དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོའི་ནང༌།

  གུ་གེ་པཎ་ཆེན་གྱིས་མཛད་པའི་སྒྲུབ་ཐབས་ཕྲིན་ལས་མཐའ་ཡས་དང་དབང་ཆོག་བདུད་རྩི་གངྒཱའི་ཀླུང་རྒྱུན་གཉིས་ཀྱི་སྟེང་ནས་དཔལ་འཁོར་ལོ་སྡོམ་པ་བོང་ཞལ་ཅན་ལྷ་སོ་བདུན་གྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་ལེགས་པར་ནོས་པའི་རིང་བརྒྱུད་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། འཇིགས་མེད་འབྱུང་གནས་སྦས་པ། ཨ་ནུ་པ་མ་རཀྵི་ཏ། དརྤཎ་ཨཱ་ཙཱརྻ། ཀུན་ཏུ་བཟང་པོ། ཡེ་ཤེས་ཀྱི་གློག དཔལ་ཡིད་ཀྱི་འགྲམ་པ། འཇམ་དཔལ་བཟང་པོ། དཔལ་བཟང༌། ཆོས་ཀྱི་གློག་བཟང་པོ། ཡིད་འཚོ་བ་བཟང་པོ། ངག་གི་དཔལ་བཟང༌། དཔལ་རྣམ་རྒྱལ་བཟང་པོ།དཔལ་མྱོས་བྱེད་བཟང་པོའི་ཞབས། དཔལ་ཕུན་ཚོགས་བཟང་པོའི་ཞབས། ནམ་མཁའ་བཟང་པོ། རྒྱལ་བའི་འཚོ་བ་བཟང་པོ། དཔལ་འཕྲོག་བྱེད་བཟང་པོའི་ཞབས། ཡེ་རང་པཎྜི་ཏ་སྐལ་ལྡན་བཟང་པོ། སྐྱེ་དགུ་ཀུན་དགའི་འཚོ་བ་བཟང་པོ། དེ་སྲས་བལ་པོ་མ་ཧཱ་བོ་དྷི། བླ་མ་བསམ་གཏན་འོད་ཟེར། པཎྜི་ཏ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་ལེགས་པའི་འབྱུང་གནས། འཇམ་དབྱངས་ས་ལོ་ཀུན་དགའ་བསོད་ནམས། འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ། ངོར་ཆེན་སངས་རྒྱས་སེང་གེ བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང༌། རྣལ་འབྱོར་དབང་ཕྱུག་བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན། འཇམ་པའི་དབྱངས་གྲུབ་པ་བཀྲ་ཤིས་བཟང་པོ།དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་མནོས་སོ། །ཡང་ན་ནམ་མཁའ་བཟང་པོ། དེ་སྲས་བྱང་ཆུབ་ཆེན་པོ། བླ་མ་བསམ་གཏན་འོད་ཟེར། པཎྜི་ཏ་གྲགས་པ་རྒྱལ་མཚན་མན་འདྲ། ཉེ་བརྒྱུད་ནི། གྲུབ་ཆེན་བསམ་གཏན་འོད་ཟེར་གྱིས་དབང་གསན་པའི་ཚེ་བརྒྱུད་པ་ཞུས་པས་ངས་ཨ་ཕ། དེའི་ཨ་ཕས་ཙཀྲ་སཾ་ཝ་ར་དང་ཡོ་གི་གཉིས་ལས་ཐོབ་གསུངས་པ་ལྟར། བདེ་མཆོག་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པ་ཤ་སྟག་གི་ཉེ་བརྒྱུད་ནི། དཔལ་འཁོར་ལོ་སྡོམ་པ།ཡུམ་རྡོ་རྗེ་ཕག་མོ། བལ་པོ་ཡེ་རང་གི་པཎྜི་ཏ་སྐལ་ལྡན་བཟང་པོ་མན་གོང་བཞིན་ནོ།།  །ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པའི་མངོན་དཀྱིལ་གྱི་སྟེང་ནས་དཔལ་སྒྱུ་མ་ཆེན་པོ་ལྷ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་ལེགས་པར་ཐོབ་པའི་ཇོ་བོ་ལུགས་ཀྱི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀུ་ཀུ་རི་པ།«་་་་་གྲུབ་ཐོབ་ཁྱི་མོ་ཕྱག་རྒྱར་བསྟེན་པ། »ཇོ་བོ་ནཱ་རོ་ཏ་པ། ཤཱནྟི་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ རོང་པ་འགར་དགེ ཀློག་སྐྱ་སྟོན་པ། སྟེངས་པ་ཐུར་བསམ། འཕར་ལུང་པ་རྒྱལ་སྲས། རྐྱང་པོ་ཉི་ཤེ། འདར་ཚ་དར་རྒྱལ། འདར་ཚ་གྲགས་ཤེ། སྤེན་ཕུག་པ་བསོད་ནམས་མཛེས། གྲགས་ཆེན་པ། འཕགས་འོད་ཡོན་ཏན་རྒྱ་མཚོ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས། ས་སྐྱ་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། མུས་པ་ནམ་མཁའ་དཔལ་བཟང༌། བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ། འཁོར་ལོའི་མགོན་པོ་མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། བཀའ་དྲིན་མཉམ་མེད་རྨོར་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་རྔོག་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ཀུ་ཀུ་རི་པ། མཚོ་སྐྱེས་རྡོ་རྗེ། ཌོམྦི་པ།ཏཻ་ལོ་པ། ནཱ་རོ་པ། པཎྜི་ཏ་ཞི་བ་བཟང་པོ། མར་པ་ལྷོ་བྲག་པ་ཆོས་ཀྱི་བློ་གྲོས། རྔོག་ཆོས་སྐུ་རྡོ་རྗེ། རྔོག་ཇོ་སྲས་མདོ་སྡེ། རྔོག་ཆོས་སྐུ། རྔོག་ཚ་དཀོན་མཆོག་དཔལ། ཀློག་སྐྱ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། ཆོས་ཀྱི་རྒྱལ་པོ་འཕགས་པ་བློ་གྲོས་རྒྱལ་མཚན། མཁན་པོ་གཞོན་ནུ་འབུམ། བླ་མ་སྤང་སྒང་པ་གྲགས་པ་དཔལ། ཀུན་མཁྱེན་གངས་པ། ས་བཟང་མ་ཏི་པཎ་ཆེན་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཆེན་པོ་མན་འདྲ། ཡང་ན་ཆོས་ཀྱི་རྒྱལ་པོ་འཕགས་པ་ནས། ཁྲོ་ཕུ་རིན་པོ་ཆེ། འཇམ་སྐྱ་ནམ་མཁའ་དཔལ་ལྡན། བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་ལོ་ཙཱ་བ། ས་བཟང་འཕགས་པ། ངོར་ཆེན་རྡོ་རྗེ་འཆང་མན་འདྲ། ཡང་ན་རྔོག་ཆོས་སྐུ་རྡོ་རྗེ་ནས། སྦ་ལྦ་བ་ཅན། རྔོག་ཞེ་སྡང་རྡོ་རྗེ། གཙང་ལྷ་སྟེང་པ། ཀུན་མཁྱེན་འཕགས་འོད། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་ལོ་ཙཱ་བ། ངོར་ཆེན་མན་འདྲའོ། །འདིའི་མངོན་དཀྱིལ་ཁྲུས་ཁང་ལོ་ཙཱ་བས་མཛད་པའི་སྟེང་ནས་མཛད་སོང༌།།  །ནཱ་ལེནྡྲ་པ་མཁན་ཆེན་རིན་ཆེན་དཔལ་བཟང་གིས་མཛད་པའི་མངོན་དཀྱིལ་གྱི་སྟེང་ནས་དཔལ་འཁོར་ལོ་བདེ་མཆོག་སངས་རྒྱས་ཐོད་པ་ལྷ་ཉི་ཤུ་རྩ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང༌། ཛྙཱ་ན་ཌཱ་ཀི་ནཱི་ཡེ། བྱང་སེམས་བློ་གྲོས་རིན་ཆེན། དཔལ་ས་ར་ཧ་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། གྲུབ་ཆེན་ཤ་བ་རི་དབང་ཕྱུག མངའ་བདག་མཻ་ཏྲི་པ། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། རྒྱ་རྣལ་འབྱོར་པ། རོ་མཉམ་རྡོ་རྗེ། ཡོན་ཏན་གྲགས། ཁམས་པ་ས་ཕུག་པ་ཤཱཀྱ་རྡོ་རྗེ། གཉལ་བ་ཇོ་སྲས་ཆོས་གྲགས། ཁམས་ཆེན་རྒན་མོ་ལྷས་པ།བླ་མ་བསོད་ནམས་འཕེལ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། གཡུང་སྟོན་རྡོ་རྗེ་དཔལ་བ། རིན་པོ་ཆེ་གྲགས་པ་ཚུལ་ཁྲིམས། བླ་མ་བྱང་ཆུབ་སེང་གེ ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། མུས་པ་ནམ་མཁའ་དཔལ་བཟང༌།ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། འཁོར་ལོའི་མགོན་པོ་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་རྒན་མོ་ལྷས་པ་ནས། བླ་མ་ཡེ་ཤེས་རིན་ཆེན། བླ་མ་འཇམ་དབྱངས་ཆེན་པོ།རྒྱ་སྟོན་ཐམས་ཅད་མཁྱེན་པ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། གཡུང་སྟོན་རྡོ་རྗེ་དཔལ། གྲགས་པ་ཚུལ་ཁྲིམས། བྱང་ཆུབ་སེང་གེ ས་བཟང་འཕགས་པ།ངོར་ཆེན་མན་འདྲའོ། །ཡང་ན་བླ་མ་ཡེ་ཤེས་རིན་ཆེན་ནས། བླ་མ་སྨོན་ལམ་མགོན་པོ། ཞུ་སྟོན་པ། དམར་བྱང་ཆེན་པ། བག་སྟོན་གཞོན་ནུ་ཚུལ་ཁྲིམས་མན་འདྲའོ། །ཡང་ན་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཨཱརྻ་དེ་ཝ། ནག་པོ་ཞབས། དེ་ཝ་ཨཱ་ཀ་ར་ཙནྡྲ། ཨ་མོ་གྷ་བཛྲ།མངའ་བདག་མར་པ་ལོ་ཙཱ་བ། མཚུར་དབང་གི་རྡོ་རྗེ། འཁོན་གད་པ་ཀཱིརྟི། ཡར་ཀླུངས་ཀྱི་སྙིགས་དམར་པོ། འགོས་རི་ཁྲོད་དབང་ཕྱུག