དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོའི་ནང༌།

མགོན་པོ། ཁམས་པ་ཤཱཀྱ་རྡོ་རྗེ། དེ་སྲས་ཆོས་གྲགས། བླ་མ་དར་མ་ཤཱཀྱ། བསོད་ནམས་དབང་པོ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། བླ་མ་བཀྲ་ཤིས་རིན་ཆེན། ངོར་ཆེན་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཀུན་མཁྱེན་བསོད་ནམས་སེང་གེ མུས་ཆེན་སངས་རྒྱས་རིན་ཆེན། འཇམ་དབྱངས་ཀུན་དགའ་བསོད་ནམས། གཉན་ཆེན་གྲགས་པ་བློ་གྲོས། འཇམ་དབྱངས་སངས་རྒྱས་སེང་གེ བྲང་ཏི་ནམ་མཁའ་དཔལ་བཟང༌། དེ་དབོན་ནམ་མཁའ་རིན་ཆེན། ཧོར་ནམ་མཁའ་དཔལ་བཟང༌། མཁན་ཆེན་ཤེས་རབ་རྒྱ་མཚོ། མཁས་བཙུན་ཀུན་དགའ་ཆོས་འཕེལ། ཆོས་རྗེ་དཀོན་མཆོག་རྒྱལ་མཚན། འཇིག་རྟེན་དབང་ཕྱུག་བཀྲ་ཤིས་བཟང་པོ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་འཇམ་དབྱངས་ཀུན་དགའ་བསོད་ནམས། གྲགས་པ་བློ་གྲོས། ཤར་ཁང་པ་ཤེས་རབ་རྒྱལ་མཚན། བྲང་ཏི་པ་མན་འདྲའོ། །ཡང་ན་གཟེ་པ་དོན་གྲུབ་མགོན་པོ་ནས། བར་ཐང་པ་ཡབ་སྲས། བསོད་ནམས་དབང་ཕྱུག ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ་མན་འདྲ། ཀུན་མཁྱེན་ཆེན་པོའི་ཡི་གེའི་ལུང་ནི་གོང་འཇམ་རྡོར་གྱི་སྐབས་བཞིན་ནོ། །སྨྲས་པ། རྗེས་ཆགས་སྒྱུ་འཕྲུལ་བཀོད་པས་འཁོར་བའི་ཆོས། །ཡང་དག་ལམ་བྱེད་ཐབས་རྒྱུད་གསང་བ་འདུས། །འཕགས་པའི་ལུགས་དང་ཡེ་ཤེས་སྤྱན་ལྡན་ཞབས། །མར་མེ་མཛད་བཀྲལ་བཀའ་སྲོལ་ཆེ་གསུམ་ཐོས། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། དཔལ་གསང་བ་འདུས་པའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་བཅུ་དྲུག་པའོ།།  །།གཉིས་པ་ཞེ་སྡང་ཅན་གཙོ་བོར་འདུལ་བ་གཤིན་རྗེ་གཤེད་ཀྱི་སྐོར་ལ་དམར་ནག་འཇིགས་གསུམ་ལས་དང་པོ་ལ་ཕ་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་སྙིང་པོའི་ཡང་སྙིང་རྒྱུད་དང་མན་ངག་གི་དགོངས་པ་ཇི་ལྟ་བ་བཞིན་དུ། གྲུབ་པའི་འཁོར་ལོས་སྒྱུར་བ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་ངམ་བིརྺ་པར་ཞེས་ཡོངས་སུ་གྲགས་པའི་ཞལ་སྔ་ནས་ལེགས་པར་བཀྲལ་བའི་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་མངོན་རྟོགས་བདུད་རྩིའི་བུམ་པ། ཤར་ཆེན་གྱིས་མཛད་པའི་དཀྱིལ་ཆོག་བདུད་རྩིའི་རོལ་མཚོ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་བཀྲ་ཤིས། ངོར་ཆེན་དཀོན་མཆོག་དཔལ་ལྡན་གྱིས་མཛད་པའི་དབང་གི་མཚམས་སྦྱོར་དང༌། པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་མཚམས་སྦྱོར་སོགས་ཀྱིས་བསྡུས་པ་རྣམས་ཀྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པ་བཀའ་བབས་གསུམ་དང་ལྡན་པ་ལས། དང་པོ་ཆགས་ལུགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་གཤིན་རྗེ་གཤེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པ།«་་་་་སོ་མ་པཱུ་རི། »གྲུབ་པའི་དབང་ཕྱུག་ཌོམྦི་ཧེ་རུ་ཀ«་་་་་ན་དྷ་ཀི་ཀ »གྲུབ་ཆེན་བི་ར་ཌི་པ།«་་་་་དེ་བི་ཀོ་ཊ། »མ་ཏི་གརྦྷ། «ཛ་གདྡྷཿ་་་་་»གམྦྷི་ར་མ་ཏི། རྡོ་རྗེ་གདན་པ་ཆེན་པོ་ནིཥྐ་ལངྐ་དེ་ཝ།«་་་་་རྙོག་པ་མེད་པའི་ལྷ། »པཎ་གྲུབ་རེ་«་་་་་ཧཱི་མ་ཡ། »ཝེནྡྲ་པྲ་བྷཱ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། གོ་ལུང་ཕ་མདོ་སྡེ་དཔལ། ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ། མང་མཁར་ལོ་ཙཱ་བ་མཆོག་ལྡན། ལེགས་པའི་བློ་གྲོས། བླ་མ་བསོད་ནམས་དབང་ཕྱུག བྱ་སྡེར་བ་བྱང་ཆུབ་རིན་ཆེན། ར་ག་བྲག་པ། ཤཱཀྱ་སེང་གེ རྗེ་བཙུན་ཇོ་ནང་པ་ཕྱོགས་ལས་རྣམ་རྒྱལ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་འཁོར་ལོ་སྡོམ་པ་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུག འདྲེན་མཆོག་དཀོན་མཆོག་འཕེལ་བ། རྗེ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། རྗེ་དབོན་ནམ་མཁའ་སངས་རྒྱས། འཇམ་དབྱངས་ནམ་མཁའ་དཔལ་བཟང༌། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། བཀའ་དྲིན་མཉམ་མེད་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་ལན་གཉིས་སུ་སྩལ་ཏོ། །ཡང་ན་མཁན་ཆེན་སངས་རྒྱས་ཕུན་ཚོགས་ནས། རྡོ་རྗེ་འཛིན་པ་ཀུན་དགའ་ཆོས་འཕེལ། བསྟན་པའི་སྲོག་ཟུང་བཀའ་དྲིན་ཅན་བཀྲ་ཤིས་བཟང་པོ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་ནས། རྡོ་རྗེ་འཛིན་དབང་བཀྲ་ཤིས་བཟང་པོ།དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ངོར་ཆེན་ནས། ཀུན་དགའ་དབང་ཕྱུག འདྲེན་མཆོག་རཏྣ་ཝརྡྷ་མན་འདྲ། ཡང་ན་མུས་ཆེན་སེམས་དཔའ་ཆེན་པོ། ཡོངས་འཛིན་མན་འདྲ། ཡང་ན་རྡོ་རྗེ་འཆང་ཡབ་སྲས་གཉིས་ཀ་ལས། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་དང༌། ཀུན་མཁྱེན་བསོད་ནམས་སེང་གེ་གཉིས་ཀས་གསན། དེ་གཉིས་ཀ་ལས་རཏྣ་ཝརྡྷས་གསན། ཡང་ན་ལྷ་མཆོག་སེང་གེ ཤར་ཁང་པ། རྗེ་ནམ་མཁའ་དཔལ་བཟང་མན་འདྲ།ཡང་ན་རཏྣ་ཝརྡྷ། རྗེ་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་མན་འདྲ། ཡང་ན་རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་དཔལ་ལྡན། རྗེ་ནམ་མཁའ་དཔལ་བཟང་མན་འདྲ། ཡང་ན་རྗེ་དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས། རྗེ་ནམ་མཁའ་སངས་རྒྱས་མན་འདྲ། ཡང་ན་ཆག་ལོ་ནས། རྒྱལ་མཚན་དགེ་བ། ཤོང་ལོ་ཙཱ་བ་བློ་བརྟན། ལོ་མཆོག་མན་འདྲ། ཡང་ན་ལོ་མཆོག དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། ས་བཟང་འཕགས་པ། ངོར་ཆེན་རྡོ་རྗེ་འཆང་མན་འདྲ། ཡང་ན་དཔལ་ལྡན་སེང་གེ ཀུན་སྤངས་ཆོས་གྲགས་དཔལ་བཟང༌། མ་ཏི་པཎ་ཆེན། ས་བཟང་འཕགས་པ་མན་འདྲའོ། །ཡང་ཆག་ལུགས་བརྒྱུད་པ་ལུགས་གཅིག་ལ། ཆག་ལོ་ནས། བླ་བྲང་པ་གཞོན་ནུ། བླ་བྲང་པ་བློ་གྲོས་དཔལ། བླ་བྲང་པ་བཟང་པོ་དཔལ། བླ་བྲང་པ་ཉི་མ་རྒྱལ་མཚན། བླ་བྲང་པ་བསོད་ནམས་དཔལ་འབྱོར། བླ་བྲང་པ་ཆོས་དཔལ་བཟང་པོ། ཆག་ལོ་རིན་ཆེན་ཆོས་རྒྱལ། ས་ལོ་འཇམ་དཔལ་རྡོ་རྗེ།ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་བ་ནམ་མཁའ་དཔལ་བཟང་མན་འདྲ། བཀའ་བབས་གཉིས་པ་དཔྱལ་ལུགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་གཤིན་རྗེའི་གཤེད། རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་བིརྺ་པ། ཌོམྦི་ཧེ་རུ་ཀ བཱི་ར་ཌི་པ།«་་་་་དགེ་སློང་བྱི་ལའི་ཤམ་ཐབས་ཅན། བྱི་ལ་པ་ཡང་ཟེར། »མ་ཏི་གརྦྷ། གམྦྷི་ར་མ་ཏི། ནིཥྐ་ལངྐ༌། དཔྱལ་ཆོས་བཟང༌། རྗེ་བཙུན་རྒྭ་ལོ། རོང་པ་ཤེས་རབ་སེང་གེ བླ་མ་དཔལ་ལྡན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་འདྲའོ། །བཀའ་བབས་གསུམ་པ་དཱ་ན་ཤཱི་ལ་ལུགས་ཀྱི་བརྒྱུད་པ་ནི། འཇམ་གསར། རྗེ་བཙུན་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། རོང་པ་ཤེས་རབ་སེང་གེ སྐྱི་སྟོན་གྲགས་པ་རྒྱལ་མཚན། ཆོས་རྗེ་ཀུན་མཁྱེན་ཆེན་པོ། ཇོ་ནང་པ་ཕྱོགས་ལས་རྣམ་རྒྱལ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཆེན་པོ་མན་གོང་དང་འདྲའོ།།  ༈ །ཐར་རྩེ་པ་ནམ་མཁའ་དཔལ་བཟང་གིས་མཛད་པའི་གཤིན་རྗེའི་གཤེད་དམར་པོའི་ཤིན་ཏུ་སྤྲོས་མེད་ཀྱི་ཁྲིད་ཡིག་ངེས་དོན་རྡོ་རྗེའི་རྣལ་འབྱོར་ཐེམ་སྐས་ཀྱི་སྟེང་ནས། གང་ཟག་མཆོག་སྐལ་བ་དང་ལྡན་པ་ཅིག་ཅར་བའི་ལམ་གྱིས་བཀྲི་བར་འོས་པའི་དོན་དུ་གསུངས་པ་ཤིན་ཏུ་སྤྲོས་པ་མེད་པའི་ཁྲིད་ཀྱི་རིམ་པ་ཟབ་མོ་སྨིན་རྒྱས་སྤྲོས་མེད་ཀྱི་བྱིན་རླབས། བདུད་རྩིའི་བྱིན་རླབས་དང་བཅས་པ་ལེགས་པར་ཐོབ་ནས་རྒྱབ་བརྟེན་ལུང་ལ། ཐོག་མར་རྣལ་འབྱོར་དབང་ཕྱུག་བིརྺ་པས་མཛད་པའི་གཤིན་རྗེ་མཐར་བྱེད་དམར་པོ་ལྷ་ལྔའི་མངོན་རྟོགས་ལས་ཚོགས་དང་བཅས་པ་སྟོན་པའི་སྒྲུབ་ཐབས་ཆེ་བ་ཉི་མའི་དབང་པོའི་འོད་ཟེར་དང༌། ཆག་ཆོས་རྗེ་དཔལ་གྱིས་བསྒྱུར་བ། དེའི་སྒྲུབ་ཐབས་ཆུང་བ་དཱ་ན་ཤཱི་ལའི་རང་འགྱུར། གཏོར་མའི་ཆོ་ག་གཉིས་དང་བསྐྱེད་རིམ་གྱི་གཞུང་གསུམ་དང༌། སྤྲོས་མེད་རྡོ་རྗེའི་ཚིག་རྐང༌། རྫོགས་རིམ་ཤིན་ཏུ་སྤྲོས་པ་མེད་པ་དེ་ཁོ་ན་ཉིད་ཀྱི་མན་ངག དརྤན་ཨཱ་ཙཱརྻ་དང༌། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་བསྒྱུར་བ། དེས་མཛད་པའི་བྱིན་གྱིས་བརླབས་པའི་མན་ངག་འོད་གསལ་འཆར་བའི་རིམ་པ་རྒྱ་གར་གྱི་མཁན་པོ་རེ་ཝེནྡྲ་དང༌། ཆག་ལོ་ཆོས་རྗེ་དཔལ་གྱིས་བསྒྱུར་བ་སྟེ་རྫོགས་རིམ་གྱི་གཞུང་གསུམ། གཤིན་རྗེའི་གཤེད་ཀྱི་འཁྲུལ་འཁོར་གྱི་ཕྲེང་བ་དང༌། དེར་མི་གསལ་བའི་སྔགས་བཏུ་དང༌། ལས་སོ་སོའི་སྔགས་གསལ་བར་སྟོན་པ། གཤིན་རྗེའི་གཤེད་ཀྱི་འཁྲུལ་འཁོར་གྱི་ཆོ་ག་སྟེ་བི་རཱུ་པའི་གཞུང་བརྒྱད། དེས་མཛད་པའི་བདུད་རྩི་བྱིན་རླབས་ཀྱི་རིམ་པ་དརྤན་དང་ལོ་ཙཱ་བ་ཞེ་སྡང་རྡོ་རྗེའི་འགྱུར། དེའི་ཁྲིད་ཡིག་གློ་བོ་ལོ་ཙཱ་བས་མཛད་པ། སྤྲོས་མེད་བརྒྱུད་པའི་གསོལ་འདེབས་རྗེ་རྡོ་རྗེ་འཆང་གིས་མཛད་པ། སྤྲོས་མེད་རྒྱུན་གྱི་ཉམས་ལེན་ཡོངས་འཛིན་གྱིས་མཛད་པ་དང་ས་ལོས་མཛད་པ་རྣམས་དང༌། གཤིན་རྗེའི་གཤེད་དམར་པོའི་རྒྱུད་ལེའུ་བཅུ་དགུ་པ་རྣམས་ཀྱི་ལུང་དང་བཅས་པ་ལེགས་པར་ཐོབ་པ་ལས། རྫོགས་རིམ་ཟབ་མོ་ཤིན་ཏུ་སྤྲོས་མེད་ཀྱི་བྱིན་རླབས་དང་ཁྲིད་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་གཤིན་རྗེའི་གཤེད། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པ། གྲུབ་པའི་དབང་ཕྱུག་ཌོམྦི་ཧེ་རུ་ཀ བཱི་ར་ཌི་པ།«་་་་་དགེ་སློང་བྱི་ལའི་ཤམ་ཐབས་ཅན། »གྲུབ་པའི་འཁོར་ལོས་འགྱུར་བ་བྲམ་ཟེ་དཔལ་འཛིན།«་་་་་སྔོན་ལྷ་དང་ལྷ་མིན་འཐབ་པའི་ཚེ་ལྷ་ཕྲུག་གཅིག་གི་མགོ་ཆད་པར་རང་གི་དབུ་སྦྱར་བས་གསོས། མ་ཧེ་ཤི་བའི་མགོ་རང་ལ་སྦྱར་བས་དགེ་སློང་གི་ལུས་ལ་མ་ཧེའི་མགོ་ཅན།» བློ་བཟང་སྙིང་པོ། པཎྜི་ཏ་དརྤན་ཨཱ་ཙཱརྻ།«་་་་་ཀྲཱི་ཡ་ས་མུཙྪ་མཛད་པ་པོ་ལོ་དགུ་སྟོང་དང་ཉིས་བརྒྱ་བཞུགས་པ། »གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། སྲས་བླ་མ་ས་པ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། བླ་མ་བསོད་ནམས་རྒྱལ་མཚན། ཇོ་ནང་པ་ཕྱོགས་ལས་རྣམ་རྒྱལ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ འདྲེན་མཆོག་དཀོན་མཆོག་འཕེལ་བ། རྗེ་ལྷ་མཆོག་སེང་གེ རྗེ་བུདྡྷ་སིངྷ༌། པཎ་ཆེན་ནམ་མཁའ་དཔལ་བཟང༌། རྗེ་ནམ་མཁའ་སངས་རྒྱས།མཁན་ཆེན་བསོད་ནམས་རྒྱ་མཚོ། རྗེ་བཙུན་སངས་རྒྱས་དཔལ་བཟང༌། མཁས་གྲུབ་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཛིན་པ་ཀུན་དགའ་ཆོས་འཕེལ།རིགས་བརྒྱའི་ཁྱབ་བདག་ཆེན་པོ་བཀྲ་ཤིས་བཟང་པོ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་སེམས་དཔའ་ཆེན་པོ་ནས།བདག་ཆེན་རྡོ་རྗེ་འཆང༌། ཀུན་སྤངས་པ། ཚར་ཆེན་བློ་གསལ་རྒྱ་མཚོ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁས་གྲུབ་ངག་དབང་ཆོས་གྲགས། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། རྗེ་བསོད་ནམས་རྒྱ་མཚོ་མན་འདྲའོ། །ཡང་ན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནས། ཐེག་ཆེན་ཆོས་ཀྱི་རྒྱལ་པོ།འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་མན་འདྲ། ཡང་ན་བུ་སྟོན་ནས། རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ།མཁས་པ་ཙནྡྲ་ཤྲཱི་རཏྣ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་རྗེ། རྡོ་རིང་པ་མན་འདྲ། ཡང་ན་ཐུགས་སྲས་ནས། བསོད་ནམས་དོན་གྲུབ། བཀྲ་ཤིས་རྒྱལ་མཚན། བཀའ་བཞི་པ་རིན་ཆེན་རྒྱལ་མཚན། མཁྱེན་རབ་རྗེ་མན་འདྲའོ། །བིརྺ་པའི་གཞུང་བརྒྱད་ཀྱི་བདུད་རྩི་བྱིན་རླབས་དང་ཚིག་རྐང་ལུང་གི་བརྒྱུད་པ་ནི། གཤིན་རྗེའི་གཤེད། བིརྺ་པ། མ་ཏི་གརྦྷ། བྲམ་ཟེ་དཔལ་འཛིན། ཤཱནྟ་རཀྵི་ཏ། དརྤཎ་ཨཱ་ཙཱརྻ། གློ་བོ་ལོ་ཙཱ་སོགས་གཞན་འདྲའོ། །ཡང་ཉེ་བརྒྱུད་བྱེད་ན། ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མནལ་ལམ་བཟུང་ནས་སཽ་མ་པུ་རིར་རྣལ་འབྱོར་དབང་ཕྱུག་བིརྺ་པ་དང་དངོས་སུ་མཇལ་ནས་གསན་པས། རྡོ་རྗེ་འཆང༌། བིརྺ་པ། ཤར་ཆེན་མན་སྔར་ལྟར་རོ།།  ༈ །རྣམ་སྣང་གི་རིགས་སུ་གཏོགས་པ་ཞེ་སྡང་ཅན་གཙོ་བོར་འདུལ་བ་གཤིན་རྗེའི་གཤེད་སྐོར་ལ་རྭ་ལོ་དགེ་བ་རྒྱལ་མཚན་གྱིས་མཛད་པའི་སྒྲུབ་ཐབས་གཤིན་རྗེ་ཀུན་འཇོམས་དང༌། དཀྱིལ་ཆོག་གཞོན་ནུ་རྣམ་རོལ། དེའི་ཟུར་འདེབས་མཁས་པ་བཀྲ་ཤིས་དཔལ་ལྡན་གྱིས་མཛད་པའི་སྟེང་ནས། རྭ་ལུགས་ཀྱི་དཔལ་གཤིན་རྗེ་གཤེད་དགྲ་ནག་ལྷ་བཅུ་གསུམ་མ་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བཞི་རྫོགས་པར་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཏཻ་ལོ་པ། ནཱ་རོ་པ། པྲཛྙཱ་རཀྵི་ཏ། བལ་པོ་མེཉྫ་གླིང་«་་་་་ངོར་པའི་གསན་ཡིག་འགར་མེཉྫེ་གླིང་པ། བལ་པོ་ཐུགས་རྗེ་ཆེན་པོ་ཞེས་སོ་སོར་བྱས་འདུག »པ་ཐུགས་རྗེ་ཆེན་པོ།«་་་་་ས་དགེ་བའི་མཁས་གྲུབ་མང་པོ་བལ་པོ་བྷ་རོ་དང་གཅིག་པར་མཛད་ཀྱང་འདི་ཡེ་རང་བ་དང་བྷ་རོ་ཡམ་བུ་བ་ཡིན་ཞིང་ཐུགས་རྗེ་ཆེན་པོ་ནི་དུས་འཁོར་ཕག་མོ་སོགས་ལ་ཤིན་ཏུ་མཁས། བྷ་རོ་ནི་གཤིན་རྗེ་གཤེད་ཀྱི་གྲུབ་པ་ཐོབ་པ་ཙམ་ལས་མཁས་པར་མ་གྲགས་པས་སོ་སོར་མ་འདྲེས་པར་དགོས་པར་མངོན་ནོ་ཞེས་རྒྱལ་དབང་ལྔ་པ་ཆེན་པོ་གསུང་ངོ༌།། »རྭ་ཆེན་ལོ་ཙཱ་བ་རྡོ་རྗེ་གྲགས།«་་་་་རབ་བྱུང༌། »རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ«་་་་་སྔགས་པ་དཀར་ཆས་ལྕང་ལོ་ཅན།་་་་་»རྭ་འབུམ་སེང༌། «སྔགས་དཀར་ཅོ་དྲེག་ཅན།་་་་་»རྒྭ་ལོ་རྣམ་རྒྱལ་རྡོ་རྗེ།«་་་་་ཐར་རྩེ་སྒྲུབ་ཁང་པ་ཤར་པ་གསུམ་གྱི་གསན་ཡིག་ཏུ་དོན་ཡོད་རྡོ་རྗེ་ཡིན་ཚུལ་འདུག་པ་གསང་མཚན་དང་འཁྲུལ་ལམ་དཔྱད། »དེ་སྲས་རོང་པ་ཤེས་རབ་སེང་གེ«་་་་་འདི་མན་རབ་བྱུང༌། »བླ་མ་དཔལ་ལྡན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའི་མཚན་ཅན། བླ་མ་རིན་ཆེན་དཔལ་གྲུབ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། མཁན་ཆེན་རིག་འཛིན་རྒྱལ་པོ། བླ་ཆེན་ཆོས་རིག་རྒྱལ་མཚན། བླ་མ་བསོད་ནམས་དཔལ་འབྱོར། རྗེ་བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། འཇམ་དབྱངས་ཤེས་རབ་འབྱུང་གནས། རྒྱུད་སྡེ་རྒྱ་མཚོའི་མངའ་བདག་བཀྲ་ཤིས་དཔལ་ལྡན། རིགས་ཀྱི་འཁོར་ལོས་སྒྱུར་བ་རྡོ་རྗེ་སེམས་དཔའ་བཀྲ་ཤིས་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་བདུད་འཇོམས་སྣང་བ། དཀྱིལ་ཆོག་རབ་གསལ་སྣང་བ། མཁན་ཆེན་སངས་རྒྱས་ཕུན་ཚོགས་པས་མཛད་པའི་དབང་གི་མཚམས་སྦྱོར་རྣམས་ཀྱི་སྟེང་ནས་རྡོ་རྗེ་འཇིགས་བྱེད་རྭ་ལུགས་རོ་ལངས་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ལ་ལི་ཏ་བཛྲ། པཎྜི་ཏ་ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། གྲུབ་ཆེན་པདྨ་བཛྲ། དཱི་པཾ་ཀ་ར།«་་་་་བལ་པོ་བྷ་རོ་ཕྱག་རྡུམ་ཡང་ཟེར། »རྭ་ལོ་ཙཱ་བ་རྡོ་རྗེ་གྲགས།«་་་་་རབ་བྱུང༌། »རྭ་ཆོས་རབ།རྭ་ཡེ་ཤེས་སེང་གེ«་་་་་སྔགས་པ་གོས་དཀར་ལྕང་ལོ་ཅན། »རྭ་འབུམ་སེང༌། གློག་སྐྱ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། འགྲོ་བའི་མགོན་པོ་འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་བྱང་ཆུབ་དཔལ།ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ། རྗེ་ལྷ་མཆོག་སེང་གེ རྗེ་བུདྡྷ་སིངྷ༌། རྗེ་ནམ་མཁའ་དཔལ་བཟང༌། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་པ་ཤེས་རབ་འབྱུང་གནས། རྗེ་དམ་ཆོས་བསམ་འགྲུབ། བསྟན་པའི་སྣང་བྱེད་མཁན་ཆེན་ཐམས་ཅད་མཁྱེན་པ་སངས་རྒྱས་ཕུན་ཚོགས། དུས་དགྲའི་མགོན་པོ་ཁྱབ་བདག་བཀྲ་ཤིས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་ཡང་ཡང་སྩལ་ཏོ། །ཡང་ན་དབུ་མཛད་ཕྲིན་ལས་རྒྱ་མཚོ། བཀའ་དྲིན་མཉམ་མེད་མཁན་པོ་ཆེན་པོ་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ནས། རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན།དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། དབུ་མཛད་ཕྲིན་ལས་རྒྱ་མཚོ། རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། དེས་བདག་ལའོ། །ཡང་ན་གློ་བོ་མཁན་ཆེན་ནས། ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། ཤར་ཆེན་མན་འདྲ། ཡང་ན་པཎ་ཆེན་ནམ་མཁའ་དཔལ་བཟང༌། རིན་པོ་ཆེ་དཔལ་ལྡན་དོན་གྲུབ། ཤེས་རབ་འབྱུང་གནས་མན་འདྲ། ཡང་ན་ས་ལོ་འཇམ་དཔལ་རྡོ་རྗེ་ནས། གཉེན་ཆེན་གྲགས་པ་བློ་གྲོས། ཆོས་རྗེ་ཤེས་རབ་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང་མན་འདྲ། ཡང་ན་རྗེ་ནམ་མཁའ་དཔལ་བཟང་ལས། ཤར་ཆེན་དང༌། ནམ་མཁའ་སངས་རྒྱས་གཉིས་ཀས་གསན། དེ་གཉིས་ལས་རྗེ་དམ་ཆོས་པས་སོ། །སྔ་མ་གཉིས་ཆར་ལས་གཟར་ཆེན་པས་གསན། དེ་ལས་རྗེ་དམ་ཆོས་པས་སོ། །ཡང་ན་རྭ་འབུམ་སེང་ནས། རོང་པ་རྒྭ་ལོ། རོང་པ་ཤེས་རབ་སེང་གེ རོང་པ་རྡོ་རྗེ་རྒྱལ་མཚན། ཀུན་མཁྱེན་བུ་སྟོན། མཁན་ཆེན་རིན་རྣམ་པ། ས་བཟང་འཕགས་པ། ངོར་ཆེན་རྡོ་རྗེ་འཆང་མན་གོང་དང་འདྲ། ཡང་ན་རོང་པ་རྒྭ་ལོ། རོང་པ་ཤེས་རབ་སེང་གེ བག་སྟོན། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་དཔལ། བླ་མ་དགེ་བ་རྒྱལ་མཚན། བླ་མ་ཤེས་རབ་ཟླ་བ། སྔགས་འཆང་རིན་ཆེན་རྣམ་རྒྱལ། མུས་ཆེན་སངས་རྒྱས་རིན་ཆེན། རྗེ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ་མན་འདྲའོ།།  ༈ །མཁས་གྲུབ་སངས་རྒྱས་ཕུན་ཚོགས་པས་མཛད་པའི་གོ་དོན་བདུད་རྩིའི་ཉིང་ཁུ་དང་རྭ་རྩེ་སེམས་འཛིན་གྱི་ཁྲིད་ཡིག་སྐུ་གསུམ་ལམ་བྱེད་སྙིང་གི་ཐིག་ལེའི་སྟེང་ནས་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་རྭ་རྩེ་སེམས་འཛིན། མཚན་མོ་རྒྱུ་བ། མཚན་མ་གྱེན་བསྒྲེང་རྣམས་ཐོབ་པའི་བརྒྱུད་པ་ནི། གཤིན་རྗེའི་གཤེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལཱི་ཏ་བཛྲ། འཇམ་དཔལ་གཤིན་རྗེ། ཨ་མོ་གྷ་བཛྲ་ཆེ་ཆུང་གཉིས། སྐྱོ་སྟོན་འོད་འབྱུང༌། སྐྱོ་སྟོན་ཡེ་ཤེས་འབྱུང་གནས། སྐྱོ་སྟོན་བསོད་ནམས་བླ་མ། ཇོ་སྲས་ཁམས་པ། གཉེན་རིན་ཆེན་བརྟན། གཉེན་འོད་སྲུངས། གཉེན་ཆོས་རྒྱལ། འཛིམ་པ་རིན་ཤེ། འཇམ་དབྱངས་འཁོན་སྟོན། ཤར་པ་འཇམ་དབྱངས་«་་་་་འདིས་ས་སྐྱའི་གདན་ས་ལོ་བཅོ་བརྒྱད་མཛད། »གཞི་ཐོག་པ། ཆ་གན་དབང་རྒྱལ། ཀློག་སྐྱ་གྲགས་ཆེན།«་་་་་ཀློག་སྐྱ་དང་གྲགས་ཆེན་སོ་སོར་བྱས་པའང་སྣང༌། »ཀུན་མཁྱེན་གོངས་པ། མ་ཏི་པཎ་ཆེན། ས་བཟང་འཕགས་པ།ངོར་ཆེན་རྡོ་རྗེ་འཆང༌། གུ་གེ་པཎྜི་ཏ། མཁན་ཆེན་བསོད་ནམས་ལྷུན་གྲུབ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་དཔལ་ལྡན། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། དབོན་ཤེས་རབ་འབྱུང་གནས། རྗེ་ཉང་སྟོད་པ་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། སྐྱོར་མདའ་བླ་མ་བསོད་ནམས་དབང་ཕྱུག བཀའ་དྲིན་མཉམ་མེད་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། བསྟན་འཛིན་ལྷུན་གྲུབ། རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །སངས་རྒྱས་ཕུན་ཚོགས་ལ་གསན་དུས་ཀྱི་ཁྲིད་ཡིག་མཁན་ཆེན་ལེགས་འབྱུང་གི་གསུང་ལས་རྗེ་དཀོན་མཆོག་ལྷུན་གྲུབ་པས་ཟིན་བྲིས་མཛད་པ་ལས་ཐོས་སོ་གསུང༌།།  ༈ །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་དང་རྒྱ་གཞུང་རྣམས་ཐོས་པའི་རྣམ་གྲངས་ལ། ས་ངོར་ནས་བརྒྱུད་པ་དང་འོག་ནས་འབྱུང་བ་གཉིས་ཕལ་ཆེར་ཟློས་ཏེ་འབྱུང་ཡང་དཔེ་རྒྱུན་གྱི་སྒྲིག་རིམ་མི་འདྲ་བ་དང༌། བླ་མ་ཕྱི་མས་མཛད་པའི་ཁ་འགེངས་མང་ཉུང་ལ་སོགས་པ་ཁྱད་པར་མཆིས་པ་རྣམས་སོ་སོར་མ་བཀོད་ན། རྗེས་འཇུག་པ་དག་བརྒྱུད་ཚུལ་ཐ་དད་པའི་ཁུངས་ཞིབ་པར་དཔྱོད་མི་ནུས་པ་སོགས་ཀྱིས་རྟོགས་དཀའ་བ་མཆིས་པར་བརྟེན། ལུང་རྒྱུན་རྒྱས་བསྡུས་གཅིག་གོ་གཅིག་ཆོད་དུ་གྱུར་ན་ཤིན་ཏུ་མི་བཏུབ་པར་སྙམ་ནས། ཐོག་མར་ངོར་ནས་བརྒྱུད་པ་ལྟར་འགོད་པ་ལ། རྟོག་བདུན་ཐུགས་རྗེ་ཆེན་པོ་དང་རྭ་ལོའི་འགྱུར། ཡང་རྟོག་བདུན་མལ་ལོས་བསྒྱུར་བ་ལ་ས་སྐྱ་པས་གསན་པའི་ལུགས་མཆན་འབྱར་བ། རྟོག་བདུན་གྱི་དཀའ་འགྲེལ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། རྟོག་པ་གསུམ་པ་མཆན་འབྱར་བ། སློབ་དཔོན་ཤྲཱི་བྷ་དྲས་མཛད་པའི་སྒྲུབ་ཐབས། ཕྱག་གཉིས་པའི་སྒྲུབ་ཐབས་འཇམ་པའི་དབྱངས་ཀྱིས་མཛད་པ་རྭ་འགྱུར། ཨ་མོ་གྷས་མཛད་པའི་སྒྲུབ་ཐབས། བསྟོད་པ། དབང་ཆོག སྦྱིན་སྲེག ཞི་བ་ལས་བདུན་དང་དྲག་པོ་ལས་བདུན་ཨ་མོ་གྷ་ཆུང་བས་མཛད་པར་གྲགས་པ། གཏམ་རྒྱུད་ཀྱི་རྟོག་པ་མཛད་བྱང་མེད་པ། གཏོར་ཆོག་དང་ཨུཥྞཱི་ཥའི་སྲུང་འཁོར་བྷ་རོས་མཛད་པ། ཚོགས་འཁོར་ཤཱནྟི་པས་མཛད་པ་རྣམས་རྭ་འགྱུར། ཙྪུན་དྷ་རའི་སྒྲུབ་ཐབས་དང༌། རྟོག་པ་ཞི་བ་མོ་རྭ་འགྱུར། ཡ་མ་རཱ་ཛའི་རྩ་སྔགས་ལོ་ཙཱ་བ་རྡོ་རྗེ་དཔལ་གྱི་འགྱུར། མ་མོ་བརྒྱད་བསྐོར་གྱི་སྒྲུབ་ཐབས་འཇམ་དཔལ་ཡེ་ཤེས་ཀྱིས་མཛད་པ། ལྷ་མོ་བརྒྱད་བསྐོར་གྱི་སྒྲུབ་ཐབས་ཞི་བ་ཡེ་ཤེས་ཀྱིས་མཛད་པ། དེས་མཛད་པའི་འཁོར་ལོ་བསྐོར་བའི་ལས་དྲག་པོ།དཔའ་གཅིག་ཆེ་བའི་སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ་བ་རི་བ་ཆོས་གྲགས་ཀྱིས་བསྒྱུར་བ་སྟེ་རྒྱ་གཞུང་དེ་རྣམས་ཀྱི་ལུང་དང༌། རྭ་པོད་དུ་གྲགས་པའི་ཆོས་ཀྱི་རྣམ་གྲངས་ནི། རྒྱུད་ཀྱི་རྒྱལ་པོ་རྟོག་བདུན་ལ། །ནག་འགྲེལ་མུན་པའི་མདའ་འཕེན་བརྩམས། །དཀར་འགྲེལ་ཕྱོགས་མཐོང་འབེམ་ལ་གཏད། །བཅུད་ཀྱི་ཐིགས་པས་ཕོག་པར་བསྣུན། །གསོད་པའི་མཚོན་དེ་སྙིང་ལ་གབ། །ཁ་བརྒྱུད་ཡི་གེར་མཐོང་བ་བཀོད། །བསྙེན་སྒྲུབ་ལས་གཤིན་སྦྲེལ་མ་ཡོད། །མངོན་རྟོགས་རིམ་པ་ལྔ་ཡང་ཡོད། །ལས་བཞིའི་སྦྱིན་སྲེག་ཆོ་ག་ཡོད། །སྨིན་བྱེད་དཀྱིལ་ཆོག་ཡིག་སྣ་ཡོད། །དམར་མོ་མདའ་གཞུ་འགེངས་པ་ཡོད། །འདི་དག་རྣམས་ནི་མི་ལེགས་ནའང༌། །བན་ཆུང་རྭ་ཡི་ལུགས་སུ་སྣང༌། །ང་ཡི་རྗེས་འབྲང་ཐམས་ཅད་ཀྱིས། །བཅོས་བསླད་མ་བྱེད་ཉམས་སུ་ལོང༌། །ཞེས་པ་ལྟར་ཏེ།དེའང་ཐེམས་ཡིག