བཅད་རྩོམ།

གསོལ་འདེབས་དགའ་འབོད་མ།

2021 ལོའི་ཟླ 11 ཚེས 9 ཉིན། ཕར་ནང་དཀོན་རྒྱས་ 0

ཚེ་རོགས་སྐྱ་ཡ་འདང་ཆེན་མ།།
དཔག་བསམ་ལྗོན་ཤིང་འདྲ་ལེ་མ།།
མི་སེམས་མགུ་བའི་སྒྱུ་འཕྲུལ་མ།།
བྱམས་ལྡན་ཅན་མ་ཁྱེད་ལ་འདུད།།
སངས་རྒྱས་སྟོང་གི་ཐིག་ལེ་མ།།
རྒྱུ་འབྲས་མིག་ལྟར་སྲུང་བའི་མ།།
བཅོམ་ལྡན་གསུང་སྤྲུལ་ངག་གི་མ།།
གཤིས་བཟང་ཞི་མོ་ཁྱེད་ཀྱིས་སྲུངས།།
ལས་དང་རྒྱུ་རྐྱེན་རྟེན་འབྲེལ་གྱིས།།
ལྷ་གཞན་དད་པ་མེད་མིན་ཡང་།།
སྒོས་སུ་ལྷ་སྐལ་ཁྱེད་ལ་དད།།
དགོས་འདོད་ཀུན་འབྱུང་བསྩལ་ཏུ་གསོལ།།
འཁོར་བའི་རང་ཁྱིམ་དྲོན་པོ་རུ།།
སྲོག་གི་ཀ་བ་གཞུང་རིངས་མ།། དེ་ལས་མང་་་

བཅད་རྩོམ།

ཁྱོད་ལའང་མི་ཚོགས་ཀྱི་ཁ་དུག་ཕོག་སོང་བ་འདྲ།

2021 ལོའི་ཟླ 11 ཚེས 9 ཉིན། ཕར་ནང་དཀོན་རྒྱས་ 0

དེ་དུས།སུ་ཡིས་ཀྱང་མ་སྐུལ་བར་ཁྱེད་ཀྱིས་ང་ལའཕྲིན་ཡིག་བྲིས་པ་བདེན་ན།དེ་དུས།གང་གིས་ཀྱང་མ་གདམས་པར་ཁྱེད་ཀྱིས་ང་ལ་སྙིང་གཏམ་གླེང་བ་བདེན་ན།དེ་དུས།ལྷ་ཡིས་མ་བཀོད་པར་འུ་གཉིས་འགྲིག་སོང་བ་བདེན་ན།དེ་དུས།འདྲེ་ཡིས་མ་གཏོར་བར་འུ་གཉིས་མཐུན་སོང་བ་བདེན་ན།
ད་སྐབས།
རྒྱུ་གང་ཞིག་གིས་སྔོན་འགྲོ་བྱས་ཏེ།
རྐྱེན་ཅི་ཞིག་གིས་རྫོགས་ཚིག་བྲིས་སོང་།
ངས་ད་དུང་།
རྒྱུ་མཚན་འཚོལ་ནས་ཁུངས་སྣེ་བརྟག་དགོས་པ་ཡིན་ནམ།རྒྱུ་མ་གཟེར་བཞིན་
དེ་ལས་མང་་་

