༸ ཛྙ་ན་བཛྲ་རིན་པོ་ཆེའི་ཞབས་བརྟན།

ཆོས་སྤྱོད་དཀར་ཆག

༈ །༧སྐྱབས་མགོན་ཛྙ་ན་བཛྲ་རིན་པོ་ཆེའི་༧ཞབས་བརྟན་རྡོ་རྗེའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ།། 

༈ །ཨོཾ་སྭསྟི། འགྲོ་ལ་འཆི་མེད་མཆོག་སྦྱིན་ཚེ་ཡི་ལྷ། །བླ་མ་དྲང་སྲོང་གྲུབ་རིགས་རྒྱ་མཚོ་ཡི། །བྱིན་བརླབས་དངོས་གྲུབ་མཛད་པ་མེད་པའི་གཏེར། །འགྱུར་མེད་རྟག་པ་དམ་པས་ཤིས་པ་སྩོལ། །འགྲོ་ལ་ཀུན༷་དག༷འི་དཔལ་སྦྱིན་རིན༷་ཆེན༷་གསུམ། །གཅིག་བསྡུས་རིགས་གསུམ་མཁྱེན༷་བརྩེ༷་ནུས་པའི་གར། །འཁོན་གདུང་དྲི་མེད་ངོ་མཚར་སྤྲུལ་པའི་སྐུ། །རྡོ༷་རྗེ༷་འཛིན་པའི་གཙུག་རྒྱན་ཞབས་བརྟན་གསོལ། །ཇི་སྙེད་ཤེས་བྱ་ཐུགས་ཆུད་མཁས་པའི་རྩེ། །ཇི་བཞིན་གནས་ལུགས་མངོན་གྱུར་གྲུབ་པའི་ཕུལ། །འགྲོ་ཁམས་རྗེས་འཛིན་ཐུགས་བསྐྱེད་ཟླ་མེད་པ། །བསྟན་པའི་སྲོག་ཤིང་ཆེན་པོར་ཞབས་བརྟན་གསོལ། །སྲིད་ཞི་མཉམ་གཟིགས་འཇམ་མགོན་བརྩེ་བ་ཆེ། །བརྟན་མཁས་ཤེས་བྱ་ཀུན་མཁྱེན་པཎྜི་ཏ། །མཐུ་སྟོབས་བདག་ཉིད་འཁོན་སྟོན་རིམ་བྱོན་གྱི། །རྒྱལ་ཚབ་དམ་པར་སྐལ་བརྒྱར་ཞབས་བརྟན་གསོལ། །དེ་ལྟར་ལྷག་བསམ་དག་པས་གསོལ་བཏབ་དོན། །ཆོས་ཉིད་བདེན་མཐུ་མཆོག་གསུམ་བླ་མ་ལྷས། །བདེན་ཚིག་འགྲུབ་པའི་གྲོགས་དན་གཡེལ་མེད་ཀྱིས། །ཞབས་བརྟན་ཕྲིན་ལས་འཕེལ་བའི་དགེ་ལེགས་སྩོལ། །   ཅེས་བསྟན་པའི་མངའ་བདག་དཔལ་ས་སྐྱ་པ་ཆེན་པོ་སྒྲོལ་ཕོའི་༧སྐྱབས་མཆོག་བདག་ཁྲི་རྡོ་རྗེ་འཆང་ཆེན་པོའི་གདུང་སྲས་གཉིས་པ་རིན་པོ་ཆེ་མཚན་དཔེ་གསར་བཞད་ལ་མཚན་གསོལ་དང་འབྲེལ་ཞབས་བརྟན་ཤླཽ་ཀ་ལྔ་ཞིག་གསར་རྩོམས་ཀྱི་འབུལ་དགོས་ཞེས་མཇལ་དར་ནང་མཛོད་དང་རྟེན་བཅས་བཀའ་ཕྲིན་གསེར་ལྟར་ལྕི་བ་དྭང་དུ་བླངས་ཏེ་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོ་ཧོར་ཟླ་༡༡ཚེས་༡༤འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོའི་དུས་ཆེན་ཉིན་བླ་མཆོད་རྒྱས་གཤོམ་ཐོག་མཚན་གསོལ་གྱིས་ཇི་ཕེབས་མཚན་བཀྲའི་ཞབས་བརྟན་ཚིགས་བཅད་དབང་པོའི་གྲངས་ལྡན་ལོ་ཟླ་དེ་གའི་ཚེས་༢༢འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེའི་དུས་ཆེན་ཉིན་བླ་མཆོད་མཆོད་སྤྲིན་དང་འབྲེལ་བཅོ་བརྒྱད་ཁྲི་མིང་ལྕེ་བཙུན་སུ་བྷ་ཥི་ཏས་ལུམྦི་ནིའི་གཙུག་ལག་ཁང་དུ་གང་དྲན་གསོལ་བ་བཏབ་པ་སརྦ་ཛ་ག་ཏམ།།  །། 

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*