དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོའི་ནང༌།

  །།གསོལ་འདེབས་ལས། གྲགས་པ་གསུམ་པ་དབང་ཕྱུག་མཚན་མཐའ་ཅན། །འབྲེ་བན་ཚུལ་བཟང་རྣམ་གསུམ་ཚོགས་པའི་གཏེར། །བླ་མ་གྲུམ་དང་ཡོན་བདག་ནག་པོ་མཁར། །གཉིས་ཚོགས་གཏེར་སྒོ་འབྱེད་རྣམས་ལ་གསོལ་བ་འདེབས། །ཞེས་པའི་གཏེར་སྟོན་གསུམ་ཚོགས་ནི་རྐྱང་པོ་གྲགས་པ་དབང་ཕྱུག སུམ་པ་བྱང་ཆུབ་ཚུལ་ཁྲིམས། འབྲེ་ཤེས་རབ་བླ་མ་གསུམ་གྱིས་ཡེར་པ་སེ་བ་ལུང་ནས་རྟ་མགྲིན་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུའི་རྒྱུད་སྒྲུབ་ཐབས་མན་ངག་རྣམས་སྤྱན་དྲངས་ནས་འབྲུ་ཚང་གི་གཉགས་སྟོན་ལ་ཤོག་སེར་སྟེང་ནས་ཆོས་རྒྱུན་ལན་གཅིག་ཙམ་ལས་སྤེལ་རྒྱུ་མ་བྱུང་བར་གཏེར་རྡུར་གྱིས་རྐྱང་པོ་ལ་མཛེ་བྱུང༌། སུམ་པ་འདས། འབྲེ་སྨྱོ་བས་ཤོག་སེར་རྣམས་རྟ་མགྲིན་གྱི་གྲུབ་ཐོབ་ཞུ་སྟོན་བྱ་བའི་ལག་ཏུ་བྱུང་ཡང་དེས་ཞུ་ས་རྩད་མ་ཆོད་པས་ལས་འཕྲོ་གཏེར་བརྒྱུད་ཀྱི་བྱིན་རླབས་བཀའ་མ་ཉམས་པ་ཡོངས་གྲགས་ལ་མེད་པར་ཡུན་རིང་འབྱམས། རིང་ཞིག་ན་གྲུབ་པའི་དབང་ཕྱུག་ཆེན་པོ་འདར་ཕྱ་རུ་བ་གཙང་ཇོ་མོ་ནགས་རྒྱལ་ན་བཞུགས་པའི་དུས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞང་ཚེ་ཟླ་གྲགས་བྱ་བའི་སྔགས་པ་ཞིག་ཏུ་སྤྲུལ་ནས་དབང་ལུང་རྣམས་རྫོགས་པར་གནང༌། སྔགས་ཀྱི་ཨོཾ་དེ་ཧྲཱིཿརུ་བསྒྱུར་ལ་སྒྲུབས་ཤིག་གསུངས། འདར་ཕྱར་གྱིས་བླ་མ་རྒྱ་ལ་གཏེར་བརྒྱུད་ཀྱང་རྩད་ཆོད་ནས་གསན་པའི་བཀའ་གཏེར་ཟུང་འཇུག་གི་ཆོས་སྐོར་ལ། ཐོག་མར་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་པདྨ་ཡང་གསང་ཁྲོས་པའི་ལས་བྱང་གྱེར་སྒོམ་འཇིགས་མེད་རྡོ་རྗེའི་སྒྲ་དབྱངས་དང་ཀུན་མཁྱེན་དཔལ་ལྡན་སེང་གེས་མཛད་པའི་དབང་ཆོག་བདེ་ཆེན་མྱུ་གུ་ལ་ལྷ་དབང་གི་ལྷན་ཐབས་སྦྱར་ཞིང༌། བླ་ཆེན་ཆོས་དཔལ་བཟང་པོས་མཛད་པའི་དབང་ཆུ་མ་དག་པའི་དྲི་མ་འཁྲུད་བྱེད་ཀྱི་སྟེང་ནས་ཞིབ་ཆའི་ཕྱག་ལེན་དང་བཅས་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་བཏང་སྟེ་བུམ་པ་ལ་བརྟེན་ནས་ཁྲག་འཐུང་རིགས་ལྔའི་རིག་པའི་དབང༌། ལྷ་དབང༌། དུར་ཁྲོད་ཆས་དབང༌། གཏོར་དབང༌། གསང་དབང༌། ཤེར་དབང༌། བཞི་པའི་དབང་དང་བཅས་པ་རིག་འཛིན་བརྒྱུད་པའི་བྱིན་རླབས་ཀྱི་བཀའ་སྲོལ་མ་ཉམས་པ་ཡིད་ཆེས་ཁུངས་བཙུན་དུ་མནོས། དབུས་སྟོན་པ་སོགས་ས་དགེའི་མཁས་རློམ་གཞན་དག་གིས་རིག་པའི་དབང་ལྔ་སོ་སོར་ཕྲལ་ནས་བསྐུར་བས་མཚོན་ཏེ་གསང་འདུས་དགྱེས་རྡོར་སོགས་རྒྱུད་སྡེ་གཞན་གྱི་རྒྱས་བཀབ་རང་བཟོའི་དྲི་མ་ཙམ་ཡང་མ་འདྲེས་པ་ཡིན་ནོ། །འཆི་མེད་ཚེའི་རྫོང་ཆུང་གི་དབང་ཀུན་མཁྱེན་ཆེན་པོའི་ཡིག་ཆ་དང་དེའི་གསལ་བྱེད་ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ནག་པོ་འགྲོ་ཤེས་ཀྱི་སྟེང་ནས་ཚེ་འགུགས་འཆིང༌། བསྡུ་བ། དབང་དངོས། སྦ་བ། སྦེལ་བ། ཚེ་རྫས་མྱང་བ། བསྲུང་བ་རྣམས་སྨིན་རྒྱས། བདེ་གཤེགས་འདུས་པའི་བྱིན་རླབས་དབང་གི་ཆོ་གའི་སྟེང་ནས་བུམ་པ། རྟ་མགོ དུར་ཁྲོད་ཆས།བཟླས་ལུང༌། གཏོར་མ་ལ་བརྟེན་པའི་དབང༌། བཀའ་སྲུང་གྱིང་ལྔ་གཟའ་གདོང་གི་སྲོག་གཏད་ཀྱི་རྗེས་གནང་ཟབ་མོ་རྣམས་ཀྱང་ཡིད་བརྟན་དུ་རུང་བ་ཐོབ་ནས། རྒྱབ་རྟེན་ལུང་གི་སྐོར་ལ། སྤྱིར་རྩ་བརྒྱུད་ཀྱི་སྟེང་དུ་དྲིལ་བ། སྒྲུབ་ཐབས་བྱང་བུའི་སྟེང་དུ་དྲིལ་བ། མན་ངག་ལས་ཚོགས་ཀྱི་སྟེང་དུ་དྲིལ་བའི་ཚུལ་དང་གསུམ། དང་པོ་ནི། རྒྱུད་ཀྱི་ལེའུ་དྲུག་པ་ཡན་གྱིས་སྟོད་ལས་བྱང་ཆུབ་སྒྲུབ་པ་རྣམས་སྟོན་པས། སྨིན་བྱེད་དབང་གི་སྐོར། སྒྲུབ་ཐབས་ལས་བྱང༌། བསྟོད་བསྐུལ། རབ་གནས། སྦྱིན་སྲེག ཟོར་སོགས་སྒྲུབ་པ་ཆེན་པོའི་ཆ་ལག་ཏུ་ངེས་པར་དགོས་པས་སྨད་ལས་ཀྱི་ཆར་གཏོགས་པ་འགའ་ཞིག་ཀྱང་དེར་ཚང་དགོས་ལ། རྒྱུད་ཀྱི་ལེའུ་བདུན་པ་ནས་བཅུ་གཉིས་པའི་བར་གྱི་སྨད་ལས་དགྲ་བགེགས་སྒྲོལ་བ་མངོན་སྤྱོད་དྲག་པོའི་སྐོར་ནི་སྒྲུབ་ཆེན་གྱི་ལེ་ལག་ཏུ་བྱུང་བའི་དམོད་པ་ཁ་སྦྱོར་དབྱེ་བ་སོགས་མ་ཡིན་པ་མིན་ནའང༌། གཙོ་བོར་སྦས་པ་མིག་འབྱེད་ཀྱི་ལེའུ་གསུམ་པ་མན་ཆད་ཀྱི་སྐོར་དང༌། གཏོར་མའི་ལས་ཚོགས་བཅུ་བདུན་གྱི་ནང་གི་མངོན་སྤྱོད་ཀྱི་སྐོར་སོགས་འཕྲུལ་ཤེས་པར་བྱས་ནས་སྐབས་གང་དང་གང་དུ་དགོས་པ་དེ་དང་དེར་ལེན་པ་ཡིན། གཉིས་པ་ནི། སྒྲུབ་ཕྲིན་སྦྱོར་དངོས་རྗེས་ཚང་ལ་བརྟེན་ནས་རྒྱུད་དང་མན་ངག་ཤོག་དྲིལ་སོགས་སྐབས་ཐོབ་གང་དུ་དགོས་པ་དེ་བསྣན་ནས་ཉམས་སུ་ལེན། གསུམ་པ་ནི། སྦས་པ་མིག་འབྱེད་ཀྱི་སྐོར་ཏེ། དེ་ཡང་རྒྱུད་ལྟར་བྱེད་ན་ལེའུ་དང་པོ་དང་གཉིས་པས་སྟོད་ལས་རྒྱུད་ལེའུ་དྲུག་པ་ཡན་དང་སྦྱར། ལྷག་མས་སྨད་ལས་རྒྱུད་ཀྱི་ལེའུ་བདུན་པ་མན་དང་སྦྱོར། མན་ངག་ལྟར་བྱེད་ན་ཞལ་གདམས་ཤོག་དྲིལ་བྱང་བུ་སོགས་སྟོད་ལས་དང་ཐུན་མོང་གི་ལས་སྒྲུབ་རྣམས་སྨད་ལས་སུ་སྦྱོར། མན་ངག་རང་རྐྱང་དུ་བྱེད་ན་སྨན་སྒྲུབ་དང་ལྷ་སྔགས་དམིགས་པའི་ངེས་པ་བསྟན་པས་སྟོད་ལས། ལེའུ་གསུམ་པ་མན་ཆད་ཀྱི་སྨད་ལས་སུ་སྦྱོར་དགོས་པས་སྡོམ་འདི་ལྟ་བུ་ཤེས་ན་ཆོས་ལུགས་འདི་ལ་ནང་བྱན་ཚུད་པར་མངོན་ནོ། །དེ་ཡང་རྩ་བ་རྒྱུད་ཀྱི་སྐོར། སྡོང་བུ་བྱང་བུའི་སྐོར། སྨིན་བྱེད་དབང་གི་སྐོར། སྒྲུབ་པ་ཕྲིན་ལས་ཀྱི་སྐོར། སྦས་པ་མིག་འབྱེད་སྐོར། བདེ་གཤེགས་སྤྱི་དྲིལ་གྱི་སྐོར། ཐུན་མོང་ལས་ཕྲན་ཤོག་དྲིལ་གྱི་སྐོར། ཐུན་མོང་མ་ཡིན་པ་མཆོག་ལམ་གྱི་སྐོར་དང་བརྒྱད། དང་པོ་ལ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལེའུ་༼ཕ༽བཅུ་གསུམ་པ་རྫོགས་བྱང་གི་མཐའ་ཅན་སློབ་དཔོན་ཆེན་པོས་མངའ་བདག་རྗེ་ལ་གཏད་པ་ལོ་ཆེན་བཻ་རོས་བསྒྱུར་བ། དཔལ་ཨཽ་ཌྱཱན་ཆེན་པོས་མཛད་པའི་རྒྱུད་ཀྱི་སྐབས་སྤྱོད་༼ཕ༽དོན་འགྲེལ་བཻ་རོ་ཙ་ནའི་འགྱུར། རྒྱུད་ཀྱི་ས་བཅད་དབང་ཆེན་ཞལ་གཟིགས་ཀུན་མཁྱེན་མུས་སྲད་པ་དཔལ་ལྡན་སེང་གེས་མཛད་པ་པིཎ་ཏ་ཐ་རྫོགས་བྱང་གི་མཐའ་ཅན་རྣམས་སོ། །གཉིས་པ་སྡོང་བུ་ལྟ་བུ་བྱང་བུའི་སྐོར་ལ། ཨཽ་ཌྱཱན་ཆེན་པོས་མཛད་པའི་དབང་གི་བྱང་བུ།«་་་་་འདི་རྒྱུད་ཀྱི་ལེའུ་གསུམ་པའི་དབང་བགྲོད་