བཅད་རྩོམ།

གེ་སར་ནོར་བུ་དགྲ་འདུལ།

2021 ལོའི་ཟླ 11 ཚེས 9 ཉིན། ཕར་ནང་དཀོན་རྒྱས་ 0

དབུ་རྨོག་དར་་གངས་རིའི་སུལ་དུ་དཔྱངས།།་
དཔའ་སྤོབས་པས་གླིང་བཞི་བརྒལ་བ་ཡི།།
རྗེ་སེང་ཆེན་ཝེར་མའི་གཙོ་བོ་སྟེ།།
མཚན་བརྗོད་པས་ཁ་ལས་རླུང་རྟ་མཐོ།།
ཐབས་ཤེས་རབ་ཉི་ཟླའི་འོད་ལ་འགྲོགས།།
བྱམས་སྙིང་རྗེའི་མཚོ་མོ་གཏིང་དཔག་དཀའ།།
དཔའ་དགྲ་ལྷའི་གཙོ་བོ་གེ་སར་རྗེ།།
བུ་དད་ཅན་ཡིད་ལ་གཟི་བྱིན་བསྐྲུན།།
ཆིབས་རྐྱང་རྒོད་གོང་གི་དཔའ་རྒོད་ཅིག།
བློ་སྤོབས་པའི་མཁྱེན་རྒྱ་ནམ་ལངས་བཞིན།།
ཡུལ་ས་ཆེན་བདེན་པས་སྲུང་མཛད་པ།།
མགོན་སེང་ཆེན་སྐྱེས་བུ་དམ་པ་མཆོད།།
ས་བྱང་ཕྱོགས་རི་ དེ་ལས་མང་་་

བཅད་རྩོམ།

རྡོ་ཡི་མེ་ལོང་ལས་བརྡོལ་བའི་སྣང་ཚོར་གྱ་མ་གྱུ

2021 ལོའི་ཟླ 11 ཚེས 8 ཉིན། ཕར་ནང་དཀོན་རྒྱས་ 0

དཔེ་དེབ་ཐར་ཐོར་གྱི་གསེབ་ཏུ་ཉུལ་བའི་སྨུག་པ་སྐྱ་བོ
རྩི་ཤིང་འཐུ་ཞོར་ཡན་ལག་གཅད་ཞོར་ལུས
རྨི་ལམ་གྱི་གཞུག་མས་མུན་ནག་ཏུ་དངུལ་ཆུ་མཆེད་པ་ལས
ལག་མཐིལ་དུ་རིན་ཆེན་གྱི་ཅ་དངོས་གང་ཡང་གཏེར་ཁ་མ་མཆིས
སྒོག་དྲི་བྲོ་བའི་སྐར་ཆ་རེར་ཐང་གཞུང་གིས་གྲིབ་སོ་གྱོན
ཉིན་མོར་དབྱར་རྩ་འཐུས མཚན་མོར་དགུན་འབུ་བསོག
རེ་བ་རི་རབ་ཅིག་འདུན་ཏེ་སྤྲིན་པའི་ཀྱོག་འཚམ་ལས་ཆར་ཆུ་བླང
དེ་ཡང་བདག་གི་ཉི་འོད་ཀྱི་གདོང་དུ་བྱར
རྒྱུན་པར་དུ་ དེ་ལས་མང་་་

བཅད་རྩོམ།

ལུས་དྲི་ཞིམ་པོ་ཞིག་ལ།

2021 ལོའི་ཟླ 11 ཚེས 8 ཉིན། ཕར་ནང་དཀོན་རྒྱས་ 0

རྩྭ་ལོ་མི་འགུལ་དལ་གཅིག་སྡོད་པའི་རིང་། །
ཤུགས་རིང་འབྱིན་པའི་ཁ་རླངས་མི་མཐོང་པ། །
འཇམ་ལ་སྣུམ་འོད་འཁྱིལ་བའི་མེ་ཏོག་ཅིག །
ལག་པས་དམ་པོར་འཆང་འདོད་ཆེ་བས་སོ། །
ཆུ་མོ་མི་སྡོད་བཞུར་ནས་འགྲོ་བཞིན་དུ། །
སྡུག་པའི་དབྱངས་རྟ་འཐེན་པ་མི་ཐོས་པ། །
ཡུལ་ལ་ཞེན་ཆགས་ལྡོག་ཏུ་མེད་པའི་རྐྱེན། །
སུ་ཡི་རྣ་བ་དཀྲོག་འདོད་མེད་པས་སོ། །
ཤར་ནུབ་བགྲོད་ལམ་འདེད་པའི་ཟླ་བ་ཁྱོད། །
དགུ་བའི་ཟླ་མཇུག་འདི་ནས་མི་འཆར་དོན། །
སྐྱེ་འགྲོ་གྲངས་མང་འཁྲི་བའི་བག་ཆགས་ཀུན། །
བསྐྱུར་ དེ་ལས་མང་་་

