རྒྱལ་ཡོངས་ས་ཆེན་དྲ་བ་ཤར་གཏོང་བྱས་ཡོད།

དེ་རིང་སྟེ། བོད་མེ་བྱ་ལོ། བོད་ཟླ་དང་པོ་ཚེས་༡༢ སྤྱི་ལོ་༢༠༡༧ སྤྱི་ཟླ་༣ ཚེས་༩ ཉིན་ཞོགས་པའི་དུས་ཚོད་༩། སྐར་མ་༡༠ སྟེང་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་རྒྱལ་ཡོངས་ས་ཆེན་དྲ་བ་དབུ་འབྱེད་གནང་ནས་ཀུན་གྱི་གཟིགས་མོ་ཕུལ་ཡོད།

དྲ་བ་འདིའི་ནང་དོན་ནི། གསུང་འབུམ། ལོ་རྒྱུས། གནས་ཆེན། གཏམ་དཔེ། གནའ་རབས་ཀྱི་རྣམ་ཐར། ཉེ་རབས་ཀྱི་རྣམ་ཐར། ཆོས་འབྱུང་། སུམ་རྟགས་དག་གསུམ། རིག་གནས། ལེགས་བཤད། འཚོ་བའི་ཤེས་བྱ། ཡུལ་སྲོལ་གོམས་གཤིས། དགོན་སྡེ། བཤད་གྲྭ། སྒྲུབ་གྲྭ། ཆོས་ཚོགས། བཙུན་དགོན། ཆོ་ག ། ཆོས་སྤྱོད། གསར་འགྱུར། པར་མཛོད། བརྩམས་སྒྲུང་། དཔྱད་རྩོམ། ངག་རྩོམ། ལྷུག་རྩོམ། བསྒྱུར་རྩོམ། སྙན་ངག  གབ་ཚིག  དུས་ཆེན་ངོ་སྤྲོད། གློག་རྡུལ་འཁྲུལ་དེབ། དཔེ་དེབ།

མཉེན་ཆས་བཅས་ཡོད་པའི་ས་སྐྱའི་རིག་མཛོད་ལྟ་བུའི་དྲ་བ་ཞིག་ཡིན་པས་རྗེས་ཕྱོགས་ནས་ཀློག་པ་པོ་དག་གི་ཐུགས་འདོད་བཞིན་དགྱེས་གཟིགས་མཛད་པར་ཞུ།

དཔྱད་མཆན། 7

  1. ཁམས་བཟང་། རྗེས་སུ་ཡིད་རང་ཞུ། ལྷག་པར་ད་ལོར་རྒྱུན་དུ་གསུང་རབ་སྡེ་ཚན་དུ་དོ་སྣང་བྱས་པར་བརྒྱུད་ཁྱེད་རྣམས་ཀྱིས་རང་གཞན་ཚང་མ་དང་ལྷག་པར་སློབ་གཉེར་བ་དང་ཞིབ་འཇུག་པ་སོགས་ལ་ཕན་ཐོག་ཤིན་ཏུ་ཆེ་ཞིང་། རང་དབང་ངང་རང་རེའི་ཡིག་ཆ་རྣམས་འདི་ལྟར་ཉར་ཚག་དང་ཁྱབ་སྤེལ་མཁོ་སྤྲོད་གནངབ་བཅས་ནི་ཤིན་ཏུ་ཡི་རང་ཞུ། གཞུག་ཕྱོགས་མུ་མཐུད་ཡར་རྒྱས་དང་རྒྱ་སྐྱེད་དེ། གཙོ་བོ་གསུང་རབ་མང་པོ་ཞིག་མུ་མཐུད་དྲ་ཐོག་ཏུ་གཞུག་ཐུབ་པའི་རེ་བ་ཤིན་ཏུ་ཆེ། སྐབས་འདིར་ཞུ་བྱ་གཙོ་བོ་ནི་དྲ་བ་འདིའི་ལས་མི་དང་བརྟན་གཞི་གང་དུ་བྱས་པ། ཁྱབ་ཁོངས་སུས་སྤེལ་གྱི་ཡོད་པའི་སྐོར་གྱི་ངོ་སྤྲོད་ཅིག་གནང་ཐུབ་པའི་རེ་བ་ཤིན་ཏུ་ཆེ།

    • རྒྱ་ཡོངས་ས་ཆེན་དྲ་བ་འདི་བཞིན་སུད་སིར་གནས་བཞུགས་ཕར་ནང་ཚང་དཀོན་མཆོག་དར་རྒྱས་ལགས་ཀྱིས་སྒེར་གཉེར་གནང་ཞིང་། ངེད་རྩོམ་སྒྲིག་པ་ཁག་ཅིག་གིས་ཁོང་ལ་རོགས་རམ་ཞུ་བཞིན་མཆིས། གུས་འཚམས་བཅས་རྩོམ་སྒྲིག་པ་འཆི་མེད་ཀྱིས།

  2. མཁན་པོ་གདོང་མཁན་ལགས། བཀའ་དྲིན་ཆེ། ཁྱེད་ཀྱིས་ནམ་རྒྱུན་གསར་འགྱུར་དང་རྩོམ་ཡིག་སོགས་སྤེལ་བཞིན་འདུག་་་བཀའ་དྲིན་ཆེ། མུ་མཐུད་ནས་སྤེལ་རོགས་གནང་།

    • མཁྱེན་ལྡན་འཛུལ་དཀར་ལགས། བཀྲ་ཤིས་བདེ་ལེགས། སྐུ་ཉིད་ཀྱིས་རྒྱུན་ལྡན་ངེད་དྲྭ་བར་གཟིགས་ཞིབ་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེའོ།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*