ནག་འགྲེལ་གཉིས། དཀར་འགྲེལ་གཉིས། བཅུད་ཀྱི་«་་་་་ལག་ལེན་ཁྲིགས་བཀོད་ཟེར་བ་ཡོད། »ཐིགས་པ། ཧ་ལའི་ཤོག་དྲིལ། དེའི་གསལ་བྱེད་རྒྱ་སྟོན་གྱིས་མཛད་པ། མངོན་རྟོགས་དྲི་མེད་སྣང་བ། ཕྱག་དྲུག་པའི་མངོན་རྟོགས་ཁམས་གསུམ་ཟ་བྱེད། ཕྱག་བཞི་པའི་མངོན་རྟོགས་དྲི་མེད་ཆུ་རྒྱུན། ཕྱག་གཉིས་པའི་མངོན་རྟོགས་རིན་ཆེན་དོན་བསྡུས། མངོན་རྟོགས་ཡིད་བཞིན་གཏེར་མཛོད། ལས་བཞིའི་སྦྱིན་སྲེག དབང་ཆོག་ཆོས་རབ་ཀྱི་དོན་དུ་མཛད་པ། རྨ་བྱ་དུག་དབང་མན་ངག་དང་བཅས་པ། ལས་གཤིན་གནད་ལ་དབབ་པའི་མན་ངག་རྣམས་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་མཛད་པ་རྣམས་དང༌། གཞན་ཡང་འཁྲུལ་འཁོར་གྱི་མན་ངག་སྒྲུབ་པའི་ཞལ་གདམས་བསྙེན་སྒྲུབ་བསད་གསུམ་དྲག་པོའི་སྦྱིན་སྲེག་རྣམས་མཛད་བྱང་མེད་པ། བསྙེན་སྒྲུབ་ཀྱི་ལག་ལེན་དང་སྤོགས་ཆོག་མཛད་བྱང་མེད་པ། ཡང་གཤིན་རྗེ་ཉི་མ་བཞི་པ་དང་དེའི་མན་ངག་འབུམ་སེང་གེས་མཛད་པ། རྟོག་བདུན་གྱི་བསྡུས་དོན་རྭ་ཤེར་རྒྱལ་གྱིས་མཛད་པ། བསྙེན་སྒྲུབ་ཀྱི་ལག་ལེན་རྭ་ཆོས་རབ་ཀྱིས་མཛད་པ། ཕྱག་མཚན་སོ་གཉིས་ཀྱི་ལས་ཚོགས་ཞེས་བྱ་བ། གྲི་གུག་གིས་དགྲ་གསད་པ།ཤཱཀྟིས་ཕུང་བར་བྱེད་པ། གཏུན་ཤིང་གིས་རིམས་དབབ་ཅིང་འདྲེ་བརྡུང་བ། ཆུ་གྲིས་གྲིར་འགུམ་པ། རྡོ་རྗེ་རྩེ་གཅིག་པས་གདོན་བསྲུང་བ། དགྲ་སྟྭས་དགྲ་བོ་ཚར་གཅོད་པ། མདུང་གིས་ཆོ་འཕྲུལ་གཏང་བ། མདའ་གཞུས་སྒྲུབ་ཐབས་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་གོང་དུ་སོང་ཟིན། ལྕགས་ཀྱུས་མཚན་མ་དགུག་པ། དབྱུག་ཏོས་ནོར་བསྒྲུབ་པ། ཁ་ཊྭཱཾ་གས་ཉམས་ཆག་སེལ་བ། འཁོར་ལོས་བགེགས་བསྲུང་བ། རྡོ་རྗེས་ཀླུ་བསྲུང་བ། ཐོ་བས་བར་ཆད་བསྲུང་བ།རལ་གྲིས་དམག་དཔུང་བཟློག་པ། ཅང་ཏེའུས་ཌཱ་ཀི་ལས་ལ་འགྱེད་པ། ཐོད་པས་ནོར་བསྒྲུབ་པ། མགོ་བོས་འགལ་བ་ཆམ་ལ་འབེབས་པ། ཕུབ་ཀྱིས་ཕྱིར་བཟློག་པ། རྐང་པ་རླུང་གི་དཀྱིལ་འཁོར་གྱིས་སྐྲོད་པ། ཞགས་པས་ལྷ་དང་མིའི་བུ་མོ་དགུག་པ། རྭའི་མདའ་གཞུས་བི་ཥ་གསད་པ། རྒྱུ་ཞགས་ཀྱིས་རིམས་ནད་བཟློག་པ། དྲིལ་བུས་ཉམས་ཆག་བསྐང་བ། ལག་པས་ཕྲིན་ལས་བསྒྲུབ་པ། རོ་རས་ཀྱི་འཁོར་ལོས་ལས་ཀུན་བསྒྲུབ་པ། གསལ་ཤིང་གི་རོས་རོ་ལངས་བསྒྲུབ་པ། མེ་ཐབ་ཀྱིས་སྦྱིན་སྲེག་ཆོ་ག་བསྒྲུབ་པ། ཐོད་ཚལ་གྱིས་དགྲ་བོ་གནད་ལ་དབབ་པ། སྡིགས་མཛུབ་ཀྱིས་འགལ་བ་ཆམ་ལ་དབབ་པ། འཕན་རྩེ་གསུམ་པས་འགྲོ་བ་དབང་དུ་སྡུད་པ། འཕྱར་དར་གྱིས་ཕྱོགས་སྐྱོང་བ་བསྡུ་བ་རྣམས། ཤར་དུ་འཁྲུལ་འཁོར། ལྷོར་སྦྱིན་སྲེག ནུབ་ཏུ་ཚོགས་འཁོར། བྱང་དུ་གཏོར་མ་ལ་བརྟེན་ནས་དགྲ་བོ་བསྒྲལ་བའི་མན་ངག ཨུཥྞི་ཥ་རྭ་ལུགས་ཀྱི་ཡི་གེ་རྙིང་མ་རྭ་ལོས་མཛད་པ། ཁྲོ་བཅུའི་སྲུང་བཟློག སྲུང་བཟློག་གཉིས་ཀྱི་འཁོར་ལོ། མིང་དང་རྣམ་ཤེས་སྦ་བ་སོགས་ཞལ་གདམས་གནད་ཀྱི་ལྡེ་མིག བསད་ལས་དམ་ཉམས་གསོད་པའི་མཚོན་ཆ། སྲུང་བཟློག་གཉིས་ཀྱི་མན་ངགསྲུང་འཁོར་གྱི་བསྟོད་བསྐུལ་ཆེ་ཆུང་གཉིས་རྣམས་ལོ་ཙཱ་བ་མ་ཎི་ཀ་ཤྲཱིས་མཛད་པ་རྣམས་བླ་མ་པཎྜི་ཏས་ཕྱོགས་གཅིག་ཏུ་བསྒྲིགས་པ་དང༌། འཁོར་ལོའི་དཔེ་ཆུང་རྣམས་དང༌། རྟོག་བདུན་དང༌། རྟོག་གསུམ་གྱི་བསྡུས་དོན་རེ་དང༌། དེ་དག་གི་ཊཱི་ཀ་རེ་དང༌། དྲུག་ཅུ་པའི་གཏོར་ཆོག་རྣམས་རྒྱ་སྟོན་གྱིས་མཛད་པ་དང༌། ཡང་ལྡོང་སྟོན་གྱིས་མཛད་པའི་ལས་སྣ་ཚོགས་དགྲ་གཤེད་གསལ་བའི་རྒྱན། སྐུ་གསུང་ཐུགས་ཀྱི་བྱིན་རླབས། དྲག་པོའི་རྒྱན་རྣམས་ཐོབ་པའི་བརྒྱུད་པ་ནི་ཡན་ཆད་དབང་བརྒྱུད་ལྟར་ལ། དེ་ནས་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎ་ཆེན་གྲགས་རྒྱལ། མཁན་ཆེན་བསོད་ནམས་ལྷུན་གྲུབ། རྗེ་ལྷ་མཆོག་སེང་གེ རྡོ་རྗེ་འཆང་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང་མན་སྔར་བཞིན་ནོ། །ཡང་དབུས་པ་དཔལ་འཛིན་གྱིས་མཛད་པའི་རྟོག་བདུན་གྱི་ཞལ་ཤེས་མན་ངག་ལྔ་པ། རྟོག་གསུམ་གྱི་འཁྲུལ་འཁོར། རྟོག་གསུམ་གྱི་ས་བཅད། འཁྲུལ་འཁོར་གྱི་ལུང་སྦྱོར། བསྙེན་སྒྲུབ་ཀྱི་ལག་ལེན། བཟླས་ཡིག་དྲག་གཅོད་ཟབ་མོ། ཞི་རྒྱས་ཀྱི་སྦྱིན་སྲེག ཞི་བའི་ལས་ཀྱི་ཆོ་ག རྒྱས་པའི་ལས་སྒྲུབ་པའི་ཆོ་ག དབང་དགུག་གི་སྦྱིན་སྲེག དབང་དགུག་དོན་ཡོད་ཞགས་པ། དགྲ་ཕུང་བའི་མན་ངག དེའི་སྤོགས་ཆོག སྔགས་བཟླ་ཚུལ། རྡོ་རྗེའི་མཚོན་ཆ་འབར་བ། དབྱེ་བའི་ཆོ་ག མནན་བསྐྲད་རེངས་པ་གསུམ། སྲིན་པོས་འཛིན་པ།རིམས་ནད། འཁྲུག་པ། སྨྱོ་བའི་ཆོ་ག གའུ་སྲོ་བའི་མན་ངག གཟུགས་བརྙན་སྲེག་ཆོག དྲག་པོའི་གཏོར་ཆོག དེ་མ་འགྲུབ་ན་གནད་འབེབས། བསད་པའི་སྦྱིན་སྲེག འཁོར་ལོའི་དཔེ་ཆུང་དྲུག སྔགས་སྤྱིའི་འཁོར་ལོའི་མན་ངག རྩ་སྔགས་ཀྱི་འཁྲུལ་འཁོར། བསད་པའི་ཆོ་ག སྔགས་བཏུ། འཁོར་ལོ་རིན་པོ་ཆེའི་མཛོད། ལས་ཐམས་ཅད་པའི་སྦྱིན་སྲེག རྟོག་གསུམ་གྱི་རྒྱས་འགྲེལ། དྲག་ཤུལ་སྤྱོད་པའི་ཆོ་ག དུག་ཧ་ལ་ཧ་ལ་རྣམས་ཐོབ་པའི་བརྒྱུད་པ་ནི། འབྲི་ཁུང་དཔལ་འཛིན། སྔགས་འཆང་རིན་ཆེན་རྣམ་རྒྱལ། རྗེ་བཙུན་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེང་གེ རྡོ་རྗེ་འཆང་སངས་རྒྱས་སེང་གེ་མན་སྔར་དང་འདྲ། རྗེ་ཀུན་དགའ་བཟང་པོས་མཛད་པའི་ཞི་བ་ལས་བདུན་དང་པཎ་ཆེན་གུ་གེ་བ་གྲགས་རྒྱལ་གྱིས་མཛད་པའི་དྲུག་ཅུ་པའི་ཕྱག་ལེན་གྱི་ཡི་གེའི་ལུང་ཡང་ཐོས་སོ།།  ༈ །མཐུ་སྟོབས་ཀྱི་དབང་ཕྱུག་རྭ་ཆེན་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་མཛད་པའི་མངོན་རྟོགས་ཡིད་བཞིན་གཏེར་མཛོད་དང་དབང་གི་ཆུ་བོ་གཉིས་ལ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་སྒྲུབ་དཀྱིལ་གསལ་བྱེད་ལྷན་ཐབས་ཉི་གཞོན་གསར་པའི་དགའ་སྟོན་དང༌། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ངག་འདོན་ཕྲེང་ཆགས་ནག་པོ་འགྲོ་ཤེས་རྣམས་ཀྱིས་རྣམ་པར་བརྒྱན་པའི་སྟེང་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཐུན་མོང་མ་ཡིན་པ་ལྷ་བཅུ་གསུམ་གྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ་དང༌། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་འཇམ་དཔལ་ཁྲོས་པའི་ཞལ་ལུང་སྙིང་གི་གཟུངས་ཁྲག་མཁའ་འགྲོའི་ཁ་རླངས་ཅན་གྱི་སྟེང་དུ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པའི་སྔོན་འགྲོ་ལོ་རྒྱུས་སྦྱར་བ་དང་བཅས་ཏེ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྫོགས་པའི་རིམ་པ་རྭ་ཁྲིད་མཁའ་འགྲོའི་སྙན་བརྒྱུད་ཀྱི་ཉམས་ཁྲིད་ཟབ་མོ་སྨིན་རྒྱས། «འདི་དང་འོག་གི་རྨ་བྱ་དུག་དབང་གཉིས་སྔོན་ཆད་མ་ཐོབ་ཀྱང་དེ་ཐོབ་འགྱུར་གྱིས་བྲིས།་་་་་»གྲུབ་པའི་དབང་ཕྱུག་ལ་ལཱི་ཏ་བཛྲ་གྱིས་མཛད་པའི་ཁྲིད་དོན་གསལ་བྱེད་རྒྱལ་ཁམས་ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ནས་མཛད་པའི་ཡི་གེའི་སྟེང་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བཞིའི་ཉམས་ཁྲིད་ཟབ་མོ། འཇམ་དབྱངས་མཁྱེན་བརྩེས་མཛད་པའི་ཡི་གེ་ལ་བརྟེན་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ཞལ་གཅིག་ཕྱག་གཉིས་པའི་རྗེས་གནང༌། རྗེ་ཤར་ཁང་པའི་ཡི་གེའི་སྟེང་ནས་ཕྱག་མཚན་མདའ་གཞུ་ལ་བརྟེན་པའི་བི་ཥ་བསད་པའི་ལས་ཚོགས་དུག་དབང་རྨ་བྱ་རྒྱས་པ།ངོར་ཆེན་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་གཏོར་ཆོག་རྗེས་གནང་གི་ཡི་གེ་ལ་བརྟེན་ནས་འཆི་བདག་ལས་ཀྱི་གཤིན་རྗེ་དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་གྱི་རྗེས་སུ་གནང་བ། འཇམ་དབྱངས་མཁྱེན་བརྩེའི་ཐོ་ཡིག་ལ་བརྟེན་ནས་ལས་གཤིན་དཔའ་བོ་གཅིག་པའི་རྗེས་གནང༌། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་གཏོར་ཆོག་རྗེས་གནང་དང་བཅས་པའི་ཡི་གེ་ལ་བརྟེན་ནས་ལས་ཀྱི་གཤིན་རྗེ་དམར་པོ་བསེ་བྱ་བཞིས་བསྐོར་གྱི་རྗེས་གནང༌། དེས་མཛད་པའི་གཏོར་ཆོག་རྗེས་གནང་དང་བཅས་པའི་ཡི་གེའི་སྟེང་ནས་གཤིན་རྗེ་དམར་པོ་ཁྲག་མདོག་ཡབ་ཡུམ་གྱི་རྗེས་གནང་རྣམས་ནོས་ནས། རྒྱབ་བརྟེན་ལུང་ལ་རྭ་ཆེན་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་དཀར་ཆག་ན་གསལ་བའི་ཆོས་སྐོར། དེར་མ་འཁོད་པའི་རྒྱ་བོད་ཀྱི་ཡིག་སྣའི་སྐོར། བོད་ཀྱི་མཁས་པ་འབྲི་ཁུང་དཔལ་འཛིན་གྱིས་མཛད་པའི་སྐོར་དང་གསུམ། དང་པོ་ལ་རྭ་ལུགས་ཀྱི་གཤིན་རྗེ་གཤེད་ནག་པོ་སྐོར་གསུམ་དུ་གྲགས་པའི་དཀར་ཆག་རྭ་ཆེན་གྱིས་མཛད་པའི་ཚིགས་བཅད་དང་དེའི་རྒྱས་བཤད་རྭ་དབོན་ཤེས་རབ་རྒྱལ་མཚན་གྱིས་མཛད་པ། དེར་གསལ་བའི་ཡིག་སྣ་ལ། རྒྱུད་འབུམ་པ་ལས་ལ་ལཱི་ཏ་བཛྲ་གྱིས་ཕྱུང་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱལ་པོའམ་རྩ་༼རྭ༽༼ཀུན༽བའི་རྒྱུད་རྟོག་པ་བདུན་པ་རྒྱ་གར་གྱི་མཁན་པོ་མ་ཧཱ་ཀཱ་རུ་ནི་ཀ་དང་བོད་ཀྱི་ལོ་ཙཱ་བ་རྭ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། འདིའི་འགྱུར་ཡེ་རང་པ་ཐུགས་རྗེ་ཆེན་པོ་དང་འོག་ནས་འབྱུང་བའི་ཨ་མོ་གྷས་མཛད་པའི་དཀྱིལ་ཆོག་འགྱུར་དུ་བྷ་རོའི་མཚན་སྨོས་པས་ཀྱང་འདི་གཉིས་ཐ་དད་པར་ཚད་མས་གྲུབ་བོ། །སློབ་དཔོན་ཆེན་པོ་ཨ་མོ་གྷ་བཛྲ་གྱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་བདུན་མའི་དཀྱིལ་འཁོར་༼རྭ༽༼ཀུན༽གྱི་ཆོ་ག་དངོས་གྲུབ་བརྙེས་པའི་བླ་མ་བྷ་རོ་དང་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། རྡོ་རྗེ་འཇིགས་བྱེད་ཀྱི་སྦྱིན་སྲེག་གི་ཆོ་ག་མཛད་པ་པོ་དང་སྒྱུར་བྱེད་གོང་དང་འདྲ། དེས་མཛད་པའི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་བདུན་མའི་སྒྲུབ་ཐབས་ལས་སུ་བྱ་བའི་ཆོ་ག་སེམས་དཔའ་«་་་་་འདི་རྭས་འགྱུར་བཅོས་མཛད་པའི་གསལ་ཁ་མ་བྱུང་ཡང་རྭ་ཆེན་གྱི་གསུང་ལ་ཁ་ཅིག་གསར་འགྱུར་ཁ་ཅིག་བཅོས་ཞེས་པ་ལྟར་ན་འགྱུར་བཅོས་མཛད་པར་མངོན། »བསྡུས་པ་རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཛྙཱ་ན་དང་བོད་ཀྱི་ལོ་ཙཱ་བ་རོང་སྒོམ་ཆོས་བཟང་«་་་་་རོང་ཟོམ་ཆོས་བཟང་ཡིན་མིན་བརྟག »གིས་བསྒྱུར་ཅིང་འགོས་ལྷས་བཙས་དབང་ཕྱུག་རྒྱ་མཚོས་ཞུས་ཏེ་གཏན་ལ་ཕབ་པ། སློབ་དཔོན་རཏྣ་ཨཱ་ཀ་ར་ཤཱནྟི་པས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་༼རྭ༽༼ཀུན༽ཚོགས་ཀྱི་འཁོར་ལོ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་རཀྵི་ཏ་«་་་་་བྷ་རོ་ཕྱག་རྡུམ། »དང་ལོ་ཙཱ་བ་དགེ་སློང་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། རྒྱུད་འབུམ་པ་ནས་ཕྱུང་བའི་ལས་མཁན་ཏེའུ་ལོ་པའི་རྟོག་པ་«་་་་་དཀར་ཆག་ན་རྟོག་པ་ཞེས་པ་ལས་མི་གསལ་བ་གཅིག་ཏུ་བསྡོམས་པ་འདྲའོ།། »དང་ཏེའུ་ལོ་པའི་ཆོ་གའམ་རྟོག་པ་ཞིབ་མོ་དཱི་པཾ་ཀ་ར་དང་རྭ་ལོ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། སློབ་དཔོན་ཤྲཱི་བྷ་དྲས་མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་མདོར་བསྡུས་པ།«་་་་་འགྱུར་བྱང་མི་གསལ་ཡང་རྭའི་འགྱུར་ཡིན་ནམ་སྙམ། »རྭ་ཆེན་རྡོ་རྗེ་གྲགས་ཀྱིས་མཛད་པའི་རྟོག་བདུན་གྱི་༼རྭ༽༼རྡོ་རྗེ༽༼ཀུན༽ནག་འགྲེལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཚིག་དོན་རྣམ་པར་བཤད་པ། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་དབང་ཕྱུག་ཆེན་པོ་འདུལ་བའི་ཆེད་དུ་འཇིགས་བྱེད་སྤྲུལ་ཚུལ་གསུངས་པར་མཁས་གྲུབ་རྗེས་མ་དག་ཅེས་གསུངས་པ་ནི། རྭ་ཆེན་གྱིས། རྒྱུད་ཀྱི་རྒྱལ་པོ་རྟོག་བདུན་ལ། ནག་འགྲེལ་མུན་པའི་མདའ་འཕེན་བརྩམས། །ཞེས་པའི་འགྲེལ་པ་འདིར་གསལ་བར་གསུངས་པ་མ་གཟིགས་པ་འདྲ་ཞིང༌། གལ་ཏེ་གཟིགས་ན་མངོན་པའི་ང་རྒྱལ་གྱི་ལ་བརྒལ་བར་སེམས་སོ། །དེས་མཛད་པའི་དཀར་༼རྭ༽༼རྡོ་རྗེ༽༼ཀུན༽འགྲེལ་རྟོག་པ་བདུན་པའི་མན་ངག་གི་གནད་དུ་གྲགས་པ།«་་་་་དཔེ་ལ་ལར་དཀའ་གནད་ཀྱི་འགྲེལ་པའི་བརྡ་དག་བྲིས་ཡོད་འདུག་ཀྱང༌། དཀར་འགྲེལ་ཕྱོགས་མཐོང་འབེམ་ལ་གཏད། །བཅུད་ཀྱི་ཐིགས་པས་ཕོག་པར་བསྣུན། །ཞེས་པས་ཤེས་སོ། »།དེས་མཛད་པའི་རྟོག་བདུན་༼རྭ༽༼རྡོ་རྗེ༽༼ཀུན༽གནད་ཀྱི་གདམས་ངག་བཅུད་ཀྱི་ཐིགས་པ། དེའི་གསུང་ཧ་ལའི་ཤོག་དྲིལ་༼རྭ༽༼ནུབ༽༼ཀུན༽དང་པོའི་རྩ་བ་གཅིག་ལས་མང་ན་ཁྱོད་སྙིང་ཁོས་ཀྱི་མཐའ་ཅན། གཉིས་པའི་རྩ་བ་༼རྭ༽༼ནུབ༽༼ཀུན༽ཁོང་པའི་ནང་ནས་སྙིང་དྲོངས་ཤིག་གི་མཐའ་ཅན། གསུམ་པའི་རྩ་བ་༼རྭ༽༼ནུབ༽༼ཀུན༽རྫོགས་སོའི་མཐའ་ཅན། དེས་མཛད་པའི་རྟོག་པ་དང་པོ་བསྙེན་པའི་ཆོ་ག་དང་རྟོག་པ་གཉིས་པ་སྒྲུབ་པའི་ཆོ་ག་གཉིས་ལ་བརྟེན་པའི་བསྙེན་སྒྲུབ་དགྲ་སྲོག་དབང་སྡུད་དམ་བསྙེན་སྒྲུབ་ལས་གཤིན་སྒྲོལ་བ། དེས་མཛད་པའི་ལྷ་བཅུ་གསུམ་མའི་མངོན་༼རྭ༽༼ཀུན༽༼མཁན༽པར་རྟོགས་པ་ཡིད་བཞིན་གཏེར་མཛོད། དེས་རྒྱལ་བ་བཀྲ་ཤིས་ཀྱི་ངོར་མཛད་པའི་གཙོ་རྐྱང་༼རྭ༽༼ཀུན༽ཞལ་དགུ་ཕྱག་སོ་བཞི་མའི་མངོན་རྟོགས་དྲི་མེད་སྣང་བ། དེས་མཛད་པའི་ཞལ་གསུམ་ཕྱག་དྲུག་༼རྭ༽༼ཀུན༽པའི་མངོན་རྟོགས་ཁམས་གསུམ་ཟ་བྱེད། དེས་སྟོན་པ་ཨ་གྲོའི་དོན་དུ་མཛད་པའི་ཞལ་གཅིག་ཕྱག་བཞི་༼རྭ༽༼ཀུན༽པའི་མངོན་རྟོགས་དྲི་མེད་ཆུ་རྒྱུན། དེས་མཛད་པའི་ཞལ་གཅིག་ཕྱག་གཉིས་༼རྭ༽༼ཀུན༽པའི་མངོན་རྟོགས་རིན་ཆེན་དོན་བསྡུས། དེས་རྭ་ཆོས་རབ་ཀྱི་དོན་དུ་༼རྭ༽༼ཀུན༽མཛད་པའི་ཞི་བའི་སྦྱིན་སྲེག་མི་མཐུན་ཀུན་སེལ། རྒྱས་པའི་སྦྱིན་སྲེག་༼རྭ༽༼ཀུན༽འདོད་པ་ཀུན་འཕེལ། དབང་གི་སྦྱིན་སྲེག་༼རྭ༽༼ཀུན༽གནད་ཀྱི་ལྕགས་ཀྱུ། དེས་སྔགས་འཆང་ཁྲོ་རྒྱལ་དང་བློ་ལྡན་གཉིས་ཀྱི་དོན་དུ་མཛད་༼རྭ༽༼ཀུན༽པའི་དྲག་པོའི་སྦྱིན་སྲེག་དགྲ་བགེགས་ཀུན་འདུལ། ཞལ་གཅིག་ཕྱག་གཉིས་པའི་དུག་དབང་ལོ་རྒྱུས་དང་༼ཤེར༽བཅས་པ་དབང་བསྐུར་ཞལ་གདམས་སོའི་མཐའ་ཅན། དབང་དང་ཟས་ཚད་ཕན་༼ཤེར༽ཡོན་གསུམ་བསྟན་པ། བསྟན་པ་འཛིན་སྐྱོང་སྤེལ་ཞིང་ནད་གསོ་བ་༼ཤེར༽ལ་གཙུག་ཏོར་འཁོར་ལོས་སྒྱུར་བ། རྡོ་རྗེ་འཇིགས་བྱེད་དམར་པོའི་མངོན་རྟོགས་སྔོན་པོར་བསྒྱུར་ཡོད་དོའི་མཐའ་ཅན། གུ་ལང་༼རྭ༽༼ལེགས༽གི་མགོ་ཅན་ལ་བརྟེན་ནས་བཟླས་པ། སྔགས་ཀྱི་གནས་པ། དུག་བརྟག་པ། བསྲུང་བྱ། གསོ་ཐབས་རྣམས་བསྟན་པ་༼རྭ༽༼ལེགས༽བི་ཥ་བཞི་སྐོར། བཤལ་༼རྭ༽༼ལེགས༽བྱ་བ། སྔགས་ཀྱིས་བི་ཥ་ཕྱོགས་མེད་༼རྭ༽༼ལེགས༽ཐུབ་པ་ཁ་རི་སུ། རྫས་དགུས་༼རྭ༽༼ལེགས༽བི་ཥ་ཕྱོགས་མེད་ཐུབ་པ། སེར་པོ་༼རྭ༽༼ལེགས༽གསུམ་སྦྱོར། རྣ་བ་མིག་སོགས་ལུས་ཀྱི་ཆ་གང་ལ་བབས་པ་༼རྭ༽༼ལེགས༽སྔགས་རྫས་གཏར་ཁ་སྨན་ལ་བརྟེན་ནས་འཆོས་པ། ཕྱག་མཚན་མདའ་གཞུ་ལ་བརྟེན་ནས་བི་ཥ་བསད་པའི་ལས་བསྟན་པ་༼རྭ༽༼ལེགས༽ལྕགས་རྩེ་ཟླུམ་པོ་འཇིབ་པ་གནད་ཡིན་གསུང་ངོའི་མཐའ་ཅན། དུག་ཁྱེར་ཡོད་པའི་མི་དང་ནད་པའི་བརྟག་༼རྭ༽༼ལེགས༽ཐབས་ནག་པོར་སོང་ན་བི་ཥ་ཡིན་གྱི་མཐའ་ཅན། འཇིགས་བྱེད་གླང་མགོ་ཅན་གྱི་བི་ཥ་༼རྭ༽༼ལེགས༽གསོ་བསྲུང་བཛྲ་རཀྵ་ཀཱིརྟིས་ཨཱ་ཙཱརྻ་ལ་ཞུས་པ་བཛྲ་བྷཻ་རའི་རཀྵའི་མཐའ་ཅན། སྔགས་ཐེམས་ཨུ་པ་༼རྭ༽༼ལེགས༽ཏདྱ་ཐཱ། བྱ་ར་བསྲུང་བ། ཁྱབ་འཇུག་ཀརྐོ་ཏྲའི་འཇུག་པ་ལ་༼རྭ༽༼ལེགས༽བརྟེན་ནས་བརྟག་ཐབས། ཐོ་རེངས་ཀྱི་དྲི་ཆུར་༼རྭ༽༼ལེགས༽བརྟག་ཅིང་བསྲུང་བ། དུག་༼རྭ༽༼ལེགས༽འབྲེང༌། སྔགས་༼རྭ༽༼ལེགས༽བཤལ། ཁྱི་སྨྱོན་གྱིས་རྨུགས་༼རྭ༽༼ལེགས༽པར་དུག་ཡོད་མེད་བལྟ་བ། བེ་བུམ་ཁ་པའི་ནང་གི་༼རྭ༽༼ལེགས༽ཤོག་དྲིལ་གྱི་གདམས་པ་ཤིན་ཏུ་གཅེས་པའི་སྐོར་དཔེ་ལ་དམ་པར་མཛོད་ཀྱི་མཐའ་ཅན། དམར་པོ་མདའ་གཞུ་འགེང་པ་ལ་བརྟེན་པའི་དབང་སྡུད་སྐལ་མེད་རྣམས་ལ་སྦ་བ་ཤིས་ཀྱི་མཐའ་ཅན། རྡོ་རྗེ་འཇིགས་བྱེད་དམར་པོ་ཕྱག་གཉིས་པ་བསྒོམ་ཐབས། རྒྱལ་པོ། བཙུན་མོ། བློན་འབངས། གྲོང་ཁྱེར་སྡེ་བརྒྱད་སོགས་དབང་དུ་བྱ་བ། ནག་པོ་མདའ་གཞུ་འགེང་བའི་དུག་སྔགས་འདི་ལས་ལྷག་པ་ཡོད་རེ་སྐན་གྱི་མཐའ་ཅན། རྭ་ཆེན་གྱིས་༼མཁན༽མཛད་པའི་དབང་གི་ཆུ་བོ་རྣམས་སོ། །གཉིས་པ་དཀར་ཆག་ན་མ་འཁོད་པའི་རྒྱ་བོད་ཀྱི་ཡིག་སྣའི་སྐོར་ལ། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་གསུམ་པ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང་བོད་ཀྱི་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ།«་་་་་འདི་ལ་དངོས་གྲུབ་ཀྱི་རྟོག་པ་དང་འགྱུར་གཅིག་པ་ཞིག་དང་ཨོ་ཌ་ཡ་ཤྲཱི་དང་རོང་ཟམ་གྱི་འགྱུར་ཡང་སྣང༌། »རྒྱུད་ཀྱི་རྒྱལ་པོའི་ལས་དངོས་གྲུབ་ཀྱི་རྟོག་པ་ཞེས་པ་རྟོག་པ་བཞི་པར་གྲགས་པ་ཨ་མོ་གྷ་དང་མར་དོའི་འགྱུར། གཏམ་རྒྱུས་ཀྱི་རྟོག་པ་དང་ལས་མཁན་ཏེའུ་ལོ་པ་ཆུ་བྱའི་རྟོག་པ་གཉིས་བྷ་རོས་རྒྱུད་འབུམ་པ་ལ་གཏུགས་ཏེ་རྒྱ་དཔེ་ལ་ཕྱིས་བསྒྱུར་བ། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་དགེ་བའི་བཤེས་གཉེན་ཡོན་ཏན་དཔལ་བཟང་གི་ངོར་མཛད་༼ཤར༽པའི་རྒྱ་བལ་གྱི་པཎྜི་ཏ་ལྔའི་རྣམ་པར་ཐར་པ། དེས་མཛད་པའི་ལ་ལཱི་ཏ་བཛྲ་གྱིས་༼ཤར༽ནག་པོ་སྐོར་གསུམ་གྱི་རྒྱུད་ཨཽ་ཌྱཱན་ནས་གདན་དྲངས་ཚུལ། རྒྱུད་དང་བླ་མ་བརྒྱུད་པ་བྱོན་ཚུལ་གྱི་ལོ་རྒྱུས་དོན་གསུམ་པ་རྒྱ་སྟོན་གྱི་སློབ་༼ཤར༽མ་ཞིག་གིས་མཛད་པ། རྫོང་ལུགས་ཟབ་དོན་བདུད་རྩིའི་བཅུད་༼ནུབ༽ཀྱི་བརྒྱུད་པའི་གསོལ་འདེབས་སྐུ་བཞིའི་ངོ་བོ། སྔགས་འཆང་གཟུངས་ཀྱི་དཔལ་བས་མཛད་པའི་སྒྲུབ་ཐབས་༼ནུབ༽རབ་ཏུ་གསང་བ་ཡིད་བཞིན་གྱི་ནོར་བུ། ཚར་ཆེན་ཆོས་ཀྱི་རྒྱལ་པོས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་ངོར་མཛད་པའི་བརྒྱུད་འདེབས་དངོས་གྲུབ་རིན་པོ་ཆེའི་སྙེ་མ། དེས་མཛད་པའི་དཔའ་བོ་གཅིག་པའི་སྒྲུབ་ཐབས་༼མཁན༽བདུད་ལས་རྣམ་པར་རྒྱལ་བའི་བཞད་སྒྲ། དེས་མཛད་པའི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བསྐྱེད་རིམ་དང་རྫོགས་རིམ་རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་ལམ་རིམ་དང་སྦྱར་བའི་སྨོན་ལམ་གྱི་རབ་བྱེད་ལམ་ཟབ་སྒྲུབ་པའི་དགའ་སྟོན། དེས་མཛད་པའི་འཇིགས་བྱེད་བཅུ་གསུམ་མའི་ཤིས་བརྗོད་འཆི་མེད་སྤྲིན་གྱི་རྔ་དབྱངས། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་༼ས༽པའི་བསྐྱེད་རིམ་གྱི་རྣམ་བཤད་བདུད་རྩིའི་བུམ་བཟང༌། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་ཤིང་ཀུན་ཏུ་མཛད་པའི་༼ལྡོང་༽དཔལ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བའི་ཆོ་ག ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་བཅུ་གསུམ་མའི་༼མཁན༽སྒྲུབ་དཀྱིལ་གསལ་བྱེད་ལྷན་ཐབས་ཉི་གཞོན་གསར་པའི་དགའ་སྟོན། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་༼མཁན༽༼མ༽མཛད་པའི་ངག་འདོན་བྲེང་ཆགས་ནག་པོ་འགྲོ་ཤེས། མཐུ་སྟོབས་དབང་ཕྱུག་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་མཛད་པའི་༼པུ༽རྭ་ལུགས་ལྷ་བཅུ་གསུམ་གྱི་དབང་གི་ཆུ་བོ་མ་ནུབ་པར་བསྐུར་བའི་མཚམས་སྦྱོར་གྱི་ཡི་གེ་མཐོང་བ་དོན་ལྡན། རྡོ་རྗེ་འཇིགས་བྱེད་ཀྱི་བཟླས་ལུང་བསྙེན་༼རྭ༽༼རྡོ་རྗེ༽པའི་མན་ངག་བླ་མ་སྙ་ནམ་པའི་གསུང་ལྷག་ཆད་མེད་པར་རྭ་ཆོས་རབ་ཀྱིས་གཞོན་ནུ་འོད་ཀྱི་ངོར་མཛད་པ། བཛྲ་བྷཻ་ར་ཝ་ཨེ་ཀ་མུ་ཁ་བྷཱུ་ཛ་དཱི་པའི་རྗེས་༼སྒོ༽གནང་གི་ཟིན་བྲིས་རྡོ་རྗེ་འཆང་སྒོ་རུམ་པའི་གསུང་བཞིན་འཇམ་དབྱངས་མཁྱེན་བརྩེས་མཛད་པ། ངོར་ཤར་ཁང་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་འཇིགས་བྱེད་དམར་པོ་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་༼ཨ༽ཐབས་དང་དུག་དབང་བསྐུར་ཚུལ་གྱི་མན་ངག་བདུད་རྩིའི་ཆུ་རྒྱུན། པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རྭ་ལུགས་ཀྱི་དབང་གི་ཆོ་ག་ལས་༼ས༽བརྩམས་པའི་དྲི་བ་རྟོག་དཔྱོད་སྤྲིན་གྱི་རྔ་གསང་གི་རང་ལན་དཔྱིད་ཀྱི་རྒྱལ་མོའི་དགའ་སྟོན་ལེགས་བཤད་ཁུ་ཕྱུག་གི་སྒྲ་དབྱངས་གསར་པ། དེས་མཛད་པའི་དབང་གི་ཆོ་གའི་དཀའ་གནད་ལས་༼ས༽བརྩམས་ཏེ་དྲིས་པའི་རང་ལན་སྙིང་པོ་མཛུབ་ཚུགས། རྟོག་པ་བདུན་གྱི་གནད་བསྟན་པ་རྭ་དྷརྨ་༼རྒྱ༽༼ཤར༽སེང་གེས་མཛད་པའི་མན་ངག་གནད་བདུན་མ། རྡོ་རྗེ་འབུམ་དང་རྡོ་རྗེ་སེང་གེ་སོགས་ཀྱི་ངོར་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་༼རྒྱ༽༼རིགས༽མཛད་པའི་རྟོག་བདུན་གྱི་རྣམ་བཤད་རྡོ་རྗེའི་ཚིག་གི་མདུད་འགྲོལ། དེས་མཛད་པའི་རྟོག་གསུམ་ཀྱི་ཊཱི་ཀ་༼ཤར༽དྲི་མེད་སྣང་བ། རྭ་དྷརྨ་སེང་གེས་མཛད་པའི་ཏེའུ་ལོ་༼ཤར༽པའི་རྟོག་པའི་གསལ་བྱེད། རྫོགས་པའི་རིམ་པ་རྒྱ་ཆེ་བ་ཟབ་པ་གཉིས་སུ་མེད་པ་དང་བཅས་པར་སེམས་འཛིན་པའི་མན་ངག་རྭ་ཆེན་གྱི་གསུང་སྒྲོས། དེའི་གསུང་སྒྲོས་མཚན་མ་གྱེན་བསྒྲེང་གི་མན་ངག དེའི་གསུང་སྒྲོས་རྭ་ལ་སེམས་འཛིན་པའི་མན་ངག རྗེ་བཙུན་རྡོ་རྗེ་བཻ་ཏ་ལིས་ལ་ལི་ཏ་བཛྲ་ལ་དངོས་སུ་གནང་༼རྒྱ༽བའི་རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་རྩ་བ་རྡོ་རྗེའི་ཚིག་རྐང༌། དེའི་གསལ་བྱེད་ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་༼རྒྱ༽པའི་ཁྲིད་ཡིག་འཇམ་དཔལ་ཁྲོས་པའི་ཞལ་ལུང་སྙིང་གི་གཟུངས་ཁྲག་མཁའ་འགྲོའི་ཁ་རླངས་ཅན། གྲུབ་པའི་དབང་ཕྱུག་ལ་ལི་ཏ་བཛྲ་གྱིས་མཛད་པའི་ཁྲིད་དོན་༼མ༽གསལ་བྱེད་རྒྱལ་ཁམས་ལོ་ཙཱ་བ་མ་ཎི་ཀ་ཤྲཱིས་མཛད་པ། ཕྱག་མཚན་སོ་གཉིས་ཀྱི་ལས་ཚོགས་ཞེས་པ་གྲི་གུག་གིས་དགྲ་བསད་པ།ཤཱཀྟིས་འཕུང་བར་བྱེད་པ། གཏུན་ཤིང་གིས་རིམས་དབབ་ཅིང་འདྲེ་བརྡུང་བ། ཆུ་གྲིས་གྲིར་འགུམ་པ། རྡོ་རྗེ་རྩེ་གཅིག་པས་གདོན་བསྲུང་བ། དགྲ་སྟྭས་དགྲ་བོ་ཚར་གཅོད་པ། མདུང་གིས་ཆོ་འཕྲུལ་གཏོང་བ། མདའ་གཞུས་སྒྲུབ་ཐབས་ཕྱོགས་གཅིག་ཏུ་བསྡུས་པ་གོང་དུ་སོང་ཟིན། ལྕགས་ཀྱུས་མཚན་མ་འགུགས་པ། དབྱུག་ཏོས་ནོར་བསྒྲུབ་པ། ཁ་ཊྭཱཾ་གས་ཉམས་ཆག་སེལ་བ། འཁོར་ལོས་བགེགས་བསྲུང་བ། རྡོ་རྗེས་ཀླུ་བསྲུང་བ། ཐོ་བས་བར་ཆད་བསྲུང་བ། རལ་གྲིས་དམག་དཔུང་བཟློག་པ། ཅང་ཏེ་འུས་ཌཱ་ཀི་ལས་ལ་འགྱེད་པ། ཐོད་པས་ནོར་བསྒྲུབ་པ། མགོ་བོས་འགལ་བ་ཆམ་ལ་འབེབས་པ། ཕུབ་ཀྱིས་ཕྱིར་བཟློག་པ། རྐང་པ་རླུང་གི་དཀྱིལ་འཁོར་གྱིས་སྐྲོད་པ། ཞགས་པས་ལྷ་དང་མིའི་བུ་མོ་འགུགས་པ། རྭའི་མདའ་གཞུས་བི་ཥ་བསད་པ། རྒྱུ་ཞགས་ཀྱིས་རིམས་ནད་བཟློག་པ། དྲིལ་བུས་ཉམས་ཆག་བསྐང་བ། ལག་པས་ཕྲིན་ལས་བསྒྲུབ་པ། རོ་རས་ཀྱི་འཁོར་ལོས་ལས་ཀུན་བསྒྲུབ་པ། གསལ་ཤིང་གི་རོས་རོ་ལངས་བསྒྲུབ་པ། མེ་ཐབ་ཀྱིས་སྦྱིན་སྲེག་གི་ཆོ་ག་བསྒྲུབ་ལ། ཐོད་ཚལ་གྱིས་དགྲ་བོ་གནད་ལ་དབབ་པ། སྡིགས་མཛུབ་ཀྱིས་འགལ་བ་ཆམ་ལ་དབབ་པ། འཕེན་རྩེ་གསུམ་པས་འགྲོ་བ་དབང་དུ་སྡུད་པ། འཕྱར་དར་གྱིས་ཕྱོགས་སྐྱོང་བསྡུ་བ་རྣམས། ཤར་དུ་འཁྲུལ་འཁོར། ལྷོར་སྦྱིན་སྲེག ནུབ་ཏུ་ཚོགས་འཁོར། བྱང་དུ་གཏོར་མ་ལ་བརྟེན་ནས་༼ཤར༽དགྲ་བོ་སྒྲོལ་བའི་མན་ངག