བཅད་རྩོམ།

འཆར་ཡན་གྱི་གླུ་རྟ་ཐོག་དགུ་འགྱུར་མ།

2021 ལོའི་ཟླ 11 ཚེས 8 ཉིན། ཕར་ནང་དཀོན་རྒྱས་ 0

དགུང་ཁྲི་གྲངས་སྐར་མའི་མར་ཞབས་ཀྱི།།
འཇའ་ཉི་མའི་གུར་ཁུང་དབུས་མ་ན།།
ཚོན་ཁ་དོག་རི་མོ་ཡ་ལ་ལ།།
དེའི་མཛེས་པ་རྨ་བྱའི་སྒྲ་གུར་འདྲ།།
དེ་མ་ཡིན་གོས་ཆེན་རི་མོ་འདྲ།།
དཔེར་ཏིང་འཛིན་བུ་མོའི་རུམ་ཁུག་ནས།།
དུས་ནམ་ཟླའི་དྲོ་གྲང་མ་གླེང་ཨཱ།།
ཕྱིའི་ཤིན་ལྤགས་ནགས་ཀྱི་མེ་དཔུང་ཨང་།།དྲི་རྟ་མཆོག་ཞོན་པའི་བང་རིམ་གྱི།།
མདངས་ཟླ་བ་རྫོགས་པའི་གཞལ་ཡས་ན།།
ཤིང་གློག་གི་དྲྭ་བ་འཁྱུག་སེ་འཁྱུག །
ཚུལ་གང་ལ་ལྟས་ཀྱང་ཞི་དུལ་བ།།
གཞོག་གང་གི་དཔྱད་ དེ་ལས་མང་་་

བཅད་རྩོམ།

ཡུལ་ཟེར་བ་གང་གི་གང་རེད།

2021 ལོའི་ཟླ 11 ཚེས 8 ཉིན། ཕར་ནང་དཀོན་རྒྱས་ 0

ཡུལ་ཟེར་བ་གང་གི་གང་རེད
འོན་ཀྱང
སོ་སོར་གྱེས་པ་ནི
ཆོས་ཉིད་ཀྱི་རང་བཞིན་ཞིག་ཏུ་གྲུབ་ཡོད
དུས་སྐབས་འདིར
ཁྱོད་རང་རླུང་ལ་བཞོན་པའི་སྤྲིན་གྱི་བྱེའུ་ཞིག་ལ་དགའ
བྱེའུ་དེ་ཡང་ཡུལ་གྱར་གྱི་བྱེའུ་ཡིན
སྨུག་པ་འཐིབས་པའི་རི་རིབ་དང་གཙང་བོ་འདི་བརྒལ་བ་ནི
ཁྱོད་རང
ལྗོན་ཤིང་གི་བསིལ་གྲིབ་འོག་གི
འཁོར་བ་ལ་ཞིག་ལ་སེམས་པ་ཆགས་པས་ཡིན་ནམ
མ་འོངས་པ།
མ་འོངས་པ་ཞིག་གི
མཚོན་བྱེད་དུ
དོ་ནུབ་ཀྱི་མཚན་མོ་ལྟ་བུའི་ངོ་གདོང་གིས དེ་ལས་མང་་་

