རིམས་འགོག་སྨན་ཁབ་སྦྱིན་གཏོང་གནང་བ། རྫོང་གསར།

༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་བཀའ་དགོངས་ལམ་སྟོན་བཞིན་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་དང་། རིན་པོ་ཆེའི་ཆོས་ཚོགས་གཞོན་ནུ་དོན་འགྲུབ་ཀྱི་དགོངས་པ་གཉིས་མཉམ་འབྲེལ་གྱིས་སྦིར་དང་ཅོན་ཏ་ར་ས་ཁུལ་དུ་གནས་སྡོད་དགོན་སྡེ་ཁག་གི་དགེ་འདུན་པ་རྣམ་པ་དང་། གཞིས་མི། སློབ་ཕྲུག་བཅས་རང་ལོ་ ༡༨ ནས་ ༤༤ བར་གྱི་སེར་སྐྱ་ཕོ་མོ་རིམས་འགོག་སྨན་ཁབ་རགས་མེད་པ་ཡོད་ཚད་ལ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་མཐུན་རྐྱེན་སྦྱོར་གནང་མཛད་ཡོད་པ་དང་། དེ་ཡང་སྨན་སྦྱིན་འབུལ་ཆེད་ས་གནས་ཀང་ར་རྫོང་ཁོངས་སུ་ཡོད་པའི་སྨན་ཁང་ཆེ་གྲས་(Fortis Hospital) ལ་འབྲེལ་བ་གནང་ནས་སྨན་ཁབ་རྒྱག་མཁན་གྱི་སྨན་པའི་ཚོགས་ཆུང་ཞིག་ཆེད་གཏོང་གིས་ཕྱི་ལོ་ ༢༠༢༡ ཟླ་ ༠༦ ཚེས་ ༡༡ ཉིན་ལས་རིམ་འགོ་འཛུགས་གནང་ཡོད་འདུག །

༸སྐྱབས་རྗེ་འཁོན་གདུང་རྣམ་གཉིས་དབུ་བཞུགས་ཀྱིས་ལས་རིམ་དབུ་འཛུགས་གནང་བ།

འགོག་ཁབ་སྦྱིན་གཏོང་གི་ལས་འགུལ་དེ་ཉི་མ་གསུམ་ལ་སྤེལ་ཡོད་འདུག་པ་དང་། ཁྱོན་ཉིན་གསུམ་གྱི་ནང་སྦིར་དང་ཅཱོན་ཏ་ར་ས་གནས་ཀྱི་རང་ལོ་ ༡༨ ནས་ ༤༤ བར་གྱི་མི་མང་ཆིག་སྟོང་ཆིག་བརྒྱ་ལྷག་ཙམ་ཞིག་དང། དེ་སྔོན་འགོག་ཁབ་རག་མེད་པ་རང་ལོ་ ༤༥ ཡན་མི་གྲངས་བཞི་བཅུ་ཞེ་ལྔ་བཅས་ལ་ཏོག་དབྱིབས་གཉན་རིམས་བཅུ་དགུའི་སྔོན་འགོག་སྨན་ཁབ་ཕུལ་ཡོད་འདུག །

འགོག་ཁབ་རྒྱག་བཞིན་པ།
འགོག་ཁབ་བཞེས་མཁན་དགེ་འདུན་པ་ཁག་ཅིག་བང་སྒྲིག་སྟེ་སྒུག་བཞིན་པ།
འགོག་ཁབ་བཞེས་མཁན་མི་མང་ཁག་ཅིག་བང་སྒྲིག་སྟེ་སྒུག་བཞིན་པ།
འགོག་ཁབ་བཞེས་མཁན་སློབ་མ་ཁག་ཅིག་བང་སྒྲིག་སྟེ་སྒུག་བཞིན་པ།

འབྲེལ་ཡོད་མི་སྣ་རྣམ་པ་དང་འགོག་ཁབ་རྒྱག་མཁན་སྨན་པའི་ཚོགས་ཆུང་། དེ་བཞིན་ལས་བྱེད་བཅས་པའི་མཉམ་སྒྲོན་འདྲ་པར།

གསལ་བཤད། པར་ཡོང་ཁུངས་རྫོང་སར་བཤད་གྲྭའི་དྲ་ཚིགས།

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*