ཕྱག་འཚལ་ཉེར་གཅིག་གི་བསྟོད་པའི་ས་བཅད།

༼ཉ༽

༄༅། །ཕྱག་འཚལ་ཉེར་གཅིག་གི་བསྟོད་པའི་ས་བཅད་བཞུགས།།

༄༅། །ན་མོ་བུདྡྷ་ཡ། བསྟོད་པ་ལ་དོན་གཉིས། བསྟོད་པ་དངོས་དང༌། ཕན་ཡོན་ནོ། །དང་པོ་ལ་གསུམ་སྟེ། སྐུའི་རྣམ་པས་ལོངས་སྐུའི་སྒོ་ནས་བསྟོད་པ་དང༌། ཆོས་སྐུའི་སྒོ་ནས་བསྟོད་པ་དང༌། ཕྲིན་ལས་ཀྱི་སྒོ་ནས་བསྟོད་པའོ། །དང་པོ་ལ་གསུམ། མཚན་གྱི་སྒོ་ནས་ལོ་རྒྱུས་བསྟན་པ་དང༌། སྐུའི་རྣམ་པ་དང༌། རྒྱན་ཆ་ལུགས་སོ། །བར་མ་ལ་གཉིས། ཞི་བའི་སྐུའི་སྒོ་ནས་བསྟོད་པ་དང༌། ཁྲོ་མོའི་སྐུའི་སྒོ་ནས་བསྟོད་པའོ། །དང་པོ་ལ་གསུམ། །འོད་ཟེར་གྱི་སྒོ་ནས་དང༌། ཕྱག་མཚན་དང་ཡོན་ཏན་གྱི་སྒོ་ནས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐུར་བའི་སྒོ་ནས་བསྟོད་པའོ། །ཁྲོ་མོའི་སྐུའི་སྒོ་ནས་བསྟོད་པ་ལ་གསུམ། མཐུའི་སྒོ་ནས་དང༌། འཇིག་རྟེན་པའི་ཆེན་པོ་རྣམས་ཀྱིས་བསྟོད་པའི་སྒོ་ནས་དང༌། ཕྲིན་ལས་ཀྱི་སྒོ་ནས་བསྟོད་པའོ། །དེ་ལ་གཉིས། ཐུན་མོང་གི་ཕྲིན་ལས་དང༌། ཐུན་མོང་མ་ཡིན་པའི་སྒོ་ནས་བསྟོད་པའོ། །རྒྱན་དང་ཆ་ལུགས་ཀྱི་སྒོ་ནས་བསྟོད་པ་ལ་བཞི། ཞི་བའི་ཆ་ལུགས་ཀྱི་སྒོ་ནས་དང༌། དྲག་པོའི་ཆ་ལུགས་ཀྱི་སྒོ་ནས་དང༌། ཐུན་མོང་གི་དབུ་རྒྱན་གྱི་སྒོ་ནས་དང༌། དྲག་པོའི་ཆ་ལུགས་ཀྱི་སྒོ་ནས་བསྟོད་པའོ། །དང་པོ་ལ་གཉིས། ཕྱག་མཚན་དང༌། དབུ་རྒྱན་ནོ། །དྲག་པོ་འོག་མ་ལ་གཉིས། འོད་ཟེར་དང་བཞུགས་ཚུལ་དང༌། ཕྱག་གི་སྒོ་ནས་བསྟོད་པའོ། །སྤྱི་དོན་གསུམ་པ་ཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་ལ་དྲུག གསང་སྔགས་ཀྱི་སྒོ་ནས་དང༌། དབང་གི་སྒོ་ནས་དང༌། དུག་ཞི་བའི་སྒོ་ནས་དང༌། བར་ཆད་སེལ་བའི་སྒོ་ནས་དང༌། རིམས་ནད་སེལ་བའི་སྒོ་ནས་དང༌། མི་མཐུན་པ་སེལ་བའི་སྒོ་ནས་བསྟོད་པའོ། །སྤྱི་དོན་གཉིས་པ་ཕན་ཡོན་ལ་བཞི། བསམ་པའི་ཁྱད་པར་དང༌། དུས་ཀྱི་ཁྱད་པར་དང་ཕན་ཡོན་དངོས་རྒྱས་པར་བཤད་པ་དང༌། གྲངས་ཀྱི་སྒོ་ནས་ཕན་ཡོན་བསྡུས་ཏེ་རྒྱས་པར་བཤད་པའོ། །དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*