དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོའི་ནང༌།

  །།མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་«་་་་་གསུམ་»བལ་«་་་་་ལན་བཞི་སྟེ་»དུ་ལན་བདུན་བྱོན་ཏེ། སྤྱིར་ཡོངས་གྲགས་ཀྱི་བླ་མ་བརྒྱ་དང་ལྔ་བཅུ། རྩ་བའི་བླ་མ་བཞི། འགྲན་གྱི་དོ་མེད་ཡེ་ཤེས་ཀྱི་ཌཱ་ཀི་མ་རྣམ་པ་གཉིས་དང༌། གྲུབ་ཐོབ་ཀྱི་བླ་མ་བཅུ་གསུམ་པོ་རྣམས་ལས་སྨིན་གྲོལ་གྱི་གདམས་པ་མཐའ་ཡས་པ་གསན་པ་རྣམས་བཤད་སྒྲུབ་གཉིས་སུ་འདུས། དེ་དག་གི་བརྒྱུད་འཛིན་བསམ་གྱིས་མི་ཁྱབ་ཀྱང༌། སྔ་བུ་བཞིའམ་ལྔ། ཕྱི་བུ་གཅིག་རྣམས་ཀྱིས་བསྟན་པ་བཟུང་བ་ལས། སྔ་བུ་ཞང་སྒོམ་ཆོས་ཀྱི་སེང་གེ་དང༌། ཕྱི་བུ་མཉམ་མེད་རིན་ཆེན་བརྩོན་འགྲུས་གཉིས་ཀྱིས་བསྟན་པ་བཟུང་བའི་སྒྲུབ་བརྒྱུད་ཀྱི་གདམས་པ་མཁའ་འགྲོ་མ་ནི་གུ་མ་དང་སུ་ཀ་སིདྡྷི་གཉིས་ཀྱི་གདམས་པ་ཟབ་ཅིང་རྒྱ་ཆེ་བར་བཞུགས་པ་ལས། དང་པོ་མཁའ་འགྲོ་མ་ནི་གུ་མའི་གདམས་པ་ཐོབ་པའི་སྐོར་ལ། སྨིན་བྱེད་དབང་དང་བྱིན་རླབས་ཀྱི་སྐོར། གྲོལ་བྱེད་ཟབ་མོ་ཁྲིད་ཀྱི་སྐོར། རྒྱབ་བརྟེན་ལུང་གི་སྐོར། བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོའི་སྐོར་དང་བཞི་ལས། དང་པོ་སྨིན་བྱེད་ལ། ཆོས་དྲུག་སྤྱིའི་དབང་ཁོག་ཕུབ། རྒྱུད་སྡེ་ལྔའི་གཙོ་བསྡུས་ཀྱི་དབང་ངམ་སྒྱུ་ལུས་དབང་མོ་ཆེ་ཞེས་བྱ་བ་ངོ་བོ་གཅིག་ལ་མིང་གི་རྣམ་གྲངས་བཞི་དང་ལྡན་པའི་དབང་བསྐུར་གདམས་པ་དང་འབྲེལ་པ། གདམས་ངག་དབང་བསྐུར་དང་འབྲེལ་པས་མཐའ་བརྒྱན་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར།རྨོག་ཙོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ གཉེན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་མ་ཤངས་སྟོན། མུས་ཆེན་རྒྱལ་མཚན་དཔལ་བཟང༌། བླ་མ་རྡོ་རྗེ་གཞོན་ནུ། མཚན་ལྡན་ནམ་མཁའི་རྣལ་འབྱོར། བྱང་སེམས་སྦྱིན་པ་བཟང་པོ།གྲུབ་ཆེན་ཐང་སྟོང་རྒྱལ་པོ། བརྒྱུད་འཛིན་བློ་གྲོས་རྒྱལ་མཚན། མཁས་གྲུབ་དཔལ་ལྡན་དར་པོ། རྗེ་བཙུན་བསོད་ནམས་རྩེ་མོ། ལོ་ཆེན་འགྱུར་མེད་བདེ་ཆེན།པཎ་ཆེན་ངག་དབང་ཆོས་གྲགས། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བསྟན་པ་རབ་རྒྱས། མང་ཐོས་བསོད་ནམས་ཆོས་འཕེལ། གྲུབ་ཐོབ་སངས་རྒྱས་བསྟན་པ། ཐུགས་སྲས་སངས་རྒྱས་དཔལ་བཟང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །འདི་ཡན་ལ་རྩ་བའི་བརྒྱུད་པ་ཞེས་བྱའོ། །ཁྲིད་གཞུང་དང་འབྲེལ་བར་ཉོན་མོངས་པའི་རྩ་མདུད་འགྲོལ་བར་བྱེད་པ་གཏུམ་མོའི་དབང༌། ཉིན་པར་གྱི་འཁྲུལ་པ་བཟློག་པའི་ཕྱིར་སྒྱུ་ལུས་ཀྱི་དབང༌། གཉིད་ཀྱི་འཁྲུལ་པ་བཟློག་པའི་ཕྱིར་རྨི་ལམ་གྱི་དབང༌། གཏི་མུག་གི་མུན་པ་བསང་བའི་ཕྱིར་འོད་གསལ་བདེ་ཆེན་གྱི་དབང༌། བཙན་ཐབས་སུ་འཚང་རྒྱ་བའི་ཕྱིར་འཕོ་བའི་དབང༌། སྲིད་པ་བར་དོ་དག་པའི་ཕྱིར་བར་དོའི་དབང་སྟེ་«་་་་་འདི་ཡན་སྒོས་བཀའ་དྲུག་གོ »།གཞུང་ཤིང་ཆེན་མོ་དང་འབྲེལ་བའི་«བདེ་མཆོག་དབང་བཞི་ལུས་བསྒྲིགས་ཀྱང་ཁོག་ཕུབ་ཀྱི་གྲངས་སུ་བགྲང༌།་་་་་»བཀའ་བརྒྱད། ཕྱག་ཆེན་གའུ་མའི་དབང༌། བླ་མ་ལམ་ཁྱེར་གྱི་དབང༌། ཡི་དམ་ལམ་ཁྱེར་གྱི་དབང༌། སྒྱུ་མ་ལམ་ཁྱེར་གྱི་དབང༌། ལུས་སེམས་འཆི་མེད་ཀྱི་དབང་སྟེ་ཕྱག་རྒྱ་ཆེན་པོའི་བཀའ་ལྔ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། མཁས་གྲུབ་གཙང་མ་ཤངས་སྟོན་ཡན་གོང་བཞིན་ལས། དེ་ནས་མཁས་བཙུན་རྒྱལ་མཚན་འབུམ་པ། འཇགས་ཆེན་བྱམས་པ་དཔལ་བཟང༌། འཇམ་དབྱངས་བློ་གྲོས་དཔལ་བཟང༌། འཇགས་ཆེན་ཀུན་དགའ་དཔལ་བཟང༌། ཀུན་མཁྱེན་ཆོས་རྒྱལ་དཔལ་བཟང༌། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་རིན་ཆེན་མཆོག་གྲུབ། རྡོ་རིང་ཀུན་སྤངས་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁས་གྲུབ་ངག་དབང་ཆོས་གྲགས་མན་སྔར་དང་འདྲའོ། །ཡང་ན་མཁས་གྲུབ་གཙང་མ་ཤངས་སྟོན་ཡན་འདྲ་བ་ལས། དེ་ནས་མུས་ཆེན་རྒྱལ་མཚན་དཔལ་བཟང༌། བླ་མ་རྡོ་རྗེ་གཞོན་ནུ། དེ་གཉིས་ཀ་ལས་མུས་ཆེན་ནམ་མཁའི་རྣལ་འབྱོར་རམ་ནམ་མཁའ་རྒྱལ་མཚན། མུས་ཆེན་འཁོར་ལོ་སྡོམ་པ། རྗེ་སངས་རྒྱས་དཔལ་བཟང༌། བླ་མ་ཆོས་རྒྱལ་བཀྲ་ཤིས། འཁྲུལ་ཞིག་བྱམས་པ་ཤེར་བཟང༌། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག འཕགས་པ་སྤྱན་རས་གཟིགས་སྐལ་ལྡན་བཟང་པོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་སྔར་འཇགས་མ་ལུགས་དང་འདྲའོ། །ཁོག་ཕུབ་ཀྱི་ནང་ཚན་བདེ་མཆོག་ལྷ་ལྔའི་དབང་བཞི་ལུས་བསྒྲིགས་ཀྱི་བྱིན་རླབས། བདེ་མཆོག་ལྷ་བཞི་དྲིལ་སྒྲུབ་ཀྱི་དབང༌། བདེ་མཆོག་གསང་སྒྲུབ་ཀྱི་དབང༌། རྣམ་འཇོམས་གསང་སྒྲུབ་ཕྱག་རྡོར་གསང་སྒྲུབ་སོགས་གསང་སྒྲུབ་སྐོར་ལྔ་བཞུགས་པའི་གསང་སྒྲུབ་དང་པོ་གསུམ་པོ་དང་དབང་བཞི་གཉིས་ཏེ་བཀའ་ལྔ་པོ་འདི་རྣམས་ཐོབ་པའི་བརྒྱུད་པ་ནི། ངག་དབང་ཆོས་གྲགས་ཡན་བཤད་མ་ཐག་པའི་འཇགས་མ་ལུགས་ལྟར་ལས། དེ་ནས་བྱམས་པ་ངག་དབང་རྣམ་རྒྱལ། དཔལ་ས་སྐྱ་པ་སྔགས་འཆང་ཀུན་དགའ་བཀྲ་ཤིས། མང་ཐོས་བསོད་ནམས་ཆོས་འཕེལ། རོང་པོ་སངས་རྒྱས་བསྟན་པ་མན་འདྲའོ། །མཁའ་སྤྱོད་མ་དཀར་མོའི་དབང༌། མཁའ་སྤྱོད་མ་དམར་མོའི་དབང༌། མཁའ་སྤྱོད་གསུམ་ཕྲུགས་ཀྱི་དབང་སྟེ་བཀའ་གསུམ་ཐོབ་པའི་བརྒྱུད་པ་ནི་ངག་དབང་ཆོས་གྲགས་ཡན་བཤད་མ་ཐག་པའི་འཇགས་ཆེན་ལུགས་ལྟར་ལས། དེ་ནས་ངག་དབང་བསོད་ནམས་རྒྱལ་མཚན། མཁན་ཆེན་རྒྱལ་བ་ལྷུན་གྲུབ། སྤྲོ་ལུང་པ་བསོད་ནམས་ཆོས་འཕེལ་མན་འདྲའོ། །མཁའ་འགྲོ་མ་སུ་ཁ་སིདྡྷི་བྱིན་རླབས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། སུ་ཁ་སིདྡྷི། ཁྱུང་པོ་རྣལ་འབྱོར། རྨོག་ཅོག་པ། སྐྱེར་སྒང་པ། གཉེན་སྟོན་པ། ཆོས་རྗེ་སྟོན་པ་སྟེ་བརྒྱུད་པ་རིན་ཆེན་སྣ་བདུན་དང༌། དེ་ནས་ལུང་བསྟན་ཐོབ་པ་ལྔ་ནི། གཙང་མ་ཤངས་སྟོན་པ། རྒྱལ་མཚན་འབུམ་པ། བྱམས་པ་དཔལ། བློ་གྲོས་དཔལ། ཀུན་དགའ་དཔལ་བཟང་བ་སྟེ། དེ་ལས་བཀའ་དྲིན་ཅན་བསོད་ནམས་བཟང་པོ། དེས་མཁས་གྲུབ་ཆོས་ཀྱི་ཉི་མ། དེས་རྗེ་བཙུན་ངག་དབང་ཆོས་གྲགས་རྒྱལ་མཚན། རྗེ་ཀུན་དགའ་ཆོས་གྲགས། བླ་མ་ནམ་མཁའ་ཆོས་དར། རྗེ་བྱམས་པ་ངག་དབང་ཀུན་དགའ་དོན་གྲུབ། མཁས་གྲུབ་ངག་དབང་ཆོས་གྲགས། ངག་དབང་བསོད་ནམས་རྒྱལ་མཚན། མཁན་ཆེན་རྒྱལ་བ་ལྷུན་གྲུབ། སྤྲོ་ལུང་པ་བསོད་ནམས་ཆོས་འཕེལ་མན་སྔར་དང་འདྲའོ། །སྤྱན་རས་གཟིགས་གསང་སྒྲུབ་ཀྱི་བྱིན་རླབས་ཐོབ་པའི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག གྲུབ་ཆེན་རཱ་ཧུ་ལ་གུཔྟ། ཇོ་བོ་དཱི་པཾ་ཀ་ར། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོང་བ། བ་ཡུ་བ་ཤེས་རབ་ཚུལ་ཁྲིམས། ལྕེ་སྒོམ་ཤེས་རབ་རྡོ་རྗེ། སྐྱེར་སྒང་པ་ཆོས་ཀྱི་སེང་གེ གཉན་སྟོན་སྦས་པའི་རྣལ་འབྱོར། དབོན་སྟོན་བརྩོན་སེང༌། འགྲོ་མགོན་ཚུལ་ཁྲིམས་འབུམ། མུས་ཆེན་རྒྱལ་མཚན་དཔལ་བཟང༌། མུས་ཆེན་ནམ་མཁའ་དབང་ཕྱུག མཚན་ལྡན་ནམ་མཁའི་རྣལ་འབྱོར། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་བཙུན་རྡོ་རིང་པ་ཆེན་པོ་ནས་ངག་དབང་ཆོས་གྲགས་ཀྱི་བར་གོང་གི་འཇགས་མ་ལུགས་ཀྱི་བརྒྱུད་པ་དང་འདྲ། ཡང་ན་ངག་དབང་ཆོས་གྲགས། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བསྟན་པ་རབ་རྒྱས་མན་འདྲ། ཡང་ན་མུས་ཆེན་སེམས་དཔའ་ཆེན་པོ། རྗེ་སངས་རྒྱས་རིན་ཆེན། སྤྱན་སྔ་ངག་དབང་ཆོས་གྲགས། པཎ་ཆེན་ནམ་དབང༌། མུས་ཆེན་སངས་རྒྱས་རྒྱལ་མཚན། དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་བསོད་ནམས། ངག་དབང་བསོད་ནམས་རྒྱལ་མཚན། འཇམ་པའི་དབྱངས་བཟང་པོ་རྒྱལ་མཚན། མཁན་ཆེན་རྣམ་རྒྱལ་བཟང་པོ། འཇིག་རྟེན་དབང་ཕྱུག་ཚུལ་ཁྲིམས་བཟང་པོ། མཁས་བཙུན་བསོད་ནམས་དབང་ཕྱུག མཁན་ཆེན་སངས་རྒྱས་དཔལ་བཟང༌། ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཁྲོ་རྒྱལ་རྟ་མཆོག སྤྲུལ་སྐུ་པདྨ་འབྱུང་གནས། གཏེར་སྟོན་སྙེ་མོ་ཞུ་ཡས། དེ་གཉིས་ཆར་ལས་སྐྱེར་སྒང་པ་ཆོས་ཀྱི་སེང་གེ དེ་ནས་གཉེན་སྟོན་ཆོས་ཀྱི་ཤེས་རབ། སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ ཤངས་སྟོན་ཚུལ་ཁྲིམས་འབུམ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། རྗེ་སངས་རྒྱས་སེང་གེ སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཕ་རྒོད་ཐར་པ་དཔལ་བཟང༌། དྲིན་ཆེན་སངས་རྒྱས་རྣམ་རྒྱལ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྟ་ར་བ་བསོད་ནམས་ཆོས་འཕེལ། མཁས་གྲུབ་ངག་དབང་ཆོས་གྲགས་མན་ངག་དབང་བསྟན་པ་རབ་རྒྱས་བཞུགས་པའི་རྩ་བའི་བརྒྱུད་པ་དང་འདྲ། ཡང་ན་ངག་དབང་ཆོས་གྲགས་ནས། ངག་དབང་བསོད་ནམས་རྒྱལ་མཚན། མཁན་ཆེན་རྒྱལ་དབང་ལྷུན་གྲུབ། སྤྲོ་ལུང་པ་བསོད་ནམས་ཆོས་འཕེལ་མན་འདྲའོ། །གཉིས་པ་གྲོལ་བྱེད་ཁྲིད་ཀྱི་སྐོར་ལ། མཁས་གྲུབ་རྒྱལ་མཚན་འབུམ་གྱི་ཁྲིད་ཡིག་དང༌། གྲུབ་ཆེན་རིན་པོ་ཆེ་ཐང་སྟོང་རྒྱལ་པོས་མཛད་པའི་གནད་ཡིག་སྙིང་པོ་ཀུན་འདུས་ཀྱི་སྟེང་ནས་རྩ་བ་ནི་གུ་ཆོས་དྲུག་གི་ཁྲིད། ཡལ་ག་ལམ་ཁྱེར་རྣམ་གསུམ། འབྲས་བུ་ལུས་སེམས་འཆི་མེད། སྡོང་པོ་ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་རྣམས་བརྒྱུད་པའི་ཕྱག་བཞེས་དྲི་མ་མེད་པས་བརྒྱན་ནས་ལེགས་པར་ཐོབ་པའི་སྔ་མ་གསུམ་གྱི་བརྒྱུད་པའང༌། གོང་གི་རྩ་བའི་བརྒྱུད་པ་དང་མཐུན་ནོ། །གདམས་པ་དེ་རྣམས་འཆད་ཐབས་ཀྱི་ཡི་གེ་ལ། ནི་གུ་ཆོས་དྲུག་གི་དབང་ཆོག་འཇུག་སྒོ་ཡོན་ཏན་ཀུན་འབྱུང་ཀུན་མཁྱེན་གངས་ཁྲོད་པས་མཛད་པ་དང༌། ཆོས་དྲུག་གི་སྒོས་བཀའ་སོ་སོའི་ཕྱག་ལེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ། ལམ་ཁྱེར་གསུམ་གྱི་ཡི་གེ་རྒྱ་གཞུང༌། ཕྱག་ཆེན་གའུ་མའི་དབང་ཆོག་ངག་ཆོས་པས་མཛད་པ། ཆོས་དྲུག་ཁྲིད་ཡིག་གྲུབ་ཆེན་རིན་པོ་ཆེ་ཐང་སྟོང་རྒྱལ་པོས་མཛད་པ་དང༌། རྒྱལ་མཚན་འབུམ་གྱིས་མཛད་པ། ཆོས་དྲུག་གདན་ཐོག་གཅིག་མ་ངག་ཆོས་པས་མཛད་པ། ལམ་ཁྱེར་གསུམ་གྱི་ཁྲིད་ཡིག