བལ་པོ་དབང་མགོན།རིན་ཆེན་བཟང་པོ། གན་པ་རིན་ཆེན་རྒྱལ་མཚན། བླ་མ་ཀུན་བསོད་པ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། གཡུང་སྟོན་རྡོ་རྗེ་དཔལ་བ། མཁན་ཆེན་གྲགས་པ་ཚུལ་ཁྲིམས། བླ་མ་བྱང་ཆུབ་སེང་གེ ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཆེན་པོ་མན་འདྲའོ།།  །ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་སྒྲུབ་ཐབས་བྱིན་རླབས་ཀྱི་ཡི་གེའི་སྟེང་ནས་ཁ་ཆེ་པཎ་ཆེན་གྱི་ཐུགས་དམ་བཞིའི་ནང་ཚན་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་དཀར་པོ་ལྷན་ཅིག་སྐྱེས་པའི་བྱིན་རླབས།«་་་་་བདེ་མཆོག་དཀར་པོ་ལ་བརྟེན་ནས་བྱང་ཆུབ་བསྒྲུབ་པ། འཇམ་དཔལ་དཀར་པོ་ལ་བརྟེན་ནས་ཤེས་རབ་བསྒྲུབ་པ། ཡང་དག་མེ་གཅིག་ཐོད་གཅིག་ལ་བརྟེན་ནས་རས་གྲུབ་པ། ཛམྦྷ་ལ་ནག་པོ་ལ་བརྟེན་ནས་ནོར་བསྒྲུབ་པའོ།། »དཔྱལ་ཨ་མོ་གྷས་མཛད་པའི་ཁྲིད་ཡིག་གི་སྟེང་ནས་བསྐྱེད་རྫོགས་ཀྱི་ཉམས་ཁྲིད་ཟབ་མོ་དང༌།«་་་་་རྒྱལ་དབང་གིས་རྡོ་རྗེ་འཆང་དབང་རབ་པས་མཛད་པའི་ཁྲིད་ཡིག་ཡིན་གསུང་འདུག»མུས་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པའི་ཡི་གེའི་སྟེང་ནས་ཚེ་ཁྲིད་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། རྒྱལ་ཡུམ་རྡོ་རྗེ་ཕག་མོ། རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པ། དྷ་རི་ཀ་པ། མཻ་ཏྲི་པ། ནཱ་ཡ་ཀ་པ། ཀནྡྷ་པ། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ། དཔྱལ་ཆོས་ཀྱི་བཟང་པོ།དཔྱལ་ཨ་མོ་གྷ། རོང་པ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེ་སྲས་རོང་པ་ཤེས་རབ་སེང་གེ བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། མཁན་ཆེན་ངག་གི་དབང་ཕྱུག བླ་མ་བྱང་ཆུབ་སེང་གེ ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་འཁོར་ལོ་སྡོམ་པ་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུག འདྲེན་མཆོག་རཏྣ་ཝརྡྷ། ངོར་ཆེན་ལྷ་མཆོག་སེང་གེ རྡོ་རྗེ་འཆང་སངས་རྒྱས་སེང་གེ ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་ཁ་ཆེའི་པཎྜི་ཏ་ནས། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། གཡག་སྡེ་ལོ་ཙཱ་བ་བསོད་ནམས་བཟང་པོ། གྲུབ་ཆེན་ཟེ་དམར་བ་སངས་རྒྱས་ཡེ་ཤེས། མཁན་ཆེན་བསོད་ནམས་གྲགས་པ། མཁན་ཆེན་གྲགས་པ་ཚུལ་ཁྲིམས། བྱ་སྡེར་བ་བྱང་ཆུབ་སེང་གེ ས་བཟང་འཕགས་པ་གཞོན་ནུ་བློ་གྲོས།ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། གྲུབ་ཆེན་དཀོན་མཆོག་བློ་གྲོས། མུས་ཆེན་སངས་རྒྱས་རིན་ཆེན། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ་མན་འདྲའོ། །ཡང་ན་ངོར་ཆེན་ནས། མུས་ཆེན་འཁོར་ལོ་སྡོམ་པ་དཀོན་མཆོག་རྒྱལ་མཚན། གླང་ཐང་སྤྱན་སྔ་བློ་གྲོས་རྒྱལ་མཚན། སྟོང་རྭ་བ་ཀུན་མཁྱེན་ཤཱཀྱ་དོན་གྲུབ། དེ་དབོན་འཇམ་དབྱངས་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲའོ།།  །མཁན་ཆེན་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་དང་བྱིན་རླབས་བྱ་ཚུལ་གྱི་ཡི་གེ་ལ་བརྟེན་ནས་རྗེ་བཙུན་རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་ཀྱི་བྱིན་རླབས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང༌། རྒྱལ་ཡུམ་རྡོ་རྗེ་ཕག་མོ། གྲུབ་ཐོབ་ཀངྐ་དཏྟ། ཨ་བྷ་ཡཱ་ཀ་ར། སུ་ཙ་རི་པཱ་ད། རཏྣ་རཀྵི་ཏ། མ་ནཱ་ཀ་ཤྲཱི་ཛྙཱ་ན། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། གོ་ལུང་པ་མདོ་སྡེ་དཔལ་རྒྱལ་མཚན། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་མཉམ་མེད་བསོད་ནམས་ལྷུན་གྲུབ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རི་ཁྲོད་པ་ཀུན་དགའ་མཆོག་ལྡན། མུས་པ་ནམ་མཁའ་དཔལ་བཟང་པོ། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ཁྱབ་བདག་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་ཡན་ཆད་བཙལ་དགོས། དེ་ནས་མཚུངས་མེད་ཀུན་དགའ་ཆོས་འཕེལ། བཀའ་དྲིན་རྨད་བྱུང་དབང་བླ་ཀུན་དགའ་བསྟན་འཛིན། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནས། དབང་རྣོན་རྒྱལ་བ་མཆོག་གྲུབ། བཀའ་བཞི་པ་རིན་ཆེན་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲ། ཡང་ན་དཔང་ལོ་ཙཱ་བ་ནས། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་མན་འདྲའོ།།  །མཁན་ཆེན་རྡོ་རྗེ་འཆང་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་སྒྲུབ་ཐབས་བྱིན་རླབས་ཀྱི་ཡི་གེ་ལ་བརྟེན་ནས་དཔྱལ་ལུགས་ཀྱི་ཕག་མོ་བདེན་གཉིས་ཞལ། ཕག་མོ་དབུ་བཅད་མ། ཕག་མོ་དོན་གྲུབ་མ་རྣམས་ཀྱི་བྱིན་རླབས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ།ལྕམ་ལེགས་སྨིན་ཀ་ར། བྲག་ཟེ་བིརྺ་པ། ཨ་ཝ་དྷཱུ་ཏི་པ། ལྡོང་ངར་བ་བསྟན་འཛིན་བཟང་པོ། བལ་པོ་བྷ་རེནྡྲ་རུ་ཙེ། དཔྱལ་ཀུན་དགའ་རྡོ་རྗེ། ཟར་སྟོན་ཨཱ་ཙཱརྻ། གཙང་ཡང་དག་རྡོ་རྗེ། དབུས་པ་ཤེས་རབ་རྡོ་རྗེ། ལྕེ་སྟོན་མདོ་སྡེ་སེང་གེ ལྕེ་བློ་ལྡན་སེང་གེ ལྕེ་བཙུན་བསོད་ནམས་དཔལ། སྤྲུལ་སྐུ་དབང་ཕྱུག་རྡོ་རྗེ།འཇམ་དབྱངས་རིན་ཆེན་རྒྱལ་མཚན། ཀུན་མཁྱེན་དགའ་བ་གདོང་པ་ཆོས་རྒྱལ་དཔལ་བཟང༌། མཁན་ཆེན་འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་པ་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། གྲུབ་མཆོག་ངག་དབང་རྣམ་རྒྱལ། དཔལ་ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་དགའ་ལྷུན་གྲུབ། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལ་སྩལ་ཏོ། །ཡང་ན་དཔྱལ་ནས། རྒྱ་གར་གྱི་མར་པ་བསོད་ནམས་རྡོ་རྗེ། གཙང་ཤེས་རབ་རྡོ་རྗེ། སྐྱིད་ཁུད་པ་མར་སྟོན་སེང་གེ་རྒྱལ་མཚན། ལྕེ་མདོ་སྡེ་སེང་གེ་མན་འདྲ། ཡང་ན་དཔྱལ་ལོ། ཟར་སྟོན།དེ་གཉིས་ཀ་ལས་ཞང་འོད་དེ། དབུས་པ་གཟི་སྟོན། དབུས་པ་ཤེས་རྡོར། ལྕེ་མདོ་སྡེ་སེང་གེ་མན་འདྲ། ཡང་ན་མར་པ་བསོད་ནམས་རྡོ་རྗེ། ཁམས་པ་ཞང་སྟོན། ཕུག་སྟོན། ལྷ་སྟེང་པ་འབྱུང་གནས་སེང་གེ ལྕེ་མདོ་སྡེ་སེང་གེ་མན་འདྲ། ཡང་ན་ཟར་སྟོན། སྣར་སྟོན། གྲག་པ་ཚུལ་ཁྲིམས། མཁས་བཙུན་ཀུན་རྡོར།བླ་མ་ཚུལ་ཁྲིམས་དཔལ་བཟང༌། བུ་སྟོན་ཐམས་ཅད་མཁྱེན་པ། ཁྱུང་པོ་གཞོན་ནུ་བསོད་ནམས། སྤོས་ཁང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་མན་འདྲའོ།།  །པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་ཡི་གེའི་སྟེང་ནས། དཔལ་འཁོར་ལོ་སྡོམ་པའི་རྒྱུད་མངོན་པར་བརྗོད་པ་འབུམ་པ་ལས་གསུངས་པའི་མགོན་པོ་ཚེ་དཔག་ཏུ་མེད་པ་ལྷ་གཅིག་བུམ་གཅིག་ཚེ་ཟན་ལ་བརྟེན་པ་རིག་འཛིན་དབང་མོ་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་ཏུ་མེད་པ། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་ཕུ་གསང་སྔགས་སྡོམ་པོ། རས་ཆུང་རྡོ་རྗེ་གྲགས་པ། མིད་ལ་བཞད་པ་རྡོ་རྗེ། དྭགས་པོ་ལྷ་རྗེ་བསོད་«་་་་་སྒམ་པོ་ཟླ་འོད་གཞོན་ནུ་ཡང་ཟེར། »ནམས་རིན་ཆེན། བདེ་གཤེགས་ཕག་མོ་«་་་་་ཁམས་པ་རྡོར་རྒྱལ། »གྲུབ་པ། འབྲི་ཁུང་པ་འཇིག་རྟེན་མགོན་པོའམ་མཚན་དངོས་རིན་ཆེན་དཔལ། སྤྱན་སྔ་གྲགས་པ་འབྱུང་གནས། ཡང་དགོན་པ་«་་་་་ཐུགས་ཀྱི་རྡོ་རྗེ་ཟེར་བའང་བྱུང༌། »རྒྱལ་མཚན་དཔལ་བཟང༌། ཐུགས་སྲས་སྤྱན་སྔ་རིན་ལྡན། ཟུར་ཕུག་པ་རིན་ཆེན་དཔལ་བཟང༌། འབའ་རྭ་བ་རྒྱལ་མཚན་དཔལ་བཟང༌།«་་་་་འདི་ཡང་དགོན་པའི་སྤྲུལ་པ། »ཆོས་རྗེ་བདེ་ལེགས་རིན་ཆེན། གངས་ཅན་པ་ཀུན་དགའ་དཔལ་བཟང༌། དབུ་མ་པ་དཔལ་ལྡན་བཟང་པོ། ཆོས་རྗེ་དཔལ་ལྡན་མགོན་པོ། མུས་ཆེན་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེང་གེ འཇམ་དབྱངས་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། བྱམས་པ་ཀུན་དགའ་བཀྲ་ཤིས། རྗེ་ནམ་མཁའ་སངས་རྒྱས། རྗེ་ནམ་མཁའ་དཔལ་བཟང༌། མཁས་གྲུབ་སངས་རྒྱས་ཕུན་ཚོགས། ཚེ་དཔག་མེད་དངོས་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་པཎ་ཆེན་ནམ་མཁའ་དཔལ་བཟང་ནས། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། བྱམས་པ་ཀུན་དགའ་བཀྲ་ཤིས། སྐུ་དབོན་ཤེས་རབ་འབྱུང་གནས། མཁས་བཙུན་ཀུན་དགའ་ལེགས་པ།འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་རྗེ་སངས་རྒྱས་རིན་ཆེན་ནས། ས་ལོ་ཐམས་ཅད་མཁྱེན་པ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ འདྲེན་མཆོག་ཀུན་དགའ་ལུང་རིགས། ནགས་དགོན་པ་སྦྱིན་པ་གྲགས་པ།ས་སྐྱ་པ་སྔགས་འཆང་ཀུན་དགའ་བསོད་ནམས་ཡབ་སྲས། ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བཀྲ་ཤིས། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། བཀའ་དྲིན་ཟླ་བྲལ་བཀྲ་ཤིས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་ས་སྐྱ་པ་ཀུན་དགའ་བཀྲ་ཤིས་ནས། སྔགས་འཆང་ཀུན་དགའ་བསོད་ནམས་རིན་ཆེན། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་མན་འདྲ། ཡང་ན་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། འཆི་མེད་མགོན་པོ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་ས་ལོ་ནས། སྔགས་འཆང་ཀུན་དགའ་རིན་ཆེན། སྲས་འཇམ་དབྱངས་སྐུ་མཆེད། ཨ་མི་ལགས་མན་འདྲ། ཡང་ན་སངས་རིན་ནས། རྗེ་དཀོན་མཆོག་ལྷུན་གྲུབ། ཤེའུ་རི་པ་བློ་གྲོས་རྒྱལ་མཚན། སྦྱིན་པ་གྲགས་པ་མན་འདྲའོ། །ཡང་ན་འབའ་རྭ་བ་རྒྱལ་མཚན་དཔལ་བཟང་ཡན་གོང་མ་ཇི་ལྟ་བ་བཞིན་ལ། དེ་ནས་གྲུབ་ཆེན་རིན་ཆེན་འཕེལ་བ། ཞྭ་ལུ་མཁན་ཆེན་འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། སྐུ་ཞང་རྡོ་རྗེ་འཆང་མཁྱེན་རབ་རིན་ཆེན་མཆོག་གྲུབ། ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། བྱམས་པ་ཀུན་དགའ་ཆོས་གྲགས། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། གྲུབ་དབང་སངས་རྒྱས་རྒྱ་མཚོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་འབའ་རྭ་བ་ནས། ཆོས་རྗེ་བདེ་ལེགས་རིན་ཆེན།«་་་་་ལྷ་དོ་རྟོགས་ལྡན་ཡང་ཟེར། »ནམ་སྙིང་པ་རིན་ཆེན་རྒྱལ་མཚན། ཀུན་མཁྱེན་གངས་ཁྲོད་པ་ཀུན་དགའ་དཔལ་བཟང༌། ཆོས་རྗེ་རིན་ཆེན་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ་མན་འདྲ། ཡང་ན་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། མཁན་ཆེན་ངག་དབང་རྣམ་རྒྱལ།དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག སྔགས་འཆང་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བཀྲ་ཤིས། ཡབ་སྲས་དེ་གསུམ་ཆར་ལས་ངག་དབང་ཀུན་དགའ་ལྷུན་གྲུབ། གྲུབ་དབང་སངས་རྒྱས་རྒྱ་མཚོ་མན་འདྲའོ། །མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་པས་པཎ་ཆེན་བྲང་ཏི་པས་མཛད་པ་དང༌། སྔགས་འཆང་ཆེན་པོས་མཛད་པའི་ཡིག་ཆ་སོ་སོའི་སྟེང་ནས་མ་འདྲེས་པར་ཐ་དད་དུ་གནང་བྱུང་ངོ༌།།  །རོང་སྟོན་ཆེན་པོ་ལ་ཏི་ཕུ་པས་དངོས་སུ་གནང་བའི་ཚེ་སྒྲུབ་ཞག་བདུན་མའི་ཉམས་ལེན་ཟབ་མོའི་གདམས་པ་ཚར་ཆེན་རྡོ་རྗེ་འཆང་ཆེན་པོས་གསལ་བར་མཛད་པའི་འཆི་མེད་བདུད་རྩིའི་བཅུད་ལེན་དང་བརྒྱུད་འདེབས་དངོས་གྲུབ་མཆོག་སྩོལ་གྱི་ལུང་དང་དམིགས་ཁྲིད་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་ཕུ་གསང་སྔགས་སྡོང་པོ། ཀུན་མཁྱེན་རོང་སྟོན་ཤཱཀྱ་རྒྱལ་མཚན། ཐུགས་སྲས་ཉེ་གནས་ནམ་མཁའ་དཔལ་ལྡན། རྗེ་བཙུན་རྡོ་རིང་ཀུན་སྤངས་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག «འདི་ནས་ཡིན་ནམ་མན་ཆད་ཅུང་ཟད་བརྟག་དགོས།་་་་་»མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། སྔགས་འཆང་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། ངག་དབང་བསོད་ནམས་རྒྱལ་མཚན། མཁན་ཆེན་རྒྱལ་བ་ལྷུན་གྲུབ།སྤྲོ་ལུང་བསོད་ནམས་ཆོས་འཕེལ། གྲུབ་ཆེན་སངས་རྒྱས་བསྟན་པ། མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་དཔལ་བཟང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །རྗེ་བཙུན་སངས་རྒྱས་རིན་ཆེན་གྱིས་མཛད་པའི་ཚེ་སྒྲུབ་ཞག་བདུན་མའི་ཡི་གེའི་ལུང་ཡང་ཐོས་སོ།།  །འཕགས་པའི་ཡུལ་གྱི་མ་ཧཱ་པཎྜི་ཏ་ཨཱ་ཙཱརྻ་དམར་པོས་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་གནང་བའི་རྡོ་རྗེ་ནམ་མཁའ་ལྡིང་གསེར་མིག་འཁྱིལ་བ་འབྱུང་པོ་འུར་འདེད་ཅེས་ཤིན་ཏུ་ཐུགས་གཙིགས་ཆེ་བའི་ཟབ་ཆོས་ཀྱི་སྐོར་ལ། ཡིག་རྙིང་གི་དགོངས་པ་བཞིན་དུ་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་ཁྱུང་ནག་གསེར་མིག་འཁྱིལ་བའི་སྒྲུབ་ཐབས་རྗེས་གནང་གི་ཡི་གེའི་སྟེང་ནས་ལེགས་པར་ནོས་ནས། གདམས་པ་ཤར་སྦུ་ཆུ་བ་དཔལ་ལྡན་གྲགས་ཀྱིས་མཛད་པའི་ལོ་རྒྱུས།བསྙེན་པ། སྒྲུབ་པ། ལས་སྦྱོར་གྱི་ནང་གསེས་ཁྱད་པར་གྱི་ལས་སྦྱོར་སེར་བ་དང་ཆར་གཅོད་པ། མིད་འབྱར་འཆོས་པ། དུག་བསྲུང་བ། དུག་འབྲེད་པ། སྲིའུ་གསོ་བ། གདོན་བགེགས་བསྐྲད་པ། སྨྱོ་བ་འདུལ་བ། བཅུད་ལེན། མཛེ་གསོ་བ། སྤྱི་འགྲོའི་ལས་སྦྱོར་དང་བཅས་པ་ལེགས་པར་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བླ་མ་ཨཱ་ཙཱརྻ་དམར་པོ།«་་་་་གསང་བ་ཤེས་རབ་ཀྱང་ཟེར། བོད་དུ་ལན་གསུམ་བྱོན་པའི་དང་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས། བར་པ་བསྟན་པ་ཕྱི་དར་གྱི་འགོ རྗེས་མ་ས་ཆེན་དང་མཇལ་བ་སྟེ་སྐུ་ཚེའི་རིག་འཛིན་བརྙེས་པ་དམག་ཟོར་མའི་བླ་བརྒྱུད་ན་ཡོད་པ་དེ་དང་གཅིག་གོ། »རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། རོང་མི་གྲགས་པ་དཔལ། རོང་མི་ལྦ་བ་ཅན་སངས་རྒྱས་དཔལ། རོང་མི་དར་མ་གྲགས། རོང་མི་སངས་རྒྱས་རྒྱལ་མཚན། རོང་མི་བསོད་ནམས་རྒྱལ་མཚན། ཤར་སྦུ་ཆུ་བ་དཔལ་ལྡན་གྲགས། གྲགས་པ་དཔལ་མགོན། ཇོ་སྟན་ཁྲོམ་ཡོན་ནམ་མཁའ་ལྷུན་བཟང༌། བླ་མ་དཔལ་ལྡན་གྲགས་པ། མུས་པ་འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། བླ་མ་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན། ཆོས་རྗེ་སངས་རྒྱས་དཔལ་བཟང༌། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། མཁན་ཆེན་འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ཐོས་སོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས་གསན་ནམ་ཅུང་ཟད་བརྟག དེ་ནས་མཁན་ཆེན་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེ་ཉིད་ནས་རྗེས་གནང་དང་ལས་ཚོགས་ཀྱི་ལུང་བཅས་བནྡེ་ཚུལ་ཁྲིམས་རིན་ཆེན་བདག་གིས་མནོས་སོ། །ཡང་ན་བསྟན་འཛིན་ལྷུན་གྲུབ་ནས། མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་སྦུ་ཆུ་བ་དཔལ་ལྡན་གྲགས་པ། མཁན་ཆེན་ནམ་ལྷུན་པ། ཆོས་རྗེ་ནམ་མཁའ་ལེགས་པ། ཆོས་རྗེ་ཝཱ་གཱི་ཤྭ་ར། ངག་དབང་གྲགས་པ་དཔལ་བཟང༌།དཀོན་མཆོག་རྒྱ་མཚོ། སངས་རྒྱས་རྒྱལ་མཚན། ས་སྐྱའི་སྔགས་འཆང་ཨ་མི་ལགས་ནས་ཀྱང་ཞབས་དྲུང་བདག་པོས་གསན་པ་མན་འདྲའོ།།  །སྨྲས་པ།སྲིད་གསུམ་རོ་གཅིག་ལྷན་སྐྱེས་བདེ་བ་ཆེའི། །འཁོར་ལོར་སྡོམ་པའི་དབང་བསྐུར་གསེར་རིའི་གྲངས། །ཚེ་དང་ཤེས་རབ་སྐྱེད་བྱེད་བྱིན་རླབས་དང༌། །ཚེ་དབང་གྲུབ་རྒྱལ་ལུགས་སོགས་ལེགས་པར་མནོས། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། རྣལ་འབྱོར་མ་རྒྱུད་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་བཅོ་བརྒྱད་པའོ།།  །།བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་དཔལ་ཀྱེ་རྡོ་རྗེའི་བཀའ་སྲོལ་མི་འདྲ་བ་ཆེན་པོ་བཞི་བབས་པ་ལ། དཔལ་ཀྱེ་རྡོ་རྗེའི་ཆོས་སྐོར་འདི་རྣམས། རྣལ་འབྱོར་མ་རྒྱུད་ཀྱེ་རྡོ་རྗེ། །ཞེས་པའི་དགོངས་དོན་ལྟར་མ་རྒྱུད་དུ་བཀྲལ་བ་དང༌། ཐབས་དང་ཤེས་རབ་གཉིས་མེད་རྒྱུད། །ཅེས་པའི་དགོངས་དོན་གཉིས་མེད་དུ་བཀྲལ་བའི་ལུགས་གཉིས་ལས་ངོར་ཆེན་རྡོ་རྗེ་འཆང་ཆེན་པོ་གཉིས་ཆར་འགལ་མེད་དུ་བཞེད་པས་འདིར་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས། རྣལ་འབྱོར་ཐབས་ཀྱིས་མ་ཡིན་ཞིང༌། །རྣལ་འབྱོར་ཤེས་རབ་གཅིག་པུས་མིན། །ཐབས་དང་ཤེས་རབ་གཉིས་མེད་པའི། །དགེས་རྡོར་འདི་ནི་ཕྱོགས་གཅིག་མིན། །ཞེས་བྱ་བ་ལ་སོགས་པ་རྒྱུ་མཚན་དུ་མའི་སྒོ་ནས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་དུ་བཞེད་པའི་ནང་ནས་མན་ངག་ལུགས་ནི་འོག་གསེར་ཆོས་སྐབས་སུ་འབྱུང་ཞིང༌། འདིར་རྣལ་འབྱོར་དབང་ཕྱུག་བིརྺ་པ་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་གཉིས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་གྲུབ་པའི་སློབ་དཔོན་ཆེན་པོ་ཌོམྦི་ཧེ་རུ་ཀའི་ཞལ་སྔ་ནས་ལེགས་པར་བཀྲལ་བའི་དཔལ་ཀྱེ་རྡོ་རྗེ་འགྲེལ་པ་ལུགས་སམ། ཌོམྦི་ལུགས་སུ་གྲགས་པ་ལྷ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་དཀྱིལ་ཌོམྦི་མཛེས་རྒྱན་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རྗེ་བདག་མེད་མ། རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པ། གྲུབ་པའི་སློབ་དཔོན་ཌོམྦི་ཧེ་རུ་ཀ ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། ཛ་ཡ་ཤྲཱི་ཛྙཱ་ན། སློབ་དཔོན་མི་ཐུབ་ཟླ་བ། དགེ་སློང་དཔའ་བོ་རྡོ་རྗེ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ་དགྲ་ལྷ་འབར། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། རོང་པ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེ་སྲས་རོང་པ་ཤེས་རབ་སེང་གེ ཞང་གྲགས་འབྱོར། བླ་མ་བསོད་ནམས་ལྷུན་གྲུབ། བླ་མ་ངག་གི་དབང་ཕྱུག་གྲགས་པ། བླ་ཆེན་ཀུན་དགའ་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁན་གྲུབ་དཔལ་ལྡན་རྡོ་རྗེ། རྭ་སྟོན་ཡོན་ཏན་དཔལ་བཟང༌།མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས། འཇམ་དབྱངས་ཀུན་དགའ་བསོད་ནམས། གཉེན་ཆེན་གྲགས་པ་བློ་གྲོས། ཤར་ཁང་པ་ཤེས་རབ་རྒྱལ་མཚན། མུས་ཆེན་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། འཇམ་དབྱངས་ཤེས་རབ་འབྱུང་གནས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། ངག་དབང་བཀྲ་ཤིས་དབང་ཕྱུག རྡོ་རྗེ་འཆང་བཀྲ་ཤིས་བཟང་པོ། མཁས་བཙུན་གྲུབ་པའི་དབང་པོ་ཆོས་ཀྱི་རྗེ་བསྟན་འཛིན་རྡོ་རྗེ་པ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་བར་འགྱུར་བ་ཉིད་དོ།།  །གྲུབ་པའི་སློབ་དཔོན་ཆེན་པོ་ཨ་ནངྒའི་རྗེས་སུ་འབྲང་བ་ཨཽ་ཌྱཱན་གྱི་སློབ་དཔོན་པདྨ་བཛྲ་གྱིས་ལེགས་པར་བཀྲལ་བའི་དཔལ་ཀྱེ་རྡོ་རྗེ་མཚོ་སྐྱེས་ལུགས་སམ་ནས་གླིང་མར་གྲགས་པ་ལྷ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་དཀྱིལ་མཚོ་སྐྱེས་མཛེས་རྒྱན་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང༌། བི་ལཱ་སྱ་བཛྲ། ཡན་ལག་མེད་པའི་རྡོ་རྗེ། སློབ་དཔོན་མཚོ་སྐྱེས་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ལྕམ་ལཀྵྨཱི་ཀ་ར། སློབ་དཔོན་ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། པཎ་ཆེན་ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། བླ་མ་སེ་མཁར་ཆུ་བ། ཞང་དགོན་པ་བ་ཆོས་འབར།བླ་ཆེན་ས་སྐྱ་པ་ཆེན་པོ། རྟ་སྟག་སོ་བ་རིན་ཆེན་དོན་གྲུབ། དེ་དབོན་ཆོས་ཀྱི་ཤེས་རབ་དང༌། ལ་ཁ་བ་རྒྱལ་མཚན་གྲགས་པ། དཔལ་«་་་་་གོང་དཀར་བའི་གསན་ཡིག་ན་མི་འདུག་ཀྱང་ཐར་རྩེ་པའི་གསན་ཡིག་ན་བཞུགས་པས་ཆད་དམ་སྙམ། »ཆུ་བོ་རི་པ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ་བསོད་ནམས་དཔལ། རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་བཙུན་སངས་རྒྱས་རིན་ཆེན། རྗེ་ལྷ་མཆོག་སེང་གེ རྡོ་རྗེ་འཆང་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། བྱམས་པ་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་ཤེས་རབ་འབྱུང་གནས། འཇམ་མགོན་ལྷུན་གྲུབ་དཔལ་ལྡན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཁས་དབང་བཀྲ་ཤིས་དབང་ཕྱུག