བསྙེན་པ་སྔགས་བཏུ་བ་སྒྲུབ་པ་ལས་སྦྱོར་གཅིག་ཏུ་བསྟན་པ་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་མཛད་༼ཤར༽པའི་འཇིགས་བྱེད་ཆེན་པོའི་མན་ངག་མངོན་པར་རྟོགས་པའི་རིམ་པ་ལག་ལེན་དུ་བྲིས་པ། བསོད་སྙོམས་པ་བུདྡྷ་ཤྲཱིས་མཛད་པའི་གཤིན་རྗེ་ནག་པོའི་འཁོར་ལོའི་གསལ་བྱེད་རྒྱ་གར་གྱི་མཁན་པོ་ཇོ་བོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ལ་རྭ་ཆེན་གྱིས་འགྱུར་བཅོས་མཛད་པ། འགོར་རྣལ་འབྱོར་པ་མཚན་མ་ཅུང་ཟད་སྐྱེས་པས་ཞེས་ཡོད་པའི་རྭ་ལོས་མཛད་པའི་ཁ་སྦྱོར་དབྱེ་བ་བཞིའི་ཡི་གེ་སྙ་ནམ་པ་ཆེན་པོའི་ཐུགས་དམ་ཐུན་མོང་མ་ཡིན་པའོའི་མཐའ་ཅན། འགོར་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོའི་ལིང་ཚེ་བཅུ་དྲུག་པ་ཞེས་ཡོད་པའི་འཁོར་ལོའི་གསལ་བྱེད་རྭ་ཆེན་གྱི་གསུང་སྒྲོས་བླ་མ་སྙ་ནམ་པ་ཆེན་པོའི་ཐུགས་དམ་ཐུན་མོང་མ་ཡིན་པའི་གདམས་པའོའི་མཐའ་ཅན། རྩ་སྔགས། སྙིང་པོ། ཉེ་སྙིང༌། རྩ་སྔགས་དང་སྙིང་པོ་སྤེལ་བ། རྩ་སྔགས་དང་ཉེ་སྙིང་སྤེལ་བ། སྙིང་པོ་དང་ཉེ་སྙིང་སྦྲེལ་བ། སྔགས་གསུམ་ག་སྦྲེལ་བ་སྟེ་འཁྲུལ་འཁོར་བདུན་གྱི་ཡི་གེ་གཟུགས་བརྙན་སྤེལ་ཚིག་ཤོག་དྲིལ་མན་ངག་དང་བཅས་པ་ཨི་ཐིའི་མཐའ་ཅན། འགོར་ཡན་ལག་བཅུ་གཉིས་དཔེ་ཆུང་འདི་ཞེས་ཡོད་པའི་འཁྲུལ་འཁོར་བཅུ་གཉིས་ཀྱི་སྤེལ་ཚིག་ལྟེབ་ཚུལ་སོགས་ཀྱི་ཡིག་ཆུང་ཞེས་པའི་ཚུལ་གྱིས་དྲི་བའོའི་མཐའ་ཅན། འགོར་ཞི་བ་བརྒྱད་ལ་དབུས་སུ་ཀྵེ་ཞེས་ཡོད་པའི་འཇིགས་པ་བརྒྱད་སྐྱོབ་དང་སེམས་མྱོས་པར་བྱེད་པ་ཆུ་རྦ་ཀློང་གི་འཁྲུལ་འཁོར་གྱི་བར་འཁོར་ལོའི་ཁ་བསྒྱུར་བསྟན་པ། རྭ་པའི་མན་ངག་འདི་ལ་མཁས་གྲུབ་རྗེས་ཟུར་ཟ་མཛད་པ་ནི་ཤིང་གི་རྩེ་མོར་བསྡད་ནས་རྩ་བ་སྟེའུས་བསྣུན་པ་ལྟ་བུའོ། །འགོར་ཐོག་མར་ཉེ་སྙིང་གི་འཁྲུལ་འཁོར་ལ་ཞེས་ཡོད་པའི་རྟོག་བདུན་ནས་གསུངས་པའི་འཁྲུལ་འཁོར་རྩ་བའི་དཔེ་ཆུང་བྲི་ཡིག་ལོགས་སུ་ཤེས་པར་བྱའོའི་མཐའ་ཅན། འགོར་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བྱེད་པར་འདོད་པ་ཞེས་ཡོད་པའི་ཉི་མ་བཞི་པའི་གདམས་པ་སྙན་མ་རྭ་ལོའི་གསུང་སྒྲོས་ལོ་ཙཱ་བ་ཕྱི་མས་ཡི་གེར་བཏབ་པ།«་་་་་རྭ་ཆོས་རབ། »དེས་མཛད་པའི་འཁྲུལ་འཁོར་གྱི་མན་ངག་ནི་ཞེས་འགོར་ཡོད་པའི་ཡིག་ཆུང་དེས་ངེས་པར་འགྲུབ་བོའི་མཐའ་ཅན། དེས་མཛད་པའི་འགོར་ཡང་དབུས་ན་སོར་བརྒྱད་ཅེས་ཡོད་པའི་འཁོར་ལོའི་ཡིག་ཆུང་བཤང་ལམ་ནས་སྙིང་གི་དཀྱིལ་ལོའི་མཐའ་ཅན། དེས་མཛད་པའི་གཏོར་མའི་ཕྱག་ལེན་དེ་ལ་གཤེགས་སུ་གསོལ་ལོའི་མཐའ་ཅན། བསད་པ་ལས་བཅུའི་གསལ་བྱེད་སྙ་ནམ་རྭའི་གདམས་པ་བསྟན་པ་བསྲུང་བ་མ་གཏོགས་གཞན་སུ་ལའང་བསྟན་པར་མི་བྱ་བ་ལས་མཐར་ཐུག་རྭ་འབུམ་སེང་གིས་མཛད་པ། དེས་མཛད་པའི་འགོར། སྐུ་གསུམ་དབྱེར་མེད་བླ་མ་ཐུགས་རྗེ་ཅན། ཞེས་ཡོད་པའི་གཤིན་རྗེ་ཉི་མ་བཞི་པའི་མན་ངག་བླ་མ་ཆེན་པོ་རྭ་ཡེ་ཤེས་སེང་གེའི་གསུང་ལ་བརྟེན་པ།འགོར་འཇིགས་བྱེད་ཀྱི་འཁྲུལ་འཁོར་བྱེད་ཐབས་ཆོས་རྗེ་རིན་པོ་ཆེའི་ཞལ་ནས་ཞེས་ཡོད་པའི་ཞི་རྒྱས་དབང་གི་འཁྲུལ་འཁོར་གྱི་ལག་ལེན་གྲངས་སུ་བརྩིའི་ཟླར་མི་བགྲང་གསུང་བའི་མཐའ་ཅན། རྒྱ་སྟོན་གྱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱིས་བསད་པ་མཚོན་ཆ་ལྟ་བུའི་༼རྭ༽༼རྒྱ༽༼རུམ༽མན་ངག་ཤོག་དྲིལ་དང་པོའི་གསལ་བྱེད། དེས་མཛད་པའི་ཤོག་དྲིལ་གཉིས་༼རྭ༽༼རྒྱ༽༼རུམ༽པའི་གསལ་བྱེད། དེས་མཛད་པའི་ཤོག་དྲིལ་༼རྭ༽༼རྒྱ༽༼རུམ༽གསུམ་པའི་གསལ་བྱེད། དེས་མཛད་པའི་རྭ་ཆེན་གྱིས་བསད་པའི་མཚོན་ཆ་སྙིང་ལ་གབ་པའི་སྲུང་བཟློག་བསད་༼རྒྱ༽གསུམ་གྱི་ལས་ཚོགས་མན་ངག་སྙིང་པོའི་དོན་འདི་ལ་བཅོས་བསླད་མི་བྱའོའི་མཐའ་ཅན། ཆོས་ཀྱི་རྒྱལ་པོ་འཕགས་པས་རྒྱལ་བུ་བྱང་ཆུབ་སེམས་དཔའ་གོ་པེ་ལའི་ཆེད་དུ་བསྐུལ་བ་ལ་བརྟེན་ནས་༼ལྡོང་༽༼རིགས༽ལྡོང་ཤེས་རབ་དཔལ་གྱིས་མཛད་པའི་ཞི་རྒྱས་དབང་དྲག་གི་འཁྲུལ་འཁོར་ལས་ཚོགས་དྲག་པོའི་སྔགས་གཏེར། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་འཁྲུལ་འཁོར་གྱི་ལག་༼བུ༽ལེན་གསལ་བར་བྱེད་པ་གནད་ཀྱི་མན་ངག འཁྲུལ་འཁོར་ལྟབ་པའི་ཞལ་ཤེས་ཡིག་ཆུང་གསང་བའི་གནད་ཡིག་ཀུན་༼གྲུབ༽ལ་མེད་པའི་ཁྱད་ཆོས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གསུང་རྒྱུན་འདི་ནི་གཤིན་རྗེ་མཁན་པོ་ཕལ་ཆེར་ལ་མིང་ཙམ་ཡང་མ་གྲགས་པའི་ཟབ་གནད་ཅན་ཡིན་པས། མཇུག་ཏུ། ཨེ་མ་རྭ་ལོའི་ཐུགས་བཅུད་མཁའ་འགྲོའི་གཏམ། །སྙན་བརྒྱུད་ཟབ་མོའི་ཡང་སྙིང་པདྨོའི་གཉེན། །སྣོད་མིན་ཀུནྡའི་ཕྲེང་བ་ཟུམ་བྱེད་པ། །སྐལ་བཟང་བློ་མཚོར་རོལ་ཅིག་ས་མ་ཡ། །ཞེས་སོ། །ཐུགས་སྲས་ལོ་ཙཱ་བས་མཛད་པའི་ཞི་བའི་༼བུ༽སྦྱིན་སྲེག་གི་ཆོ་ག་ཉོན་མོངས་སྲེག་བྱེད་རྭ་ཆེན་ལོ་ཙཱ་བའི་བཞེད་པ་ཐུན་མོང་མ་ཡིན་པ་དབྱུ་གུ་དྲུག་ཅུ་རྩ་བཞི་ལྕགས་མཁར་ཟུར་དྲུག་པའི་ཆོ་ག་༼གཟུངས༽དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་རཏྣ་ལཀྵའི་ངོར་མཛད་པ་བདུད་སྡེ་འཇོམས་པ་ཞེས་བྱ་བ། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་འཇིགས་བྱེད་༼ཁ༽དྲུག་ཅུ་པའི་གཏོར་ཆོག་དགྲ་བོའི་སྲོག་འཕྲོག རྫོང་ཆུང་པ་ཨཱ་ནནྡ་མ་ཏིས་རྒྱ་སྟོན་གྱི་ཡི་གེ་ལ་བརྟེན་ནས་མཛད་པའི་རྭ་པའི་མན་ངག་༼ཤར༽ཐུན་མོང་མ་ཡིན་པ་ལྕགས་མཁར་ཟུར་དགུ་པའི་འཇིགས་བྱེད་དྲུག་ཅུ་པ།«་་་་་རྡོ་རྗེ་འཆང་ཕ་བོང་ཁ་བའི་ཕྱག་ལེན་དང་མི་གཅིག་པར་སྣང༌།»བཟླས་པའི་མན་ངག་དང་གཏོར་མ་དྲུག་ཅུ་རྩ་བཞིའི་ཕྱག་ལེན་༼ཤར༽རྒྱ་སྟོན་དང་འཛམ་གླིང་མཁས་པའི་ཁྱད་བཅས། འཇམ་དབྱངས་མཁྱེན་བརྩེས་མཛད་པའི་༼དཔང་༽གཏོར་མ་དྲུག་ཅུ་རྩ་བཞི་ཞལ་བསྒྱུར་བའི་མན་ངག ཡི་གེ་བཞི་པ་ལ་བརྟེན་པའི་བསྲུང་བའི་མན་ངག་འགོར་རང་ཉིད་འཇིགས་བྱེད་དམར་པོ་ཤིན་ཏུ་ཁྲོས་པ་ཞེས་ཡོད་པ་གསོལ་བ་གདབ་བོའི་མཐའ་ཅན། ཡི་གེ་བཞི་པ་ལ་བརྟེན་ནས་འགོང་པོ་གདུག་པ་ཅན་གནོད་ན་བསད་པ་རྟ་ཤིའི་ཁ་བཞིན་སྡོམས་ཀྱི་མཐའ་ཅན། འགོར་རང་ཉིད་སྐད་ཅིག་དྲན་རྫོགས་ལ་འཇམ་དཔལ་ཁྲོས་པ་ཞེས་ཡོད་པའི་སྲུང་བཟློག་བསད་པ་གསུམ་གྱི་མན་ངག་ཟབ་མོ་ཨི་ཐིའི་མཐའ་ཅན། འགོར་སྲུང་བའི་འཁོར་ལོ་ནི་ལྟེ་བར་ཧཱུྃ་ཞེས་ཡོད་པ། འགོར་མུ་ཁྱུད་རྡོ་རྗེ་ཕྱེད་པ་ནང་དུ་འཁོར་ལོ་རྩིབས་བརྒྱད་ཅེས་ཡོད་པའི་བཟློག་འཁོར། འགོར་ཡང་ལྟེ་བར་ཧཱུྃ་གཤམ་ནས་གཡོན་སྐོར་དུ་ཞེས་ཡོད་པའི་སྲུང་འཁོར་བྲི་ཡིག འགོར་རང་ཉིད་འཕགས་པ་འཇམ་དཔལ་དུ་བསྒོམ་ཞེས་ཡོད་པའི་ཡི་གེ་བཞི་པའི་སྲུང་བཟློག་བསད་གསུམ་གྱི་མན་ངག འགོར་ཨོཾ་སྭསྟི། སེམས་བསྐྱེད་པ་ནི་བདག་དང་སེམས་ཅན་ཐམས་ཅད་མི་དང་མི་མ་ཡིན་ཞེས་ཡོད་པའི་ཡི་གེ་བཞི་པའི་སྲུང་༼རྭ༽༼ནུབ༽བཟློག་རྦད་པ་ཞལ་གདམས་དང་བཅས་པ་ཁྱད་པར་དུ་འཕགས་པའོའི་མཐའ་ཅན། ཡི་གེ་བཞི་པའི་སྲུང་བཟློག་བསད་མནན་བསམ་གཏན་ཉལ་༼ནུབ༽ཆོག་གི་གདམས་པ་ཐེག་མཆོག་ཟླ་བའི་དབང་པོས་མཛད་པ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བལ་པོ་ཐུགས་རྗེ་ཆེན་པོ་ལ་གསེར་སྲང་ལྔ་བརྒྱ་ཕུལ་༼རྭ༽༼ནུབ༽༼རུམ༽བར་ཞལ་གྱིས་བཞེས་ནས་གནང་བའི་དྲག་པོ་བཞིའི་སྲུང་བཟློག་ཡི་གེར་མི་འདྲི་བའི་བཀའ་རྒྱ་ཅན།འགོར་བདག་ཉིད་འཕགས་པ་འཇམ་དཔལ་ཞེས་ཡོད་པའི་ཡི་གེ་༼ནུབ༽བཞི་པའི་མན་ངག་ཉི་མ་དང་སྤྲད་དོའི་མཐའ་ཅན། འགོར་རང་ཉིད་སྐད་ཅིག་དྲན་རྫོགས་ལ་ཞེས་ཡོད་པའི་ཡི་གེ་བཞི་པའི་༼རྭ༽༼ནུབ༽སྲུང་བཟློག་བསད་གསུམ་གྱི་མན་ངག་ཟབ་མོའི་མཐའ་ཅན། བྷ་ཡ་ནཱ་ས་ལ་བརྟེན་པའི་བྱད་བཟློག་ཐམས་ཅད་ཀྱིས་ཚུགས་པར་མི་འགྱུར་རོའི་མཐའ་ཅན། བཙན་པོའི་མཁར་དུ་གཞུག་པ། རྣོ་གསུམ་མཚོན་ལ་ངར་བཏགས་པ། གདོས་དང་ཤ་བ་འཐབ་པ།སྒྱོགས་རྡོ་བར་སྣང་ལ་གཅག་པ་སྟེ་རྭ་རྒན་༼ཤར༽ལོ་ཙཱའི་ཁྱད་ཆོས་ཨུཥྞཱི་ཥའི་སྲུང་བཟློག་མནན་གསད་རྒྱ་སྟོན་གྱིས་བསྒྲིགས་པ། དེས་མཛད་པའི་ཨུཥྞཱི་ཥའི་༼ཤར༽གདམས་པ་དོན་ལྔ་པ། དེས་མཛད་པའི་མན་ངག་ཐུགས་ཀྱི་ཉིང་ཁུ་༼ཤར༽ཞེས་པར་ནང་གསེས་བསམ་གཏན་སྒྲའི་བཟླས་པ། ཕྲིན་ལས་རྣམ་བཞིའི་བཟླས་པ། ཏིང་འཛིན་གནད་ཀྱི་མན་ངག གདུག་བྱེད་ཕུར་པས་ངག་བཅིང་བ། རྨི་ལམ་ངན་པ་བཟློག་པ། མཐུ་བྱེད་བསད་པ། ངག་མནན་དང་བཅས་པ་རྭ་ལོའི་མན་ངག བྱད་མ་ཕྱེ་མར་འཐགས་པ་༼ཤར༽རྭའི་མན་ངག ཐོད་པ། ཕུར་པ། འཁོར་ལོ། རང་གཤེད་ལ་བརྟེན་ནས་བསད་པའི་དུས་མན་ངག་ཉམས་སུ་ལེན་པའི་༼ཤར༽རིམ་པ་ཞེས་བསྒོམ་པ། སྔགས། ཡུངས་ཀར། ཁྲག ཕུར་བུས་བསད་པ་གཟའ་རྒྱུ་བ་དང་བསྟུན་ནོའི་མཐའ་ཅན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱི་དངོས་སློབ་བོད་ལོག་དང་སྟར་མ་བྱེ་བཟང་གཉིས་ཁ་མཐུན་དུ་བྱུང་བའི་མན་ངག་༼ཤར༽དཔལ་ལྡན་གྲགས་པས་ཚིགས་བཅད་དུ་བསྡེབས་པའི་དོན་གསལ་བར་བསྟན་པ། རྫས་ལ་བརྟེན་པའི་གཏད་༼ཤར༽རུལ། ཏིང་ངེ་འཛིན་ལ་༼ཤར༽བརྟེན་པའི་གཏད་རུལ། ངག་༼ཤར༽འགྲོལ་འགོར། དཔལ་རྡོ་རྗེ་འཇིགས་བྱེད་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཞེས་༼མ༽ཡོད་པའི་ཨུཥྞཱི་ཥའི་བསྲུང་བཟློག་མན་ངག་ལག་ལེན་དམར་ཁྲིད་ཕྱོགས་མེད་ལོ་ཙཱ་བས་གསལ་བར་བཀོད་པ། དེས་མཛད་པའི་འགོར། དཔལ་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདིར་བདག་གཞན་ཐམས་ཅད་ཀྱི་ལུས་༼མ༽སྲུང་བར་བྱེད་པ་ཞེས་ཡོད་པའི་སྲུང་འཁོར་གྱི་བྲི་ཡིག དེས་མཛད་པའི་འགོར་གཉིས་པ་བཟློག་པའི་འཁོར་ལོ་ནི་སྔ་མ་ལྟ་བུ་ལ། མིང་སྤེལ་གྱི་མཐར་ཞེས་ཡོད་པའི་བཟློག་འཁོར་བྲི་ཡིག དེས་མཛད་པའི་འགོར་ཎ྄ིཿ དཔལ་ལྡན་ཁྲོ་བོ་ཆེན་པོ་ལ་ཕྱག་འཚལ་ལོ། །མིང་དང་རྣམ་ཤེས་སྦ་བ་ལ་ཞེས་ཡོད་༼མ༽པའི་ཨུཥྞཱི་ཥའི་སྲུང་འཁོར་རྨི་ལམ་ངན་པ་བཟློག་པ་བྱད་མ་མཁན་གྱི་བསོད་ནམས་ཉམས་ཐབས་བྱས་པས་མི་ཚུགས་པ་དང་བཅས་པ། དེས་མཛད་པའི་བཟློག་པའི་རྣལ་འབྱོར་ཁྱད་༼མ༽པར་ཅན་རྔོན་པ་ཉི་མ་ལྡེ་ཞིང་གདོས་དང་ཤ་བ་འཐབ་པ་ལྟ་བུའི་མན་ངག དེས་མཛད་པའི་ཨུཥྞཱི་ཥའི་སྒོ་༼མ༽ནས་དམ་ཉམས་གསོད་པའི་མཚོན་ཆ། དེས་བྲག་དཀར་ཆོས་སྡིངས་སུ་བཀོད་པའི་བསྲུང་བཟློག་༼མ༽གཉིས་ཀྱི་མན་ངག་སྔགས་པ་ནང་འགྲས་དང་བསད་པ་གཞན་དུ་གསལ་བའི་མཐའ་ཅན། དེས་མཛད་པའི་ཨུཥྞཱི་ཥའི་བསྐུལ་༼མ༽རྣམ་དག་ཞི་བ་མ། དེས་མཛད་པའི་བསྟོད་པ་༼མ༽ཐུགས་རྗེའི་དབང་ཁྲོས་མ། ལས་ཀྱི་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ལ་ལི་ཏ་བཛྲ་གྱིས་མཛད་པ་བལ་པོ་ཐུགས་རྗེ་ཆེན་པོ་དང་རྭ་ལོ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། རོ་རས་དང་ཐོད་པ་ལ་བརྟེན་ནས་ལས་གཤིན་སྒྲུབ་ཅིང་བསྙེན་སྒྲུབ་བསད་པའི་མན་ངག་ལོ་ཙཱ་བ་ཕྱི་མས་ཡི་གེར་བཏབ་པ། ལས་ཀྱི་གཤིན་རྗེ་སྲིད་པའི་འཁོར་ལོའི་མན་ངག་རྭ་ཆེན་གྱིས་ལྕགས་སྒོམ་རས་པ་ལ་གནང་བ་སྲིད་པའི་འཁོར་ལོ་རྫོགས་བྱང་གི་མཐའ་ཅན། དགེ་འདུན་གཙུག་ལག་ཁང་བསྲུང་བའི་གཤིན་རྗེ་སྲིད་པའི་འཁོར་ལོ་བཀའ་རྒྱ་དམ་པོ་ཡོད་དོ་ཨི་ཐིའི་མཐའ་ཅན། ལས་ཀྱི་གཤིན་རྗེ་གནམ་ལྕགས་ཨུར་ཆུང་གི་གདམས་པ་ཞེས་པ་སྲུང་བཟློག་བསད་པའི་སྔགས་བཟློག་པ་ཡིན་ན་སྔགས་བཟླ་ཞིང་བསད་པ་ལྷྭམ་མཐུ་མ་དང་བཅས་པ་སུས་ཀྱང་མི་ཤིགས་པའི་མན་ངག་ལགས་སོའི་མཐའ་ཅན། ལས་ཀྱི་གཤིན་རྗེའི་ཡིག་ཆུང༌།དྲག་སྔགས་ཧུར་ཐུམ་སྲོག་ལེན་དམར་པོ་སྙ་ནམ་པའི་མན་ངག་ཡིག་ཆུང་ཟབ་མོ་རྫོགས་བྱང་གི་མཐའ་ཅན། དཀོན་མཆོག་གི་བསྟན་དགྲ་ཡ་མ་རྣམས་ཀྱིས་འདུལ་བར་ཁས་བླངས་ཚུལ། འཆི་བདག་ལས་ཀྱི་གཤིན་རྗེ་གནད་ལ་ཕབ་ནས་དགྲ་བགེགས་སྒྲོལ་བའི་ཡི་གེ་དྲག་སྔགས་ཀྱི་རྒྱན་དུ་དགོས་པའི་ཡིག་ཆུང་ཨི་ཐིའི་མཐའ་ཅན། འཆི་བདག་སྒྲུབ་༼རྒྱ༽ཐབས་གཤེས་གཉེན་ཚུལ་ཁྲིམས་བླ་མས་བསྐུལ་བའི་ངོར་རྒྱ་སྟོན་གྱིས་མཛད་པ། ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་གྱི་མཆོད་པའི་ཆོ་ག་༼རྩ༽༼བིཀྵུ༽ཁྲོམ་ཡོན་ནམ་མཁའ་ལྷུན་བཟང་གིས་མཛད་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོས་ལས་དང་པོ་པའི་རིག་འཛིན་རྣམས་ལ་ཕན་པའི་ཆེད་དུ་མཛད་པའི་༼མཁན༽ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ལ་མཆོད་གཏོར་འབུལ་བའི་ཆོ་ག འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་དམ་ཅན་གཤིན་རྗེའི་རྒྱལ་པོའི་མངོན་རྟོགས་སྤྱན་འདྲེན་༼དབང་༽གཏོར་འབུལ་བསྟོད་པ་དང་བཅས་པའི་ཆོག་སྒྲིགས། དེས་མདོ་ཁམས་པ་སྦྱིན་པ་དཔལ་བཟང་གི་ངོར་མཛད་པའི་འཆི་བདག་༼མཁན༽༼༽གཤིན་རྗེའི་དབང་ཕྱུག་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་བསྐང་བ་མི་བཟད་འཇམ་དཔལ་མ།མཁན་ཆེན་བསླབ་གསུམ་རྒྱལ་མཚན་གྱིས་མཛད་༼དབང་༽པའི་ལས་གཤིན་གྱི་བསྐང་རྫས་བྱིན་རླབས། དེའི་རྗེས་གནང་གི་ཡི་གེ་རྭ་ཤེས་རབ་རྒྱལ་མཚན་གྱིས་བཀོད་པ། ལས་གཤིན་བཅུ་གསུམ་མའི་རྗེས་གནང་གི་ཡི་གེ་ཐར་གླིང་༼བིཀྵུ༽ཨཱརྻ་དེ་ཝས་བཀོད་པ། ལས་གཤིན་དཔའ་བོ་གཅིག་པའི་རྗེས་གནང་གི་ཐོ་༼དབང་༽ཀུན་མཁྱེན་མཁྱེན་བརྩེའི་ཞབས་ཀྱིས་མཛད་པ། གཤིན་རྗེ་དམར་ནག་གསུམ་གྱི་རྗེས་གནང་གི་༼ས༽ཆོ་གའི་ལག་ལེན་ཤིན་ཏུ་གསལ་བ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ། གཤིན་རྗེ་དམར་པོ་མ་རུ་ཙེ་བཞིས་བསྐོར་དུ་༼ཛྙཱ༽གྲགས་པ་སྙིང་ལ་བརྟེན་པའི་ཕྱི་སྒྲུབ། སྤྱང་ཐོད་ལ་བརྟེན་པའི་ནང་སྒྲུབ། ནལ་གྲིའི་ཐོད་པར་བརྟེན་པའི་གསང་སྒྲུབ། ར་སྤྱང་གི་ཐོད་པར་བརྟེན་པའི་གསང་ཆེན་ཆིག་དྲིལ། གཏོར་ཆོག་བསྟོད་པ་དང་བཅས་པ་རྡོ་རྗེ་དབལ་བའི་དོན་དུ་རྒྱ་སྟོན་གྱིས་མཛད་པ། ལས་ཀྱི་གཤིན་རྗེ་ཁྲག་མདོག་ཡབ་ཡུམ་གྱི་བསྙེན་སྒྲུབ་༼དཔལ༽ལས་གསུམ་གྱི་མན་ངག་རྭ་དབོན་ཤེས་རབ་རྒྱལ་མཚན་གྱིས་མཛད་པ་དགེ་བས་བསྟན་པ་བསྲུང་བར་ཤོག་གི་མཐའ་ཅན། དེའི་གཏོར་ཆོག་རྗེས་གནང་དང་བཅས་༼དཔལ༽པའི་ཆོ་ག་རྣམས་སོ། །གསུམ་པ་བོད་ཀྱི་མཁས་པ་འབྲི་གུང་དཔལ་འཛིན་གྱིས་མཛད་པའི་སྐོར་ལ། ཀུན་དགའ་དབང་ཕྱུག་གིས་བསྐུལ་པའི་ངོར་མཛད་པའི་རྟོག་པ་གསུམ་པའི་རྒྱས་འགྲེལ་རིན་པོ་ཆེའི་སྙེ་མ། རྟོག་པ་གསུམ་པའི་ཚིག་གིས་མཚམས་བཅད་ཅིང་དོན་གྱི་གོ་རིམ་བསྡུ་བ། དཔལ་རྟོག་པ་གསུམ་པའི་འཁྲུལ་འཁོར་གྱི་ཆོ་ག་ཁམས་གསུམ་གྱི་འཁོར་ལོས་སྒྱུར་བ་ཁྲག་སྐྱུགས་ཀྱི་ལོ་ཆོས་དཀར་ནམ་མཁའི་རྫོང་དུ་མཛད་པ། དེ་ལས་དྲག་ཤུལ་སྤྱོད་པའི་ཆོ་ག་ཞིབ་མོ་གུད་དུ་བསྟན་པ་ཟད་པའི་ལོ་ནག་པ་ཟླ་བའི་དཀར་ཚེས་བཞི་ལ་མཛད་པ། རྟོག་པ་གསུམ་པའི་མན་ངག་གི་ཞལ་ཤེས་ལྔ་པ་ཞེས་པ་སྙན་བརྒྱུད་ཡི་གེ་མེད་པའི་ཟིན་བྲིས་མདངས་དཀར་སྙིང་རྗེའི་རྫོང་དུ་མཛད་པ། རྟོག་པ་གསུམ་པའི་འཁྲུལ་འཁོར་རྫོང་རི་རྩེ་དགུའི་མགུལ་དུ་མཛད་པ། ཐར་པའི་རྒྱལ་སྲིད་ལ་གནས་པའི་དགེ་སྦྱོང་ཆེན་པོའི་བཀས་བསྐུལ་བ་ལ་བརྟེན་ནས་འཁྲུལ་འཁོར་གྱི་ལུང་སྦྱོར་རིན་ཆེན་འོད་ཀྱི་སྒྲོན་མ། དཔལ་རྟོག་པ་བདུན་པའི་འཁྲུལ་འཁོར་གྱི་ཆོ་ག་འཁོར་ལོ་རིན་པོ་ཆེའི་བང་མཛོད་ཆོས་དཀར་ནམ་མཁའི་རྫོང་དུ་མཛད་པ། དེ་ལ་མཁོ་བའི་ཟིན་བྲིས་འགོར་རྟོག་བདུན་གྱི་རྒྱས་འགྲེལ་སློབ་དཔོན་མི་བསྐྱོད་པས་མཛད་ཅེས་ཡོད་པ་རང་བཟོ་མེད་པར་འགྱུར་རོའི་མཐའ་ཅན། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*