འབྲས་བུ་ལུས་སེམས་འཆི་མེད་ཀྱི་ཁྲིད་ཡིག གའུ་མའི་ཁྲིད་ཡིག་རྣམས་གྲུབ་ཆེན་རིན་པོ་ཆེས་མཛད་པ། མཁའ་སྤྱོད་དཀར་དམར་ཕྲུགས་གསུམ་གྱི་ཡི་གེ གསང་སྒྲུབ་སྐོར་གསུམ་གྱི་བྱིན་རླབས་ཆོས་ཚན་གཅིག་མ་ཚང་བ་རྣམས་ངག་དབང་ཆོས་གྲགས་ཀྱིས་མཛད་པ། ཐུགས་རྗེ་ཆེན་པོ་གསང་སྒྲུབ་ཀྱི་སྒྲུབ་ཐབས་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པ། རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས་བྱ་ཚུལ། ལྷ་བཞི་དྲིལ་སྒྲུབ་ཀྱི་བྱིན་རླབས་དང་ཉམས་སུ་ལེན་ཚུལ། མཁའ་འགྲོ་མ་སུ་ཀ་སིདྡྷིའི་བྱིན་རླབས་ཀྱི་ཡི་གེ་རྣམས་ངག་དབང་ཆོས་གྲགས་ཀྱིས་མཛད་པ། བརྒྱུད་པའི་གསོལ་འདེབས་གནས་སྦྱར་མ་ཁྱུང་པོས་མཛད་པ་ཁ་སྐོང་དང་བཅས་པ། ཚར་ཆེན་གྱིས་མཛད་པའི་བརྒྱུད་འདེབས་ཁ་སྐོང་དང་བཅས་པ། འགྱུར་མེད་བདེ་ཆེན་གྱིས་མཛད་པའི་ཡི་དམ་ལམ་ཁྱེར་གྱི་དབང་གི་བརྒྱུད་འདེབས་ཟུང་འཇུག་རྒྱལ་སྲིད་མ་ཁ་སྐོང་དང་བཅས་པ། ངག་དབང་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་བརྒྱུད་འདེབས་སྐུ་གསུམ་བདུན་ལྡན་མ། ཡང་སྐུ་གསུམ་བདུན་ལྡན་ཆུང་བ་རྣམས་ཀྱི་སྟེང་ནས་དབང་དང་བྱིན་རླབས་ཁྲིད་སྩལ་བ་མཛད་ཅིང༌། དེ་རྣམས་ཀྱི་ལུང་ཡང་ཐོབ་པའི་བརྒྱུད་པ་ནི། གོང་གི་དབང་བྱིན་རླབས་ཁྲིད་སོ་སོའི་བརྒྱུད་པའི་སྐབས་ལྟར་རྩ་བའི་བརྒྱུད་པ་ཆེན་པོ་དང་འདྲའོ། །གསུམ་པ་རྒྱབ་བརྟེན་ལུང་གི་སྐོར་ལ་གདམས་པ་འདི་བརྒྱུད་པ་གང་ལས་བྱུང་བའི་འབྱུང་ཁུངས་བསྟན་པའི་སྒོ་ནས་ཡིད་ཆེས་བསྐྱེད་པའི་ཕྱིར་བརྒྱུད་པའི་རྣམ་ཐར་སྐོར་དང༌། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་ཀྱི་ལུང་ནོས་པ་གཉིས་ལས། དང་པོ་ནི་སངས་རྒྱས་རྡོ་རྗེ་འཆང་གི་རྣམ་ཐར་རྨོག་ཅོག་པས་མཛད་པ། དེས་མཛད་པའི་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་རྣམ་ཐར། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་རྣམ་ཐར་རྨོག་ཅོག་པ་སོགས་བཞིས་བསྡེབས་པ། དེའི་ལྷན་ཐབས་དང་གསང་བའི་རྣམ་ཐར། མཉམ་མེད་རིན་ཆེན་བརྩོན་འགྲུས་ཀྱི་རྣམ་ཐར་རྗེ་རང་གིས་མཛད་པ་དང༌། སྐྱེར་སྒང་པས་མཛད་པ་གཉིས། སྐྱེར་སྒང་པ་ཆོས་ཀྱི་སེང་གེའི་རྣམ་ཐར་རྗེ་རང་གིས་མཛད་པ།སངས་རྒྱས་གཉེན་སྟོན་གྱི་རྣམ་ཐར་དགེ་སློང་གཞོན་ནུ་སེང་གེ་ལ་གནང་བ། ཆོས་རྗེ་སངས་རྒྱས་སྟོན་པའི་རྣམ་ཐར་བརྒྱུད་འཛིན་རྣམས་ཀྱི་དོན་དུ་བཀོད་པ། ཤངས་སྟོན་ཚུལ་ཁྲིམས་མགོན་པོའི་རྣམ་ཐར་རྗེ་རང་གིས་མཛད་པ། མུས་ཆེན་རྒྱལ་མཚན་དཔལ་གྱི་རྣམ་ཐར་དགེ་བཤེས་སྨོན་ལམ་པས་མཛད་པ།མཁས་གྲུབ་རྡོ་རྗེ་གཞོན་ནུའི་རྣམ་ཐར་གསོལ་འདེབས་ཆོས་ཀྱི་སེང་གེས་མཛད་པ། མཚན་ལྡན་ནམ་མཁའི་རྣལ་འབྱོར་གྱི་རྣམ་ཐར་དགེ་སློང་རིན་ཆེན་དར་གྱིས་མཛད་པ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་འཁོར་བ་དོང་སྤྲུགས་ཐུགས་སྲས་རིན་པོ་ཆེས་མཛད་པ་རྣམས་སོ། །གཉིས་པ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མས་མཛད་པའི་ཆོས་དྲུག་རྡོ་རྗེའི་ཚིག་རྐང་འགོར་སྐད་གཉིས་ཤན་སྦྱར་དང་བཅས་པའི་རྗེས་སུ། གང་ཞིག་བརྗོད་བྲལ་ལྷུན་གྲུབ་འདུས་མ་བྱས། །ཞེས་ཡོད་པ་ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ་ལ་སླར་ཡང་རིན་ཆེན་བཟང་པོས་གཏན་ལ་ཕབ་པ། ཁྱུང་པོས་མཛད་པའི་ཐེམས་ཡིག་ཚིགས་བཅད་མ།དེས་མཛད་པའི་ཐབས་ལམ། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ་བར་དོ་དང་བཅས་པའི་སྒོས་སྐབས་ཀྱི་ཡི་གེ འཕྱུགས་མེད་བར་དོ་གསུམ་གྱི་གདམས་པ་ཁྱུང་པོའི་ཉམས་མྱོང་མ། འོད་གསལ་ལ་འཆར་སྒོ་ངོས་འཛིན་དོན་དམ་མངོན་གྱུར་གཞན་དོན་ལྷུན་གྲུབ་ཤོག་གི་མཐའ་ཅན། གཞི་ལམ་འབྲས་གསུམ་གནད་དྲུག གོ་དྲུག་སོགས་བསྟན་པ་ཕྱག་ཆེན་རྡོ་རྗེའི་ཚིག་རྐང་འགོར་སྐད་གཉིས་ཤན་སྦྱར་དང༌། བདེ་ཆེན་ལྷུན་གྲུབ་འདུས་མ་བྱས་ཞེས་དང༌། ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའི་མཐའ་ཅན་སངས་རྒྱས་རྡོ་རྗེ་འཆང་ཆེན་གྱིས་མཛད་པ་གླན་དར་མ་བློ་གྲོས་ཀྱི་འགྱུར། ཕྱག་ཆེན་གྱི་དབང་གི་ཡི་གེ་དབང་བཞིའི་ཟིན་བྲིས་ཡིན་ནོའི་མཐའ་ཅན། ལམ་ཁྱེར་རྣམ་གསུམ་གྱི་རྒྱ་གཞུང་འགོར་སྐད་གཉིས་ཤན་སྦྱར་དང༌། གང་གི་བླ་མ་མཆོག་བསྟེན་དབང་ཐོབ་པས་ཞེས་ཡོད་པ། ཡེ་ཤེས་མཁའ་འགྲོ་མས་མཛད་པ་གླན་དར་མ་བློ་གྲོས་ཀྱི་འགྱུར། འགོར་བདེ་ཆེན་རྒྱལ་པོ་ལྷུན་གྲུབ་འདུས་མ་བྱས། །ཚད་མེད་ཐུགས་རྗེས་སེམས་ཅན་སྨིན་གྲོལ་མཛད། །ཅེས་ཡོད་པའི་ཁྱད་འཕགས་ལམ་ཁྱེར་རྣམ་གསུམ་གྱི་གདམས་པ་རྩ་བའི་ས་བཅད་བཞིས་བསྟན་པ། མཇུག་ཏུ།ཨེ་མ་བཀའ་བརྒྱུད་རྩོད་མེད་འདི། །ཞེས་སོགས་ཡོད་པ། འགོར་རྒྱལ་བ་ལོངས་སྐུ་དྲུག་པ་རྡོ་རྗེ་འཆང༌། །ཞེས་ཡོད་པའི་རྒྱུད་སྡེ་ལྔའི་མངོན་རྟོགས་བསྡུས་པ་ལོ་གསུམ་གྱིས་མི་འགྲུབ་པ་མི་སྲིད་ཅེས་ཡོད་པ། འགོར་བླ་མ་དམ་པའི་ཞབས་བཏུད་ནས། །བཅོམ་ལྡན་བདེ་མཆོག་ལྷ་ལྔ་ཡི། །ཞེས་ཡོད་པའི་བདེ་མཆོག་ལྷ་ལྔའི་མངོན་རྟོག་ཁྱུང་པོས་མཛད་པ། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འཁོར་ལོ་སྡོམ་པའི་ཚོགས་མཆོད་བྱེད་པར་འདོད་པས་ཞེས་ཡོད་པའི་བདེ་མཆོག་གི་མཆོད་ཕྲེང་ཚོགས་མཆོད་དང་འབྲེལ་བ་ཚུལ་ཁྲིམས་མགོན་པོས་བཀོད་པ། རྡོ་རྗེ་རྣམ་འཇོམས་ཀྱི་གསང་སྒྲུབ་ཉམས་སུ་ལེན་ཚུལ་ནི་གུ་མའི་ཁྱད་པར་གདམས་པ། རྣམ་འཇོམས་བཀའ་རྒྱ་མ་ཞེས་པ་རང་ལུས་བུམ་པ་དང་སྙིང་གར་ལྷ་སྒོམ་ཚུལ་ཡོད་པ་ཁྲུས་ཆུའི་གདམས་པ་ཤིན་ཏུ་ཟབ་པ་ཡིན་ནོའི་མཐའ་ཅན། སྒྱུ་མ་ལམ་རིམ་གྱི་སྐོར་ལ། འགོར་སྐད་གཉིས་ཤན་སྦྱར་དང༌། གདོད་ནས་རང་བཞིན་འོད་གསལ་བ། །དགོས་འདོད་མ་ལུས་འབྱུང་འགྱུར་ཞིང༌། །ཞེས་ཡོད་པའི་སྒྱུ་མ་ལམ་རིམ་ནི་གུ་མས་མཛད་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེ་ཉིད་དང་ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ། འགོར་སྐད་ཤན་སྦྱར་དང༌། རྒྱལ་བ་རྒྱ་མཚོ་རྡོ་རྗེ་འཆང༌། །ཁྱེད་ཞབས་བདག་གིས་གུས་བཏུད་ནས། །སྒྱུ་མ་ལམ་རིམ་གསལ་བྱེད་དོན། །མདོ་དང་རྒྱུད་ལས་གསུངས་བཞིན་བྲིས། །ཞེས་ཡོད་པའི་སྒྱུ་མ་ལམ་རིམ་གྱི་འགྲེལ་པ་གཉིས་མཛད་པ་དང་འགྱུར་བྱང་གོང་དང་འདྲ། སྒྱུ་མ་ལམ་རིམ་གྱི་ས་བཅད་ཁྱུང་པོས་ཡི་གེར་བཀོད་པ། སྒྱུ་ལུས་འབྱམས་གཅོད་ཀྱི་བསྡུས་དོན་དོན་ཚན་བཞིས་བསྟན་པ། སྒྱུ་ལུས་འཛིན་པ་རང་གྲོལ་འགོར་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་སྒྱུ་ལུས་ལ་གསུམ་བཞི་ཞེས་ཡོད་པ། མཁའ་སྤྱོད་དཀར་མོའི་དབང་བསྐུར་གྱི་ཡི་གེ མཁའ་སྤྱོད་དཀར་མོའི་རྒྱ་གཞུང་སྐད་གཉིས་ཤན་སྦྱར་ཅན་དཱི་པཾ་ཀ་རས་མཛད་པ་རིན་བཟང་གི་འགྱུར། ཡང་མཁའ་སྤྱོད་དཀར་མོའི་སྒྲུབ་ཐབས་ཨ་ཏི་ཤའི་ལུགས། ཡང་མཁའ་སྤྱོད་མ་མདུན་དུ་བསྒོམ་པའི་ཡི་གེ་ཁྱུང་པོའི་ལུགས། ཡང་མདུན་དུ་བླ་མ་དང་དེའི་སྨིན་མཚམས་སུ་མཁའ་སྤྱོད་མ་བསྒོམ་སྟེ་འོད་ཟེར་གྱི་སྤྲོ་བསྡུ་ལ་བརྟེན་ཏེ་དམ་ཚིག་གསོ་བའི་ཉམས་ཆག་བཤགས་པ། མཁའ་སྤྱོད་ཀྱི་རིལ་བུ་སྒྲུབ་ཐབས་ཆིག་བརྒྱུད་མ། མཁའ་སྤྱོད་མའི་འཕོ་བ་བྱ་ཚུལ། ཁྱུང་པོས་མཛད་པའི་མཁའ་སྤྱོད་དམར་མོའི་སྒོས་བཀའ་དྲུག་གི་ནང་ཚན་འཕོ་བའི་དབང་བསྐུར། འཆི་མེད་ཀྱི་རྒྱ་གཞུང་ཌཱ་ཀི་མས་མཛད་པ། འགོར་སྐད་གཉིས་དང༌། རྒྱལ་བ་ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །འཆི་མེད་ཡེ་ཤེས་རང་སྒྲ་འདི་སྐད་ཐོས། །ཞེས་ཡོད་པ་ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ་ལ་རིན་བཟང་གིས་བཅོས་པ། རྨི་ལམ་གྱི་དབང་ཆོག་ཆེ་བ་ཌཱ་ཀི་མའི་གསུང་ཁྱུང་པོས་བཀོད་པ། གཞི་ལམ་འབྲས་གསུམ་གྱི་ཐོ་ཆུང་གཅིག་ཁྱུང་པོས་ཌཱ་ཀི་མ་ལ་ཞུས་པ། ལམ་ཁྱེར་གསུམ་གྱི་དབང་ཆོག་མཛད་བྱང་མེད་པ། འཕོ་བའི་མན་ངག་ཉུང་ངུ༌། འཆི་མེད་ཀྱི་དབང་ཆོག་མཛད་བྱང་མེད་པ། ཐུགས་རྗེ་ཆེན་པོ་གསང་སྒྲུབ་ཀྱི་དབང་ཆོག་འགོར་ལོ་ཀ་དབང་ཕྱུག་གི་བཀའ་ཞེས་པ་རྫོགས་སོའི་མཐའ་ཅན། ལུས་འཆི་མེད་ཀྱི་དབང་ཆོག སེམས་འཆི་མེད་ཀྱི་ཁྲིད་ཡིག་མཐར་འདི་ལས་ཟབ་པ་རྒྱ་བོད་གཉིས་ན་མེད་གསུངས་པ། སེམས་འཆི་མེད་ཀྱི་ཞལ་གདམས་སངས་རྒྱས་སྟོན་པའི་གསུང༌། གནད་འཕྱུགས་མེད་བར་དོ་གསུམ་གྱི་ཉམས་ལེན་ཁྱུང་པོའི་ཡི་གེ འབྱམས་གཅོད་ཁྱུང་པོའི་ཐུགས་བཅུད་རྨོག་ཅོག་པས་མཛད་པ། ཁྱད་འཕགས་སྡོམ་པ་བཅོ་ལྔ་པ་རྒྱས་བསྡུས་གསུམ་ཁྱུང་པོས་མཛད་པ། དབུ་མ་ཡི་གེ་བདུན་མ་ནཱ་རོས་ནི་གུ་ལ་གདམས་པ། རང་གྲོལ་རྩ་བ་ཌཱ་ཀི་མའི་གསུང་ཁྱུང་པོས་ཞུས་པ་གླན་དར་མས་བསྒྱུར་བ། སྒྱུ་ལུས་གདན་ཐོག་གཅིག་མ་ཆོས་རྗེ་སངས་རྒྱས་སྟོན་པའི་གསུང༌། འོད་གསལ་འཆར་སྒོ་ངོས་འཛིན། སྒྱུ་ལུས་སྦྱང་བ་རྣམ་གསུམ་ཁྱུང་པོའི་ཡི་གེ ཁྱུང་པོའི་གནས་དྲུག་ཅེས་བྱ་བ་སངས་རྒྱས་སྟོན་པའི་གསུང་བཞིན་བཀོད་ཅེས་པའི་མཐའ་ཅན། ཕྱག་ཆེན་བསྐྱེད་རིམ་རླུང་དང་བསྲེ་བ་ཇི་ལྟར་འདོད་ཀྱང་བླ་མའི་སྣང་བ་དང་མི་འབྲལ་ཞེས་ཡོད་པ། མཎྜལ་བཀའ་རྒྱ་མ་དང་རབ་གནས་བཀའ་རྒྱ་མ་གཉིས་ཁྱུང་པོས་མཛད་པ། འགོར་སྐད་གཉིས་ཤན་སྦྱར་ཕྱག་འཚལ་དང་བཅས་པའི་རྗེས་སུ། ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྒྱ་མཚོ་ཡི། །ཐུགས་རྗེ་ཕྲིན་ལས་ཕུན་སུམ་ཚོགས་པ་ཡི། །བདག་གིས་སྨོན་ལམ་འདི་དག་ཐམས་ཅད་ཀུན། །ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པར་ཤོག །ཅེས་ཡོད་པའི་སྨོན་ལམ་བཀའ་རྒྱ་མ་ཁྱུང་པོས་མཛད་པ། འགོར་ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །ཞེས་ཡོད་པའི་བཀྲ་ཤིས་བཀའ་རྒྱ་མ་ཁྱུང་པོས་མཛད་པ་རྣམས་དང༌།འགོར་དུས་གསུམ་སངས་རྒྱས་ངོ་བོ་ཉིད། །བླ་མའི་སྐུ་གསུང་ཐུགས་ལ་འདུད། །འཕྱུགས་མེད་ལམ་ཁྱེར་རྣམ་གསུམ་གྱི། །ཞེས་ཡོད་པའི་ལམ་ཁྱེར་རྣམ་གསུམ་གྱི་ཁྲིད་ཡིག དྷྭ་ཛ་ལཀྵས་གཞན་ཕན་བློས་བཀོད་པ། བླ་མ་ལམ་ཁྱེར་གྱི་བྱིན་རླབས་བྱ་ཚུལ། དེའི་ཤམ་དུ་སྒྱུ་མ་ལམ་ཁྱེར་གྱི་བྱིན་རླབས་བྱ་ཚུལ་གྱི་ས་བཅད་ཙམ་སྨོས་པ། ཡང་བླ་མ་ལམ་ཁྱེར་གྱི་བྱིན་རླབས་བྱ་ཚུལ་གོང་མ་དེ་དང་ཚིག་རྒྱས་བསྡུས་ཙམ་ཡོད་པ། འགོར་མདོ་རྒྱུད་མན་ངག་ཉམས་མྱོང་གིས། །ཞེས་ཡོད་པའི་འཆི་མེད་ཀྱི་ཞལ་གདམས་རཏྣ་བིརྺས་མཛད་པ། འགོར་ཉིན་པར་སྣང་སྟོང་ལྷ་སྐུ་ལ། །ཞེས་ཡོད་པའི་འཆི་མེད་རང་གྲོལ་དྷརྨ་སིངྷས་མཛད་པ། འགོར་རང་གྲོལ་བདེ་ཆེན་འདུས་མ་བྱས། །དྷརྨ་སིངྷའི་ཞབས་ལ་འདུད། །ཅེས་ཡོད་པའི་རང་སེམས་འཆི་མེད་རང་གྲོལ་གྱི་གདམས་པ་དྷརྨ་པྲཛྙཱས་མཛད་པ། འགོར་བླ་མ་དམ་པའི་ཞབས་པད་ལ་བཏུད་ནས། །འཆི་མེད་རང་གྲོལ་དབང་བསྐུར་བཤད། །ཅེས་ཡོད་པའི་འཆི་མེད་ཀྱི་དབང་བསྐུར་བྱ་ཚུལ། འགོར་ན་མོ་གུ་རུ། དབེན་པའི་གནས་སུ་འགྲོ་ཞིང་སེམས་བསྐྱེད་ནས། །རང་བདེ་མཆོག་ཏུ་བསྒོམས་པའི་སྤྱི་བོར་བསྒོམས་ལ་ཞེས་ཡོད་པའི་འཆི་མེད་ཀྱི་ཁྲིད་ཡིག་འདི་ལས་ཟབ་པའི་གདམས་པ་རྒྱ་བོད་གཉིས་ན་མེད་གསུངས་པ། འགོར་བདེ་ཆེན་རྒྱལ་པོ་ལྷུན་གྲུབ་འདུས་མ་བྱས། །ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་འཆང་ཆེན་དང༌། །ཞེས་ཡོད་པའི་འཆི་མེད་འཁྲུལ་འཁོར་སུམ་ཅུ་རྩ་གཉིས་པའི་གསལ་བྱེད་ཉི་མའི་འོད་ཟེར་ཞེས་བྱ་བ་བླ་མའི་ཕྱག་ལེན་ལྟར་བིརྻ་སེང་གེས་ལྷག་ཆད་མེད་པར་བྲིས་པའི་མཐའ་ཅན། འགོར་དུས་གསུམ་ཤེས་བྱའི་རྣམ་པ་མ་ལུས་པ། །སྒྲིབ་པ་མེད་པས་ས་ལེར་མཁྱེན་གྱུར་པའི། །ཞེས་ཡོད་པའི་ཞུས་ལན་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བ་ཆོས་རྗེ་དྷརྨ་པྲ་ཛྙཱ་བཱིརྻ་སིངྷས་ཞུས་པ། འགོར་མཁའ་ལྟར་དག་པའི་ཆོས་སྤྲུལ། །ཞེས་ཡོད་པའི་ཉམས་མྱོང་ཡོན་ཏན་རྒྱ་མཚོ་རྫོགས་བྱང་གི་མཐའ་ཅན། འགོར་དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས། །བདེ་གསལ་མི་རྟོག་དབྱེར་མེད་དོན། །ཞེས་ཡོད་པའི་ཞལ་གདམས་རིན་པོ་ཆེ་འོད་ཀྱི་ཕྲེང་བ། འགོར་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་རྣམས་ཀུན། །ཞེས་ཡོད་པའི་མུན་སེལ་ཉི་མའི་དཀྱིལ་འཁོར་རྫོགས་བྱང་གི་མཐའ་ཅན། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྐུ་གསུམ་ངོ་བོ་ཆོས་ཀྱི་རྗེ། །རྡོ་རྗེ་འཆང་ཆེན་ཁྱོད་ཉིད་ཀྱིས། །ཞེས་ཡོད་པའི་ཞུས་ལན་ཟླ་བའི་དཀྱིལ་འཁོར་ཉོན་མོངས་གདུང་སེལ་རྣམས་སོ། །བཞི་པ་བཀའ་སྲུང་ཡེ་ཤེས་མགོན་པོའི་སྐོར་ལ། མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཤ་བ་རི་དབང་ཕྱུག མངའ་བདག་མཻ་ཏྲི་པ། རཱ་ཧུ་ལ་གུཔྟ། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར། རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ་ཆོས་ཀྱི་སེང་གེ གཉེན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་མ་ཤངས་སྟོན། མུས་ཆེན་རྒྱལ་མཚན་དཔལ་བཟང༌། བླ་མ་རྡོ་རྗེ་གཞོན་ནུ། མུས་ཆེན་ནམ་མཁའི་རྣལ་འབྱོར། བྱང་སེམས་སྦྱིན་པ་བཟང་པོ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། བརྒྱུད་འཛིན་རིན་པོ་ཆེ། པུ་རོང་དཔལ་ལྡན་དར་པོ། ཞེ་དགོན་པ་བསོད་ནམས་རྩེ་མོ། ལོ་ཆེན་འགྱུར་མེད་བདེ་ཆེན། མཁན་ཆེན་ངག་དབང་ཆོས་གྲགས། རྒྱལ་རྩེ་བ་བསོད་ནམས་རྒྱལ་མཚན། མཚུངས་མེད་བསྟན་པ་རབ་རྒྱས། གྲུབ་དབང་བསོད་ནམས་ཆོས་འཕེལ། ངག་དབང་ཚུལ་ཁྲིམས་བཟང་པོ། མཁས་བཙུན་བསོད་ནམས་དབང་ཕྱུག ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །བླ་མ་མགོན་པོ་དབྱེར་མེད་ཀྱི་ཁྲིད་རིམ་ཤིན་ཏུ་ཟབ་པ་ཐོབ་པའི་བརྒྱུད་པའང་གོང་བཤད་མ་ཐག་པ་ལྟར་རོ། །ཕྱག་དྲུག་ཡེ་ཤེས་མགོན་པོ་ལྷ་མང་གི་རྗེས་གནང་བར་ཆད་ཀུན་སེལ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཤ་བ་རི་དབང་ཕྱུག་ནས་གཙང་མ་ཤངས་སྟོན་གྱི་བར་མགོན་དཀར་གྱི་བརྒྱུད་པ་དང་འདྲ་བ་ལས། དེ་ནས་རྒྱལ་མཚན་འབུམ། ཚུལ་ཁྲིམས་མགོན་པོ། རི་ཁྲོད་རས་ཆེན། སངས་རྒྱས་རྡོ་རྗེ། ཐར་པ་བཟང་པོ། ཚར་ཆེན་རྡོ་རྗེ་འཆང༌། འཇམ་དབྱངས་མཁྱེན་བརྩེ། དབང་ཕྱུག་རབ་བརྟན། ངག་དབང་ཆོས་གྲགས་མན་གོང་དང་འདྲ། ཡང་ན་ཚར་ཆེན་ནས། མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་གྲགས་རྒྱ་མཚོ། དབང་ཕྱུག་རབ་བརྟན་མན་འདྲའོ། །ཡང་ན་ཚར་ཆེན་ནས། གཉེན་སྟོན་རྣམ་འཕྲུལ་གཞོན་ནུ་བློ་གྲོས། དབང་ཕྱུག་རབ་བརྟན་མན་འདྲའོ།།    །།སྔགས་འཆང་ཀུན་དགའ་རིན་ཆེན་གྱི་ས་ལོ་པ་སྤྱན་སྔ་རིན་པོ་ཆེ་ངག་དབང་ཆོས་གྲགས་ཀྱི་ཕྱག་ལེན་ཟིན་བྲིས་མཛད་པའི་སྟེང་ནས་རྒྱ་གར་གྱི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་ལེགས་པར་ནོས་པའི་ཆོས་ཀྱི་རྣམ་གྲངས་ལ། གྲུབ་ཆེན་ལཱུ་ཧི་པ།༡ དཱ་རི་ཀ་པ།༢ ཌེཾ་ཀི་པ།༣ ལཱི་ལ་པ།༤ བིརྺ་པ།༥ ཌོམྦི་པ།༦ ཤ་ཝ་རི་པ།༧ ས་ར་ཧ།༨ ཀོ་ཀ་ལི་པ།༩ མི་ན་པ།༡༠ ཨ་ནངྒ་«་་་་་གོ་རཀྵ་ཡང་ཟེར། »བཛྲ།༡༡ ཙའུ་ར།༡༢ བཱི་ན་པ།༡༣ རཏྣ་ཨཱ་ཀ་ར་ཤཱནྟི་པ།༡༤ ཏོག་ཙེ་པ།༡༥ ཏིནྡྲ་པ།༡༦ཙ་མ་རི་པ།༡༧ ཁཌྒ་པ།༡༨ ནཱ་གཱརྫུ་ན།༡༩ ནག་པོ་པ།༢༠ ཨཱརྻ་དེ་ཝ།༢༡ ཐ་ག་པ།༢༢ ཏཻ་ལོ་པ།༢༣ ནཱ་རོ་པ།༢༤ ཤ་ལི་པ།༢༥ ཙ་ཏ་པ།༢༦ བྷ་ཏ་པ།༢༧དྷོ་ཥནྟི།༢༨ ཨ་ཛུ་གི༢༩ ས་ཀ་ལ།༣༠ དྷོཾ་བི་པ།༣༡ མེ་ཀོ་པ།༣༢ ཀ་མ་རི་པ།༣༣ ཛ་ལནྡྷ་ར་པ།༣༤ རཱ་ཧུ་ལ།༣༥ དྷརྨ་པ།༣༦ དྷོ་ཀ་རི་པ།༣༧ མེ་དྷ་ནི།༣༨ ས་ག་ཛ་ལ།༣༩ དྲིལ་བུ་པ།༤༠ ཨ་ཡོ་གི༤༡ ཙ་ལོ་ཀི༤༢ གྷུ་དྷུ་རི་པ།༤༣ ལུ་ཙི་ཀ༤༤ ཀཾ་རྐ་ར།༤༥ ཀཾ་པ་ལི།༤༦ བྷ་དེ་པ།༤༧ ཏནྟེ་པ།༤༨ཀུ་ཀུ་རི་པ།༤༩ ཀུཛྙཱ་ལི།༥༠ དྷ་མ་པ།༥༡ མ་དྷི་ལ།༥༢ ཨ་ཙཱིནྟ།༥༣ བྷ་ལ་ཧ།༥༤ ན་ལི་པ།༥༥ བྷུ་སུ་ཀུ།༥༦ ཨིནྡྲ་བྷཱུ་ཏི།༥༧ ལྕམ་ལེགས་སྨིན་ཀ་ར།༥༨ཛ་ལེནྡྲ་པ།༥༩ ནི་གུ་ན།༦༠ ཙ་པ་རི་པ།༦༡ ཙི་པ་ཀ༦༢ བྷི་ཥ་ན།༦༣ ཏིལ་བརྡུང་པ།༦༤ ཀུ་མཱ་རི་པ།༦༥ དུ་མེ་པ།༦༦ མ་ཎི་བྷ་དྲ།༦༧ མེ་ཁ་ལ།༦༨ ཀ་ན་ཁ༦༩ ཀ་ན་ཀ༧༠ ཀནྟ་ལི།༧༡ དྷ་སུ་རི་པ།༧༢ ཨུ་དྷ་རི་པ།༧༣ ཀ་པཱ་ལི་པ།༧༤ ཀི་ར་པ།༧༥ མཚོ་སྐྱེས་རྡོ་རྗེ།༧༦ སརྦ་བྷ་བ།༧༧ ནཱ་ག་བོ་དྷི།༧༨སུ་ར་ལི།༧༩ ས་ན་ཧ།༨༠ ཀོ་ཀ་ལི།༨༡ ཨ་ན་ཀ༨༢ ས་མུནྡྲ།༨༣ བྱ་རི་པ།༨༤ རྣམས་ཀྱི་བྱིན་རླབས་དང་རྟོགས་བརྗོད་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། མཁའ་འགྲོ་མ་ཀོ་ཀི་ལ་དང་དྷརྨ་དེ་ཝ་མཆེད་གཉིས། པཎྜི་ཏ་སཱུརྻ་རསྨི།«་་་་་དཔའ་བོ་འོད་གསལ་ཡང་ཟེར།»བྲམ་ཟེའི་པཎྜི་ཏ་ཀ་མ་ལ། གྲུབ་ཐོབ་ཛ་ཝ་རི་པ། མ་ག་དྷའི་པཎྜི་ཏ་ཨ་བྷ་ཡ་དཱ་ན་ཤྲཱི། མི་ཉག་ཙ་མི་ལོ་ཙཱ་སྨོན་གྲུབ་ཤེས་རབ། རིན་པོ་ཆེ་ཡབ་སྲས། རཏྣ་གུ་རུ། གྲུབ་ཐོབ་ཧཱུྃ་འབར། «རྒན་མོ་ལྷས་པའང་ཟེར།་་་་་»ཁམས་ཆེན་བྱང་ཆུབ་དཔལ། སྟག་སྟོན་ཆེ་བྲག་པ། གཞོན་ནུ་དར་མ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་བདེ་ལེགས་པ། འཕགས་མཆོག་བསོད་ནམས་དར། དམར་སྟོན་རྒྱལ་མཚན་འོད་ཟེར། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། ཏྲེ་བོ་ཆོས་ཀྱི་རྒྱ་མཚོ། རྗེ་བཙུན་ཀུན་དགའ་གྲོལ་མཆོག བསྟན་འཛིན་ཉི་ཟླ་བཟང་པོ། གླིང་སྟོད་ཆོས་རྗེ་ཀུན་དགའ་འབྱུང་གནས། རྨོད་པ་གྲུབ་ཆེན་ཀུན་དགའ་རྣམ་རྒྱལ། བཅོ་བརྒྱད་ཆོས་རྗེ་མཁྱེན་རབ་བསྟན་འཛིན་བཟང་པོ། བཅོ་བརྒྱད་པ་མཁས་གྲུབ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། མཁན་པོ་ཆེན་པོ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །རྡོ་རྗེ་གདན་པས་མཛད་པའི་བསྟོད་པ་གྲུབ་ཆེན་སོ་སོའི་ཤླཽ་ཀ་རེ་ཡོད་པ་རྣམས་ཀྱི་ལུང་ཡང་ཐོས་སོ། །སྨྲས་པ། གོང་འོག་རྒྱུད་སྡེ་ཀུན་ལས་བཏུས་པའི་ལྷ། །དངོས་གྲུབ་འབྱུང་གནས་སྒྲུབ་ཐབས་རྒྱ་མཚོ་དང༌། །བ་རི་བརྒྱ་རྩ་སྣར་ཐང་བརྒྱ་རྩར་བཅས། །རྡོར་ཕྲེང་ཀྲི་ཡཱ་ས་མུཙྪ་སོགས་སོ། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། རྒྱུད་སྡེ་གོང་འོག་སྣ་ཚོགས་འདྲེས་པའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱིས་སརྒ་སྟེ་བཅུ་གསུམ་པའོ།།  །།རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་གསང་ཆེན་རྙིང་མའི་རིང་ལུགས་ལས་བྱུང་བ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་ཕུར་བ་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར། ཆོས་རྗེ་བླ་མའི་མངོན་རྟོགས་རྒྱས་འབྲིང་བསྡུས་གསུམ་དང་དཀྱིལ་ཆོག་གི་དགོངས་དོན་བཞིན་སྔགས་འཆང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་བདག་འཇུག སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་མཛད་ པའི་སློབ་མ་དབང་བསྐུར་གྱི་ཆོ་གའི་སྟེང་ནས་དབང་བཞི་ཡོངས་སུ་རྫོགས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། དཔལ་ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། འཁོན་ཀླུའི་དབང་པོ་བསྲུངས་པ། འཁོན་རྡོ་རྗེ་རིན་ཆེན། འཁོན་ཤེས་རབ་ཡོན་ཏན། འཁོན་ཚུལ་ཁྲིམས་རྒྱལ་པོ། འཁོན་རྡོ་རྗེ་གཙུག་ཏོར། འཁོན་དགེ་སྐྱབས། འཁོན་དགེ་མཐོང༌། འཁོན་སྟོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་རོག་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ཆོས་ཀྱི་རྒྱལ་པོ་འཕགས་པ་བློ་གྲོས་རྒྱལ་མཚན། ཁའུ་པ་འོད་ལྡན་དཔལ། བུ་ལུང་པ་ཀུན་དགའ་རྡོ་རྗེ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། དགའ་ལྡན་པ་ཀུན་དགའ་བསོད་ནམས། གན་པ་རིན་ཆེན་རྒྱལ་མཚན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ།པཎྜི་ཏ་གྲགས་པ་རྒྱལ་མཚན། ཆོས་རྗེ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། ཀུན་དགའ་རིན་ཆེན། གྲུབ་མཆོག་བསོད་ནམས་དབང་པོ། སྔགས་འཆང་གྲགས་པ་བློ་གྲོས། ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་ཕྱུག བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས། སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན། རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་བཛྲ་ཀཱི་ལ་ཡ་ཆོས་ཀྱི་རྗེ་འཇམ་དབྱངས་ཆོས་དར། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་ཆོས་རྗེ་བསོད་ནམས་རྒྱལ་མཚན་པའི་རྗེས་སུ། བླ་ཆེན་ཀུན་དགའ་རྒྱལ་མཚན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་ནམ་མཁའ་རྒྱལ་མཚན།བདག་ཆེན་རྒྱ་གར་ཤེས་རབ་རྒྱལ་མཚན་ནས། ས་ལོ་ཙཱ་བ་མན་འདྲའོ། །ཡང་ན་རྗེ་བཙུན་པ། གན་པ་སྟོན་དར། གན་པ་ཆོས་རྒྱལ། གན་པ་དབང་རིན།གན་པ་རིན་རྒྱལ། ཆོས་རྗེ་བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་འདྲའོ། །ཡང་ན་རྗེ་ས་པཎ། གློ་བོ་ལོ་ཙཱ་བ།འཕགས་པ་རིན་པོ་ཆེ། ལོ་ཙཱ་བ་མཆོག་ལྡན། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ་མན་འདྲའོ།།    །།བདག་ཆེན་རྒྱ་གར་བས་མཛད་པའི་ཕྲིན་ལས་ཀྱི་གཞུང་དྲེགས་པ་ཟིལ་གནོན་དང༌། སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་དབང་ཆོག་མཐོང་བ་རང་གྲོལ་གྱི་སྟེང་ནས། རྩ་བ་ཐུགས་གཏེར་ལྷོ་བྲག་སྲིན་མོ་སྦར་རྗེས་ཅན་གྱི་བྲག་ནས་མངའ་བདག་ཉང་རལ་ཆེན་པོ་ཉི་མ་འོད་ཟེར་གྱིས་སྤྱན་དྲངས་པའི་གཏེར་ཁ་གུ་རུ་དྲག་པོ་ཐོད་ཕྲེང་རྩལ་དྲག་པོ་དམར་ཆེན་གྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཉང་རལ་ཆེན་པོ། མངའ་བདག་སྲས་ཆུང་པ། གུ་རུ་དྷརྨ་རཏྣ། རྟོགས་ལྡན་ཆོས་ཉིད་རང་གྲོལ། དྲིན་ཆེན་སངས་རྒྱས་ལྷུན་དབང༌། སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས།«་་་་་གནུབས། »མཁས་གྲུབ་རྒྱལ་སྲས་ཆོས་རྗེ།«་་་་་ཐུགས་མཆོག་རྩལ་གཅུང༌།»སྔགས་འཆང་ལེགས་པ་དཔལ་བཟང༌། འཁོན་རྒྱ་གར་ཤེས་རབ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ་ཀུན་དགའ་བསོད་ནམས། སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན། འཇམ་པའི་དབྱངས་ཁྲི་ཆེན་བསོད་ནམས་དབང་པོ། བྲང་ཏི་ནམ་མཁའ་སངས་རྒྱས། འཇམ་དབྱངས་ནམ་མཁའ་དཔལ་བཟང༌། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་སྩལ་ཏོ། །ཡང་ན་བྲང་ཏི་ནམ་མཁའ་སངས་རྒྱས་ནས། འཇམ་དབྱངས་བསོད་ནམས་ལྷུན་གྲུབ། ངག་དབང་བསོད་ནམས་རྒྱལ་མཚན། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། ས་སྐྱ་པ་ངག་དབང་ཀུན་དགའ་བཀྲ་ཤིས། དེ་ནས་འཇམ་དབྱངས་ཀུན་དགའ་སངས་རྒྱས་ཀྱིས་གསན་པ་ཡིན་ནམ་བརྟག དེ་དབོན་འཇམ་དབྱངས་བཀྲ་ཤིས་ཕུན་ཚོགས། དེས་བདག་ལའོ།།    །།གུ་རུ་དྲག་དམར་མངའ་བདག་ཉང་ལུགས་ཀྱི་རྗེས་གནང་མཁན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡིག་ཆ་གོ་བདེ་གསལ་བའི་སྒྲོན་མེའི་སྟེང་ནས་ལེགས་པར་ནོས་པའི་བརྒྱུད་པ་ནི། མཁས་གྲུབ་རྒྱལ་སྲས་ཆོས་རྗེ་ཡན་གོང་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་དང་འདྲ་ཞིང༌། དེ་ནས་སྔགས་འཆང་ལེགས་པ་དཔལ་བཟང༌། གུ་རུ་ཆོས་ཀྱི་དབང་ཕྱུགགྲུབ་མཆོག་སྦྱིན་པ་རྒྱ་མཚོ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་ངག་དབང་ཆོས་གྲགས། ངག་དབང་བསོད་ནམས་རྒྱལ་མཚན། ཆོས་རྗེ་བཀྲ་ཤིས་དཔལ་ལྡན། མཁས་བཙུན་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཁན་ཆེན་ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། དྲིན་ཆེན་པདྨ་ཐོད་ཕྲེང་རྩལ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ།།    །།གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ཚེ་དབང་འཆི་མེད་དཔལ་སྟེར་མའི་དབང་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། ཁྲོ་བོ་རྟ་མགྲིན་དབང་གི་རྒྱལ་པོ། སྤྲུལ་སྐུ་པདྨ་འབྱུང་གནས། གྲུབ་ཆེན་བརྩོན་འགྲུས་བཟང་པོ། རྡོ་རིང་ཀུན་སྤངས་ཆེན་པོ། རྗེ་བཙུན་ཀུན་དགའ་གྲོལ་མཆོག བསྟན་འཛིན་ཉི་ཟླ་བཟང་པོ། རྗེ་དབང་ཕྱུག་དཔལ་བཟང༌། མཁན་«་་་་་ཡངས་ཅན་»ཆེན་ངག་དབང་ཆོས་གྲགས། ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། བྲང་ཏི་ནམ་མཁའ་སངས་རྒྱས། འདྲེན་མཆོག་ནམ་མཁའ་དཔལ་བཟང༌། མཁས་གྲུབ་སངས་རྒྱས་ཕུན་ཚོགས། འཆི་མེད་དཔལ་སྟེར་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལ་ལན་མང་དུ་སྩལ་ཏོ། །ཡང་ན་མཁན་ཆེན་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། ཚེ་དཔག་མེད་དངོས་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ནས། རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ་དང༌། ཀུན་དགའ་ཆོས་འཕེལ་གཉི་གས་གསན། མཁན་ཆེན་སངས་རྒྱས་ཕུན་ཚོགས་དང་ཕྱི་མ་གཉིས་ཏེ་དེ་གསུམ་ག་ལས་བླ་མ་བཀྲ་ཤིས་བཟང་པོ་དང༌། ནམ་མཁའ་དཔལ་བཟང་གཉིས་ཀས་གསན། དེ་གཉིས་ཀ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ཐོབ་བོ། །ཡང་ན་མཁན་ཆེན་ངག་དབང་ཆོས་གྲགས་ནས། རྒྱལ་སྲས་ངག་དབང་སྤྱན་སྔ་ཀུན་དགའ་དོན་གྲུབ། ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་ཕྱུག ས་སྐྱ་པ་ངག་དབང་ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན། དེ་ལས་ཁྱབ་བདག་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ་དང༌། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་བདག་གིས་ལན་མང་དུ་ལེགས་པར་ཐོབ་བོ། །དེ་དག་གི་ཡིག་ཆ་ཕལ་ཆེ་བ་ནི་བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་འཆི་མེད་རྡོ་རྗེའི་རྒྱ་མདུད་ཀྱི་སྟེང་ནས་མཛད་ཅིང་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་པས་སྐབས་འགར་སྤྱན་སྔ་བའི་ཡི་གེ་ལྟར་ཡང་མཛད་དོ། །ཡང་ན་གྲུབ་དབང་ཤུག་ར་ཀུན་དགའ་དཔལ་འབྱོར་པ་ལས་སྤྱན་སྔ་ཀུན་དགའ་དོན་གྲུབ་ཀྱི་ཡི་གེའི་སྟེང་ནས་ལན་དུ་མའི་བར་དུ་བདག་གིས་ཐོབ་ཀྱང༌། གྲུབ་ཆེན་དེ་ཉིད་ཀྱི་གསན་ཡུལ་བླ་མ་ཤུག་ར་གོང་མ་ཡིན་ནམ། མཁན་ཆེན་སངས་རྒྱས་ཕུན་ཚོགས་ལ་སོགས་པ་གང་ཡིན་མ་ངེས། ཡང་ན་རྗེ་བཙུན་ཀུན་དགའ་གྲོལ་མཆོག སྡོམ་བརྩོན་ངག་དབང་ཉི་མ། ལྕགས་ཟམ་པ་ཀུན་དགའ་བསོད་ནམས་དབང་ཕྱུག བཅོ་བརྒྱད་བྱམས་པ་ངག་དབང་ལྷུན་གྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས་མན་སྔར་དང་འདྲའོ།།    །།མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡི་གེ་དང༌། མཁན་ཆེན་སངས་རྒྱས་ཕུན་ཚོགས་པས་མཛད་པའི་ལྷན་ཐབས་དང་བཅས་པའི་སྟེང་ནས་ཚེ་དབང་ལྕགས་སྡོང་མ་རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱི་གཏེར་མའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། སློབ་དཔོན་པདྨ་འབྱུང་གནས། སྔགས་འཆང་རྡོ་རྗེ་དཔལ། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང༌། སྔགས་འཆང་ཆོས་རྒྱལ་བསོད་ནམས། སྔགས་འཆང་ཆོས་སྐྱོང་བསོད་ནམས། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྗེ་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། རྒྱལ་མཁར་རྩེ་པ་ངག་དབང་བསོད་«་་་་་རྗེ་འདིས་ཤེས་རབ་འབྱུང་གནས་ལའང་གསན་ནོ།།»ནམས་རྒྱལ་མཚན། ཆོས་རྗེ་བུདྡྷ་བ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། དེ་ནས་བསྟན་འཛིན་ལྷུན་གྲུབ་ཀྱིས་གསན་པ་ཡིན་ནམ་བརྟག དེ་ནས་མཁན་ཆེན་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ་པ་དང༌། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་པ་གཉིས་ཀྱིས་གསན་ནམ། བཀའ་དྲིན་ཅན་གཉིས་ཀ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ལེགས་པར་ཐོབ་བོ། །འདི་ལ་བརྒྱུད་པའི་ཚུལ་རྒྱས་པ་ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་ཕྱག་ན་རྡོ་རྗེ།སྨུག་ནག་དབང་གི་མཁའ་འགྲོ། ཚངས་པའི་རྒྱལ་པོ་གདོང་གསུམ་པ། རིག་འཛིན་ལྷ་དབང་བརྒྱ་བྱིན། ཀླུ་རྒྱལ་འཇོག་པོ། སྐལ་ལྡན་རྒྱལ་པོ་ཛ། མཁས་པ་ཤཱཀྱ་པྲ་བྷ། པདྨ་བི་མ་ལ། བལ་པོ་ཤཱི་ལ་མཉྫུ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། རིག་འཛིན་རྒོད་ལྡེམ་སོགས། འདི་ལ་རྗེ་དབང་ཕྱུག་རབ་བརྟན་གུ་རུ་མཚན་བརྒྱད་ཀྱི་གསོལ་འདེབས་ཀྱི་གསུང་གདངས་མཛད་ཅིང༌། ཚེ་མདའ་ལ་དར་དམར་པོ་བཏགས་པས་གཡོབ་པར་མཛད་ཀྱིན་འདུག་«་་་་་ཞབས་དྲུང་ཨ་མི་ལགས་ཀྱི་གསན་ཡིག་ན་སྣང༌། »གསུང་ངོ༌།། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*