རྣམ་པར་གཅད་བྱ་ཇི་ལྟར་སྦྱོར་ཚུལ།

༼ཐ༽

༄༅། །རྣམ་པར་གཅད་བྱ་ཇི་ལྟར་སྦྱོར་ཚུལ་བཞུགས།།

༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་བཅད་པའི་ཡི་གེའི་ཚུལ་ཅུང་ཟད་བརྗོད་ན། དེ་ལ་རྒྱ་གར་ན་ཚེག་དྲག་གླང་པོའི་གཙུག་འདྲ་བ། ཅང་ཏེའུ་འདྲ་བའོ། །དྲོ་བའི་མཐའ་མ་གཏོགས་པ་ལ་ན་རོ་དང་རྣམ་བཅད་དུ་འགྲོ་བའི་སྐབས་ཡོད་ཅེས་གྲག་གོ །འདི་སྐད་དུ། ཨ་ལྡན་ཨ་མེད་ཅེས་བྱ་བ་ཞེས་པ་དང༌། དབྱངས་ལྡན་དབྱངས་མེད་ཅེས་པས། སྤྱིར་དབྱངས་དང་མི་ལྡན་པའི་ཡི་གེ་ནི། ཀཿཁཿ། ཙཿ། ཚཿ། ཊཿཋཿ། པཿཕཿའོ། །འདི་རྣམས་དབྱངས་དང་མི་ལྡན་པར་འཐད་དེ། དབྱངས་ཅན་ཡི་གེ་ངོས་འཛིན་པའི་བཤད་པ་ནས་གསལ་ལོ། །དབྱངས་དང་ལྡན་པའི་ཡི་གེ་འདི་རྣམས་ཏེ། གཿགྷཿངཿ། ཛཿཛྷཿཉཿ། ཌཿཌྷཿཎཿ། དཿདྷཿནཿ། བཿབྷཿམཿ། ཡཿརཿལཿཝཿཧཿཨཿ། འདི་རྣམས་ཀུན་ལ་ཨུ་རུ་འགྲོ་བར་ཤེས་པར་བྱ་སྟེ། བཅུ་དྲུག་རྣམ་བཅད་སྦྱར་བ་ནི། །སྡེ་ལྔའི་དང་པོ་གཉིས་པ་ལ། །ལྕེ་ལ་དྲོ་བའི་དང་པོ་དང༌། །གཉིས་གསུམ་མཆུ་དང་སྦྱར་བ་རྣམས། །ལྔ་པ་མོ་ཡིག་བཅུ་གཉིས་ཀྱི། །བར་ནས་དགུ་པ་བསྟོད་པར་འགྱུར། །ཞེས་སོ། །སྣ་ལྡན་རྣམ་པར་བཅད་པ་ཡིས། །ཞེས་པ་དང༌། ཚེག་དྲག་ཅན་དང་ཐིག་ལེ་ཅན། །ཚིག་མཐར་ཡི་གེ་ཞེས་པ་ལ་སོགས་པའོ། །རྣམ་པར་བཅད་པ་ཇི་ལྟར་སྦྱོར་བའི་ཚུལ་ས་སྐྱ་པཎྜི་ཏས་སྦྱར་བ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*