བཅད་རྩོམ།

རྒུད་པ།

2021 ལོའི་ཟླ 11 ཚེས 19 ཉིན། ཕར་ནང་དཀོན་རྒྱས་ 0

ཉི་འོད་འཁྱུག་པ་ཙམ་གྱིས་ན། ། རི་བོ་བསྐྱུར་ཏེ་མཚོ་ལ་འགྲུམ། ། གནའ་ཡི་ལོ་རྒྱུས་ལ་ཆགས་ཏེ། །མིག་གི་ཕྱེད་ཀ་རྒྱང་ལ་གཟིམ། ། སེམས་ཀྱི་རྙིད་པ་ནག་པོ་ཡང་། ། དག་ནི་སེམས་ཀྱི་སྦུབ་ཏུ་ལྕེབ། ། འུ་ཅག་ལུས་ཀྱི་སྟོན་ཁའི་ནང་། །མེ་ཏོག་སྣ་ཚོགས་ཁ་གཏད་དུ། ། སྒྱུ་མའི་མལ་དུ་ཅིས་ཅང་ལྷུང་། །ཉིན་མོའི་ཉི་འོད་ལ་སྐྲག་ཅིང་། །མཚན་མོའི་ཟླ་འོད་དེ་ལས་ནི། །དེ་བས་ཁུ་སིམ་ལ་ཞེན་བཞག །གསལ་བའི་རི་ཟོམ་དག་ཏུ་ན། ། འབྲ་བའི་སྤྲིན་པ་དོག་པོ་དག ། དེ་ལས་མང་་་

བཅད་རྩོམ།

དབེན་པའི་གནས།

2021 ལོའི་ཟླ 11 ཚེས 19 ཉིན། ཕར་ནང་དཀོན་རྒྱས་ 0

གསེར་འཛིན་བཀོད་ལེགས་པདྨའི་ཡང་སྟེང་དུ།། ཁྲ་ཚོམ་ཆུ་སྐྱེས་སྐར་ཚོགས་ཐང་མལ་བརྡལ།། རྩལ་ལྡན་གཤོག་ཐོགས་གཞོན་ནུའི་མགྲིན་པའི་རྔ།། དབེན་པའི་རི་ངོགས་འདི་རུ་ཡང་ཡང་ཟགས།།ཕྱོགས་བཞིའི་ལྗོན་པ་དཔལ་གྱི་དུམ་བུ་ལ།། སྣ་ཚོགས་འདབ་མའི་ཕྲེང་བ་བསྟར་ལ་བརྒྱུས།།
ཡིད་ཀྱི་དབང་པོ་འཕྲོག་པའི་དྲི་བསུང་གིས།། བདག་ཡིད་ཁྱེའུ་ཆུང་སུམ་རྩེན་ཡུལ་ལ་དྲངས།།ཁོ་ར་ཁོར་ཡུག་གཡུ་ཡི་མཎྜལ་ལ།། མཉེན་ལྕུག་རྐང་འཐུང་གཞོན་ནུས་གར་བྱེད་ཅིང་།། མཚར་སྡུག་འདབ་ཡངས་ཆུ་སྐྱེས་ལྡེམ་ལྡེམ་གཡོ།། ཨེ་མ་དབེན་ དེ་ལས་མང་་་