བཅད་རྩོམ།

རྗེ་བཙུན་བཞད་པ་རྡོ་རྗེ་ཞིབ་མཇལ་བྱས་པ།

2021 ལོའི་ཟླ 11 ཚེས 8 ཉིན། ཕར་ནང་དཀོན་རྒྱས་ 0


ཁམས་གསུམ་ཚིག་གཏེར་སྙན་པ་གཅིག་ཏུ་འདྲིལ། །
རིག་བྱེད་བྱེ་བའི་དམག་དཔུང་ཚོགས་ཀྱི་དབུས། །
དབྱངས་བདུན་གོ་ཆའི་ཆ་ལུགས་རྫོགས་པའི་ལྷ། །
ངག་དབང་དབྱངས་ཅན་ལྷ་མོ་ཕྱག་གི་ཡུལ། །༢
སྐུ་གསུམ་ངོ་བོ་གཅིག་ཏུ་བསྡུས་པའི་སྤུངས། །
མ་ཧཱ་མཱ་ཡཱའི་གདམས་པ་ཐུགས་སུ་མནོས། །
གསང་ཆེན་རིག་པའི་མཛོད་ཀྱི་སྒོ་ཆེན་པ། །
མར་སྟོན་རྡོ་རྗེ་འཆང་ལ་ཕྱག་བགྱི་འོ། །༣
མེ་ཏོག་མདངས་ལ་ཚོན་གྱིས་མ་བསླད་ཅིང་། །
གདམས་པ་གང་ལ་གཞན་ལུགས་མ་བརྫུས་པའི། །
གངས་ཅན་པཎ་གྲུབ་ཀུན་གྱི་ཆུ་ དེ་ལས་མང་་་

བཅད་རྩོམ།

ཟླ་དགུ་པའི་ལོ་མ།

2021 ལོའི་ཟླ 11 ཚེས 8 ཉིན། ཕར་ནང་དཀོན་རྒྱས་ 0

གཡུ་ཡི་མེ་ལོང་ངོས་སུ་མེ་ཏོག་བཞད།།
མེ་ཏོག་བཞད་པའི་མཛེས་ལྗོངས་ཡིབ་ནས་བྱུང་།།
ནགས་ཚལ་ཤིན་ཏུ་མཐུག་པོའི་ཡུལ་ལྗོངས་དེ།།
ན་ཚོད་རྒས་པའི་ལང་ཚོ་དོད་ནས་བྱུང་།།
ཉི་འོད་ཆར་བ་འཐབ་པའི་ས་སྲོད་དེར།།
ཉི་འོད་སྡོང་བོའི་གསེང་ནས་ལམ་ལ་ཆས།།
རང་ཤག་སྒེའུ་ཁུང་མཐའ་ནས་མཐོང་སྣང་ལ།།
རླུང་བུས་དར་ལྕོག་སྐྱོད་པའི་སྣང་ཡན་བསིལ།།
ལོ་མའི་སྟེང་གི་ཟིལ་བ་ཐུར་དུ་བཞུར།།
ལོ་མའི་ཞལ་ལ་བྱབས་ཁྲུས་གནང་བར་འདྲ།།
ལོ་མའི་ལང་ཚོའི་དཔལ་གྱི་གཟི་བྱིན་དེ།།
ས་ དེ་ལས་མང་་་

བཅད་རྩོམ།

ཀུན་མཁྱེན་རོང་སྟོན་ཆེན་མོ།

2021 ལོའི་ཟླ 11 ཚེས 8 ཉིན། ཕར་ནང་དཀོན་རྒྱས་ 0

གཞུང་དོན་ཁུ་ཡུག་གསུང་སྙན་ཐོས་མ་ཐོས། །
བསམ་གཞིག་ལྕང་ལོའི་འདབ་མ་གཡོ་མ་གཡོ། །
པོ་ཏི་གསེར་གྱི་བྲག་རི་བརྩེགས་པས་ཤེས། །
གཞུང་བཟང་གདམས་ངག་བསེད་ནས་བཀྲོལ་བས་ཤེས། །
བཙུན་པས་རང་རྒྱུད་སྒོ་གསུམ་བསྡམས་མ་བསྡམ། །
འཆད་པས་གཞན་རྒྱུད་བློ་རྨོངས་གསལ་མ་གསལ། །
སྡོམ་གསུམ་དྲི་མེད་ཆོས་གོས་ལྡན་པས་ཤེས། །
བུ་སློབ་ནགས་ཚལ་ཕྲེང་བར་མཛེས་པས་ཤེས། །
འཐེན་ཁྱེར་ཨུ་ཚུགས་དབྱུག་པ་བཟུང་མ་བཟུང་། །
ཆགས་སྡང་སོ་གཉིས་རལ་གྲི་གཡུག་མ་གཡུག །
གཞུང་དོན་རིན་ཆེན་བཀའ་བཞིན་བཀྲལ་བས་ཤེས། ། དེ་ལས་མང་་་

