ཆ་འཕྲིན་སྐོར་གྱི་གསལ་བཤད།

༄༅། །རྒྱལ་ཡོངས་ས་ཆེན་དྲ་བའི་སྟེང་དུ་བཀོད་པའི་ཆ་འཕྲིན་སྐོར་གྱི་གསལ་བཤད།

               རྒྱལ་ཡོངས་ས་ཆེན་དྲ་བ་ནི་མི་སྒེར་ཞིག་གིས་ལས་ཞོར་དུ་ཝོར་སྒྲི་པཱི་རིསི་ (wordpress) ཐོག་རྒྱལ་སྤྱིའི་སྟེང་སྤྱི་ཁྱབ་ཏུ་སྤྱོད་བཞིན་ཡོད་པའི་རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་གི་ཡིག་གཟུགས་ཁག་སྤྱད་ནས་བཟོས་པ་ཞིག་ཡིན། དྲ་བར་བཀོད་པའི་ནང་དོན་མི་ཉུང་བ་ཞིག་ནི་རང་ཡུལ་གངས་ཅན་ལྗོངས་སུ་ཡོད་པའི་དྲ་བ་ཆེ་ཁག་འགས་ཆོག་མཆན་ཐོག་བཏུས་ཡོད་ལ། ནང་དོན་ཁག་འབྱུང་ཁུངས་གསལ་པོར་བཀོད་ཡོད་པས་ཡིད་རྟོན་རུང་ཞིང་། དེའི་པར་དབང་ཐམས་ཅད་རྩོམ་པ་པོ་ཉིད་ལ་དབང་བ་ཡིན། ནོར་སྐྱོན་ཤོར་བ་མཐོང་ཚེ་ཐད་ཀར་འབྲེལ་གཏུགས་གནང་རོགས་ཞུ་རྒྱུ་དང་གུས་པས་རྩོམ་པ་པོའི་འདོད་བློར་བརྩི་འཇོག་བྱེད་པར་མ་ཟད་ནོར་སྐྱོན་ཤོར་བར་གང་མགྱོགས་ནོར་བཅོས་བྱ་ངེས།

               རྩ་འཛུགས་དང་མི་སྒེར་གང་ཡིན་ཡང་ཁས་ལེན་མ་ཐོབ་པར་རྒྱལ་ཡོངས་ས་ཆེན་དྲ་ཚིགས་ཀྱི་ནང་དོན་ནམ་ཡང་བེད་སྤྱད་དེ་བྱ་འགུལ་སྤེལ་མི་ཆོག་ལ། སྤྱིར་དྲ་བ་ཕན་ཚུན་བར་མཛའ་སྦྲེལ་དང་རྒྱུ་ཆ་མཉམ་སྤྱོད་ཀྱི་བྱ་བ་དེ་བོད་ཀྱི་ཆ་འཕྲིན་ལག་རྩལ་ཡར་རྒྱས་འགྲོ་ལ་ཕན་ཐོག་ཆེན་པོ་ཡོད་མོད། རྒྱལ་སྤྱིའི་ཆ་འཕྲིན་ལག་རྩལ་གྱི་ཁྲིམས་ལུགས་ལ་ངེས་པར་བརྩི་སྲུང་བྱ་དགོས། སྔར་རེ་ཟུང་གིས་ཆོག་མཆན་གཏན་ནས་མ་ཐོབ་པར་དཔར་བཤུ་གང་དགའ་བྱས་པ་མ་ཟད།  ཡོང་ཁུངས་ཙམ་ཡང་མ་བཀོད་པར་སྤེལ་ཙམ། དྲ་བ་འགའ་ཞིག་ཐོག་ཏུ་བློ་ཕམ་ངང་སྤྱི་བསྒྲགས་བྱེད་དགོས་པ་དེ་འདྲའང་བྱུང་ཡོད།  རྗེས་ཕྱོགས་སུ་རང་རིགས་ཡོངས་ཀྱིས་དེ་ལྟར་མི་གནང་བའི་རེ་བསྐུལ་ཆེན་པོ་བྱེད་བཞིན་ཡོད།

               དྲ་བ་འདིའི་ནང་ཆབ་སྲིད་དང་ཟུར་ཟའི་རྩོམ་ཡིག་སོགས་དགོད་རྒྱུ་མིན་པའི་དེ་ལུགས་སུ་ཐུགས་འཇགས་གནང་རོགས་ཞུ་རྒྱུ་དང་། དྲ་བ་འདི་ནི་བདག་གིས་ལས་ཞོར་དུ་བསྒྲུབ་དགོས་པས་ཁོ་བོའི་ཤེས་འཇོན་དང་ཉམས་མྱོང་སོགས་ཀྱི་ཆུ་ཚད་ཧ་ཅང་ཞན་པའི་དབང་གིས་ནོར་འཁྲུལ་དང་། ཆ་མ་ཚང་བ་སོགས་སྐྱོན་ཆ་མང་པོ་ལྷག་ངེས་པས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་གཟུ་བོར་གནས་པའི་དགོངས་འཆར་ག་ཚོད་གནང་ན་དེ་ཚོད་ཀྱིས་སྙིང་དབུས་ནས་དགའ་བསུ་ཞུ་རྒྱུ་ཡིན།།

རྒྱལ་ཡོངས་ས་ཆེན་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཕར་ནང་ཚང་དཀོན་མཆོག་དར་རྒྱས་ནས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*