བཅད་རྩོམ།

སྟོན་ལོའི་ཉམས་སྣང་།

2021 ལོའི་ཟླ 11 ཚེས 18 ཉིན། ཕར་ནང་དཀོན་རྒྱས་ 0

སྟོན་ཟླའི་སྐྱ་རེངས་འཆར་བས་དབྱར་ཟླ་རྒུད། །
གསེར་ལྡན་དགའ་མའི་ན་བཟའི་ཁ་དོག་འགྱུར། །
ཉིན་བྱེད་དབང་པོ་མཐོ་ལ་གཤེགས་བགྱིད་དེ། །
གྲང་ཟུག་མ་ཐེག་སྟོན་ལོ་ཉིལ་ཉིལ་ཟགས། །
རྩྭ་ལྗང་ལོ་འདབ་སེར་པོའི་ཕྱོགས་སུ་ལྷུང་། །
སྲོག་ཆགས་ཕྲ་མོ་དབྱིག་འཛིན་ཁོག་ཏུ་ཕིབས། །
དྲོད་གྲང་རན་པའི་དབྱར་ཁ་ཟད་པའི་ཚེ།
རི་གྲོང་ཁ་བའི་བཀླུབས་པའི་ནམ་ཟླར་སྐྲག །
ཁ་ཡངས་ནོར་འཛིན་བུ་མོའི་ཕང་བ་ན། །
གསེར་མིག་ཅན་པོ་ཟློས་པའི་གར་ལ་ཁྱུག །
དར་ཁ་སྒྲིག་པ་འདྲེན་བྱེད་མི་འདོད་ཀྱང་། །
དུས་ དེ་ལས་མང་་་

བཅད་རྩོམ།

དད་པའི་མགུར་དབྱངས་ཞེས་བྱ་བ་བཞུགས་སོ།

2021 ལོའི་ཟླ 11 ཚེས 18 ཉིན། ཕར་ནང་དཀོན་རྒྱས་ 0

ས་འདི་ནས་བལྟས་པའི་ཤར་ངོས་སུ། །
རྟ་དཀར་པོར་ཆིབས་པས་ནེ་སེར་ཇོའོ། །
གཙང་མྱང་སྨད་ཡུལ་གྱི་གདོང་ཅན་ན། །
མ་སྒྲོལ་མའི་པང་དུ་བཀྲས་ལྷུན་ཆགས། །
ཆོས་དབྱངས་སྙན་འདུ་ཁང་ཕུག་ནས་ལྡིར། །
དབུའི་ཉག་ལོ་དཀར་བའི་རྗེ་བཙུན་མཆོག །
ཁྲི་འཕང་བའི་མཐོན་པོར་འཁོད་དེ་བཞུགས། །
མ་འགྲོ་བ་འདྲེན་པའི་དམིགས་རིམ་གསལ། །
ཆོས་ཡུལ་གྱི་ཞིང་ས་དབུས་གཙང་སོགས། །
རྗེ་རྡོ༵་རྗེ༵་རྒྱ༵ལ་མཚ༵ན་ཆོས་བསྐོར་མཛད། །
བུ་མངས་པོ་དམ་ཆོས་མངར་མོས་བསྐྱངས། །
མགོན་ཁྱེད་ཀྱི་བཀའ་དྲིན་བསམ་མི་ཁྱབ། །
ཐུགས་སྟོབས་བཅུ་མངའ་ དེ་ལས་མང་་་

བཅད་རྩོམ།

ཨག་སྐད།

2021 ལོའི་ཟླ 11 ཚེས 17 ཉིན། ཕར་ནང་དཀོན་རྒྱས་ 0

ལྷ་མོ་ལགས སྔས་འགྲམ་གྱི་དཔེ་དེབ་ངོས་སུ ཁ་འཐོར་གྱི་མི་རིགས་ཤིག་གི་རྔུལ་ཆུ་ལུས་འདུག ལྷ་མོ་ལགས ལོ་ཟླ་དེའི་མཇུག་ནས ཁྱེད་རང་གངས་དང་རིང་དུ་གྱེས་ཟིན་པས དུས་ཚོད་ཀྱི་ལག་པ་རིང་མོས ཁྱོད་ཀྱི་རྨི་ལམ་ལ་ཚོན་རྩི་གཞན་ཞིག་བཏང ངས་ཅི་ཡང་ཤོད་མེད ངས་ཅི་ཡང་བཤད་ཀྱིན་མེད ངས་ཡོད་ཚད་ལ་ལགས་སོ་ཞེས་བཤད་དགོས
ཇོ་ཇོ གངས་དེའི་ཕ་རོལ་ན དབྱངས་གསལ་སོ་བཞི་འདུག་གམ ཧ་ཅང་འཁྱག་པའི་གངས་རི་འདི ཁྱོད་ཀྱི་མིག་ཆུ དེ་ལས་མང་་་