བཅད་རྩོམ།

ལྷ་མོ་དབྱངས་ཅན་མར་སྦྱར་བའི་མགུར

2021 ལོའི་ཟླ 11 ཚེས 8 ཉིན། ཕར་ནང་དཀོན་རྒྱས་ 0

སྒྱུ་འཕྲུལ་སོར་མོའི་སྟེང་ལ།།
ངག་གི་རིགས་བྱེད་འཁྲུངས་མ།།
ངག་དབང་དབྱངས་ཅན་ལྷ་མོ།།
མགྲིན་པའི་དབྱངས་ལ་སིམ་ཤོག །
པདྨའི་ཡལ་འདབ་སྟེང་ལ།།
པད་མོས་ཕྱག་རྒྱ་མཛད་མ།།
པད་གདན་ཟེའུ་འབྲུའི་བཅུད་དུ།།
པདྨའི་ཚལ་དུ་ཕེབས་མཛོད།།
“མཛེས་མཛེས་སྟངས་སྟབས་མཛད་མ།།
གྲེ་འགྱུར་མངའ་དབང་འབྱོར་མ།།
རིགས་བྱེད་ངག་གིས་ཕྱུག་མ།།
མགྲིན་པ་ཆབ་ཀྱིས་བྲན་མ།།
སྣ་ཚོགས་སྒེག་པ་དཔའ་མ།།
འཛུམ་གྱི་དོ་ཤལ་འཆང་མ།།
ལྷ་ཚོགས་སྙིང་གི་ཤམ་མ།།
ཡིད་ཀྱི་དྭངས་མཚོར་སྨིན་མ།།
ཆོས་ཀྱི་དབྱིངས་སུ་གསལ་མ།། དེ་ལས་མང་་་

བཅད་རྩོམ།

ཉི་ཟླ་ལྕགས་རིའི་འགྲམ་གྱི་སྙན་ཚིག་བདམས་བཀོད།

2021 ལོའི་ཟླ 11 ཚེས 2 ཉིན། ཕར་ནང་དཀོན་རྒྱས་ 0

སྟོན་ཁ་བཞུད་རྗེས
ཁེར་རྐྱང་གི་རང་ཉིད་ལ་ཅི་ཞིག་ལྷག་ཡོད་དམ
འཚིག་དྲི་དྲོ་བའི་དྲན་པ་སྐོར་གཅིག
ཡང་ན་ལྷགས་རླུང་གིས་བསྒུལ་བའི་ཐ་སྙད་སྐོར་ཞིག
ད་དུང་མ་འོང་པ་ཟེར་བའི་ཐ་གུ་ནག་པོ་ཞིགཐ་སྙད་ཀྱི་ཚོགས་འདི་དག་རླུང་ལ་བསྐུར་རྗེས
རང་ཉིད་གཅིག་པུ་སྟོང་བསམ་གྱིས་ལུས
མཚན་མོའི་མེ་འོད་དང་ཉིན་མོའི་ཉི་འོད་ཀྱང་ཧ་ཅང་གྲང
མུན་པ་གཅིག་པུས་རྒྱང་བཞུད་ལ་སེམས་པ་འཁོརདྲན་པ་ཡོད་ཚད་མེ་རུ་སྦར་རྗེས
རང་ཉིད་གཅིག་པུ་ཁེར་ དེ་ལས་མང་་་

