ཨཱ་ནནྡ་ཀཱིརྟིའི་དོན་དུ་དཔའ་བོའི་འཁོར་ལོ་བྲིས་པ།

༼བ༽

༄༅། །ཨཱ་ནནྡ་ཀཱིརྟིའི་དོན་དུ་དཔའ་བོའི་འཁོར་ལོ་བྲིས་པ་བཞུགས།།

༄༅། །པཉྩ་པརྦ་ཏ་བི་ཀྲི་ཌ་མཉྫུ་གྷོ་ཥཱ་པཱ་ད་སྟུ་བྷྱཾ། ཤར་ལྷོ་ནུབ་བྱང་དབུས་ཀྱི་རི་རྩེར་ནི། །སིཾ་ཧ་མ་ག་ག་ལས་རྣམ་སྐྱེས་པ། །སིཾ་ཧ་ཧ་ཡ་མ་ཡཱུ་རི་དང་ཡང༌། །ག་རུ་ཌ་དང་ག་ཛའི་གདན་སྟེང་དུ། །ཨ་ར་པ་ཙ་ན་ལས་འཁྲུངས་པ་ཡི། །རྒྱལ་བ་རྣམ་ལྔ་ཞལ་གཅིག་ཕྱག་གཉིས་པ། །སོ་སོའི་མདངས་གསལ་ཕྱག་གཡས་རལ་གྲི་འཛིན། །གཡོན་པས་ཨུཏྤལ་པུ་སྟི་བཅས་པ་འཆང༌། །རལ་པའི་ཁྲོད་ལས་རྡོ་རྗེ་སེམས་དཔའ་དཔལ། །དར་དང་མེ་ཏོག་རིན་ཆེན་རྒྱན་གྱིས་སྤྲས། །འོད་ཟེར་དྲྭ་བས་ཞིང་ཀུན་ཁྱབ་མཛད་པར། །རང་ཡང་མདུན་དུ་དམིགས་པར་བྱས་ནས་དེས། །དེ་ལ་གཏད་དེ་དང་པོ་ཡི་གེ་ཨོཾ། །ཨ་ར་པ་ཙ་ན་དང་ཐ་མར་དྷཱིཿ །རྟག་ཏུ་ཟློས་པས་བློ་གྲོས་རྒྱ་ཆེ་ཞིང༌། །ཐོགས་མེད་མྱུར་བའི་སྤོབས་པ་མཆོག་ལྡན་འགྱུར། །ཨ་ནི་ཨཱ་དརྴ་ཛྙཱ་ནའོ། །ར་ནི་རཏྣ་སཾ་བྷ་ཝའོ། །པ་ནི་པཱ་ད་ཀཱུ་ལ་བ་ཏཱིའོ། །ཙ་ནི་ཙ་ལནྟི་ཀརྨའོ། །ན་ནི་ནཱ་མ་རཱུ་པ་ཤཱུ་ནྱ་ཏཱདྨ་ཀའོ། །ཡི་གེའི་དོན་ཏོ། །ལུང་དང་མི་འགལ་བར་བསམས་པར་ཟད་ཀྱི། འདི་ཉིད་ཇི་ལྟ་བ་བཞིན་དུ་བཤད་པ་ནི་མ་མཐོང་མོད། འདི་ལ་ནན་ཏན་བྱས་ན་བྱིན་རླབས་ནི་ངེས་པར་འབྱུང་ངོ༌། །མི་ཐྱ་བི་རུ་དྷ་ཤོཀྵ་མ་ཀ་ར། ཨཱརྻ་ས་ཨཱ་ནནྡ་ཀཱིརྟིའི་དོན་དུ་དཔའ་བོའི་འཁོར་ལོ་ཉིད་བྲིས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*