བཅད་རྩོམ།

བོད་མོ་ལྷ་ལྕམ་དང་རྒྱང་མཇལ།

2021 ལོའི་ཟླ 11 ཚེས 15 ཉིན། ཕར་ནང་དཀོན་རྒྱས་ 0

དུས་དེ་ནས
སེམས་ཀྱི་རྡུལ་ཕྲན་རེ་རེ
བདག་གི་སྙན་ངག་དང་འབྲེལ་ཐབས་བྲལལོ་ངོ་སྟོང་གི་རེ་སྒུགཧ་ཅང་རྒྱང་ཐག་རིངརྒྱང་རིང་གི་དྲན་པ་དེའི་སྣེ་རུ
ཁྱོད་དང་ང་ཡི་རྨི་ལམ་བཞུར
༢༠༢༡-༥-༢༢ཉིན།འཁོར་བ།རྨི་ལམ་དེའི་མཐརཁྱོད་ཀྱི་སོར་མོའི་རྩེ་རུབྱེའུ་གཞན་ཞིག་ཕེབས་བྱུངཁེར་རྐྱང་དང་གཏན་དུ་གྱེས་རྗེས
སླར་ཡང་ཕྱིར་ལོག་པའི་ལོ་ཟླ་དེརཉེས་མིང་གཞན་ཞིག་བཏགསང་ལ་ཡིད་ཆས་མ་གནང་རོགསངའི་འཁོར་བའི་མེ་ལོང་དུ
ཁྱོད་ལས་གཞན་སུ་ཡང་ཤོང་ཐབས་མི་འདུག དེ་ལས་མང་་་

བཅད་རྩོམ།

ཀུན་མཁྱེན་རོང་སྟོན་ཆེན་མོ།

2021 ལོའི་ཟླ 11 ཚེས 15 ཉིན། ཕར་ནང་དཀོན་རྒྱས་ 0

གཞུང་དོན་ཁུ་ཡུག་གསུང་སྙན་ཐོས་མ་ཐོས། །
བསམ་གཞིག་ལྕང་ལོའི་འདབ་མ་གཡོ་མ་གཡོ། །
པོ་ཏི་གསེར་གྱི་བྲག་རི་བརྩེགས་པས་ཤེས། །
གཞུང་བཟང་གདམས་ངག་བསེད་ནས་བཀྲོལ་བས་ཤེས། །
བཙུན་པས་རང་རྒྱུད་སྒོ་གསུམ་བསྡམས་མ་བསྡམ། །
འཆད་པས་གཞན་རྒྱུད་བློ་རྨོངས་གསལ་མ་གསལ། །
སྡོམ་གསུམ་དྲི་མེད་ཆོས་གོས་ལྡན་པས་ཤེས། །
བུ་སློབ་ནགས་ཚལ་ཕྲེང་བར་མཛེས་པས་ཤེས། །
འཐེན་ཁྱེར་ཨུ་ཚུགས་དབྱུག་པ་བཟུང་མ་བཟུང་། །
ཆགས་སྡང་སོ་གཉིས་རལ་གྲི་གཡུག་མ་གཡུག །
གཞུང་དོན་རིན་ཆེན་བཀའ་བཞིན་བཀྲལ་བས་ཤེས། །
མི་ དེ་ལས་མང་་་

