ་ཡང་ཤེས་རབ་གསང་བར་གསན་ཟེར་བ་འདུག »མན་སྔར་དང་འདྲའོ། །སྨྲས་པ། གང་ཞིག་ཐོས་པས་ལས་བཟང་སྡོང་པོ་བསྐྱེད། །ཐོས་དོན་དཔྱད་པས་ཤེས་བྱའི་ལོ་འདབ་རྒྱས། །དཔྱད་དོན་བསྒོམས་པས་བླ་མེད་བྱང་ཆུབ་ཀྱི། །སྙེ་མ་གཡུར་ཟ་རྒྱལ་ཀུན་བགྲོད་གཅིག་ལམ། །བདག་མེད་མཁའ་འགྲོའི་ཞལ་ལུང་རྒྱ་བོད་ཀྱི། །མཁས་གྲུབ་དབང་པོ་དུ་མའི་གཤེགས་ཤུལ་འདི། །ལན་རེ་ཐོས་པའི་བློ་ལྡན་དེ་ནས་བཟུང༌། །ཕྱོགས་རེའི་གདམས་པ་བསྲེལ་ལ་གུས་པ་ལྷོད། །སྙན་བརྒྱུད་ཚད་མའི་འདབ་སྟོང་དགའ་ཚལ་ལས། །མ་ཉམས་བརྒྱུད་པའི་དབང་བསྐུར་བྱིན་རླབས་ཁྲིད། །ཡིད་ཆེས་རྒྱབ་བརྟེན་ལུང་གི་སྦྲང་རྩིའི་རྒྱུན། །བློ་ཡི་བུང་བས་གཞིབས་པ་དེ་ཙམ་མོ། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས།གསེར་ཆོས་གསུང་ངག་རིན་པོ་ཆེའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་ཉེར་གཅིག་པའོ།།  །།སརྦ་མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*