མཁས་བཙུན་བཀྲ་ཤིས་བཟང་པོ། མཁན་ཆེན་སངས་རྒྱས་དཔལ་བཟང༌། རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་བར་འགྱུར་རོ།།  །གྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་དམ་ཚིག་རྡོ་རྗེས་ལེགས་པར་བཀྲལ་བའི་དཔལ་ཀྱེ་རྡོ་རྗེ་སྐུ་གསུང་ཐུགས་སྙིང་པོ་ཀྱེ་རྡོ་རྗེ་དང་བཅས་པའི་ལྷ་དགུ་སོ་སོའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་དཀྱིལ་ནག་པོ་མཛེས་རྒྱན་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རྗེ་བདག་མེད་མ། ནག་པོ་དམ་ཚིག་རྡོ་རྗེ། བྲམ་ཟེ་ནག་པོ་ཤཱནྟི་བྷ་དྲཿ འགོས་ཁུག་པ་ལྷས་བཙས། མངའ་རིས་པ་གསལ་བའི་སྙིང་པོ།འཁོན་སྒྱི་ཆུ་བ་དགྲ་ལྷ་འབར། དཔལ་ལྡན་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། དཀར་སྟོན་ཤཱཀྱ་གྲགས། བདེ་ལུང་པ་ཀུན་བཟང་དཔལ།«་་་་་འདི་དཀར་གྱི་དབོན་པོ་ཡིན། »བླ་མ་གུང་པ་དར་མ་ཡེ་ཤེས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་དཔལ་ལྡན་དོན་གྲུབ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་ལྷ་མཆོག་སེང་གེ བུདྡྷ་སིངྷཿབྲང་ཏི་ནམ་མཁའ་དཔལ་བཟང༌། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། མཁན་ཆེན་ངག་དབང་ཆོས་གྲགས།«་་་་་འདི་གཉིས་ཀ་ཐུབ་བསྟན་ཡངས་ཅན་པ།་་་་་»བྱམས་པ་ངག་དབང་རྣམ་རྒྱལ། ས་སྐྱ་པ་བདག་ཆེན་བསོད་ནམས་དབང་ཕྱུག མཁན་ཆེན་ལྷུན་གྲུབ་དཔལ་ལྡན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཁས་དབང་བཀྲ་ཤིས་དབང་ཕྱུག རྡོ་རྗེ་འཆང་བཀྲ་ཤིས་བཟང་པོ། བཀའ་དྲིན་ཅན་ཆོས་རྗེ་བསྟན་འཛིན་རྡོ་རྗེ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་བར་འགྱུར་རོ། །ཡང་ན་བླ་མ་ཚུལ་ཁྲིམས་རྒྱལ་མཚན་ནས། བླ་མ་ངག་གི་དབང་ཕྱུག མཁན་ཆེན་བྱང་ཆུབ་སེང་གེ ས་བཟང་འཕགས་པ་མན་འདྲའོ།།  །ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ་དཀྱིལ་ཆོག་བདེ་ཆེན་རྒྱ་མཚོ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་དཀྱིལ་གསལ་བྱེད་རབ་གསལ་སྣང་བ། པཎ་ཆེན་ཐར་རྩེ་པས་མཛད་པའི་ལྷན་ཐབས་རྣམས་ལ་བརྟེན་ནས་དཔལ་ཀྱེ་རྡོ་རྗེའི་རྒྱུད་རྒྱས་པ་འབུམ་ཕྲག་ལྔ་པ་དང་བརྟག་པ་གཉིས་པ་སྟེ་གཉིས་ཆར་གྱི་བཤད་པའི་རྒྱུད་ཐུན་མོང་མ་ཡིན་པ་རྡོ་རྗེ་གུར་གྱི་རྒྱུད་ནས་བཤད་པའི་མཁའ་འགྲོ་ལྔ་རིགས་བསྡུས་པ་ལྷ་བཞི་བཅུ་རྩ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རྗེ་བདག་མེད་མ། རྣལ་འབྱོར་དབང་ཕྱུག་བིརྺ་པ། གྲུབ་པའི་དབང་ཕྱུག་ཌོམྦི་པ། ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ་ཛ་ཡ་ཤྲཱི་ཛྙཱ་ན། སློབ་དཔོན་མི་ཐུབ་ཟླ་བ། གྲུབ་ཆེན་པྲཛྙཱ་«་་་་་ཤེས་རབ་དབང་པོ་མཛེས་པ་སྟེ་དཔའ་བོ་རྡོ་རྗེའང་ཟེར། »ཨིནྡྲ་རུ་ཙི། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ་དགྲ་ལྷ་འབར། རྗེ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། ཁམས་པ་ནེ་ཙོ་སྦལ་སྟོན། རྟ་སྟག་སོ་བ་རིན་ཆེན་དོན་གྲུབ།གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་རྒྱལ།«་་་་་ཐར་རྩེ་པ་སོགས་ཀྱི་གསན་ཡིག་ན་མི་འདུག་ཀྱང་འཇམ་དབྱངས་མཁྱེན་བརྩེའི་དེར་སྣང་བས་ཆད་དམ་སྙམ། »དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྗེ་སངས་རྒྱས་དཔལ་གྲུབ། འཇམ་དབྱངས་ནམ་མཁའ་བརྟེན་པ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་ཤར་ཁང་པ་ཤེས་རབ་རྒྱལ་མཚན། དེ་ལས་ཐར་རྩེ་ནམ་མཁའ་དཔལ་བཟང་དང༌། མུས་ཆེན་ནམ་མཁའ་དཔལ་བཟང་གཉིས་ཀྱིས་གསན། སྔ་མ་ལས་བྱམས་པ་ཀུན་དགའ་བཀྲ་ཤིས། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། མཚུངས་མེད་དམ་ཆོས་བསམ་འགྲུབ། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། རིགས་བརྒྱའི་འཁོར་ལོས་སྒྱུར་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ཚུལ་ཁྲིམས་ལྷུན་གྲུབ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ཅན་པའི་སྐལ་བ་མཆོག་གི་སྣོད་དུ་ལེགས་པར་སྩལ་ཏོ། །ཡང་ན་ངོར་ཆེན་ནས། ཁ་ཆར་བ། ཀུན་མཁྱེན་བསོད་ནམས་སེང་གེ འདྲེན་མཆོག་དཀོན་མཆོག་འཕེལ་བ། ངོར་ཆེན་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ ཐར་རྩེ་ནམ་མཁའ་དཔལ་བཟང་མན་འདྲའོ། །དེ་དག་གི་རྒྱབ་བརྟེན་དུ་དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པ་པཎྜི་ཏ་ག་ཡ་དྷ་ར་དང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ།ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཚུལ་གསུམ་མཛེས་པར་བྱེད་པའི་རྒྱན་དང༌། ལྗོན་ཤིང་མཛེས་པར་བྱེད་པའི་རྒྱན་རྣམས་ཀྱི་ལུང་ཡང་ཐོས་སོ།།  །བདེ་དགྱེས་སོགས་རྒྱུད་སྡེ་བདུན་ཅུ་རྩ་གཉིས་སོགས་ཐུན་མོང་བའི་བཤད་རྒྱུད་སམྤུ་ཊ་ནས་གསུངས་པའི་རྡོ་རྗེ་དབྱིངས་ལྷ་སུམ་ཅུ་རྩ་བདུན་གྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་སྒྲུབ་ཐབས་དངོས་གྲུབ་སྙེ་མ། དཀྱིལ་ཆོག་དབང་གི་སྙེ་མ། མཆོད་ཕྲེང་ཚོགས་གཉིས་སྙེ་མ། ཐར་རྩེ་ནམ་མཁའ་དཔལ་བཟང་གིས་མཛད་པའི་ཟིན་བྲིས་པདྨ་ཁ་འབྱེད་རྣམས་ལ་བརྟེན་ནས་དབང་བཞི་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རྗེ་བདག་མེད་མ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པ། གྲུབ་ཆེན་ཌོམྦི་ཧེ་རུ་ཀ ཨ་ལ་ལ་བཛྲ། དཔལ་ལྡན་ནགས་ཁྲོད་པ། གརྦྷ་རི་པ། ཛཱ་ཡ་ཤྲཱི་ཛྙཱ་ན། སློབ་དཔོན་མི་ཐུབ་ཟླ་བ། པྲཛྙཱ་ཨིནྡྲ་རུ་ཙི། བླ་ཆེན་འབྲོག་མི་ཤཱཀྱ་ཡེ་ཤེས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ་དགྲ་ལྷ་འབར། རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། ཚོགས་སྒོམ་པ་ཀུན་དགའ་དཔལ་བ། གཉགས་སྙིང་པོ་རྒྱལ་མཚན། ཞང་བཀྲ་ཤིས་དཔལ། སྤང་སྒང་པ་གྲགས་པ་དཔལ། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཀུན་མཁྱེན་བསོད་ནམས་སེང་གེ མུས་ཆེན་སངས་རྒྱས་རིན་ཆེན། ཆོས་རྗེ་དགེ་ལེགས་བཤེས་གཉེན། རྗེ་ཤར་ཁང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཞབས་དྲུང་ཤེས་རབ་འབྱུང་གནས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན། དྲིན་ཆེན་རྡོ་རྗེ་འཆང་ཕུན་ཚོགས་རྒྱ་མཚོ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །རྗེ་བླ་མས་ཆོས་རྗེ་བསྟན་པ་རྒྱལ་མཚན་ལས་ཀྱང་གསན་གསུང༌། ཡང་ན་སངས་རྒྱས་རིན་ཆེན་ནས། དཀོན་མཆོག་ལྷུན་གྲུབ། ཐར་རྩེ་པཎ་ཆེན་མན་འདྲའོ།།  །ཀྱེ་རྡོ་རྗེའི་རྩ་བ་དང་བཤད་པའི་རྒྱུད་གསུམ་སྟེ། དེ་དག་གི་དགོངས་འགྲེལ་གཙོ་ཆེའི་ཆོས་སྣ་སུམ་ཅུ་རྩ་དགུར་གྲགས་པ་ཐོག་མར་བིརྺ་པའི་རྗེས་སུ་འབྲང་བ་གྲུབ་ཆེན་ཌོམྦི་ཧེ་རུ་ཀའི་སྐོར་ལ། བདག་མེད་མའི་སྒྲུབ་ཐབས་བདུད་རྩིའི་འོད་ཌོམྦི་ཧེ་རུ་ཀས་མཛད་པ་པཎྜི་ཏ་ག་ཡ་དྷ་ར་དང༌། འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ། རྫོགས་རིམ་ལྷན་ཅིག་སྐྱེས་གྲུབ་ཌོམྦི་པས་མཛད་པ་རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤཱནྟི་དང༌། དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ། ཚོགས་ཀྱི་འཁོར་ལོ་མཛད་པ་དང་འགྱུར་གོང་འདྲ། ཡང་ཚོགས་འཁོར་འདུ་བ་བསྒྲག་པ་མཛད་པ་«་་་་་བདག་གིས་ཐོབ་དུས་ཀྱི་དཔེ་ལ་ནི་འདི་ཡན་འབྲོག་མིའི་འགྱུར་གྱི་སྟེང་ནས་བྱུང༌། »དང་འགྱུར་གོང་དང་འདྲ། དེ་ཉིད་བཅུ་པ་མར་མེ་མཛད་དང་དགེ་བའི་བློ་གྲོས་ཀྱི་འགྱུར། སྐུ་རྡོ་རྗེ་ལྷ་དགུའི་མངོན་རྟོགས་ཕྱག་གཉིས་པའི་སྒྲུབ་ཐབས་ཞེས་བྱ་བ་ཨ་ལ་ལ་བཛྲས་མཛད་པ་རྒྱ་གར་གྱི་མཁན་པོ་པྲཛྙཱ་ཨིནྡྲ་རུ་ཙིཿདང་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ། སྐུ་རྡོ་རྗེ་དཔའ་བོ་གཅིག་པའི་མངོན་རྟོགས་དྲན་པ་གཅིག་པ་གརྦྷ་རི་པས་མཛད་པ་དང་བདག་མེད་མའི་སྒྲུབ་ཐབས་བསོད་སྙོམས་པས་མཛད་པ་འགྱུར་གོང་འདྲ། དཀྱིལ་འཁོར་གྱི་ཆོ་ག་བཟང་པོ་ཡོངས་བཟུང་མི་ཐུབ་ཟླ་བས་མཛད་པ་རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ་སློབ་དཔོན་བསོད་ནམས་རྩེ་མོས་འགྱུར་བཅོས་མཛད་པ། གུར་རིགས་བསྡུས་མཁའ་འགྲོ་ལྔའི་སྒྲུབ་ཐབས་སྦྱང་དཀའ་ཟླ་བས་མཛད་པའི་རྒྱ་གར་གྱི་མཁན་པོ་ཏཱི་ལ་ཡ་དང༌། བོད་ཀྱི་ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་བ། ཀྱེ་རྡོ་རྗེའི་མངོན་རྟོགས་ཡན་ལག་དྲུག་པ་མི་ཐུབ་ཟླ་བས་མཛད་པ་ག་ཡ་«ཕྱག་དཔེར་འགྱུར་མི་སྣང་ཡང་རྣམ་བཤད་ཟླ་ཟེར་ལས་བཤད།་་་་་»དྷ་ར་དང་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། འདིར་བདག་མེད་ལྷ་མོ་བཅོ་ལྔའི་སྒྲུབ་ཐབས་ཞིག་ལ་ཡུམ་གྱི་སྒྲུབ་ཐབས་ཟེར་བ་བྱུང་ཡང་དཔེ་མ་འབྱོར་པས་ལུང་མ་བྱུང༌། ཡང་གུར་རིགས་བསྡུས་ཀྱི་སྒྲུབ་ཐབས་མི་ཐུབ་ཟླ་བས་མཛད་པ་དང་ག་ཡ་དྷ་ར་དང་འབྲོག་མིའི་འགྱུར། དེས་མཛད་པའི་གཏོར་མའི་ཆོ་ག་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་འགྱུར་གོང་དང་འདྲ། དེ་རྣམས་ཀྱི་རྒྱབ་བརྟེན་དུ་དཀའ་འགྲེལ་ཀཽ་མུ་ཏི་མི་ཐུབ་ཟླ་བས་མཛད་པ་པྲཛྙཱ་ཨིནྡྲ་རུ་ཙི་དང་འབྲོག་མིའི་འགྱུར། དཀྱིལ་ཆོག་བསྐྱེད་རིམ། རྫོགས་རིམ། རབ་གནས། སྦྱིན་སྲེག རོ་སྲེག ཚོགས་འཁོར། གཏོར་མའི་ཆོ་ག་རྣམས་སྟོན་པ་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་འབར་བ་པྲཛྙཱ་ཨིནྡྲ་རུ་ཙིའམ་«་་་་་དཔའ་བོ་རྡོ་རྗེའང་ཟེར། »ཤེས་རབ་དབང་པོ་མཛེས་པས་མཛད་པ། པཎྜི་ཏ་དེ་ཉིད་དང་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ་རྣམས་སོ།།  །གཉིས་པ་སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེའི་རྗེས་སུ་འབྲང་བ། གྲུབ་ཆེན་པདྨ་བཛྲ་གྱི་སྐོར་ལ། དཀྱིལ་འཁོར་གྱི་ཆོ་ག་ནས་གླིང་མ་སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པ་འབྲོག་མིའི་བསྒྱུར་བ། དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་མཚོ་སྐྱེས་ཀྱིས་མཛད་པ་འབྲོག་མིས་བསྒྱུར་བ། མར་མེའི་རྩེ་མོ་«་་་་་རྨོར་ཆེན་པའི་གསན་ཡིག་ཏུ་འདི་མ་བྱུང་བ་བརྟག »ལྟ་བུའི་རྫོགས་རིམ་ཚོགས་འཁོར་དམ་ཚིག་ལྔ་པ་མཚོ་སྐྱེས་ཀྱིས་མཛད་པ་བ་རི་ལོ་ཙཱ་བས་བསྒྱུར་བ། སྦྱིན་སྲེག་གི་ཆོ་ག་མཛད་པ་གོང་འདྲ། བསྟོད་པ་ཉི་ཤུ་པ་མཚོ་སྐྱེས་ཞབས་ཀྱིས་མཛད་པ་ག་ཡ་དྷ་ར་དང་འབྲོག་མིས་བསྒྱུར་བ། དེ་དག་གི་རྒྱབ་བརྟེན་དུ་དཀའ་འགྲེལ་པདྨ་ཅན་མཚོ་སྐྱེས་ཞབས་ཀྱིས་མཛད་པ་རྒྱ་གར་གྱི་མཁན་པོ་ཏྲི་ཏི་གརྦྷ་དང་ཁུ་སྟོན་དངོས་གྲུབ་ཀྱིས་བསྒྱུར་བ། སྐབས་ཀྱི་འགྲེལ་ཆུང་བརྒྱད་དུ་གྲགས་པ་ལ། གླེང་གཞིའི་འགྲེལ་པ་ཆེ་ཆུང་ནག་པོ་བརྟུལ་ཞུགས་སྤྱོད་པས་མཛད་པ། ག་ཡ་དྷ་ར་དང་འབྲོག་མིས་བསྒྱུར་བ། གླུའི་འགྲེལ་པ་ཆེ་ཆུང་སློབ་དཔོན་སྒྲོལ་མ་ཅན་གྱིས་མཛད་པ་འགྱུར་གོང་འདྲ། ཡང་གླུའི་དེ་ཁོ་ན་གསལ་བའི་འགྲེལ་པ་པདྨའི་ཞབས་ཀྱིས་མཛད་པ་འགྱུར་གོང་འདྲ། རྩའི་འགྲེལ་པ་«་་་་་མངོན་པར་རྟོགས་པའི་རིམ་པ་ཞེས་བྱུང་བརྟག »ཆེ་ཆུང་འགྱུར་གོང་འདྲ། ཡང་རྩའི་འགྲེལ་པ་«་་་་་ཀྱེ་རྡོ་རྗེའི་དེ་ཁོ་ན་ཉིད་ཀྱི་རིམ་པ་ཞེས་བྱུང༌། »མཛད་བྱང་མེད་པ་འགྱུར་གོང་འདྲ། དུར་ཁྲོད་ཀྱི་འགྲེལ་པ་ཆེ་ཆུང་མཛད་བྱང་མེད་པ་རྒྱ་གར་གྱི་མཁན་པོ་རཏྣ་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ། དུར་ཁྲོད་ཀྱི་འགྲེལ་པ་ཆེ་བ་སམྤུ་ཊ་ལས་བསྡུས་པར་བཤད་སྣང་ངོ༌། །བརྡའི་འགྲེལ་པ་རྣམ་པར་ངེས་པ་ཡེ་ཤེས་རྒྱལ་མཚན་གྱིས་འགྱུར་བཅོས་པ་རྣམས་སོ། །གསུམ་པ་སློབ་དཔོན་དམ་ཚིག་རྡོ་རྗེའི་རྗེས་སུ་འབྲང་བ་ནག་པོ་ཤཱནྟ་བྷ་དྲའི་སྐོར་ལ། དཀྱིལ་འཁོར་གྱི་ཆོ་ག་ནག་པོ་གཞུང་འགྲེལ་པཎྜི་ཏ་ནག་པོ་ཞབས་ཀྱིས་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་བ། དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ་ནག་པོ་དམ་ཚིག་རྡོ་རྗེས་མཛད་པ་པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། ཀྱེ་རྡོ་རྗེ་ཕྱག་བཅུ་དྲུག་པ་དཔའ་བོ་གཅིག་པའི་སྒྲུབ་ཐབས་ནག་པོ་ཞབས་ཀྱིས་མཛད་པ་པཎྜི་ཏ་དེ་ཉིད་དང་འགོས་ལོས་བསྒྱུར་བ། བདག་མེད་མའི་སྒྲུབ་ཐབས་མཛད་པ་དང་འགྱུར་གོང་འདྲ། བར་འདིར་ཚོགས་འཁོར་གྱི་ཆོ་ག་འགོས་འགྱུར་དང་ཕྱག་གཉིས་པ་དཔའ་གཅིག་ཚུལ་ཁྲིམས་གྲགས་ཀྱི་འགྱུར་ཟེར་བ་གཉིས་སངས་རྒྱས་བསྟན་པའི་གསན་ཡིག་ཏུ་འདུག་ཀྱང་དཔེ་མ་འབྱོར་བས་ལུང་མ་བྱུང༌། རྨོར་ཆེན་པའི་གསན་ཡིག་ནའང་མི་འདུག་པས་མ་དགོས་པ་ཡིན་ནམ་བརྟག སྦྱིན་སྲེག་གི་ཆོ་ག་མཛད་པ་དང་འགྱུར་གོང་འདྲ། རབ་གནས་ཀྱི་ཆོ་ག་མཛད་པ་དང་འགྱུར་གོང་འདྲ། གཤིན་གྱི་ཆོ་ག་ནག་པོ་ཞབས་ཀྱིས་མཛད་པ་པཎྜི་ཏ་རྒྱལ་བའི་གཉེན་དང་ཐར་ལོ་ཉི་མ་རྒྱལ་མཚན་གྱིས་དབེན་གནས་ཐར་པ་གླིང་དུ་བསྒྱུར་བ། རོ་སྲེག་གི་ཆོ་ག་དང་མཆོད་རྟེན་གྱི་ཆོ་ག་ཉི་མ་རྒྱལ་མཚན་གྱིས་བསྒྱུར་བ་སྟེ་གཞུང་དེ་རྣམས་དམ་ཚིག་རྡོ་རྗེའི་སློབ་མ་ནག་པོ་ཤཱནྟ་བྷ་དྲས་མཛད་པ་རྣམས་སོ། །དཀའ་འགྲེལ་«འདི་ལུང་མ་བྱུང༌།་་་་་»རྣལ་འབྱོར་རིན་པོ་ཆེ་སྦྱོར་བའི་ཕྲེང་བ་ནག་པོ་ཞབས་ཀྱིས་མཛད་པ་པཎྜི་ཏ་དེ་ཉིད་དང་འགོས་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་བ་རྣམས་ཏེ། དེ་ལྟར་གཙོ་ཆེ་བའི་ཆོས་སྣ་སོ་དགུར་གྲགས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཡན་ཆད་གསན་ཡིག་རྒྱ་མཚོ་ལྟར་དང༌། དེ་ནས་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུག མཁས་གྲུབ་དཔལ་ལྡན་རྡོ་རྗེ། དེ་གཉིས་ཀས་རྗེས་སུ་བཟུང་བ་འདྲེན་མཆོག་དཀོན་མཆོག་འཕེལ་བ། ཆོས་རྗེ་དགེ་ལེགས་བཤེས་གཉེན།རྗེ་ཤེས་རབ་རྒྱལ་མཚན། ཐར་རྩེ་ནམ་མཁའ་དཔལ་བཟང༌། སྔགས་འཆང་ཀུན་དགའ་བསོད་ནམས། དཔལ་ས་སྐྱ་པ་ཀུན་དགའ་བཀྲ་ཤིས། འཁྲུལ་ཟད་བསོད་ནམས་ཆོས་འཕེལ། ཁྱབ་བདག་སངས་རྒྱས་བསྟན་པ། རིགས་ཀུན་ཁྱབ་བདག་སངས་རྒྱས་དཔལ་བཟང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་སྩལ་ཏོ།།  །ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའམ་སྒྲུབ་ཁང་དཔལ་ལྡན་དོན་གྲུབ་པས་མཛད་པའི་ཡི་གེའི་སྟེང་ནས་རྗེ་བཙུན་མ་སྒྲོལ་མ་ལྷ་བཅུ་བདུན་གྱི་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བཞི་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། སློབ་དཔོན་ཉི་མ་སྦས་པ། ཙནྡྲ་གརྦྷ།ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། ཝཱ་གཱི་ཤྭ་ར་ཀཱིརྟི། ཤྲདྡྷཱ་ཀ་ར་ཝརྨ། ཏ་ཐཱ་ག་ཏ་རཀྵི་ཏ། པཎྜི་ཏ་དཱ་ན་ཤཱི་ལ། མཉྫུ་ཤྲཱི། མལ་ལོ་བློ་གྲོས་གྲགས་པ། རྗེ་བཙུན་ས་སྐྱ་པ་ཆེན་པོ། ཁམས་པ་ནེ་ཙོ་སྦལ་སྟོན། གནམ་པ་རྭ་ཆོས་ཤེ། མངོན་པ་བ་བྱང་ཆུབ་བརྩོན་འགྲུས། པཎྜི་ཏ་རྡོ་རྗེ་ཤེས་རབ། ཞང་དཀོན་མཆོག་དཔལ་བ། རྒྱལ་བ་བྲག་ཕུག་པ་ཆེན་པོ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎ་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། ས་སྐྱ་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་བཙུན་བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། མུས་པ་ནམ་མཁའ་དཔལ་བཟང༌། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། གཡུང་དྲུང་ནས་གཡུང་དྲུང་གི་རྟགས་བར་འདི་བས་འོག་མ་འདི་བཙན། རྨོར་ཆེན་འཇམ་པའི་དབྱངས་ངག་དབང་ཀུན་དགའ་ལྷུན་གྲུབ། མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་བར་འགྱུར་རོ།  །ཡང་ན་མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་«་་་་་འདི་མི་འདུག་ཆད་དམ་སྙམ། »ངག་དབང་ལྷུན་གྲུབ། མཚུངས་མེད་ཆོས་རྗེ་ཀུན་དགའ་ཆོས་འཕེལ།མཁས་བཙུན་ཆེན་པོ་ནམ་མཁའ་དཔལ་བཟང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་མལ་ལོ་ནས། པུ་ཅེར་ལོ་ཙཱ་བ། ལ་སྟོད་དབང་རིན། མཆིམས་ཆོས་སེང༌། མཆིམས་བློ་བརྟན། མཆིམས་ནམ་མཁའ་གྲགས། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། བླ་མ་ཡེ་ཤེས་རིན་ཆེན། བླ་མ་མཁན་ཆེན་པ། བླ་མ་ཀླུ་བྱང་པ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་པ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན།ངོར་ཆེན་རྡོ་རྗེ་འཆང་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ་ནས། བླ་བྲང་པ་གཞོན་ནུ་རྒྱལ་མཚན། བླ་བྲང་པ་བློ་གྲོས་རྒྱལ་མཚན། བླ་བྲང་པ་བཟང་པོ་དཔལ། རྗེ་བཙུན་དཔལ་ཆེན་བཟང་པོ། ཡེ་ཤེས་དཔལ་འབྱོར།«་་་་་བཟང་པོའང་བྱུང༌། »རྒྱལ་སྲས་བློ་བཟང་དཔལ་འབྱོར། ཆག་ལོ་རིན་ཆེན་ཆོས་རྒྱལ། ས་ལོ་འཇམ་དཔལ་རྡོ་རྗེ་མན་འདྲའོ།།  །ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་ཡི་གེ་ལ་བརྟེན་ནས་རྡོ་རྗེ་གུར་ནས་གསུངས་པའི་ལས་རྒྱས་པའི་ལྷ་ཤེས་ཕྱིན་དཀར་མོའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། བཛྲ་པཱ་ཎི། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་རིན་ཆེན་གྲགས། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་ས་སྐྱ་པཎྜི་ཏ། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། ཆོས་རྗེ་བསོད་ནམས་སྐྱབས། རྗེ་གཟུངས་ཀྱི་དཔལ་བ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་ནམ་མཁའ་དཔལ་བཟང༌། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། གྲུབ་མཆོག་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་ཡིག་ཆ་དེ་ཉིད་ཀྱི་ལུང་བཅས་སྩལ་ཏོ།།  །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་འཇིགས་བྱེད་མུན་པ་ཚལ་གྱི་དུར་ཁྲོད་དུ་བྲམ་ཟེ་མཆོག་སྲེད་ལས་མགོན་པོའི་རྒྱུད་དང་མན་ངག་རྣམས་གསན་ཞིང་ཁྱད་པར་རྡོ་རྗེ་གུར་ནས་བཤད་པའི་མགོན་པོ་འདི་ཉིད་ཀྱི་རྗེས་གནང་གསན་པའི་ཚེ། ནམ་སྲོད་ཀྱི་ཆ་ལ་སྤྲིན་ནག་དུ་བའི་མདོག་ཅན་གྱི་དབུས་ན་ཞབས་པུས་མན་ཆད་ནུབ་པའི་སྐུའི་སྣང་བ་གསལ་བར་བསྟན་པས་གུར་མགོན་སྤྲིན་གསེབ་མར་གྲགས་པའི་རྗེས་གནང་ཏིང་འཛིན་ཉི་ཟླ་བཟང་པོས་མཛད་པའི་དགྲ་བགེགས་ཚར་གཅོད་ཀྱི་ཡི་གེ་བཞིན་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་བྲམ་ཟེ་མཆོག་སྲེད། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྗེ་བཙུན་ཀུན་དགའ་གྲོལ་མཆོག བསྟན་འཛིན་ཉི་ཟླ་བཟང་པོ། དེ་དབོན་ངག་དབང་ཉི་མ། སྤྲུལ་པའི་སྐུ་མཆོག་ཀུན་དགའ་བསོད་ནམས་དབང་ཕྱུག རྡོ་རྗེ་འཆང་དྲིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། གྲུབ་པའི་འཁོར་ལོས་སྒྱུར་བ་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡིག་ཆ་དེ་ཉིད་ཀྱི་འགོར། ན་མོ་བཱིརྻ་བྷ་དྲཱ་ཡ་ཞེས་དང༌། དམ་མེད་ལག་ཏུ་མི་སྦྱིན་བཀའ་རྒྱས་ཐོབ་སཾ་མཱཔྟ་མི་ཐིའི་མཐའ་ཅན་གྱི་ལུང་ཡང་ནོས།།  །བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པའི་ཤིན་ཏུ་ཐུགས་གཙིགས་ཆེ་བ་ནོར་གྱི་ལྷ་མོ་དབྱུ་གུ་མ་མཆེད་གསུམ་གྱི་ཆོས་སྐོར་གྱི་ལུང་མན་ངག་ཕྱག་བཞེས་དང་བཅས་ལེགས་པར་ཐོབ་པ་ནི། ཀླུ་སྒྲུབ་ཀྱིས་ཤ་ཟའི་གནོད་སྦྱིན་མོ་མཁའ་འགྲོ་ཀུན་ནས་འཁྱིལ་བའི་རྟོག་པ་ལས་ཕྱུང་བའི་སྒྲུབ་ཐབས་བླ་མ་རྡོ་རྗེ་གདན་པ་དང་བ་རི་ལོ་ཙཱ་བས་བསྒྱུར་བ། རྡོ་རྗེ་གདན་པས་མཛད་པའི་གནོད་སྦྱིན་མོ་ཀུན་ནས་འཁྱིལ་བའི་དོན་བསྡུས་འགྲེལ་པ་བ་རི་ལོ་ཙཱ་བས་བསྒྱུར་བ་ལ་སླར་པ་ཚབ་ལོ་ཙཱ་བས་འགྱུར་བཅོས་མཛད་པ། དེའི་སྙིང་པོ་ས་པཎ་གྱིས་མཛད་པ་བླ་མ་བ་རི་བ་རྒྱ་གར་དུ་བཞུགས་དུས་ཤིན་ཏུ་བཀྲེན་པར་རྡོ་རྗེ་གདན་པས་གནང་ནས་ཟས་གོས་ནོར་གསུམ་ཚེགས་མེད་དུ་འོང་གསུངས་པའི་ལོ་རྒྱུས་དང་བཅས་པའི་གདམས་ངག་ཆོས་བརྒྱགས་སུ་བྱའོའི་མཐའ་ཅན།འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མན་ངག་འདི་བླ་མ་རྡོ་རྗེ་གདན་པས་བ་རི་ལོ་ཙཱ་བ་ལ་གནང་བའི་ཞེས་ཡོད་པའི་ལོ་ཙཱ་བ་བོད་དུ་འབྱོན་དུས་རྡོ་རྗེ་གདན་པས་སྐྱེལ་ཐུང་མཛད་ནས་གནང་བའི་ཐུགས་དམ་མཁའ་འགྲོ་མའི་དངོས་གྲུབ་ལག་བཅངས་ཨི་ཐིའི་མཐའ་ཅན། འགོར་ན་མོ་གུ་རུ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཞེས་ཡོད་པའི་སྤུན་གསུམ་གྱི་མངོན་རྟོགས་གསལ་བྱེད་བཙལ་སླ་བ་ཡིན་ནོའི་མཐའ་ཅན། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དབྱུ་གུ་སྤུན་གསུམ་གྱི་མན་ངག་འདི་ཞེས་ཡོད་པའི་གཏོར་མ་གཏང་ཐབས་ཕུན་སུམ་ཚོགས་པར་བྱེད་དོའི་མཐའ་ཅན། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྡོ་རྗེ་གདན་པས་བླ་མ་བ་རི་ལོ་ཙཱ་བ་ལ་གནང་བའི་གདམས་པ་ཞེས་ཡོད་པའི་རྟེན་བཅའ་ཐབས། ཟབ་ཐིག་སྙིང་གི་གདམས་པ་ཨི་ཐིའི་མཐའ་ཅན། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མན་ངག་འདི་བླ་མ་རྡོ་རྗེ་གདན་པས་བ་རི་ལོ་ཙཱ་ལ་བུ་ཁྱོད་བོད་དུ་འགྲོ་ན་ཞེས་ཡོད་པའི་མཁའ་འགྲོ་མའི་ལག་བཅངས་འདྲ་མིན་རྫོགས་བྱང་གི་མཐའ་ཅན། འགོར་རྣལ་འབྱོར་པ་གང་ཞིག་ཅེས་ཡོད་པའི་བསྒྲུབ་པ་བྱ་ཐབས་རྫོགས་བྱང་གི་མཐའ་ཅན། ཆང་བུ་བསྔོ་ལུགས་དང་ཚིགས་བཅད་མཁའ་འགྲོ་ཆེན་མོ་ལ། འགོར་ན་མོ་གུ་རུ། འཇིག་རྟེན་འདྲེན་པ་ཕྱག་གི་ལྷུང་བཟེད་དབུས། །ཞེས་ཡོད་པའི་བརྒྱུད་པའི་ལོ་རྒྱུས། རྟེན་བཅའ་ཐབས། བསྙེན་སྒྲུབ་ལས་སྦྱོར་བཅས་སྟོན་པའི་མན་ངག་རྒྱས་པར་བསྟན་པ་བླ་མ་གསུང་ངོའི་མཐའ་ཅན། དེའི་ཞར་བྱུང་དུ་རབ་གནས་བྱ་ཐབས། བླ་རྡོ་བཅངས་ཐབས་ཨི་ཐིའི་མཐའ་ཅན། འགོར་ན་མོ་གུ་རུ་བཛྲ་ཌཱ་ཀི་ནི། དབུལ་བ་སེལ་བའི་གཏེར་ཆེན་མི་ཟད་པ། །ཞེས་ཡོད་པའི་མན་ངག་བླ་རྡོ་བཅངས་ཐབས་དང་བཅས་པ་རྒྱས་པར་བསྟན་པ་བཀྲ་ཤིས་སོགས་བྱའོའི་མཐའ་ཅན། ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་དགེ་ཚུལ་བྱམས་པ་བཟང་པོའི་དོན་དུ་མཛད་པའི་སྒྲུབ་ཐབས་བསམ་དོན་ཀུན་འགྲུབ། ཤཱཀྱའི་དགེ་སློང་རཏྣའི་མཐའ་ཅན་གྱིས་བསྐུལ་བའི་དོན་དུ་ཙཀྲ་ལ་བརྟེན་པའི་དབང་སྡུད་ཟབ་མོའི་ལག་ལེན་གསལ་བར་བཀོད་པ་བསམ་འཕེལ་ནོར་བུ་རྣམས་ཐོབ་པ་ལས། རྒྱ་གཞུང་ཡིག་རྙིང་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། ཐུབ་པའི་དབང་པོ། རྗེ་བཙུན་འཇམ་པའི་དབྱངས། ཛེ་ཏཱ་རི། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། བླ་མ་ཁང་སྟོན་པ། སྐྱི་སྟོན་གྲགས་པ་རྒྱལ་མཚན། ཇོ་ནང་ཀུན་མཁྱེན་ཆེན་པོ། བླ་མ་བྱང་ཆུབ་སེང་གེ ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ།གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ཀུན་དགའ་བསོད་ནམས། མཁན་ཆེན་ནམ་མཁའ་རིན་ཆེན། གྲུབ་བརྩོན་ཀུན་དགའ་བཟང་པོ། ཁམས་སྟོན་སངས་རྒྱས་དཔལ་བཟང༌། མཁས་གྲུབ་སངས་རྒྱས་ཕུན་ཚོགས། ཆོས་ཀྱི་རྗེ་ཀུན་དགའ་ཆོས་འཕེལ།མཁན་ཆེན་སངས་རྒྱས་དཔལ་བཟང༌། དེས་བདག་ལའོ། །ཡང་ན་ས་སྐྱ་པ་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ཡིག་ཆ་རྣམས་ཀྱི་ལུང་བརྒྱུད་ནི། ཡན་ཆད་རྒྱ་གཞུང་ལྟར་ལས། དེ་ནས་ས་སྐྱ་པ་ཀུན་དགའ་བསོད་ནམས་ནས། མཁན་ཆེན་སངས་རྒྱས་དཔལ་བཟང༌། དེས་བདག་ལའོ། །ཡང་ན་བོད་གཞུང་རྐྱང་པའི་ལུང་ནི། སངས་རྒྱས་ཕུན་ཚོགས་པར་འདྲ། དེ་ནས་བསྟན་འཛིན་ལྷུན་གྲུབ། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། རྒྱལ་བ་བྲག་ཕུག་པ་བསོད་ནམས་དཔལ། བླ་མ་བློ་བཟང་པ། བླ་མ་སེང་གེ་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཆག་ལོ་རིན་ཆེན་ཆོས་རྒྱལ། ས་ལོ་འཇམ་དཔལ་རྡོ་རྗེ་མན་འདྲ། ཡང་ན་ངོར་ཆེན་རྡོ་རྗེ་འཆང༌། མུས་ཆེན་སེམས་དཔའ་ཆེན་པོ། རྗེ་བསོད་ནམས་སེང་གེ དེ་སྲས་བྱ་བཏང་རྗེ། འཇམ་དབྱངས་ནམ་མཁའ་སངས་རྒྱས། རྗེ་ཆོས་ཀྱི་དབང་ཕྱུག མུས་ཆེན་སངས་རྒྱས་རྒྱལ་མཚན་མན་འདྲའོ།།  །བླ་མ་གཡའ་བཟང་པ་ནས་བརྒྱུད་པའི་གཟའ་སྲུང་ཐོས་པ། གནུབས་འདུལ་འཛིན་ཆེན་པོ་རྒྱལ་བ་གཡའ་བཟང་པར་དྲང་སྲོང་གཟས་དངོས་སུ་ཕུལ་བའི་གཟའ་ཉི་མ་མདུང་གང་མའི་སྐོར་ལ། རང་སྐོར་མན་ངག་ལ་དགོས་པའི་སྒོམ་ལུང༌། རང་གི་སྐོར་ལེ་ཚན་གཉིས། གཡའ་བཟང་ཡང་དཀོན་གྱི་སྐོར། ཤམ་པོ་རྩལ་གྱི་སྐོར། གཟིམས་ཆུང་མའི་སྐོར་དང་དྲུག དང་པོ་ཕྱག་རྡོར་སྒོམ་«་་་་་སྒོམ་ལུང་ཟུར་དུ་འབོགས་པ་ཞིག་མ་བྱུང་ཡང་ལུང་གིས་ཐུས་སམ། »ལུང་སོགས། བརྒྱུད་པ་རྒྱལ་བ་གཡའ་བཟང་པ།«་་་་་ཆོས་སྨོན་ལམ་འོད་པ། »ཁམས་སྒོམ་བྱ་བྲལ་ཉི་མ་རྒྱལ་མཚན། ཐར་པ་བདེ་རྒྱས་པ་དོན་ཡོད་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མདོ་སྟོད་པ་བརྩོན་འགྲུས་དཔལ། གཙང་ཉེག་པ་རིན་ཆེན་«་་་་་ཞྭ་ལུའི་ཕུ་ཤར་བསམ་གཏན་སྒང་ནས་ཡིན། »རྒྱལ་མཚན། དབེན་པ་བླ་མ་རིན་ཆེན་དཔལ་གྲུབ།«་་་་་ཞྭ་ལུའི་ཕུ་ནུབ་པ། »ཆོས་རྗེ་སྟོན་དགེ་བ།«་་་་་སྲད་པ། »ཆོས་རྗེ་བཀའ་བཅུ་དར་བཟང༌།«་་་་་སྣར་ཐང་པ། »ཆོས་རྗེ་དོན་གྲུབ་གྲགས་པ་དཔལ་བཟང༌།«་་་་་སྲད་པ། »སློབ་དཔོན་བཀའ་བཅུ་བསོད་ནམས་གྲགས་པ། ལོ་ཆེན་ཆོས་སྐྱོང་བཟང་པོ། བར་འདིར་བླ་མ་གཅིག་གཉིས་ཤིག་མ་རྙེད། བྱང་གླིང་པ་དབང་རབ་ལ་སོགས། ཡང་ན་གཙང་ཉེག་པ་རིན་ཆེན་རྒྱལ་མཚན་ནས། སྣར་ཐང་བྱང་ཆེན་པ་བསོད་ནམས་བློ་གྲོས། ཆོས་རྗེ་དོན་གྲུབ་གྲགས་པ། བཀའ་བཅུ་བསོད་གྲགས་མན་འདྲ། ཡང་ན་བླ་མ་དམ་པ། གཙང་ཉེག་པ་མན་འདྲ། སྐོར་རྣམས་མི་འདྲ་བ་མང་དུ་སྣང༌། ཡང་ན་གཡའ་བཟང་པ་ནས། ཉི་མ་རྒྱལ་མཚན་དོན་ཡོད་དཔལ། བླ་མ་དམ་པ། མཁན་ཆེན་བྱང་སེང༌། ཐེག་ཆེན་ཆོས་རྗེ། བླ་མ་ཆོས་གྲགས་པ། རིན་ཆེན་བཟང་པོ། གངས་ཅན་ཀུན་དགའ་དཔལ། རིན་ཆེན་ལེགས་འཕེལ། ཨོ་རྒྱན་དཔལ་འབྱོར། གཡའ་བཟང་པ་རིན་ཆེན་ཕུན་ཚོགས། རིན་ཆེན་དར་རྒྱས་སོགས། ཡང་ཐེག་ཆེན་ནས།མར་སྟོན་རྒྱལ་མཚན་འོད་ཟེར། བྲག་ནག་པ་རིན་ཆེན་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། ལྷ་བཙུན་གྲགས་པ་བྱང་ཆུབ། ཀུན་སྤངས་རིན་ཆེན། ཁྲབ་ཆེན་སངས་རྒྱས་དཔལ་བཟང༌། ནམ་མཁའ་སངས་རྒྱས། ཆོས་དབང་ཕྱུག མུས་ཆེན་སངས་རྒྱས་རྒྱལ་མཚན། ཨ་མི་ལགས། ཚོགས་གསོག་པས་འདི་ནས་གསན་ནམ་བརྟག ཚོགས་གསོག་པ་ནས་རྗེ་བུདྡྷ་བ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། གཙང་གསར་ཆོས་རྗེ། གཏེར་དབོན་བསོད་ནམས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །སྨྲས་པ། རྩ་བཤད་རྒྱུད་ཀྱིས་ཉེར་བསྟན་ཀྱེ་རྡོ་རྗེ། །བཀའ་བབས་རྣམ་གསུམ་གུར་དང་ཁ་སྦྱོར་དབང༌། །ཤེས་རབ་ཕ་རོལ་ཕྱིན་མ་མགོན་རྐྱང་བཅས། །ཀུན་འཁྱིལ་ལ་སོགས་བཀས་གནང་སྐལ་བ་སྦོམ། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། ཐབས་ཤེས་གཉིས་མེད་དགྱེས་པ་རྡོ་རྗེའི་རྒྱུད་གསུམ་གྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་བཅུ་དགུ་པའོ།།  །། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*