ལྷུག་རྩོམ།

སྐད་ཡིག་གི་རིན་ཐང་གླེང་བ།

2021 ལོའི་ཟླ 11 ཚེས 15 ཉིན། ཕར་ནང་དཀོན་རྒྱས་ 0

དུས་རབས་འཁོར་སྤྱོད་རྒོད་པའི་དུས་སྐབས་འདིའམ་གནའ་མིའི་དུས་རབས་གང་གི་སྐབས་སུའང་མི་རིགས་ཀྱི་སྲོག་རྩ་དེ་སྐད་ཡིག་ལ་ཐུག་ནས་ཡོད་པ་སྨྲོས་མེད་རེད་ལ། མི་རིགས་དེའི་སྐད་ཡིག་བདག་སྐྱོང་བྱེད་པ་ནི་མི་རིགས་བདག་སྐྱོང་བྱེད་པ་ལས་མ་འདས། དེས་ན་ང་ཚོ་བོད་མི་རིགས་འདིའང་ཅི་ཙམ་ཡུན་གནས་བྱ་དགོས་ན་དེ་ཙམ་གྱིས་སྐད་ཡིག་བདག་སྲུང་བྱ་དགོས་ཏེ།༼ མཁན་ཆེན་འཇིག་མེད་ཕུན་ཚོགས་མཆོག་གིས༽ བོད་རིགས་དག་མ་ཡིན་ཕྱིན་བོད་ཀྱི་སྐད་ཡིག་དག་བ་ཞིག་ དེ་ལས་མང་་་

བཅད་རྩོམ།

ཟླ་བཅུ་པའི་སྙན་ངག

2021 ལོའི་ཟླ 11 ཚེས 15 ཉིན། ཕར་ནང་དཀོན་རྒྱས་ 0

སེམས་པ་དེ་ཧ་ཅང་ཞུམ་ན་ཡངའཚོ་བ་ནི་སྔར་བཞིན་རོལ་དགོས་འདུགསྙིང་ཉེ་བའི་མིའུར་སྒྲ་ཆེ་བའི་བུ་ཡུག་བསྐྱར་དུ་འཚུབ་ཡོངཁ་བ་དང་རླུང་མཉམ་དུ་འཚུབ་དུསའགྲེས་ཡོད་ཀྱི་མི་ཁྱོད་སྔར་ལས་དྲན་ཡོངཡིན་ན་ཡངདགུན་ཁ་ནི་དགུན་ཁ་རང་རེདཕྱི་ནང་ཀུན་དུ་ཆབ་རོམ་གྱིས་བཟུངགཡས་གཡོན་གྱི་གྲུ་ཁ་རེ་རེ་ནཁ་ཁུ་སིམ་པོར་བསྡད་ཡོད་པའིཞེ་རྩ་དྲན་དགུང་ཟིན་པའི་ཀོ་གྲུ་གཏོང་མཁནམཐའ་ཡས་པའི་རྒྱ་མཚོའི་ངོས་སུ་ཉུལ༢༠༢༡—༡༠—༢༣——ཉིན།༼འཁོར་བ།༽རྭ་ཅོ་ལྟ་བུའི་འཇིགས་རུང་ནས དེ་ལས་མང་་་

བཅད་རྩོམ།

རྒྱང་རིང་གི་མི་ལགས།

2021 ལོའི་ཟླ 11 ཚེས 15 ཉིན། ཕར་ནང་དཀོན་རྒྱས་ 0

ཡིད་ལ་མ་དྲན་པར་འདི་ནས་ཡར་བརྩིས་པའི་ལོ་བཅུ།
སྐད་ཅིག་ཙམ་གྱིས་འདས་སོང་བྱུང་།
འབྲེལ་སྒྲའི་ཕྲད་ཙམ་གྱིས་མཚོན་པར་བྱེད་མི་ཐུབ་པའི་རྒྱང་རིང་གི་མི་ལགས།
གྱེས་བྲལ་དེས་སྙིང་ཁོང་ནད་ཀྱིས་བཟུང་ལ།
ཁོར་ཡུག་ངུ་ངག་གི་སྒྲ་དང་མིག་ཆུས་བཀང་།
དྲོལ་ཁུལ་གྱི་ཁྱིམ་གཞིས་འཁྱགས་རླུང་གིས་བཟུང་།
སྤོབས་སེམས་ཀྱི་མདུན་ལམ་ལ་གས་ཆག་ཤོར།
ཡོད་ཚད་ཕྱེ་ཐང་སྐྱ་བོ་ཞིག་དང་འདྲ་བར་གྱུར།
མཚན་མོའི་ཟླ་འོད་ཀྱིས་ཡོད་ཚད་གསལ་བར་བྱེད་དུས།
སྙན་ངག་པས་ཚོར་བ་མཚོན་ དེ་ལས་མང་་་

ལྷུག་རྩོམ།

ངའི་ཨ་ཅེ་འབྲོག་ལྷ་སྒེག་མོ།

2021 ལོའི་ཟླ 11 ཚེས 15 ཉིན། ཕར་ནང་དཀོན་རྒྱས་ 0

ངའི་ཨ་ཅེ་ལགས་ནི་ཆུང་དུས་ནས་སློབ་གྲྭ་ལ་འགྲོ་མ་མྱོང་པའི་འབྲོག་མོ་དཀྱུས་མ་ཞིག་ཡིན་ཡང་། མཛེས་ཤིང་སྡུག་པའི་ལང་ཚོ་དང་། དཀར་ཞིང་འཇམ་པའི་སེམས་པ་སོགས། མདོར་ན་བུད་མེད་ཅིག་གི་མཛེས་ཆོས་མ་ལུས་པ་ཁོ་མོ་ལ་ཡང་ལྡན་ཡོད། ཨ་ཅེ་དང་ངེད་གཉིས་བར་ལ་ཏག་ཏག་ལོ་བཅུ་རྒྱུགས་པ་ཡིན་ལ། ཨ་ཅེ་ལགས་ལོ་བཅུ་ལ་སོན་པའི་ལོ་དེར། ང་རང་མི་ཡུལ་དུ་གསར་དུ་ཐོན་ཅིང་། ང་རང་ལོ་དགུ་ལ་བསླེབས་དུས། དེ་དུས་རང་ཁྱིམ་གྱི་བྱ དེ་ལས་མང་་་

བཅད་རྩོམ།

གསེར་གྱི་ལི་མ།

2021 ལོའི་ཟླ 11 ཚེས 10 ཉིན། ཕར་ནང་དཀོན་རྒྱས་ 0

གློག་འོད་འཁྱིལ་བའི་འདུ་ར་ནས།།
སྣང་བའི་ཁ་དོག་མཛེས་པའི་དུས།།
དམིགས་མེད་བརྩེ་བའི་ལྷ་མོ་ཡི།།
འཛུམ་པའི་ཞལ་རས་ཡིད་ལ་འཁོར།།
ཚོར་བ་དབྱངས་སུ་གྱེར་བའི་དུས།།
རིག་བྱེད་ངག་གི་རྒྱུད་མངས་དཀྲོལ།།
མགྲིན་པའི་གདངས་ཀྱི་བར་གསེང་ན།།
ལྷ་མོའི་ལང་ཚོ་རང་བྱོན་ཤར། །
འདུ་འཛི་ཆེ་བའི་གྲོང་ཁྱེར་དུ།།
མི་ཚོགས་སྣ་བརྒྱ་འདུས་པའི་ཁྲོད།།
སྙིང་ཆུང་གཡུ་ཆུང་དྲུག་དཀར་གྱི།།
མཛེས་འཛུམ་བློ་ཡི་དཀྱིལ་དུ་བབས།།
རྗེས་ཆགས་བརྩེ་བའི་བདག་མོ་ཡི།།
ལང་ཚོའི་ཟུར་ཆ་རེ་རེ་ཡང་།།
མཐོང་བའི་ དེ་ལས་མང་་་

བཅད་རྩོམ།

ཚོར་བ་རླུང་གཤོག་མ།

2021 ལོའི་ཟླ 11 ཚེས 10 ཉིན། ཕར་ནང་དཀོན་རྒྱས་ 0

ཞེན་ཆགས་སྤར་མོ་གང་དང་སྤར་མོ་དོ།།
བསླ་བྲིད་ཟུར་མིག་གཅིག་དང་ཟུར་མིག་གཉིས།།
སེམས་རྩ་་དྲོས་པའི་མེ་དང་འཁྱག་པའི་རྡོས།།
སྙིང་གི་འཕར་ལྡིང་ཁུད་དུ་སྐྱོ་གཞས་གཏོར་།།
སྟེས་དང་སྟབས་ཀྱིས་སྤྲད་པའི་ལས་དབང་གིས།།
ལུས་དང་སེམས་ཀྱི་དབང་རྩ་སྦྲིད་བྱས་པས།།
སྙིང་ཐུབ་མཛའ་མོའི་ཕྱོགས་ཀྱི་མཚམས་སྤྲིན་ལ།།
མི་སྨྲའི་ཚིག་གི་རྟུལ་ཞུགས་སྤྲད་ལས་ཅི།།
དྲན་པ་ངེས་མེད་ཕྱོགས་སུ་འཕྱན་པ་དང་།།
དུང་བ་རླུང་དང་བསྡེབས་ནས་བསྐྱོད་པས་ན།།
ཁོ་བོ་ཁེར་ཧྲེང་ཚོར་ཟུག་དམྱལ་བའི་གཤིས།། དེ་ལས་མང་་་

བཅད་རྩོམ།

འཆར་ཡན་གྱི་གླུ་རྟ་ཐོག་དགུ་འགྱུར་མ།

2021 ལོའི་ཟླ 11 ཚེས 10 ཉིན། ཕར་ནང་དཀོན་རྒྱས་ 0

དགུང་ཁྲི་གྲངས་སྐར་མའི་མར་ཞབས་ཀྱི།།
འཇའ་ཉི་མའི་གུར་ཁུང་དབུས་མ་ན།།
ཚོན་ཁ་དོག་རི་མོ་ཡ་ལ་ལ།།
དེའི་མཛེས་པ་རྨ་བྱའི་སྒྲ་གུར་འདྲ།།
དེ་མ་ཡིན་གོས་ཆེན་སྤྲིན་རིས་འདྲ།།
དཔེར་ཏིང་འཛིན་བུ་མོའི་རུམ་ཁུག་ནས།།
དུས་ནམ་ཟླའི་དྲོ་གྲང་མ་གླེང་ཨཱ།།
ཕྱིའི་ཤིན་ལྤགས་ནགས་ཀྱི་མེ་དཔུང་ཨང་།།དྲི་རྟ་མཆོག་ཞོན་པའི་བང་རིམ་གྱི།།
མདངས་ཟླ་བ་རྫོགས་པའི་གཞལ་ཡས་ན།།
ཤིང་གློག་གི་དྲྭ་བ་འཁྱུག་སེ་འཁྱུག །
ཚུལ་གང་ལ་ལྟས་ཀྱང་ཞི་དུལ་བ།།
གཞོག་གང་གི་དཔྱད དེ་ལས་མང་་་

བཅད་རྩོམ།

སྙན་ངག་གི་བུ་མོ་བག་མ་བསུ།

2021 ལོའི་ཟླ 11 ཚེས 10 ཉིན། ཕར་ནང་དཀོན་རྒྱས་ 0

ཟླ་ཞལ་གྱི་ངོས་ནས་འཛུམ་པའི་རི་བོང་གི་གཟུགས་རིས་བཀྲ་བཞིན།
གར་ལ་བྲེལ་ཞིང་།
བདག་ཡིད་ཀྱི་མཁའ་རུ་དལ་གྱིས་རྩེན་པའི།
ཀྱེ་ཚངས་སྲས་མ།
བདག་ལ་དངོས་གྲུབ་ཀྱི་ཆར་ཟིམ་འཇོ་བར་མཛོད་ཅིག
བདག་གིས།
སྙན་ངག་གི་ཐང་ཆེན་དུ།
ཚིག་གི་སྲབ་མདའ་བཟུང་སྟེ།
ཉམས་ཀྱིས་སྡེ་སྦྱོར་གྱི་རྟ་ཕོ་གོམ་པས་བགྲོད་བསམ།
ཀྱེ་ཚངས་སྲས་མ།
བདག་ལ་དངོས་གྲུབ་ཀྱི་ཆར་ཟིམ་འཇོ་བར་མཛོད་ཅིག
བདག་ནི།
ཚིག་ཕྲེང་གི་རྩིག་པ་རེ་རེས།
སྡེ་སྦྱོར་གྱི་ལག་ཆ་རེ་རེས།
སྙན་ངག དེ་ལས་མང་་་

1 2 3 4