དམ་ལྡན་སློབ་དཔོན་ཁུར་ཞེས་པའི་སྐབས་དང་སྦྱོར། »སྒྲུབ་པའི་བྱང་བུ།«་་་་་ལེའུ་གསུམ་པ་དང་སྦྱོར། »ཚེའི་བྱང་བུ། སྦྱིན་སྲེག་གི་བྱང་བུ།«་་་་་ལེའུ་བཅུ་པ་དང་སྦྱོར། »རབ་གནས་ཀྱི་བྱང་བུ།«་་་་་གསུམ་པ་དང་འབྲེལ།་་་་་»གནས་ལུང་གི་བྱང་བུ་རྣམས་སོ། །གསུམ་པ་སྨིན་བྱེད་དབང་གི་སྐོར་ལ། རྩ་བའི་དབང་བྱང་མཛད་པ་པོ་སློབ་དཔོན་ཆེན་པོ་པདྨ་བཟང་པོ་ཡིན་པས་སློབ་དཔོན་པདྨ་བཟང་པོའི་རྣམ་ཐར་ལོ་རྒྱུས་ཞེས་པ་མཛད་པ་པོ། རྒྱུད། ཕྱོགས། དགོས་པ་བསྡུས་དོན་ཏེ་ལྔའི་སྒོ་ནས་གཏན་ལ་ཕབ་པ་གསལ་བའི་མཐའ་ཅན།«་་་་་ལེའུ་གསུམ་པ་དང་སྦྱོར།་་་་་»ཆོས་ཁུངས་བཙུན་པ་བརྒྱུད་པའི་རྣམ་ཐར་ལ་གྲུབ་ཐོབ་འདར་བྱ་རུ་བ་རིན་ཆེན་བཟང་པོའི་རྣམ་ཐར་ཟུར་ཙམ་བྲིས་པ་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོའི་མཐའ་ཅན། བོ་དོང་བརྩོན་འགྲུས་རྡོ་རྗེའི་རྣམ་ཐར་ཚིག་ཉུང་དོན་རྒྱས།«་་་་་ལེའུ་གསུམ་པ་དང་སྦྱོར།» ཆོས་རྗེ་ཉན་ཆེན་པའི་རྣམ་ཐར་འགོར་འཁྲུངས་ཡུལ་དང་མཇུག་ན་གཤེགས་ཚུལ་བསྟན་པ་ལེགས་པར་གདའ་འོའི་མཐའ་ཅན། སྒྲུབ་ཆེན་གྱི་ཕྱིའི་སྔོན་འགྲོ་རྒྱན་མཆོད་པ་རྒྱལ་མཐོ། དམ་སྲི། སྒོ་བྱང་དང་བཅས་པ་སྒོ་གོང་དུ་གཞག་གོའི་མཐའ་ཅན།«་་་་་ལེའུ་གསུམ་པ་དང་སྦྱོར།་་་་་»རྒྱན་དགོད་པའི་ལས་བྱང་མངའ་བརྒྱད་མ་དང་བདེ་སྟོང་དབྱེར་མེད་པ། ཆག་ཆག་གདབ་པ་དྲིན་ཆེན་དྲི་ཆུ་མ།«་་་་་ལེའུ་གསུམ་པ་དང་སྦྱོར།་་་་་»ཐིག་འདེབས་སྟོང་གསུམ་འཇིག་རྟེན་མ། དབང་ཆེན་སྒྲུབ་པའི་ཐོ་ཡིག་བླ་མའི་ཕྱག་ལེན་བཞིན་རྡོ་རྗེ་འཛིན་པ་སེང་གེའི་མཚན་ཅན་གྱིས་བཀོད་པ།«་་་་་ལེའུ་གསུམ་པ་དང་སྦྱོར།་་་་་»དམ་རྫས་རྣམ་པ་ལྔའི་རྩ་བརྒྱད་སྟོང་སྦྱར་གྱི་ངོས་འཛིན། ཀུན་མཁྱེན་དཔལ་ལྡན་སེང་གེས་མཛད་པའི་དབང་ཆོག་བདེ་ཆེན་མྱུ་གུ«་་་་་ལེའུ་གསུམ་པ་དང་སྦྱོར། »དབང་ཆོག་གི་ལྷན་ཐབས་ལྷ་དབང་དང་རྫས་དབང་གི་ཡི་གེ«་་་་་ལེའུ་གསུམ་པ་དང་སྦྱོར།་་་་་»རྭ་བན་ཆོས་དཔལ་བཟང་པོས་མཛད་པའི་དབང་ཆུ་༼ཆ༽མ་དག་པའི་དྲི་མ་འཁྲུད་བྱེད། རྫོང་ཆུང་ཚེ་དབང་གི་ཡི་གེ་རྡོ་རྗེ་འཛིན་པ་དཔལ་ལྡན་སེང་གེས་བཀོད་པ།«་་་་་ལེའུ་གསུམ་པ་དང་སྦྱོར། »ཚེའི་འབྲང་རྒྱས་ཀྱི་བཟང་ངན་བརྟག་པ། ཚེ་ཆང་གི་ཁ་ལ་བཟང་ངན་བརྟག་པ།«་་་་་ལེའུ་གསུམ་པ་དང་སྦྱོར།་་་་་»ཡང་གསང་ཁྲོས་པའི་སྒོ་ནས་འཆི་མེད་ཚེའི་དངོས་གྲུབ་སྒྲུབ་པའི་ཐབས་ནག་པོ་འགྲོ་ཤེས་ཚར་ཆེན་གྱིས་མཛད་པ། དེས་མཛད་པའི་ཚེ་སྤེལ་བ་འདིར་ཚོགས་སྐལ་ལྡན་མ་རྣམས་སོ།«་་་་་ལེའུ་གསུམ་པ་དང་སྦྱོར། »།བཞི་པ་སྒྲུབ་པ་ཕྲིན་ལས་སྐོར་ལ། དཔལ་ལྡན་སེང་གེས་མཛད་པའི་བརྒྱུད་འདེབས་དངོས་གྲུབ་ཀྱི་གཏེར་མཛོད།«་་་་་ལེའུ་གསུམ་པ་བཞི་པ་ལྔ་པ་གང་དགོས་ལ་སྦྱོར།་་་་་»ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ། རྟ་མགྲིན་དཔའ་གཅིག་ཕྱག་གཉིས་པའི་མངོན་རྟོགས་བླ་མའི་གསུང་ཇི་ལྟ་བ་བཞིན་བྲིས་པ།«་་་་་ལེའུ་གསུམ་པ་བཞི་པ་ལྔ་པ་གང་དགོས་ལ་སྦྱོར།་་་་་»ཡབ་ཡུམ་རྐྱང་སྒྲུབ་ཀྱི་མངོན་རྟོགས་བསྙེན་པ་དང་མཇུག་ཏུ་གདོན་བགེགས་སྐྲོད་པའི་སྔགས་དམིགས་དང་བཅས་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཡབ་ཡུམ་རྐྱང་སྒྲུབ་༼དྷཱི༽ཀྱི་སྒྲུབ་ཐབས་རྒྱུན་འཁྱེར་དངོས་གྲུབ་མྱུར་སྩོལ།«་་་་་ལེའུ་གསུམ་པ་བཞི་པ་ལྔ་པ་གང་དགོས་ལ་སྦྱོར།་་་་་»ཡབ་ཡུམ་རྐྱང་སྒྲུབ་ཀྱི་མངོན་རྟོགས་འཇམ་དབྱངས་མཁྱེན་བརྩེས་མཛད་པ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ཕྲིན་ལས་སློབ་དཔོན་ཆེན་པོ་པདྨས་མཛད་པ།«་་་་་ལེའུ་གསུམ་པ་ནས་དྲུག་པའི་བར་དང་བཅུ་གཉིས་པ་རྣམས་གང་དགོས་ལ་སྦྱོར།་་་་་»ཕྲིན་ལས་ཀྱི་བསྡུས་དོན་སྤྱི་དོན་གསུམ་གྱི་སྒོ་ནས་གཏན་ལ་ཕབ་པ། ཁྲོ་བོའི་རྒྱལ་པོ་པདྨ་དབང་ཆེན་གྱི་ཕྲིན་ལས་ངག་འདོན་མཆན་བུར་བཏབ་པ་གཉགས་ཀྱི་བནྡེ་རྣམ་རྒྱལ་དཔལ་བཟང་གིས་མཛད་པ།«་་་་་ལེའུ་གསུམ་པ་ནས་དྲུག་པའི་བར་དང་བཅུ་གཉིས་པ་རྣམས་གང་དགོས་ལ་སྦྱོར།་་་་་»དུས་གསུམ་སངས་རྒྱས་ཀྱི་བསྟོད་པ་རྒྱལ་བ་ཀུན་བདག་མ།«་་་་་ལེའུ་གསུམ་པ་ནས་དྲུག་པའི་བར་གང་དགོས་ལ་སྦྱོར།་་་་་»རྟག་བསྟོད་སློབ་དཔོན་པདྨས་མཛད་པ། ཁྱུང་བསྟོད་དབང་ཆེན་མ།«་་་་་ལེའུ་གསུམ་པ་ནས་དྲུག་པའི་བར་གང་དགོས་ལ་སྦྱོར།་་་་་»བཀྲ་ཤིས་ཚིགས་སུ་བཅད་པ་བརྒྱད་པ་ཀུན་མཁྱེན་དཔལ་ལྡན་སེང་གེས་མཛད་པ། བདུད་རྩིའི་བྱིན་རླབས་ཀྱི་ཤོག་དྲིལ་འབྲུ་ལྔས་བྱིན་གྱིས་བརླབས།«་་་་་ལེའུ་གསུམ་པ་དང་བཞི་པ་ལ་སྦྱོར། »གཏོར་མ་བྱིན་རླབས་ཀྱི་ཤོག་དྲིལ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པ།«་་་་་ལེའུ་གསུམ་པ་དང་བཞི་པ་ལ་སྦྱོར།་་་་་»རཀྟ་བྱིན་རླབས་ཀྱི་ཤོག་དྲིལ་འབྲུ་གཅིག་གིས་བྱིན་གྱིས་བརླབས་པ། བྱིན་འབེབས་ཀྱི་དམིགས་པ།«་་་་་ལེའུ་གསུམ་པ་ནས་དྲུག་པའི་བར་ལ་སྦྱོར། »ཚོགས་ཐ་མའི་ལག་ལེན་ཀུན་མཁྱེན་དཔལ་ལྡན་སེང་གེས་མཛད་པ།«་་་་་ལེའུ་དྲུག་པ་དང་བཅུ་གཉིས་པར་སྦྱོར། »དེས་མཛད་པའི་རིག་འཛིན་༼ཕ༽སྤྱི་བསྐུལ།«་་་་་ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར།་་་་་»དེས་མཛད་པའི་༼ཕ༽དཀོན་མཆོག་སྤྱི་བསྐུལ། དེས་མཛད་པའི་ཆོས་སྐྱོང་༼ཕ༽སྤྱི་བསྐུལ།«་་་་་ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར།་་་་་»དེས་མཛད་པའི་གསེར་སྐྱེམས་མདོར་བསྡུས་ཚིགས་བཅད་མ། དེས་མཛད་པའི་གསེར་སྐྱེམས་རྒྱས་པ་ཚིག་ལྷུག«་་་་་ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར།་་་་་»གཉེན་པོའི་ཕོ་ཉ་དམ་༼ཕ༽ཚིག་ཆེན་པོ་མ། ཡུངས་ཀར་གྱི་ཕོ་ཉ་ཡུངས་༼ཕ༽ཀར་རྒྱལ་པོ་མ།«་་་་་ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར།་་་་་»སྒྲོལ་གྱིང་༼ཕ༽སོགས་ཁྲོ་བོའི་ཕོ་ཉ། ཡུངས་ཐུན་དབབ་པ་གསེར་སྒོང་༼ཕ༽བསྒྲིལ་འདྲ་མ།«་་་་་ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར།་་་་་»ལྷ་དང་༼ཕ༽དབྲལ་བ། ཁྲག་ཟོར་དགྲ་༼ཕ༽ལ་འཕེན་པ།«་་་་་ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར།་་་་་»གཏོར་༼ཕ༽སྒོ་དབྱེ་བ།གཏོར་ཟོར་༼ཕ༽བྱ་བ།«་་་་་ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར།་་་་་»དབང་པོ་རབ་ཀྱི་བྲོ་དམར་༼ཕ༽ནག་གྲུ་གསུམ་མ། འབྲིང་གི་བྲོ་ནུབ་༼ཕ༽ཕྱོགས་པདྨ་མ།«་་་་་ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། »མཐའ་མའི་༼ཕ༽བྲོ་ཡུངས་ཀར་མ།«་་་་་ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། »རྟའི་བརྟུལ་ཞུགས་༼ཕ༽ཀྱི་བྲོ།«་་་་་ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། »བཟློག་པ་རྣམ་པར་རྒྱལ་བའི་ལག་ལེན་མུས་སྲད་པ་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ།«་་་་་ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། »བཟློག་པ་རྣམ་རྒྱལ་༼འདར༽སྟོབས་ཀྱི་མཚོན་ཆ་སངས་རྒྱས་བསྟན་པ་མ།«་་་་་ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། »རྟ་མགྲིན་གྱི་ཡང་༼འདར༽མདོས་ནག་པོ་བསྔོ་བ། དགྲ་བགེགས་ལ་དམོད་པ་གདབ་པ་དུག་མཚོ་ཁོལ་མ།«་་་་་ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར།་་་་་»པདྨ་དབང་ཆེན་གྱི་དྲག་པོའི་སྦྱིན་སྲེག་དོན་བཅུ་གཅིག་མ།«་་་་་ལེའུ་བཅུ་པ་ལ་སྦྱོར། »གནས་བྱང་གི་ཊཱི་ཀ་ཉི་མའི་འོད་ཟེར་ཀུན་མཁྱེན་དཔལ་ལྡན་སེང་གེས་མཛད་པ།«་་་་་ལེའུ་གསུམ་པ་དང་བཞི་པར་སྦྱོར། »དེས་མཛད་པའི་ཕྲིན་ལས་ཀྱི་གསལ་བྱེད་རིན་པོ་ཆེའི་ཕྲེང་བ།«་་་་་ལེའུ་གསུམ་པ་ནས་དྲུག་པའི་བར་སྦྱོར།་་་་་»སྒྲུབ་ཐབས་ཀྱི་སྒོམ་ཁོག་ཆེན་པོ་༼རྭ༽རྭ་བན་ཆོས་དཔལ་བཟང་པོས་མཛད་པ་རྣམས་སོ། །ལྔ་པ་སྦས་པ་མིག་འབྱེད་༼ཕ༽སྐོར་ལ། སྒྲུབ་ཐབས་སྦས་པ་མིག་འབྱེད་དང་ལས་ཚོགས་སྦས་པ་མིག་འབྱེད་གཉིས་དཔེ་ཚན་སོ་སོར་འདུག་ཀྱང་ཕྱག་ལེན་ལྟར་གོ་རིམ་དུ་བཀོད་པ་ལ། ཕྲིན་ལས་ཀྱི་ཞལ་ཁྲིགས།«་་་་་ལེའུ་བཞི་པར་སྦྱོར། »ཚོགས་ཐ་མའི་ཞལ་ཁྲིགས།«་་་་་དྲུག་པར་སྦྱོར། »ཕོ་ཉ་བཏང་བའི་ཞལ་ཁྲིགས།«་་་་་བདུན་པར་སྦྱོར།» བཀྲ་ཤིས་ཀྱི་ཞལ་ཁྲིགས།«་་་་་དྲུག་པར་སྦྱོར།་་་་་»དབང་པོ་རབ་ཀྱི་རྟ་བྲོའི་ཞལ་ཁྲིགས། རྟ་བྲོའི་དམིགས་རིམ་གྱི་ཞལ་ཁྲིགས།«་་་་་དྲུག་པར་སྦྱོར། »དབང་གི་ཞལ་ཁྲིགས།«་་་་་གསུམ་པར་སྦྱོར། »མངོན་རྟོགས་ཀྱི་ཞལ་ཁྲིགས་བདུད་རྩིའི་ཆར་རྒྱུན།«་་་་་གསུམ་པ་དང་བཞི་པར་སྦྱོར། »སྒྲུབ་པའི་ཞལ་ཁྲིགས་རྟ་བདུན་ཚ་ཟེར།«་་་་་གསུམ་པ་དང་བཞི་པ་ལྔ་པ་ལ་སྦྱོར།་་་་་»བསྙེན་སྒྲུབ་ཀྱི་ཞལ་ཁྲིགས། གནས་བཙལ་བའི་ཞལ་ཁྲིགས།«་་་་་གསུམ་པར་སྦྱོར། »ལྕགས་མཁར་འབྲུབ་ཁུང་གི་ཞལ་ཁྲིགས།«་་་་་བདུན་པར་སྦྱོར།་་་་་»རྟེན་བཅའ་བ་ལིངྒའི་ཞལ་ཁྲིགས། འགུགས་པའི་ཞལ་ཁྲིགས་ཉི་ཟེར་ལྕགས་ཀྱུ།«་་་་་བདུན་པ་དང་བཅུ་གཉིས་པར་སྦྱོར། »མནན་པའི་ཞལ་ཁྲིགས་ཆུ་སྲིན་ལྟོ་བ།«་་་་་བརྒྱད་པར་སྦྱོར། »དྲག་སྔགས་བདུན་པའི་ཞལ་ཁྲིགས་སྤུ་གྲི་མེ་འབར།«་་་་་ལེའུ་བརྒྱད་པར་སྦྱོར།་་་་་»བཟློག་པའི་ཞལ་ཁྲིགས་གནམ་ལྕགས་འབར་བ། སྐྱིན་ཐང་ཆུ་འཁྱགས་ཀྱི་ཞལ་ཁྲིགས།«་་་་་དགུ་པར་སྦྱོར།་་་་་»གནམ་ཐོག་གི་ཞལ་ཁྲིགས། གདོན་ཆེན་གཟིར་བའི་ཞལ་ཁྲིགས།«་་་་་བཅུ་པར་སྦྱོར།་་་་་»མེ་དཔུང་འབར་བ་མཛེ་ནད་འཇོམས་པའི་ཞལ་ཁྲིགས། རལ་གྲི་འབར་བ་ཆུང་སྲི་གསད་པའི་ཞལ་ཁྲིགས།«་་་་་བཅུ་པར་སྦྱོར།་་་་་»ཕྱུགས་ནད་གཅོད་པའི་ཞལ་ཁྲིགས། སྦྱིན་སྲེག་གི་ཞལ་ཁྲིགས་འཁོར་བའི་རྩ་ཚིག«་་་་་བཅུ་པར་སྦྱོར།»དངོས་གྲུབ་བསྡུ་བའི་ཞལ་ཁྲིགས་བདུད་རྩིའི་རྒྱ་མཚོ།«་་་་་དྲུག་པར་སྦྱོར།་་་་་»སྦྱིན་སྲེག་གི་ཞལ་ཁྲིགས་མེའི་སྦྱོར་བ།«་་་་་བཅུ་པར་སྦྱོར། »གྱིང་ལྔ་དྲིལ་བའི་དྲག་སྔགས་ཞལ་ཁྲིགས།«་་་་་བཅུ་གཅིག་པར་སྦྱོར།་་་་་»ཤེལ་གྱིང་དཀར་པོའི་དྲག་སྔགས་ཞལ་ཁྲིགས། དེའི་ཆོ་འཕྲུལ་ཞལ་ཁྲིགས།«་་་་་བཅུ་གཅིག་པར་སྦྱོར།་་་་་»ཚངས་པ་དུང་ཐོད་ཅན་གྱི་དྲག་སྔགས་ཞལ་ཁྲིགས། དེའི་ཆོ་འཕྲུལ་ཞལ་ཁྲིགས།«་་་་་བཅུ་གཅིག་པར་སྦྱོར།་་་་་»རྡོ་རྗེ་ལེགས་པའི་དྲག་སྔགས་ཞལ་ཁྲིགས། དེའི་ཆོ་འཕྲུལ་ཞལ་ཁྲིགས།«་་་་་བཅུ་གཅིག་པར་སྦྱོར།་་་་་»རི་ནག་སྤུངས་པའི་དྲག་སྔགས་ཞལ་ཁྲིགས། དེའི་ཆོ་འཕྲུལ་ཞལ་ཁྲིགས།«་་་་་བཅུ་གཅིག་པར་སྦྱོར།་་་་་»ཡབ་ཤུད་དམར་པོའི་དྲག་སྔགས་ཞལ་ཁྲིགས། དེའི་ཆོ་འཕྲུལ་ཞལ་ཁྲིགས། གྱིང་ལྔ་མཆོད་པའི་ཞལ་ཁྲིགས།«་་་་་བཅུ་གཅིག་པར་སྦྱོར། »གཟའ་རྒོད་ཀྱི་དྲག་སྔགས་ཞལ་ཁྲིགས།«་་་་་བཅུ་གཅིག་པར་སྦྱོར། »དེའི་ཆོ་འཕྲུལ་ཞལ་ཁྲིགས།«་་་་་བཅུ་གཅིག་པར་སྦྱོར།་་་་་»དེའི་མཆོད་པའི་ཞལ་ཁྲིགས། དབང་སྡུད་འབྲུབ་ཁུང་གི་ཞལ་ཁྲིགས།«་་་་་བཅུ་གཅིག་པར་སྦྱོར།་་་་་»འགུགས་པ་ཏིང་འཛིན་གྱི་ཞལ་ཁྲིགས།གནོད་བྱེད་བགེགས་དབང་དུ་བསྡུ་བའི་ཞལ་ཁྲིགས།«་་་་་བཅུ་གཅིག་པར་སྦྱོར།་་་་་»གནོད་བྱེད་མི་དབང་དུ་བསྡུ་བའི་ཞལ་ཁྲིགས། ཡུལ་ཁམས་དབང་དུ་བསྡུ་བའི་ཞལ་ཁྲིགས།«་་་་་བཅུ་གཅིག་པར་སྦྱོར།་་་་་»ཟས་ནོར་དབང་དུ་བསྡུ་བའི་ཞལ་ཁྲིགས། ལས་མཐའ་སྦྱིན་སྲེག་གི་ཞལ་ཁྲིགས།«་་་་་བཅུ་གཅིག་པར་སྦྱོར། »དགྲ་ལྐུགས་པར་བྱེད་པའི་ཞལ་ཁྲིགས།«་་་་་བརྒྱད་པར་སྦྱོར། »གཏེར་བདག་བདུད་ཀྱི་ཞལ་ཁྲིགས། གཏེར་བདག་དྲག་བཙན་གྱི་ཞལ་ཁྲིགས།གཏེར་བདག་ཀླུ་ལྕམ་གྱི་ཞལ་ཁྲིགས། མི་འཕྱུགས་ཐེམས་ཀྱི་ཞལ་ཁྲིགས་ཏེ་ལྔ་བཅུ་རྩ་གསུམ་རྣམས་སོ། །དྲུག་པ་བདེ་གཤེགས་སྤྱི་དྲིལ་གྱི་སྐོར་ལ། རྟ་མཆོག་བདེ་གཤེགས་འདུས་པའི་ཕྲིན་ལས་ཀྱི་སྒོམ་རིམ་༼ཕ༽རྫོགས་བྱང་གི་མཐའ་ཅན། བྱིན་རླབས་དབང་བསྐུར་གྱི་ཆོ་ག་རྫོགས་བྱང་གི་མཐའ་ཅན། བྲག་དམར་འོམ་བུའི་ཚལ་དུ་གུ་རུ་ལ་རྗེས་ཞུས་པའི་ལོ་རྒྱུས་ལས་འཕྲོས་ཏེ་བསྲུང་བ་བདེ་གཤེགས་ཐམས་ཅད་ཀྱི་ནུས་པ་༼ཕ༽༼གནས༽གཅིག་དྲིལ་སྡེ་བརྒྱད་བཅུད་བོར་དྲེགས་པ་ཀུན་སྒྲོལ་ཤིན་ཏུ་གསང་བའི་མཐའ་ཅན། རླུང་མེའི་ས་བོན་ལ་བརྟེན་པའི་དམིགས་རིམ་དང་སེང་ལྡེང་༼ཕ༽༼གནས༽གི་ཕུར་བས་ཆུ་དང་ཡུངས་དཀར་ནག་ཐལ་ཆེན་གྱིས་སེར་བ་བསྲུང་བ། གཏོར་༼ཕ༽༼གནས༽མའི་ལས། གཉེན་པོའི་རྫས་ལུས་ལ་༼གནས༽བཅངས་པས་ཀླུ་འབྲོས་ཤིང་སྔངས་བྲེད་བརྒྱལ་བར་འགྱུར་བ། བསྙེན་སྒྲུབ་ལས་གསུམ་གྱི་རྫས་བསྟན་པ། ཕུར་པ་སྦྱིན་སྲེག་མནན་པ་གསུམ་གྱི་སྒོ་ནས་ལས་ཀྱི་མཇུག་བསྡུ་བ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལྷ་སྲས་ལ་གཏད་ནས་གཏེར་དུ་སྦ་ཞིང་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། བསྲུང་བཟློག་གསོ་བའི་ལས་སྦྱོར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཁྲི་སྲོང་ལྡེ་བཙན་གྱི་ཕྱག་ཏུ་གཏད་པའི་མཐའ་ཅན། བདེ་གཤེགས་འདུས་པའི་དྲག་སྔགས་མན་ངག་བཅུད་ཀྱི་ཉིང་ཁུ་རྫོགས་བྱང་གི་མཐའ་ཅན། བདེ་གཤེགས་འདུས་པའི་ལས་རིམ་རྣམ་བརྒྱད་ལ་བསྙེན་པ། སྒྲིབ་པ་བསྲེག་པ། ཆོས་སྐྱོང་བསྐུལ་བ། སྡེ་བརྒྱད་བཀོལ་བ། ཀླུ་གཉན་གདུལ་བ།དགྲ་བགེགས་སྒྲོལ་བ། བགེགས་དཔུང་གཞོམ་པ། གཏོར་མ་དབུལ་བ་རྣམས། ཡང་དྲག་སྔགས་ལ་བསྙེན་པ་སྐྱེལ་བའི་དོན་སྒྲུབ་རྟགས་དངོས་གྲུབ་འགྲུབ་ཚུལ་ལས་ཅན་ལ་ཕྲད་ཤོག་རྫོགས་བྱང་གི་མཐའ་ཅན། དམ་ཅན་སྲོག་འཁོར་ལ་བརྟེན་ནས་ཆོས་སྐྱོང་བསྐུལ་ཏེ་དགྲ་བོ་སྒྲོལ་བ། གནད་འབེབས་ཀྱི་འཁོར་ལོ་ལ་བརྟེན་ནས་སྡེ་བརྒྱད་བྲན་དུ་བསྐུལ་བ། འཁོར་ལོ་ལ་བརྟེན་ནས་རིགས་བཞིའི་ཀླུ་གདོན་གདུལ་བ། འཁོར་ལོ་ལ་བརྟེན་ནས་དགྲ་བགེགས་དམ་སྲི་གདུལ་བ། འཁོར་ལོ་ལ་བརྟེན་ནས་རྦོད་གཏོང་བཟློག་པ། རང་སྲུང་འཁོར་ལོ། ལྕགས་སམ་སེང་ལྡེང་གི་ཕུར་པ་ལ་བརྟེན་ནས་སྲིའུ་གསོ་བ། འཁོར་ལོ་ལ་བརྟེན་ནས་སྨྱོ་འབོག་གདུལ་བ། གུ་གུལ་དང་སྲིན་ལག་བསྡམས་པའི་འཁྲུལ་འཁོར་གྱིས་འདྲེ་ངན་གདུལ་བ། འཁོར་ལོ་དང་ལ་ཆའི་སྦལ་པས་ཞོ་ཆང་བསྲུང་བ། མུ་ཟི་བཅུ་པ་དང་གི་ཝཾ་དགུ་སྦྱོར་གྱིས་མཛེ་ལྷོག་སོགས་གདོན་རིམས་སྲུང་བ་རྣམས་སོ། །བདུན་པ་ཐུན་མོང་ལས་ཕྲན་ཤོག་དྲིལ་གྱི་སྐོར་ལ། ཆུའི་བཅུད་ལེན།«་་་་་འདི་གཙོ་བོར་བསྙེན་སྒྲུབ་དང་མཆོག་སྒྲུབ་ལ་སྦྱོར།་་་་་»ནས་ཕྱེའི་དཀའ་ཐུབ། གཏོར་མའི་ལས་ཚོགས་ལ་༼ཕ༽དངོས་གྲུབ་སྒྲུབ་པ། དགྲ་བགེགས་སྒྲུབ་པ། བཟློག་པ། མནན་པ། ཟོར་དུ་བྱ་བ།«་་་་་འདི་ཡན་སྒྲུབ་ཐབས་ལ་སྦྱོར། »སྦྱིན་སྲེག་ཏུ་བྱ་བ། བྱབ་པར་བྱེད་པ། དབང་བསྐུར་དུ་བྱེད་པ།དངོས་གྲུབ་ཏུ་སྒྲུབ་པ། ཚེ་སྒྲུབ་པ།«་་་་་འདི་ཡན་སྒྲུབ་ཆེན་དང་ཚེ་སྒྲུབ་ལ་སྦྱོར། »རིགས་བརྒྱུད་སྒྲུབ་པ། སྲིའུ་གསོ་བ། ནོར་དུ་སྒྲུབ་པ། ལྷ་འདྲེ་མི་གསུམ་དབང་དུ་བྱ་བ། འབྱུང་པོ་སྡུད་པ། སེར་བ་བཟློག་པ། ཆུ་མེ་རིམས་སོགས་གང་གནོད་པར་བརྡེག་པ་སྟེ་བཅུ་བདུན།«་་་་་འདི་ཡན་གོང་དགོས་སུ་ལེན་ནའང་གཙོ་བོར་སྒྲུབ་ཐབས་ལ་སྦྱོར། »ལས་ཐོར་བུའི་སྐོར་༼ཕ༽ལ་འཁོར་ལོ་བསྲུང་བ།«་་་་་ལེའུ་བཅུ་པར་སྦྱོར། »བསྙེན་ཚད།«་་་་་ལྔ་པར་སྦྱོར། »གདོན་བརྟག་པ།«་་་་་བཅུ་པར་སྦྱོར།་་་་་»སྔགས་ཆུ། སྲུང་སྐུད།«་་་་་བཅུ་པར་སྦྱོར། »ཆུ་དང་བྱེ་མས་བསྲུང་བ། ནད་གདོན།«་་་་་བཅུ་པར་སྦྱོར། »མི་མ་ཡིན་མནན་པ།«་་་་་བརྒྱད་པར་སྦྱོར། »མིག་མཐོང༌།«་་་་་དྲུག་པར་སྦྱོར། »འཁོར་ལོ་ཁ་སྦྱོར་གྱིས་བགེགས་གདུལ་བ།«་་་་་བཅུ་པར་སྦྱོར། »རྒྱལ་འགོང་གདུལ་བ།བདུད་བཞི་གདུལ་བ།«་་་་་བཅུ་པར་སྦྱོར། »ཞི་བས་མི་ཐུལ་ན་གཟིར་བ།«་་་་་བཅུ་པར་སྦྱོར།་་་་་»མནན་པ། «བཅུ་པར་སྦྱོར།་་་་་»བྱུག་པ། མཛེ་བརྟག་པ།«་་་་་བཅུ་པར་སྦྱོར།་་་་་»ཆུང་སྲི་གསད་པ། ཆུང་སྲི་ལ་ཁད་བུ་གཞུག་པ།«་་་་་བཅུ་པར་སྦྱོར།» སྲིའུ་གསོ་བ།«་་་་་བཅུ་པར་སྦྱོར།་་་་་»གཤིན་པོ་འདྲེ་རུ་མི་འོང༌། མཁའ་འགྲོ་མའི་བྱས་པ་བཤིག་པའི་ཕྲ་མེན་འཛུལ་ཆོག«་་་་་བཅུ་པར་སྦྱོར།་་་་་»ལམ་སྲུང་ལྕགས་ཁང་མ་རྣམས་སོ། །ཞར་བྱུང་སེར་སྲུང་བཀའ་རྒྱ་མ།«་་་་་དགུ་པར་སྦྱོར།་་་་་»མཐོ་ཕུར་གྱི་ཞལ་གདམས་བཀའ་རྒྱ་མ། སེར་བ་འོང་མི་འོང༌།«་་་་་དགུ་པར་སྦྱོར།་་་་་»སེར་ལམ་གཅོད་པ། ཐུན་ཟོར་གཏའ་མའི་ལས་ཀྱིས་སེར་༼ཕ༽བ་དབབ་པ་ལ། ཀླུ་གནད་ལ་བོར་བས་དབབ་པ། སྦྱིན་སྲེག ཐབ་གཞོབ། སེར་གཏའ། དབྱུག་པ། གཏོར་མ། གློ་བུར་དྲག་ཤུལ།རྫས་རྒོད། ཐོད་སྐམ། ཐོད་གཤེར། གཅེར་བུ་གཡང་གཞི། གྲོད་པས་དབབ་པ་དང་བཅུ་གཉིས་བཻ་རོའི་ཞལ་ཁྲིགས།«་་་་་དགུ་པར་སྦྱོར། »རྒྱུད་དུ་གབ་པའི་སྔགས་ཀྱི་ཤམ་བུ་སྦྱོར་ཚུལ་མཛེ་དང་སྲིའུ་བསྲུང་བ་སོགས་ཞར་ལ་བསྟན་པ་རྒྱུད་ལྷ་སར་བསྒྱུར་ནས།«་་་་་ལྔ་པར་སྦྱོར། »རྗེ་ལ་གཏད་པ་བཻ་རོའི་ཞལ་ཁྲིགས་ཟབ་པའི་གནད། ཁྱད་པར་གསད་ཐབས་གྱིང་ལྔ་སྲོག་གཅོད་ཀྱི་མན་ངག«་་་་་བཅུ་གཅིག་པར་སྦྱོར།་་་་་»མན་ངག་འདི་གཉིས་ལ་རྒྱ་གསུམ་བཏབ་པའི་མན་ངག་མངའ་བདག་གིས་བཻ་རོ་ལ་དུང་གཡས་འཁྱིལ་སོགས་ཕུལ་སྐད་དོ། །གྱིང་ལྔ་གཟའ་གདོང་གི་མངོན་༼ཕ༽༼འདར༽རྟོགས་ཡིག་རྙིང༌།«་་་་་བཅུ་གཅིག་པར་སྦྱོར།་་་་་»དེའི་མདོས་༼ཕ༽༼འདར༽ཆོག གྱིང་ལྔ་གཟའ་གདོང་གི་གཏོར་འབུལ།«་་་་་བཅུ་གཅིག་པར་སྦྱོར། »ཕྲིན་ལས་མྱུར་འགྲུབ་ཚར་ཆེན་གྱིས་མཛད་པ།«་་་་་བཅུ་གཅིག་པར་སྦྱོར། »དེས་མཛད་པའི་གཏོར་མའི་བཅའ་ཐབས་དང་ཕན་ཡོན། གྱིང་ལྔ་གཟའ་གདོང་གི་རྗེས་གནང་གི་ཡི་གེ་རྣམས་སོ།«་་་་་བཅུ་གཅིག་པར་སྦྱོར། »།བརྒྱད་པ་མཆོག་ལམ་སྐོར་ལ། བུམ་དབང་གི་ལམ་ལྷ་༼ཕ༽ཁྲིད་སེམས་བཟུང་གི་ཤོག་དྲིལ།་་་་་འདི་མན་ལེའུ་གསུམ་པའི། དབང་བགྲོད་དམ་ལྡན་སློབ་དཔོན་བཀུརཿ བརྩོན་འགྲུས་ལྡན་པས་རྩེ་གཅིག་སྒྲུབཿ ཅེས་པའི་ཤུགས་བསྟན་གྱིས་དགོངས་པར་སྦྱོར་རོ། «།ལྷ་འགྲུབ་མི་འགྲུབ་བརྟག་༼ཕ༽པའི་ཤོག་དྲིལ། གསང་དབང་དང་འབྲེལ་བ་དྲོད་ཀྱི་གདམས་པ་གཏུམ་མོའི་དམིགས་སྐོར་བཅོ་བརྒྱད། ཤེར་དབང་ཞལ་ལས་ཤེས་པར་བྱ། བཞི་པ་འབྲེལ་པ་རྟ་སྐད་ཐེངས་ཅིག་༼ཕ༽མའི་དགོངས་པ་དབུ་གཙུག་སྤྲུལ་པ་མ། དབང་བཞི་ཐུན་མོང་གི་ལམ་དང་འབྲེལ་བ་བསྐྱེད་༼ཕ༽རྫོགས་ཟུང་འཇུག་གི་ཤོག་དྲིལ། དངོས་གྲུབ་༼ཕ༽སྤྱོད་པ། དུག་གསུམ་༼ཕ༽ལམ་སློང༌། སྡོམ་པ་༼ཕ༽དམ་ཚིག