འཁོན་དཀོན་མཆོག་རྒྱལ་པོའི་སྐུ་བསྟོད་ནི།

ཆོས་སྤྱོད་དཀར་ཆག

༈ །རིགས་རུས་ཆོ་འབྲང་ལྡན་ཞིང་རིན་ཆེན་གྱི། །སྒྱུ་འཕྲུལ་དཀོན་མཆོག་གསུམ་དང་དབྱེར་མེད་པའི། །ཆོས་ཀྱི་རྒྱལ་པོ་བླ་མ་མཆོག་གྱུར་ལ། །སྒོ་གསུམ་གུས་པའི་ཡིད་ཀྱིས་བདག་ཕྱག་འཚལ། །བསྟན་པའི་སྒྲོན་མེས་མ་རིག་མུན་པ་སེལ། །སྒྲིབ་གཉིས་ལས་འཁོན་སྤང་བྱའི་གཡུལ་ལས་རྒྱལ། །དཀོན་མཆོག་གསུམ་དངོས་གངས་ཅན་འགྲོ་བའི་མགོན། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས།།

 

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*