༸ གོང་མ་བདག་ཆེན་ཕུན་ཕོའི་ཞབས་བརྟན།

ཆོས་སྤྱོད་དཀར་ཆག

༈ །༧སྐྱབས་མགོན་༧གོང་མ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་ཕུན་ཚོགས་ཕོ་བྲང་གི་ཞབས་བརྟན་གསོལ་འདེབས།། 

༈ །འཆི་མེད་བདེ་ལྡན་མགོན་པོ་སྣང་མཐའ་ཡས། །རྣམ་པར་རྒྱལ་མ་ཨཱརྻ་ཏཱ་རེ་མས། །བདག་སོགས་འཆི་བདག་གཡུལ་ལས་རྟག་རྒྱལ་ནས། །ཚེ་དཔལ་ཡེ་ཤེས་དངོས་གྲུབ་དེང་འདིར་སྩོལ། །ངག་དབང་ཀུན་གསལ་སྒེག་མོའི་ཁྱོན་ཡངས་ཀྱི། །གདུལ་བྱ་དགའ་བཞིའི་ལམ་བཟང་ལ་དཀྲི་ཕྱིར། །བསོད་ནམས་ཚོགས་གཉིས་རྒྱ་མཚོའི་དཔལ་ཡོན་ཅན། །བཟང་པོའི་མགོན་དཔུང་མཆོག་ཏུ་ཞབས་བརྟན་ཤོག །མཁྱེན་ཡངས་ཤེས་བྱའི་ལྷ་ལམ་རབ་ཡངས་ཤིང་། །བརྩེ་ཆེན་བྱང་ཆུབ་སེམས་ཀྱི་བསིལ་ཟེར་རྒྱས། །ནུས་མཐུའི་གཟི་བྱིན་འོད་ཕུང་རབ་འབར་བའི། །མཁྱེན་ནུས་བརྩེ་བས་བྱེད་པོར་གཡོ་མེད་ཤོག །ཁྱད་པར་འཇམ་དབྱངས་བདུན་བརྒྱུད་རིང་ལུགས་མཆོག །མི་ཉམས་ཡར་ཟླའི་དཔལ་གྱི་རྗེས་འགྲོ་ཞིང་། །མི་མཐུན་ཉེར་འཚེའི་གྲིབ་མས་མ་སླད་པར། །བསྟན་འགྲོའི་དཔུང་གཉེན་མཆོག་ཏུ་འགྲུབ་པར་ཤོག །དེ་ལྟར་རིང་འཚོའི་བདེན་ཚིག་མཐུ་དཔུང་དང་། །མཆོག་གསུམ་རྒྱལ་བ་རབ་འབྱམས་བྱིན་རླབས་དང་། །བདག་སོགས་གསོལ་བཏབ་མི་བསླུའི་རྟེན་འབྲེལ་གྱིས། །བསམ་དོན་འབད་མེད་འགྲུབ་པའི་དགེ་ལེགས་སྩོལ། །    ཅེས་པ་འདི་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ལོར་༧སྐྱབས་མགོན་རྡོ་རྗེ་འཆང་དྲག་ཤུལ་འཕྲིན་ལས་མཆོག་ནས་༧སྐྱབས་མགོན་སྒྲོན་ཕུན་རྣམ་གཉིས་སྐུ་གཞོན་ནུའི་དུས་སུ་མཛད་དོ།། །།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*