དངོས་༼ཕ༽གྲུབ། ཡང་དག་ལྟ་བ་རྣམས་༼ཕ༽ཀྱི་ཤོག་དྲིལ། པདྨ་དབང་ཆེན་གྱི་རྫོགས་རིམ་ཡེ་ཤེས་གསང་ལམ་ཟབ་མོ། རྫོགས་རིམ་པདྨ་གསང་ལམ་གྱི་ཉམས་ལེན་གུ་རུས་ཆོས་རྒྱལ་ལ་གསུངས་པ། དཔལ་རྟ་མགྲིན་གྱི་དབང་བཞིའི་ཁྲིད། འགོར་བློ་གྲོས་མཉམ་མེད་དང་ཞེས་ཡོད་པ། བླ་མ་མཁས་ལ་བཟོད་པར་མཛོད་ཅེས་པའི་མཐའ་ཅན་རྭ་བན་ཆོས་དཔལ་བཟང་པོའི་ཟིན་བྲིས། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་གྱེར་སྒོམ་འཇིགས་མེད་སྒྲ་དབྱངས་རྣམས་ལེགས་པར་ཐོབ་པའི་གྱིང་ལྔ་གཟའ་གདོང་གི་དབང་ལུང་ལ། བདེ་གཤེགས་སྤྱི་དྲིལ་གྱི་གནས་ཀྱི་རྟགས་མེད་པ་རྣམས་དང་ས་བཅད་ལྔ་པ་ཡོངས་རྫོགས་རྭ་དྷཱི་འདར་གྱི་རྟགས་ཡོད་རྣམས་མ་གཏོགས་པའི་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས། ལོ་ཆེན་བཻ་རོ་ཙ་ན། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་རྐྱང་པོ་གྲགས་པ་དབང་ཕྱུག སུམ་པ་དབང་ཕྱུག་ཚུལ་ཁྲིམས། འབྲེ་ཤེས་རབ་བླ་མ། འབྲུག་ཚར་གྱི་ཞང་སྟོན་གཟི་བརྗིད་འབར།»་་་་་གསང་མཚན་དྲི་མེད་ཟླ་ཤར། «རྟ་ནག་གི་བླ་མ་རྒྱ། དཔལ་ལྡན་གྲུབ་ཐོབ་འདར་ཕྱ་རུ་བ། ཆོས་རྒྱལ་བོ་དོང་རིན་ཆེན། ཉན་ཆེན་བསོད་ནམས་བརྟན་པ། བྲག་རམས་པ་ཆོས་རྒྱལ་དཔལ་བཟང༌། ཀུན་མཁྱེན་དཔལ་ལྡན་སེང་གེ རྣམ་གྲོལ་བ་རིན་ཆེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་ཆེན་ཆོས་དཔལ་བཟང་པོ། མུས་སྲད་པ་རྡོ་རྗེ་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་བཟང་པོ། འཁྲུལ་ཞིག་དཀོན་མཆོག་བཟང་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིགས་བརྒྱའི་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་པདྨ་ཕྲིན་ལས། རྣམ་མང་རིགས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་དུ་བོད་པ་ལ་སྩལ་ཏོ། །ཡང་ན་རྨོར་ཆེན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ་ནས།གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། མཁས་བཙུན་གྲུབ་པ་རྡོ་རྗེ་འཛིན་དབང་ཀུན་དགའ་རྒྱ་མཚོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་དུ་བོད་པ་ལའོ། །ས་བཅད་ལྔ་པའི་བརྒྱུད་པ་ནི།»་་་་་འདི་སྐོར་མངའ་བདག་གཙོ་ཆེ་བ་ཙམ་མ་གཏོགས་གཏེར་སྟོན་གསུམ་ཚོགས་ལའང་བྱུང་བ་སྦས་པ་མིག་འབྱེད་གཏེར་དུ་སྦས་ཚུལ་གྱི་ལོ་རྒྱུས་ཀྱིས་ཤེས། «མངའ་བདག་ཡན་གོང་ལྟར་ལ་གཏེར་སྟོན་ཉང་རལ། ཤེ་མ་འོད་འབྱུང༌། གྲུབ་ཐོབ་འདར་ཕྱར། བརྩོན་འགྲུས་རྡོ་རྗེ། ཉན་ཆེན་པ། ཆོས་རྒྱལ་དཔལ་བཟང༌། ཉེ་གནས་ཆོས་ཀྱི་རྒྱལ་མཚན། བླ་མ་བློ་གྲོས་སེང་གེ བླ་མ་སིདྡྷི་སིངྷ༌། བླ་ཆེན་ཆོས་དཔལ་བ་མན་གོང་ལྟར་རོ། །རྭའི་རྟགས་ཅན་གྱི་བརྒྱུད་པ་ནི། བླ་ཆེན་ནས། ཆོས་རྗེ་ནོར་བུ་ཕུན་ཚོགས།སྔགས་འཆང་སངས་རྒྱས་གྲགས་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་གོང་ལྟར་རོ། །དྷཱིའི་རྟགས་ཅན་གྱི་བརྒྱུད་པ་ནི། འཇམ་དབྱངས་མཁྱེན་བརྩེ་ནས།འཕགས་མཆོག་བྱམས་པ་སྐལ་བཟང༌། རྗེ་དབང་རབ་མན་འདྲ། ཡང་ཉེ་བརྒྱུད་དུ་བྱེད་ན། སློབ་དཔོན་པདྨ་ལས་གྲུབ་ཐོབ་འདར་ཕྱར་གྱིས་དངོས་སུ་གསན་པས། སློབ་དཔོན་ཆེན་པོ་ནས་གྲུབ་ཐོབ་འདར་ཕྱར་གྱིས་ཀྱང་ཐུས། ཡང་དབང་དང་ལུང་ཕའི་རྟགས་ཡོད་པ་རྣམས་ཀྱི་བརྒྱུད་པ་ནི། ཀུན་མཁྱེན་དཔལ་ལྡན་སེང་གེ་ཡན་གོང་ལྟར་ལ། ཆོས་རྗེ་བསོད་ནམས་བཟང་པོ། རྟོགས་ལྡན་ཡོན་ཏན་མགོན་པོ། རྗེ་ནམ་མཁའི་རྣལ་འབྱོར། མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ཆོས་རྗེ་བདེ་ལེགས་ཉི་མ། ཤར་པ་ནམ་མཁའ་རྒྱལ་མཚན། ཆོས་རྗེ་རིན་ཆེན་བཤེས་གཉེན། བླ་མ་ཕྲིན་ལས་ལྷུན་གྲུབ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། སྤྲུལ་སྐུ་རིན་པོ་ཆེ་པདྨ་ཕྲིན་ལས། རྨོར་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། བསྟན་པའི་སྣང་བྱེད་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། རྡོ་རྗེ་འཛིན་དབང་ཀུན་དགའ་རྒྱ་མཚོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་རྗེ་བཙུན་ཆོས་རྒྱན་ནས། ཡང་དགོན་སྤྱན་སྔ་ངག་དབང་རྒྱ་མཚོ།བླ་མ་ཕྲིན་ལས་ལྷུན་གྲུབ་མན་འདྲ། བརྒྱུད་ལུགས་འདིའི་སྦས་པ་མིག་འབྱེད་ཀྱང་ཆོས་རྒྱལ་དཔལ་བཟང་ནས་དཔལ་ལྡན་སེང་གེ་ལ་བརྒྱུད་པས་ཆོག་གོ །རྟ་མགྲིན་བདེ་གཤེགས་གཅིག་དྲིལ་གྱི་དབང་ལུང་ཡོངས་རྫོགས་དང་འདར་གྱི་རྟགས་ཅན་གྱིང་ལྔ་གཟའ་གདོང་གི་སྲོག་གཏད་ཀྱི་བརྒྱུད་པ་ནི། མུས་སྲད་པ་རྡོ་རྗེ་རྒྱལ་མཚན་ཡན་གོང་ལྟར་ལ། དེ་ནས་མཉམ་མེད་དཀོན་མཆོག་དཔལ་བཟང༌། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཐུགས་སྲས་བྱམས་པ་བློ་གྲོས་རྒྱལ་མཚན། མཁས་གྲུབ་བྱམས་པ་བཟང་པོ། ནུབ་དགོན་སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན། འདར་ནག་རྒྱལ་སྲས་བདེ་བ་བཟང་པོ། དེས་བདག་ལའོ། །གྱིང་ལྔ་གཟའ་གདོང་གི་སྲོག་གཏད་བརྒྱུད་ལུགས་གཅིག་ནི། འཁྲུལ་ཞིག་དཀོན་མཆོག་བཟང་པོ་ཡན་གོང་ལྟར་ལ། དེ་ནས་ནུབ་དགོན་པ་ཉི་ཟླ་བཟང་པོ།སྔགས་འཆང་ཀུན་བཟང་ཉི་མ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་ཆོས་དབྱིངས་རང་གྲོལ། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ།མཆོག་གི་སྤྲུལ་སྐུ་པདྨ་ཕྲིན་ལས། རྨོར་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། མཁས་བཙུན་རྡོ་རྗེ་འཛིན་དབང་ཀུན་དགའ་རྒྱ་མཚོ། དེས་བདག་ལའོ།།    །།དཔལ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་རྗེས་གནང་བྱ་ཚུལ་གྱི་ཡི་གེའི་སྟེང་ནས་གྲྭ་པ་མངོན་ཤེས་ནས་བརྒྱུད་པའི་ཛམྦྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པའི་རྗེས་སུ་གནང་བ་ཐོབ་ནས། རྒྱབ་བརྟེན་ལུང་ལ་བཤེས་གཉེན་གྲྭ་པས་བསམ་ཡས་ནས་སྤྱན་དྲངས་པའི་འཕགས་པ་ཛམྦྷ་ལ་དམར་པོ་གསུང་གི་སྒྲུབ་སྐོར་ལ།ཐོད་པ་ལ་བརྟེན་ནས་ཁམས་གསུམ་སྙིང་ཁྲག་སྡུད་པའི་དབང༌། གཏོར་མ་རིན་ཆེན་འབར་བས་འདོད་དགུ་ཆར་འབེབས་ཀྱི་དབང༌། ཆུ་སྦྱིན་དང་ལྷ་སྒོམ་སྔགས་བཟླས་ཀྱི་དབང་མནོས་ནས། ལུང་ལ། འཕགས་པ་ཛམྦྷ་ལ་དམར་པོ་གསུང་གི་སྒྲུབ་ཐབས། ཆུ་སྦྱིན་གཏོར་མ་ལ་བརྟེན་ནས་བསྒྲུབ་པ། གའུ་ལ་བརྟེན་ནས་བསྒྲུབ་པ། ཐོད་པ་ལ་བརྟེན་ནས་བསྒྲུབ་པ། ཛམྦྷ་ལའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་དབང་དུ་བྱ་བའི་ཕྲིན་ལས། སྦྱིན་སྲེག་ལ་བརྟེན་ནས་བསྒྲུབ་པ། ཚོགས་མཆོད། བསྟོད་པ་བདེ་གཤེགས་མ། སྒབ་འདྲེ་མནན་པ། འཁོར་ལོའི་བྲི་ཡིག