བཅད་རྩོམ།

ཁྱོད་ལ་ཕྱི་མིག་བལྟས་ཡོད།

2021 ལོའི་ཟླ 11 ཚེས 2 ཉིན། ཕར་ནང་དཀོན་རྒྱས་ 0

ནམ་ཟླ་དགུན་ཁ་གན་ནས། །
སྙིང་སྡུག་མཛའ་མོ་དྲན་དུས། །
ཁ་བ་སེམས་སུ་བབས་བྱུང་། །
གྲང་ངར་རུས་ལ་ཟུག་བྱུང་། །མཛའ་མོ་དྲན་པའི་གླུ་ཆུང་། །
ཁེར་རྐྱང་སེམས་ནས་བླངས་ཡོད། །
དྲན་གདུང་མཆི་མ་ཐ་ཐོར། །
གཙང་བོའི་འགྲམ་དུ་ཤོར་བྱུང་། །ཁ་བ་མར་མར་འབབ་བྱུང་། །
རླུང་ཆེན་ཤུར་ཤུར་ལྡང་བྱུང་། །
སྐྲ་འདབས་ཁ་བ་མ་ཞུ། །
ཁྱོད་ལ་ཕྱི་མིག་བལྟས་ཡོད། །ང་ཡི་སྙིང་སྡུག་མཛའ་མོ། །
བརྩེ་བའི་འོ་དང་འདྲ་བུའི། །
གླུ་ཆུང་སྙིང་གཏམ་དམར་པོ། །
ཁྱོད་ཀྱི་ཕྱོགས་ལ་ཕུལ་ཡོད། ། དེ་ལས་མང་་་

བཅད་རྩོམ།

སྐྱོ་ཤས་ན་བུན་མ།

2021 ལོའི་ཟླ 11 ཚེས 2 ཉིན། ཕར་ནང་དཀོན་རྒྱས་ 0

དབྱར་མེ་ཏོག་བཞད་པའི་ཟླ་གསུམ་ནང་།།
རི་མཛེས་ཙམ་ཆུ་མོ་དྭངས་ཙམ་བྱུང་།།
ནང་ཕུ་ནུར་གྱེས་པའི་ལོ་གསུམ་ནང་།།
སྡུག་མྱངས་ཙམ་སེམས་ཡང་སྐྱོ་ཙམ་བྱུང་།།
ཡར་བརྩིས་པའི་མི་ལོ་ཉི་ཤུའི་གོང་།།
ས་ཆ་ཡོད་ཆུ་ཡང་རྒྱུས་ཡོད་ཡིན།།
ལོ་ཟླ་བའི་གཙང་བོ་བཞུར་བའི་ཚེ།།
མི་འདྲིས་ཡོད་སེམས་པ་བརྩིས་ཡོད་ཡིན།།
ཕྱིར་འཁོར་ནས་ཞིབ་འདང་བརྒྱག་རྒྱུ་ན།།
དྲིན་ཕ་མ་ཉི་ཟླ་ཆ་འཛོམས་ཡིན།།
དེའི་བདེ་སྐྱིད་དགོས་འདོད་ནོར་བུ་ཡིན།།
གནའ་དེང་མའི་སྤང་ལྗོངས་སྔོན་མོའི་སྟེང་།།
མདོག་དཀར་དམར་མེ་ དེ་ལས་མང་་་

བཅད་རྩོམ།

སྐུ་འབུམ་མཇལ་བ།

2021 ལོའི་ཟླ 11 ཚེས 1 ཉིན། ཕར་ནང་དཀོན་རྒྱས་ 0

འཇམ་མགོན་བླ་མའི་གདན་སར་བསྟོད་པའི་ཚིག།
འཇམ་རྩུབ་རང་རྒྱུད་ཉོན་མོངས་ཞི་བའི་སླད།།
འཇམ་ལྡན་ངག་རིག་སྙན་པའི་དཔལ་ལ་དྲངས།།
འཇམ་དབྱངས་དགྱེས་པའི་དགའ་སྟོན་དེང་འདིར་སྩོལ།།
མགོན་པོ་གང་གི་ཞབས་རྡུལ་ཟེར་མའི་འོད།།
མགོན་དུ་ཤར་བའི་སྐལ་བ་བཟང་བོའི་དུས།།
མགོན་མཆོག་གཙུག་གི་རྒྱན་དུ་ཡང་ཡང་མཆོད།།
མགོན་ཁྱེད་དགྱེས་པས་བྱིན་རླབས་ཆར་དུ་བསྙིལ།།
བླ་ན་མཐོ་བའི་བསོད་ནམས་ཆེན་པོའི་མཐུས།།
བླ་མེད་ལེགས་བཤད་གསུང་གི་དཔལ་ལ་རོལད།།
བླ་མ་འཇམ་དཔལ་དབྱངས་དང་དབྱེར་མེད་པའི།།
བླ་ དེ་ལས་མང་་་

1 2 3 4