ཛམ་དམར་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་པ། ཛམྦྷ་ལ་དམར་པོའི་དབང་བསྐུར་གྱི་ཡི་གེ་རྣམས་ཀྱི་ལུང་དང་རྗེས་སུ་གནང་བ་བཅས་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་ཆེན་པོ་པདྨ་ཀ་རཿ མངའ་བདག་ཁྲི་སྲོང་ལྡེའུ་བཙན། གྲྭ་པ་མངོན་ཤེས་དབང་ཕྱུག་འབར།»་་་་་གསན་ཡིག་འགའ་ཞིག་ཏུ་ཤེས་རབ་རྒྱལ་བ་ཟེར་བའང་བྱུང༌། «གྲྭ་པ་ཐུགས་རྗེ་འབུམ། སློབ་དཔོན་ཤུ་ལ་ཙནྡྲ། སློབ་དཔོན་ཚུལ་རྒྱལ་བ། མཁན་པོ་ཉི་མ། སློབ་དཔོན་དོན་བཟང་བ། དབུ་མ་»་་་་་ལ་ལར་དབུ་གྲུ་བཙུན་ཟེར་བ་ཡོད་ཀྱང་རྡོ་རིང་བའི་གསན་ཡིག་ན་དཀྱུས་ལྟར་སྣང་གསུང༌། «པ་གྲུབ་པ་བརྩོན་འགྲུས། བཀའ་བཅུ་པ་བཀྲ་ཤིས་བཟང་པོ། བླ་མ་བློ་གྲོས་བཟང་པོ། རྗེ་བཙུན་སེང་གེ སྙུག་ལ་པཎ་ཆེན་ངག་དབང་གྲགས་པ། སྤྱན་སྔ་ངག་དབང་ཆོས་ཀྱི་གྲགས་པ། སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན། འདི་ནས་བླ་མ་འགའ་ཞིག་བཙལ་དགོས། དེ་ནས་མཁན་ཆེན་བཟང་པོ་རྒྱལ་མཚན། མངའ་རིས་པ་ཆོས་རྗེ་ཡེ་ཤེས་ཕྲིན་ལས། བླ་མ་ཡོན་ཏན་ཕུན་ཚོགས་ཀྱིས་དེ་ནས་གསན་ནམ་བརྟག དེ་ནས་རྡོ་རྗེ་འཆང་བཀྲ་ཤིས་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་དབུ་མ་པ་གྲུབ་པ་བརྩོན་འགྲུས་ནས། བཀའ་བཅུ་གཞོན་ནུ་སེང་གེ བླ་མ་ཤཱཀྱ་གྲུབ་པ། རྡོ་སྟོན་བསོད་ནམས་བཟང་པོ། རྗེ་རྒྱལ་བ་དཔལ། ཡ་མ་ལག་པ་ཡེ་ཤེས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ།བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། གུར་རྫོང་པ་ཆོས་འབྱོར་དཔལ་བཟང༌། རིགས་འཛིན་གཞོན་ནུ་དོན་གྲུབ། འདི་ནས་བླ་མ་གཉིས་ཙམ་གྱི་མཚན་བཙལ་ཏེ་བྲི་དགོས། དེ་ནས་མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྒྲུབ་སྐོར་གྱི་ལུང་དང་རྗེས་སུ་གནང་བ་ཆུ་སྦྱིན་བཅས་ལེགས་པར་སྩལ་ཏོ། །ཡང་ན་གཏེར་སྟོན་ནས། ལྕེ་སྟོན་གསལ་བའི་ཤེས་རབ། ཚེ་དོན་གསལ། འུ་ཡུག་དམ་པ་ཤག་པོ། དམ་པ་ཤེར་རྡོར།བླ་མ་བསོད་ནམས་རིན་ཆེན། གཞོན་ནུ་སེང་གེ་མན་གོང་ལྟར་རོ། །ཡང་ན་གཏེར་སྟོན་ནས། གཞུང་པ་རྒྱན་ལེགས། རོང་པ་ཆོས་མགོན། བླ་མ་དབང་ཕྱུག་གྲགས། གྲྭ་དུར་པ། མཁན་པོ་ཀུན་དགའ་རིན་ཆེན། རྗེ་རིན་ཆེན་མཆོག དབུ་མ་པ་གྲུབ་བརྩོན་མན་གོང་བཞིན་ནོ། །ལུང་གི་བརྒྱུད་པ་དང་རྗེས་གནང་གི་བརྒྱུད་པའི་སྨད་གཅིག་གམ་མ་ཡིན་ཅུང་ཟད་བལྟའོ།།    །།སློབ་དཔོན་རིན་པོ་ཆེས་མཛད་པའི་སྒྲུབ་ཐབས་ཡིག་རྙིང་དང༌། རྗེས་གནང་གི་ཐོ་ཆུང་ངག་དབང་བརྟན་པས་མཛད་པའི་སྟེང་ནས། སློབ་དཔོན་པདྨ་ནས་བརྒྱུད་པའི་ཁྱུང་དམར་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ནས་རིམ་པར། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། བྱམས་པ་རིན་ཆེན་རྣམ་རྒྱལ། ངག་དབང་བརྟན་པའི་རྡོ་རྗེ་སོགས་ནས་རིམ་བཞིན་མཁན་ཆེན་བསོད་ནམས་དཔལ་ལྡན། ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་རྡོ་རྗེ་འཆང་ཤུག་ར་ཀུན་དགའ་དཔལ་འབྱོར་གྱི་དྲུང་ནས་ཀྱང་ཐོབ་སྟེ་གསན་ཡུལ་གྱི་བླ་མ་གང་ཡིན་མ་འཚལ་ཏོ། །ཡང་ན་འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། ཆོས་རྗེ་བསོད་ནམས་ལྷུན་གྲུབ། མཁས་གྲུབ་ངག་དབང་ཆོས་གྲགས། ངག་དབང་བསོད་ནམས་རྒྱལ་མཚན། སོགས་ནས་བརྒྱུད་པའང་ཡོད་པའི་སྦྲེལ་མཚམས་བཙལ་བར་བྱའོ།།    །།དགེ་བའི་བཤེས་གཉེན་ཉང་སྟོན་སྒྲུབ་པོས་ལྷོ་བྲག་མཁར་ཆུའི་གཏེར་ནས་སྤྱན་དྲངས་པའི་འཕགས་པ་ཐུགས་རྗེ་ཆེན་པོའི་སྒོ་ནས་མིག་གསལ་བྱེད་ཀྱི་གདམས་པའི་ལུང་ཐོབ་པ་ལ། ལོ་རྒྱུས་དང་གདམས་པ་ཉང་སྟོན་རང་གིས་ཡི་གེར་བཀོད་པ། སྔགས་འཆང་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས་མཛད་པའི་དེའི་གསལ་བྱེད་ཀྱི་ཡི་གེ འགོར་ཐུགས་རྗེ་ཆེན་པོས་རྟག་པར་འགྲོ་ཀུན་ལ། ཞེས་ཡོད་པའི་དང་པོར་ལོ་རྒྱུས། གཉིས་པ་དངོས་གཞི་ཉམས་ལེན། གསུམ་པ་ཕན་ཡོན་ཏེ་སྐབས་གསུམ་གསལ་བར་བྱེད་པ་ཚིགས་བཅད་མ། དེས་མཛད་པའི་བརྒྱུད་པའི་གསོལ་འདེབས། ཡང་དེའི་ལོ་རྒྱུས་དང་ཉམས་ལེན་ཚིག་ལྷུག་པ་དང་བཅས་པ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། ཉང་སྟོན་སྒྲུབ་པ་པོ།འགྲོ་མགོན་ཤཱཀྱ་བཟང་པོ། རིག་འཛིན་ཆོས་རྒྱལ་དབང་པོའི་སྡེ། རིག་འཛིན་ངག་གི་དབང་པོ། རྗེ་བཀྲ་ཤིས་རྣམ་རྒྱལ། གླིང་སྟོད་ཞབས་དྲུང་དཀོན་མཆོག་དཔལ་འབྱོར། སྤྲུལ་སྐུ་རིན་པོ་ཆེ་པདྨ་ཕྲིན་ལས། རྗེ་བློ་བཟང་དོན་གྲུབ། གནས་གསར་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། རྡོ་རྗེ་འཛིན་དབང་ཀུན་དགའ་རྒྱལ་མཚན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ངག་དབང་ཀུན་དགའ་ལེགས་འབྱུང་ནས། མཁས་བཙུན་བསྟན་འཛིན་ཕུན་ཚོགས། ཆོས་ཀྱི་རྗེ་དམ་པ་ཏིང་འཛིན་རྡོ་རྗེ། དེས་བདག་ལའོ། །སྨྲས་པ། འཁོན་སྟོན་ལས་བརྒྱུད་རྡོ་རྗེ་གཞོན་ནུའི་དབང༌། །བླ་མ་དྲག་སྒྲུབ་འཆི་མེད་སྒྲུབ་སྐོར་གཉིས། །ཡང་གསང་དབང་དང་ཆོས་སྐོར་རྨུགས་འཛིན་སོགས། །སྔ་འགྱུར་གསང་སྔགས་ཐོར་བུའི་ཐོས་ཚུལ་ཡིན། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། གསང་སྔགས་སྔ་འགྱུར་གྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱིས་སརྒ་སྟེ་བཅུ་བཞི་པའོ།།  །།མཁས་ཤིང་གྲུབ་པའི་འཁོར་ལོས་སྒྱུར་བ་རྩ་གསུམ་འདུས་པའི་བདག་ཉིད་ཆེན་པོ་མཚོ་ལས་སྐྱེས་པའི་རྡོ་རྗེའི་སྒྱུ་འཕྲུལ་དྲྭ་བའི་ཟློས་གར། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེའི་ཞབས་ཀྱིས། བཀའ་དང་ཟབ་གཏེར་གྱི་བསྟན་པའི་ཆུ་གཏེར་ཆེན་པོ་ལས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོགས་པ་མེད་པར་སྒྲུབ་པའི། རྩ་བ་གསུམ་གྱི་ལྷག་པའི་ལྷའི་འཁོར་ལོའི་རྣམ་པ་མཐའ་ཡས་པར་འབྱུང་བ་རྣམས་ཀྱི་སྒྲུབ་པའི་ཐབས་ཡོངས་སུ་གྲགས་པ་རྣམས་དོན་དུ་གཉེར་བ་དང་པོའི་ལས་ཅན་རྣམས་ལ་ཉེ་བར་མཁོ་བའི་ཕྱིར་དང༌། ཤིན་ཏུ་དཀོན་པ་འགའ་ཞིག་ནི་རྒྱུན་མི་ཆད་པར་བྱ་བའི་ཕྱིར་དང༌། ཕྱི་འགྱུར་གྱི་སྒྲུབ་ཐབས་འགའ་ཞིག་ཀྱང་ཉེར་མཁོའི་དབང་དུ་བྱས་ནས་ཕྱོགས་གཅིག་ཏུ་བསྡེབས་པ་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ཞེས་བྱ་བ་ནས་འབྱུང་བའི་ལྷ་ཚོགས་རྣམས་ཀྱི་དབང་བསྐུར་བྱིན་རླབས་རྗེས་གནང་རིག་གཏད། བཟླས་ལུང་ལ་སོགས་པའི་བཀའ་སྲོལ་མ་ཉམས་པར་བཞུགས་པའི་ཆོ་གའི་རྣམ་གྲངས་ཐ་དད་པའི་ཚུལ་ཅན་ཇི་སྙེད་ཅིག་བཞུགས་པ་རྣམས་ལེགས་པར་ཐོབ་པའི་རྣམ་གྲངས་ལ། ཐོག་མར་བླ་མ་ཞི་བའི་སྐོར་ལ། བླ་མ་གསང་འདུས་ལས་ཐོད་ཕྲེང་རྩལ་སྒོས་སྒྲུབ་ཀྱི་ཟླུམ་པོ་བཞི་དབང༌། གསང་འདུས་གཏོར་དབང་གནད་ཀྱི་ཤོག་གཅིག་མར་གྲགས་པ། ཉང་གཏེར་བླ་མ་ཡོངས་རྫོགས་ཀྱི་གཏོར་དབང་རྣམས་སོ། །བླ་མ་དྲག་པོའི་སྐོར་ལ། ཉང་གཏེར་དྲག་དམར་བདེ་འདུས་ཀྱི་དབང་བཀའ་རྡོ་རྗེ་སྤྱི་བླུགས། འབྲིང་པོ་མེའི་སྤུ་གྲིའི་དབང་ཆོག ཆེ་འབྲིང་གཉིས་ཀ་དང་འབྲེལ་པའི་བྱིན་རླབས་ལུ་གུ་བརྒྱུད། བྲག་དམར་བཀའ་མ་འོ་བྲན་ལུགས། བྱང་གཏེར་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་རྗེའི་དབང་བསྐུར་རྣམས་སོ།།    །།ཚེ་དཔག་མེད་ཀྱི་སྐོར་ལ། ཚེ་དཔག་མེད་ལུང་ལུགས་སངས་རྒྱས་གསང་བའི་མན་ངག ཆོས་དབང་གི་གཏེར་མ་བླ་མ་ལོངས་སྐུའི་རྫོང་ཆེན་ཚེ་དབང༌། བྱང་གཏེར་ཚེ་སྒྲུབ་ལྕགས་སྡོང་མ། པད་གླིང་ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་ཚེ་དབང་སྒྲུབ་ཁོག་ལས་གསུང་རྒྱུན་བཞིན་ཕྱུངས་པ། གྲུབ་ཐོབ་ཐང་སྟོང་པའི་གདམས་པ་འཆི་མེད་དཔལ་སྟེར་གྱི་ཚེ་སྒྲུབ་རྣམས་སོ།།  །སྤྱན་རས་གཟིགས་ཀྱི་སྐོར་ལ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཕྱག་བཞི་པ། རྒྱལ་པོ་ལུགས་ཀྱི་བཅུ་གཅིག་ཞལ། རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་སྒྲིལ་གྱི་སྒྲུབ་ཐབས་རྣམས་སོ།།  །འཇམ་དཔལ་ཚེ་བདག་ཡང་བཟློག་མེའི་སྤུ་གྲིའི་རྣོན་པོ་ནད་གཅོད་ཀྱི་དབང་བཀའོ།།  །རྟ་མགྲིན་གྱི་སྐོར་ལ། རྟ་མགྲིན་གསང་སྒྲུབ་ཤངས་ལུགས། ཉང་གཏེར་རྟ་ནག་ལྕགས་རལ་ཅན། ཆོས་དབང་ལུགས་རྟ་ནག་གི་སྒྲུབ་ཐབས་རྣམས་སོ།།  །ཕྱག་རྡོར་གྱི་སྐོར་ལ། ལས་འབྲེལ་རྩལ་གྱི་ཕྱག་རྡོར་དྲེགས་འདུལ་བུམ་པ་དང་གཏོར་མའི་ལས་ཚོགས་ལ་བརྟེན་པ། བྱང་ཆུབ་གླིང་པའི་ཕྱག་རྡོར་གཏུམ་པོ་དྲག་པོ། གྲྭ་པའི་གཏེར་མ་ཕྱག་རྡོར་ཁང་བརྩེགས་ཀྱི་སྒྲུབ་ཐབས་རྣམས་སོ།།  །ཕག་མོའི་སྐོར་ལ།ཉང་གཏེར་མཁའ་འགྲོ་ཆེན་མོར་གྲགས་པ་ཕག་མོ་ཞལ་གཉིས་མ། རྡོ་རྗེ་ཕག་མོ་དོན་གྲུབ་མ། ཕག་མོ་དབུ་བཅད་མ། ཁྲོས་ནག་གི་སྒྲུབ་ཐབས་རྣམས་སོ། །ཤེས་རབ་ཀྱི་ལྷའི་སྐོར་ལ། མ་ཏི་ལུགས་ཀྱི་འཇམ་དཔལ་དཀར་པོ། དམ་པ་སངས་རྒྱས་ཀྱི་ལུགས་འཇམ་དཔལ་སྨྲ་སེང༌། འཕགས་མ་དབྱངས་ཅན་མའི་སྒྲུབ་ཐབས་རྣམས་སོ།།  །ཕྲིན་ལས་ཀྱི་ལྷའི་སྐོར་ལ། རྣམ་འཇོམས་སངས་རྒྱས་གསང་བའི་ལུགས། རྣམ་འཇོམས་བ་རི་ལུགས། ཆོས་དབང་ལུགས་ཀྱི་དྲང་སྲོང་ལོཀྟྲི་པཱ་ལ། རིན་ཆེན་གླིང་པའི་ནཱ་ག་རཀྴའི་སྒྲུབ་ཐབས་རྣམས་སོ།།  །བསྟན་སྲུང་མགོན་པོའི་སྐོར་ལ། དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོ། ཉང་གཏེར་དཔལ་མགོན་ཕྱག་བཞི་པ། མགོན་པོ་དཀར་པོའི་ཚེ་དབང༌། ཆོས་དབང་ལུགས་ཀྱི་མ་ནིང༌། གནུབས་ལུགས་ཀྱི་དཔལ་མགོན་སྟག་ཞོན། གནུབས་ལུགས་ཀྱི་མགོན་པོ་བེང་གི་སྒྲུབ་ཐབས་རྣམས་སོ།།  །བསྟན་སྲུང་སྣ་ཚོགས་པའི་སྐོར་ལ། ཡེ་ཤེས་མ་མོ་ཨེ་ཀ་ཛ་ཊཱི་སྡེ་བདུན་གྱི་སྦགས་སྒྲུབ། སྙིང་ཐིག་མ་མོ་ཨེ་ཀ་ཛ་ཊཱི་གཙོ་རྐྱང༌། རེ་ཏི་རང་བྱུང་མ་བཀའ་གཏེར་གཉིས་ལྡན། ཉང་གཏེར་གཤོག་རྒོད་མ། ལས་འབྲེལ་ལུགས་ལྷ་མོ་སྲོག་སྒྲུབ་མ།ལས་འབྲེལ་ལུགས་གཟའ་རྒོད་དུག་གི་སྤུ་གྲི། ལས་འབྲེལ་ལུགས་གནོད་སྦྱིན་བཤན་པ་དམར་ནག རྡོར་ལེགས་ཀྱི་སྒྲུབ་ཐབས་གཏེར་བརྒྱུད་གཉིས་ལྡན།རྒྱལ་སྲས་ལེགས་ལྡན་པའི་གཏེར་བྱོན་ཞིང་སྐྱོང་སེང་གདོང་ཅན། ཉང་གཏེར་དུར་ཁྲོད་མ་མོ། ཆོས་དབང་གི་བརྟན་མ་བཅུ་གཉིས། ཉང་གཏེར་དཀོར་བདག་པེ་ཧ་རའི་སྒྲུབ་ཐབས་རྣམས་སོ། །ནོར་ལྷའི་སྐོར་ལ། རྣམ་སྲས་ཕྱི་སྒྲུབ་སེར་ཆེན་སྤྲིན་གསེབ་མ། ནང་སྒྲུབ་མདུང་དམར་ཅན་རྟ་སྔོན་མ། གསང་སྒྲུབ་དྲག་པོ་རྟ་སྔོན་མ། ཡང་གསང་ཕྱག་མཚན་བཞི་པ། གནོད་སྦྱིན་ཞང་བློན་རྡོ་རྗེ་བདུད་འདུལ། ཛཾ་དམར་ཆགས་པ་རྡོ་རྗེ། ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་རྣམས་ཏེ། དེ་རྣམས་ལས་འཇམ་དཀར་དང༌། འཇམ་དཔལ་སྨྲ་སེང༌། དབྱངས་ཅན་མ། རྣམ་འཇོམས་རིགས་གཉིས་རྣམས་ནི་གསར་མ་ལས་བརྒྱུད་པ་ཡིན་ཅིང༌། དྲག་པོ་འོ་བྲན་ལུགས། ཚེ་དཔག་མེད་ལུང་ལུགས། དཔལ་མགོན་ལེགས་ལྡན། རྣམ་སྲས་གསང་སྒྲུབ་དྲག་པོ་རྟ་སྔོན་མ་རྣམས་ནི་སྔ་འགྱུར་བཀའ་མ་དང༌། སྟག་ཞོན་དང་བེང་རང་བྱུང་མ་རྣམས་ནི་བཀའ་གཏེར་གཉིས་ལྡན་དང༌། གཞན་རྣམས་ནི་ཟབ་གཏེར་སྣ་ཚོགས་ལས་བྱུང་བའི་གདམས་པ་ཤ་སྟག་གོ །དེ་ལྟར་ལེ་ཚན་ལྔ་བཅུ་རྩ་གསུམ་ལ་བརྒྱུད་པའི་བཀའ་སྲོལ་དང་ཆོ་གའི་ཁྱད་པར་ལས་ནང་གསེས་སུ་ཕྱེ་བས་དྲུག་ཅུ་རྩ་བདུན་ལེགས་པར་ཐོབ་པའི་བརྒྱུད་པའི་རིམ་པ་ལ། ཐོག་མར་བླ་མ་ཞི་བའི་སྐོར་ལས། ཐུགས་གཏེར་གནམ་སྐས་མ་བླ་མ་གསང་འདུས་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་དང་འབྲེལ་པ་ཟླུམ་པོ་བཞི་དབང་གི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་ཆོས་དབང༌། སྨན་ལུང་པ།དྭགས་སྟོན། གཉན་སྟོན། སེ་སྡིངས་པ་ཡབ་སྲས། ཆོས་སྐུ་འོད་ཟེར། ཆོས་ཀྱི་དབང་པོ། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། རིག་འཛིན་ཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། རིག་འཛིན་འགྱུར་མེད་རྡོ་རྗེ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན་ཐེག་མཆོག་རྒྱ་མཚོའི་སྡེའམ་འགྱུར་མེད་ཐེག་མཆོག་བསྟན་འཛིན། བཀའ་དྲིན་ཟླ་བྲལ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་བློ་གསལ་རྒྱ་མཚོའི་སྡེའམ། པདྨ་གསང་སྔགས་བསྟན་འཛིན་ཞེས་བྱ་བ།དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ཅན་ལ་དགྱེས་བཞིན་དུ་བཀའ་དྲིན་སྩལ་ཏོ།།  །གཏོར་དབང་གནད་ཀྱི་ཤོག་གཅིག་མ་ལ། ཆོས་ལོངས་སྤྲུལ་གསུམ།ཡེ་ཤེས་མཚོ་རྒྱལ། མངའ་བདག་ཉང་ཡབ་སྲས། གུ་རུ་ཆོས་དབང༌། སྨན་ལུང་པ། དྭགས་སྟོན། གཉན་སྟོན། ཡོན་ཏན་བཟང་པོ། ཆོས་སྐུ་འོད་ཟེར། ཆོས་ཀྱི་རྡོ་རྗེ། ཤེས་རབ་དབང་ཕྱུག ཆོས་ཀྱི་དབང་པོ། ཀརྨ་གུ་རུ། ཆོས་དབང་བསམ་གྲུབ། ཆོས་དབང་ཀུན་བཟང༌། རྗེ་ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ཀརྨ་གུ་རུ་ནས། ཀུན་བཟང་དཔལ་འབྱོར། ཆོས་དབང་ལྷུན་གྲུབ། དེ་གཉིས་ཀ་ལས་རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།  །ཉང་གཏེར་བླ་མ་ཡོངས་རྫོགས་ལ། ཆོས་ལོངས་སྤྲུལ་གསུམ། ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་ཉང་ཆེན། སྲས་འགྲོ་མགོན། སློབ་དཔོན་ནམ་ལངས། བྱང་ཆུབ་མགོན། སློབ་དཔོན་བསྟན་སྲུང༌། ཀུན་མཁྱེན་ཀློང་ཆེན་པ། བདེ་ལེགས་རྒྱ་མཚོ། བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན། ཀུན་སྤངས་པ། སངས་རྒྱས་ཡེ་ཤེས། སངས་རྒྱས་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།  །བླ་མ་དྲག་པོའི་སྐོར་ལས། ཉང་གཏེར་དྲག་དམར་བདེ་འདུས་རྡོ་རྗེ་སྤྱི་བླུགས་ཀྱི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། ཨཽ་ཌྱཱན་ཆེན་པོ། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། གཏེར་སྟོན་ཉང༌། གཉོས་ཞིག མཚན་ལྡན་གྲུབ་ཐོབ། གྲགས་འོད། གྲགས་རྒྱལ། ཚུལ་ཁྲིམས་འབྱུང་གནས། ཤེས་རབ་རྒྱལ་པོ། ནམ་མཁའ་རྒྱལ་མཚན། མཁའ་ཀློང་ཡངས་པ། སྐལ་ལྡན་རྒྱ་མཚོ། མི་འགྱུར་ལས་འཕྲོ་བ། འབྲི་ཁུང་པ་རཏྣ། གཙང་པ་ངག་དབང༌། གར་གྱི་དབང་ཕྱུག བློ་གྲོས་རྒྱལ་མཚན། གཞན་ཕན་རྡོ་རྗེ། ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་གཏེར་སྟོན་ཉང་ཆེན་ནས། སྲས་འགྲོ་མགོན། རིན་ཆེན་རྒྱལ་མཚན། ཆོས་ཉིད་རང་གྲོལ། སངས་རྒྱས་ལྷུན་དབང༌། ཀུན་དགའ་བཀྲ་ཤིས། རྒྱལ་སྲས་ཐུགས་མཆོག ལེགས་པ་དཔལ་བཟང༌། ཉང་སྟོན་ཆོས་དབང༌། སྣུབས་སྟོན་རིན་དཔལ། ཡབ་རིན་རྒྱལ། སྲས་པཎ་ཆེན་མཆེད། འ་ཞྭ་མཁྱེན་བརྩེ་དབང་ཕྱུག དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཟུར་ཆོས་དབྱིངས་རང་གྲོལ། རྗེ་ཐམས་ཅད་མཁྱེན་པ། ངག་དབང་བློ་བཟང་རྒྱ་མཚོ། སྤྲུལ་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །འདི་ལ་རྡོ་རྗེ་གླིང་པའི་གཏེར་བརྒྱུད་ལྟར་ན། ཨཽ་ཌྱཱན་ཡབ་ཡུམ་ནས།བཻ་རོ་ཙ་ན། གཏེར་སྟོན་རྡོ་རྗེ་གླིང་པ། བཀྲ་ཤིས་འབྱུང་གནས། ཆོས་ཉིད་རང་གྲོལ། བསྟན་པའི་རྒྱལ་མཚན། བསོད་ནམས་འབྱུང་གནས། རྒྱལ་བའི་མཚན་ཅན། འཛམ་གླིང་གྲགས་པ། པདྨ་གྲགས་པ། ལུང་རིགས་རྒྱ་མཚོ། བསྟན་འཕེལ་རྒྱ་མཚོ། གཞན་ཕན་རྣམ་རོལ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །པདྨ་གླིང་པའི་གཏེར་བརྒྱུད་ལྟར་ན། ཨཽ་ཌྱཱན་ཡབ་ཡུམ་ནས། པདྨ་གླིང་པ། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། རྗེ་ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན། བསྟན་འཛིན་གྲགས་པ་ནས། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། ཕྲིན་ལས་ལྷུན་གྲུབ་དེ་གཉིས་ཀ་ལས་རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།    །།འབྲིང་པོ་མེའི་སྤུ་གྲི་ལ། གོང་གི་ཉང་གཏེར་རྡོ་རྗེ་སྤྱི་བླུགས་བཞིན་ནོ། །ཆུང་བ་ལུ་གུ་བརྒྱུད་ལ། ཉང་ཆེན་དང་རྡོ་རྗེ་གླིང་པ་གཉིས་ཀའི་བརྒྱུད་སྲོལ་སྔ་མ་བཞིན་ལས། རྗེ་ཐམས་ཅད་མཁྱེན་པ་དང༌། རིག་འཛིན་པདྨ་ཕྲིན་ལས། དེ་གཉིས་ཀ་ལས་རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན།དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།  །དྲག་དམར་བཀའ་མ་འོ་བྲན་ལུགས་ལ། ཆོས་ལོངས་སྤྲུལ་གསུམ། ཡེ་ཤེས་མཚོ་རྒྱལ། འོ་བྲན་དཔལ་གྱི་འབྱུང་གནས། དཔལ་གྱི་དབང་ཕྱུག ཆོས་ཀྱི་འབྱུང་གནས། གྲགས་པ་རྒྱ་མཚོ། དབང་གི་རྒྱལ་པོ། རྟ་མཆོག་རྒྱལ་པོ། རི་རབ་བརྟན་པ་སྟེ་བདུན་པོ་འོ་བྲན་བརྒྱུད་དོ། །དེ་ནས་ཉི་མ་རྒྱལ་མཚན། ཆོས་རྗེ་ཀུན་བློ། ཆག་ལོ་རིན་ཆེན་ཆོས་རྒྱལ། ཚུལ་ཁྲིམས་དབང་ཕྱུག དཀོན་མཆོག་འབངས། དབང་ཕྱུག་རྡོ་རྗེ།གཙུག་ལག་རྒྱ་མཚོ། ཀརྨ་ལུང་རིགས། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།  །བྱང་གཏེར་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་རྗེའི་དབང་ལ།ཀུན་ཏུ་བཟང་པོ། བདེ་གཤེགས་རིགས་ལྔ། གསང་བའི་བདག་པོ། དབང་གི་མཁའ་འགྲོ། ཚངས་པ། ལྷའི་དབང་པོ། ཀླུ་རྒྱལ་འཇོག་པོ། རྒྱལ་པོ་ཛཿ ཤཱཀྱ་པྲ་བྷ། ཨཽ་ཌྱཱན་ཆེན་པོ། བི་མ་ལ། ཤཱི་ལ་མཉྫུ། རྡོ་རྗེ་བདུད་འཇོམས། གཏེར་སྟོན་རྒོད་ལྡེམ། སྲས་རྣམ་རྒྱལ་མགོན་པོ། རྡོ་རྗེ་རྣམ་གཉིས། བླ་མ་རྣམ་གཉིས།ནམ་མཁའ་རྒྱལ་མཚན། ངག་དབང་རྒྱ་མཚོ། ཚེ་རིང་དབང་པོ། ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན། ནམ་མཁའ་རིག་འཛིན། ཐུགས་མཆོག་འོད་འབར། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།  །ཡང་ན་གཏེར་སྟོན་ནས། སངས་རྒྱས་བྱམས་བཟང༌། སེ་ཉི་མ་བཟང་པོ། མགོན་བཟང༌། རིན་ཆེན་རྒྱལ་མཚན།སྤྱན་འཚབ་པ། བྱམས་པ་ཆོས་ཀྱི་རྒྱལ་མཚན། བློ་གྲོས་རྒྱལ་མཚན། བྱམས་པ་བཟང་པོ། ཀུན་བཟང་ཉི་མ། ནམ་མཁའ་འབྲུག་སྒྲ། ཕྲིན་ལས་ལྷུན་གྲུབ།རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་བྱམས་པ་ཆོས་ཀྱི་རྒྱལ་མཚན་ནས། བྱང་བདག་དབང་པོའི་སྡེ། སྲས་ངག་གི་དབང་པོ། ཟུར་ཆོས་དབྱིངས་རང་གྲོལ། རྗེ་ཐམས་ཅད་མཁྱེན་པ། རིག་འཛིན་པདྨ་ཕྲིན་ལས། དེ་གཉིས་ཀ་ལས་རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*