དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་གཉིས་པའི་ནང༌།

༼ཁ༽༄༅། །ཤྲཱིམཱཾསདྒུརུབྷྱསྶདྡྷརྨྨཱཤཤྲུཏཱཎཱཾཝརྞཎོདྷརྨྨཱརྠིཀཕཎཱིལལིཏསྱཛལནིདྷིརྣཱམཱདྡྭིཏཱེཡཱཔུསྟཀབིཛཧཱརཾ།།

༄༅། །དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་གཉིས་པ་བཞུགས་སོ།། དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་རྣལ་འབྱོར་བླ་ན་མེད་པ་དང་རྗེས་སུ་འབྲེལ་པའི་སྙན་བརྒྱུད་ཀྱི་གདམས་པ་རྒྱ་མཚོ་ལྟ་བུར་བཞུགས་པའི་ནང་ནས་གཙོ་བོར་གྱུར་པ་ས་སྐྱའི་ལྕགས་རི་མི་འདའ་བའི་གསེར་ཆོས་བཅུ་གསུམ་དུ་གྲགས་པའི་ནང་ནས་མཆོག་བསྒྲུབས་པས་ཐུན་མོང་ཞར་ལས་འབྱུང་བ་དམར་མོ་སྐོར་གསུམ་ལས། ཇི་སྐད་དུ། ཚར་ཆེན་རྡོ་རྗེ་འཆང་ཆེན་པོས། རྣལ་འབྱོར་མཁའ་སྤྱོད་སྒྲུབ་པའི་ཉེ་བའི་ལམ། །སྡིག་ཅན་ཐར་པར་བགྲོད་པའི་གསང་ལམ་མཆོག །ནཱ་རོ་ཏ་པའི་ཆིག་བརྒྱུད་སྙིང་གི་གཏམ། །ས་སྐྱའི་བླ་ཆེན་བརྒྱུད་པའི་གསེར་ཆོས་འདི། །སྙན་བརྒྱུད་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང༌། །ཀུན་སྤངས་ཆོས་རྗེའི་ཞལ་ལས་ཐོས་གྱུར་པ། །ཞེས་གསུངས་པ་ལྟར་གྲུབ་པའི་དབང་ཕྱུག་རྗེ་བཙུན་ནཱ་རོ་ཏ་པ་ལ། རྒྱ་གར་འཕགས་པའི་ཡུལ་དུ་གཉིས་སྐྱེས་མཆོག་གཉིས་ཀྱིས་མཚོན་པའི་སློབ་མའི་གཙོ་བོ་པཎྜི་ཏ་བཅུ་གཉིས་ལ་སོགས་པ་རྣམས་ལ་མིང་ཙམ་ཡང་མ་གསུངས་པར་བལ་པོ་ཕམ་མཐིང་པ་འཇིགས་མེད་གྲགས་པ་དང་ངག་དབང་གྲགས་པ་མཆེད་ཁོ་ནར་གནང་བའི་རྗེ་བཙུན་ནཱ་རོ་མཁའ་སྤྱོད་མར་གྲགས་པའི་གདམས་པ་ཟབ་མོ། གང་ཟག་རབ་བདེ་དགྱེས་གང་རུང་གི་སྨིན་བྱེད་སྔོན་དུ་སོང་ནས་སིནྡྷཱུ་རའི་བྱིན་རླབས་ནོས། བཟླས་སྒོམ་ཆག་མེད་དང་གཞི་བསྙེན་མཐར་ཕྱིན་པ་ཙམ་གྱིས་ལམ་གཞན་ལ་མ་ལྟོས་པར་ཚེགས་ཆུང་ངུས་རྡོ་རྗེ་རྣལ་འབྱོར་མ་མི་མོའི་གཟུགས་ཀྱིས་སྒྲུབ་པ་པོའི་ལག་པའི་འཁྲིག་མ་ནས་བཟུང་སྟེ་ལུས་མ་སྤངས་པར་མཁའ་སྤྱོད་དུ་འཁྲིད་པ། འབྲིང་ལངྒ་ལི་ཡའི་ཤིང་ལ་བརྟེན་ནས་སིནྡྷཱུ་རའི་སྒྲུབ་པ་ལ་བརྟེན་ནས་ཚུལ་བཞིན་དུ་ལེགས་པར་བརྟགས་པས་བུད་མེད་ཕལ་པའི་ཁྲོད་ནས་རྡོ་རྗེ་རྣལ་འབྱོར་མ་ངོས་ཟིན་ཏེ་དེས་ཚེ་འདིར་དངོས་སུ་མཁའ་སྤྱོད་དུ་འཁྲིད། ཐ་མའང་འཆི་བ་འོད་གསལ་ཆོས་སྐུ་ལས་བར་དོར་ལོངས་པའི་དུས་རྡོ་རྗེ་རྣལ་འབྱོར་མ་དཔའ་བོ་མཁའ་འགྲོའི་ཚོགས་དང་ལྷན་ཅིག་པས་མཁའ་སྤྱོད་དུ་འཁྲིད་པར་ངེས་པའི་ཟབ་པ་ལས་ཀྱང་ཆེས་ཟབ་པ། སྙན་བརྒྱུད་ཚད་མ་བཞི་དང་ལྡན་པའི་སྐོར་ལ། ཚོགས་སློབ་གཉིས་སུ་གྲགས་པའི་ནང་ནས་ཆེས་ཆེར་ཟབ་པ་གསང་ཆེན་སློབ་བཤད་པའི་ལུགས་བཞིན་ནོས་པ་ལ། སིནྡྷཱུ་རའི་དཀྱིལ་འཁོར་དུ་སྒྲུབ་ཅིང་མཆོད་པ་དང་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོས་མཛད་པའི་མཁའ་སྤྱོད་སྒྲུབ་པའི་ཉེ་ལམ་གྱི་ཡི་གེ་ལྟར་གྱི་བྱིན་རླབས་དང༌། ཡང་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་སྒྲུབ་ཐབས་དང༌། ཐར་རྩེ་པཎ་ཆེན་གྱིས་མཛད་པའི་སྒྲུབ་ཅིང་མཆོད་པ་དང་བདག་ཉིད་འཇུག་ཅིང་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བླང་བའི་ཆོ་ག་སྟེ། ཡི་གེ་སོ་སོའི་སྟེང་ནས་སིནྡྷཱུ་རའི་བྱིན་རླབས་དང༌། ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་པས་མཛད་པའི་རྩ་དབུ་«༼དྷཱིཿ༽»མའི་ཁྲིད་ཀྱི་ཆོས་ཉིད་མངོན་སུམ་དུ་སྟོན་པ་དེ་ཁོ་ན་ཉི་བརྡ་ཆོས་ཀྱི་བྱིན་རླབས་ཀྱིས་སྨིན་པར་བྱས་ནས། ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཁྲིད་རིམ་གསུང་སྒྲོས་མ་གཞིར་མཛད། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཁྲིད་ཡིག་ཆེན་མོ་མཁའ་སྤྱོད་བགྲོད་པའི་ཉེ་ལམ་གྱི་རྒྱས་འགེབས་དང་བཅས། གཉིས་བྲལ་འཆད་དུས་ཞལ་ཤེས་གསུམ་ཞེས་པའི་དངོས་བསྟན་དང་ཤུགས་བསྟན་གྱིས་ཐུན་མོང་མ་ཡིན་པའི་ཞལ་ཤེས་ཡིག་ཆུང་གིས་ལེགས་པར་བརྒྱན། དེ་ཡང་གང་ཟག་དབང་པོ་རྟུལ་བ་རྣམས་ལ་སེམས་འཛིན་གྱི་དམིགས་པ་ཁོ་ནས་དོན་འགྲུབ་ནའང༌། བློས་འཆུན་པ་རྣམས་ལ་བསྒོམ་བྱའི་དོན་ལ་ཐོས་བསམ་གྱི་སྒྲོ་འདོགས་དཔྱད་པ་བསྐྱེད་རིམ་རྣམ་བཤད་དང༌། དཔྱད་དོན་ཉམས་སུ་ལེན་པ་སེམས་འཛིན་གྱི་རིམ་པ་གཏོང་ལུགས་སོགས་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་ལྟར་སྔོན་འགྲོའི་ཁྲིད་ཐུན་མོང་མ་ཡིན་པ་བཞི། རྣལ་འབྱོར་བཅུ་གཅིག་གི་བསྐྱེད་རིམ་སེམས་འཛིན་ཞར་བྱུང་རྫོགས་རིམ་དང་བཅས་པ། དངོས་གཞིའི་རྫོགས་རིམ་རྩ་དབུ་མ། བདེ་བ་དང་འཇའ་ལུས་སྒྲུབ་པ། འཕོ་བ། ནང་གི་མཁའ་སྤྱོད་སྒྲུབ་པ་སོགས་ཆ་ལག་ཚང་བའི་ཉམས་ཁྲིད། རྗེ་བཙུན་ཡབ་དང་ཐུན་མོང་བའི་རྩ་དབུ་མ་ཆེ་བའི་ཉམས་ཁྲིད་ཤིན་ཏུ་རྒྱས་པ། ཡང་ཉིན་གྲངས་བཅད་པ་མེད་པར་སྒྲུབ་ཐབས་ཁོ་ནའི་སྟེང་དུ་ཁྲིད་ཡིག་ཐམས་ཅད་ཀྱི་བརྗོད་བྱའི་སྙིང་པོ་བསྡུས་ནས་མཛུབ་ཁྲིད་ཀྱི་ཚུལ་དུ་མཛད་པའི་རྒྱུན་བཞུགས་པ་བཅས་ལེགས་པར་ཐོབ་ནས། རྒྱབ་བརྟེན་ལུང་གི་སྐོར་ལ། རྩ་བ་རྒྱ་གཞུང༌། གདམས་སྐོར། སྒྲུབ་ཐབས། རྣམ་བཤད། བྱིན་རླབས། ཁ་སྐོང་གི་ཡི་གེ ཁྲིད་ཡིག་དང་བདུན། དང་པོ་ནི། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་«༼ཨེ དྷཱིཿ༽»ཐབས།«་་་་་གོང་མའི་མཆན་བུ་དང་བཅས་པ་འདི་སྙིང་པོ་ལྟ་བུ་མེད་དུ་མི་རུང་བ་ཡིན་ནོ། »།སློབ་དཔོན་ནཱ་རོ་ཏ་པས་མཛད་པ་རྒྱ་གར་གྱི་མཁན་པོ་སུ་མ་ཏི་དང་དགེ་སློང་པྲཛྙཱ་ཀཱིརྟིས་བསྒྱུར་བའོ།།  །།གཉིས་པ་«༼ཨེ དྷཱིཿ༽»གདམས་སྐོར་ལ། བསྐྱེད་རིམ་ཕག་མོ་མཁའ་སྤྱོད། རྫོགས་རིམ་རྩ་དབུ་མ། ཐུན་མོང་གི་དངོས་གྲུབ་གནོད་སྦྱིན་མོ་དབང་དུ་བྱེད་པ། ལམ་གྱི་ཡན་ལག་དང་བཞི། དང་པོ་ལ། བྱིན་རླབས་«་་་་་བསྡུས་དོན་ན་རྗེས་གནང་ཟེར། མཇུག་ན་མཁའ་སྤྱོད་སྒྲུབ་ཚུལ་ཀྱང་ཅུང་ཟད་ཡོད། »ཀྱི་ཡི་གེ་བུ་མོ་«༼ཨེ དྷཱིཿ༽»གཞོན་ནུ་མ་ལ་སྟོན་མོ་བྱ་བ་དམ་ཚིག་གོའི་མཐའ་ཅན། དོན་འགྲེལ་«་་་་་བསྐྱེད་རིམ་དངོས། »རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་«༼ཨེ དྷཱིཿ༽»ཐབས་ལ་དོན་བཅུ་གཅིག་གིས་ངེས་པར་བྱ་བ་དེ་ལྟར་དོན་བཅུ་གཅིག་གོའི་མཐའ་ཅན། སྤྱོད་ལམ་གྱི་རྣལ་འབྱོར་ལས་འཕྲོས་ནས་ཕྱི་མཆོད་མདོར་བསྡུས་«༼ཨེ དྷཱིཿ༽»བྱ་ཚུལ་བྱང་ཆུབ་སེམས་དཔས་བཀྲོལ་བའོའི་མཐའ་ཅན།«་་་་་འདི་ཞར་བྱུང་བྱིན་རླབས་ཀྱི་ཆོ་ག་ཞིག་ཡོད་ཀྱང་ཕྱག་ལེན་དུ་མི་མཛད་ཅེས་བྲག་ཕུག་པ་གསུང༌། »བསྐྱེད་པའི་རིམ་པའི་ཆ་བཟླས་སྒོམ་གཉིས་ལ་བརྟེན་ནས་མཁའ་སྤྱོད་ཀྱི་དངོས་གྲུབ་«༼ཨེ དྷཱིཿ༽»སྒྲུབ་པ་བླ་མའི་ཞལ་གྱི་གདམས་པ་རྫོགས་བྱང་གི་མཐའ་ཅན།ཚོགས་ཀྱི་མཆོད་པ་«༼ཨེ དྷཱིཿ༽»མདོར་བསྡུས་པ་རྗེས་མི་མངོན་པར་བྱའོའི་མཐའ་ཅན། ཚེས་བཅུའི་མཆོད་པ་«༼ཨེ དྷཱིཿ༽»ཡི་དམ་བྱེད་ཚུལ་ཉེས་པ་ཐམས་ཅད་འདག་པར་གསུངས་པའི་མཐའ་ཅན། རྣལ་འབྱོར་མའི་སྦྱིན་སྲེག་རྒྱས་པ་«༼ཨེ དྷཱིཿ༽»བདག་ཉིད་ལ་བསྡུའོའི་མཐའ་ཅན། མར་མེའི་སྦྱིན་སྲེག་གཞན་ལ་ཕན་པའི་བློས་ཡི་གེར་བཀོད་པའི་མཐའ་ཅན་རྣམས་སོ། །གཉིས་པ་རྫོགས་རིམ་རྩ་དབུ་མའི་ཞལ་ཤེས་སུ་ཁ་འཕངས་པ། གསུམ་པ་ཐུན་མོང་གི་དངོས་གྲུབ་གནོད་སྦྱིན་མོ་དབང་དུ་བྱེད་པ་ལ་གནོད་སྦྱིན་མོའི་རྟོག་པ་ལས་ཚངས་པའི་བུ་མོ་འགུགས་པ་མན་ངག་ཏུ་བྱས་པ་རྫོགས་བྱང་གི་མཐའ་ཅན།«་་་་་འདི་ལ་རྒྱུད་ཀྱི་དུམ་བུའང་ཟེར། »གནོད་སྦྱིན་མོ་པདྨ་པ་ཏིའི་སྒྲུབ་ཐབས་ཡིད་དུ་འོང་བ་པདྨའི་མན་ངག་རྫོགས་སོའི་མཐའ་ཅན། དེའི་ཞལ་ཤེས་ཡིད་དུ་འོང་བའི་གནོད་སྦྱིན་མོ་སྒྲུབ་པ་རྫོགས་སོའི་མཐའ་ཅན།«་་་་་འདི་བྲག་ཕུག་པའི་བསྡུས་དོན་ན་མི་གསལ་བ་གོང་གི་ཁོངས་སུ་གཏོགས་པའི་དབང་དུ་བཏང་བ་འདྲ། »ཁོལ་པོ་པ་ཏ་ནའི་སྒྲུབ་ཐབས་ཞེས་བརྗོད་དོའི་མཐའ་ཅན་རྣམས་སོ། །བཞི་པ་ལམ་གྱི་ཡན་ལག་ལ། པྲ་སེ་ན་དབབ་པ་གདམས་ངག་གོའི་མཐའ་ཅན། སྨན་ཆེན་པོའི་བཅུད་ལེན་ཐུན་མོང་མ་ཡིན་པའི་གདམས་ངག་གོའི་མཐའ་ཅན་རྣམས་བླ་མ་ས་ཆེན་གྱིས་མཛད་པ།«་་་་་འདི་རྣམས་ལ་རྗེ་བཙུན་ཆེན་པོའི་གསུང་མཆན་དང་བཅས་པ་རྗེ་གྲོལ་མཆོག་གི་གསན་ཡིག་ན་མཆན་དེ་རྣམས་སློབ་དཔོན་རིན་པོ་ཆེས་མཛད་ཅེས་བཤད། »ས་ཆེན་གྱི་ཡི་གེ་དེ་རྣམས་ཀྱི་བསྡུས་དོན་བྲག་ཕུག་པའི་གསུང་སྒྲོས་ས་«༼ཨེ དྷཱིཿ༽»བཅད་བཞིར་མཛད་པ་ཅུང་ཟད་ཀྱང་སྣང་ངོའི་མཐའ་ཅན་རྣམས་སོ། །གསུམ་པ་སྒྲུབ་ཐབས་ལ། བརྒྱུད་པའི་གསོལ་འདེབས་རྒྱས་«༼ཨེ༽»པ་བསོད་ནམས་ཡེ་ཤེས་མ་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པ། དེས་མཛད་པའི་བསྡུས་པ་«༼དྷཱིཿ༽»རྡོ་རྗེ་འཆང་ཆེན་མ། ཚར་པ་རྡོ་རྗེ་འཆང་གིས་སྟོད་ལུང་སྤར་རྫོང་དུ་མཛད་པའི་བརྒྱུད་འདེབས་«༼དྷཱིཿ༽»མཆོག་གི་པདྨོ་བཞད་པའི་དགའ་སྟོན་ནམ་རྒྱལ་བ་རྒྱ་མཚོ་མར་གྲགས་པ་ཁ་སྐོང་དང་བཅས་པ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བརྒྱུད་པའི་གསོལ་འདེབས་ངག་«༼མ༽»དབང་བློ་བཟང་རྒྱ་མཚོས་མཛད་པ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྒོ་ནས་བསྟོད་པ་ཡེ་ཤེས་ཆེན་པོའི་མཛོད་འཛིན་མ་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པ། དཔལ་རྡོ་རྗེ་རྣལ་འབྱོར་མ་མཁའ་ལ་སྤྱོད་པའི་སྒྲུབ་ཐབས་འཕགས་པ་རིན་པོ་ཆེས་ས་སྦྲུལ་གདུ་བུའི་ཟླ་བ་ལ་ཤངས་མདོར་མཛད་པ། དེས་མེ་བྱི་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་མཛད་པའི་དཔལ་ནཱ་རོ་ཏ་པའི་རྗེས་སུ་འབྲངས་པའི་མཁའ་སྤྱོད་མའི་སྒྲུབ་ཐབས། དབུ་ན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཞེས་ཡོད་པའི་ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་རྗེ་སངས་རྒྱས་དཔལ་བཟང་གིས་མཛད་པ་དམ་ཚིག་པ་རང་ལ་བསྡུའོའི་མཐའ་ཅན། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་«༼དྷཱིཿ༽»རྒྱུན་དུ་ཉམས་སུ་བླང་བའི་ངག་འདོན་གྱི་ཚུལ་ཚར་ཆེན་གྱི་གསུང་རྒྱུན་ཉམས་ལེན་བཀླག་ཆོག་ཏུ་བཀོད་པ་དགེ་ཞིང་བཀྲ་ཤིས་ཀྱི་མཐའ་ཅན།དེ་དང་འདྲ་མིན་འགོར་ནམ་མཁའ་དང་མཉམ་པའི་སེམས་«༼དྷཱིཿ༽»ཅན་ཞེས་ཡོད་པའི་སྒྲུབ་ཐབས་ང་རྒྱལ་གྱིས་གནས་པར་བྱའོའི་མཐའ་ཅན།«་་་་་འདི་ལ་གསན་ཡིག་གདྒཱའི་ཆུ་རྒྱུན་དུ་ཚར་ཆེན་གྱིས་མཛད་པའི་སྒྲུབ་ཐབས་འདྲ་མིན་ཞེས་པ་ལས་མཛད་བྱང་མི་གསལ། »རྣལ་འབྱོར་བཅུ་གཅིག་གི་བསྒོམ་དོན་གྱི་སྒྲུབ་ཐབས་«༼ཨེ༽»ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། བསྟན་འཛིན་ཉི་ཟླ་བཟང་པོས་མཛད་པའི་རྒྱུན་གྱི་ཉམས་ལེན་མདོར་བསྡུས་པ་བསྙེལ་བྱང་དུ་བཀོད་པ་རྣམས་སོ། །བཞི་པ་རྣམ་བཤད་ལ། བདེ་མཆོག་རྩ་རྒྱུད་ཀྱི་དགོངས་པ་ནཱ་རོ་ཏ་པའི་མན་ངག་གིས་བསྐྱེད་པའི་རིམ་པ་ཕག་མོ་མཁའ་སྤྱོད་དུ་བཀྲལ་བའི་སྒྲུབ་ཐབས་ཀྱི་དོན་རྗེ་ས་ཆེན་གྱིས་རྣལ་འབྱོར་བཅུ་གཅིག་ཏུ་བསྡུས་ནས་བསྟན་པའི་རྣམ་བཤད་«༼ཨེ༽»རྗེ་ཉི་ཟླ་སེང་གེས་མཛད་པ། རྣལ་འབྱོར་བཅུ་གཅིག་གི་རྣམ་བཤད་«༼ཨེ དྷཱིཿ༽»རྗེ་བཙུན་བྱམས་པ་ཆོས་ལེགས་ཀྱིས་མཛད་པ། ཡང་རྣལ་འབྱོར་བཅུ་གཅིག་གི་རྣམ་«༼ལྕགས༽»བཤད་ངག་དབང་ཉི་ཟླ་བཟང་པོས་མཛད་པ། རྒྱལ་བ་རྒྱ་མཚོ་མའི་རྣམ་«༼ཨེ༽»བཤད་རྡོ་རྗེ་འཆང་པདྨ་ཕྲིན་ལས་ཀྱིས་མཛད་པ་རྣམས་སོ། །ལྔ་པ་བྱིན་རླབས་ལ། རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བའི་ཆོ་ག་འཕགས་པ་རིན་པོ་ཆེས་ལྕགས་རྟ་ཟླ་བ་བདུན་པའི་ཚེས་བཅོ་བརྒྱད་ལ་ཤངས་མདོར་མཛད་པ།འགོར་ཡེ་ཤེས་མཁའ་འགྲོ་མ་ལུས་པའི། །ཞེས་ཡོད་པའི་བྱིན་རླབས་ཀྱི་ཡི་གེ་རྗེ་སངས་«༼ཨེ དྷཱིཿ༽»རྒྱས་དཔལ་བཟང་གིས་མཛད་པ་བྱིན་གྱིས་བརླབ་ཏུ་གསོལ་གྱི་མཐའ་ཅན།བྱིན་རླབས་«༼ཨེ༽»ཀྱི་ཆོ་ག་རྡོ་རྗེ་འཆང་ཆེན་པོ་ཨཱ་ནནྡ་བྷ་དྲའི་གསུང་ལས་ཇི་ལྟར་ཟིན་པ་ཙམ་ཞིག་པྲཛྙཱ་བྷ་དྲས་བརྗེད་བྱང་དུ་བྲིས་པ།«་་་་་མཁས་གྲུབ་གུང་རུ། »སིནྡྷཱུ་རའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་«༼དྷཱིཿ༽»མཁའ་སྤྱོད་སྒྲུབ་པའི་ཉེ་ལམ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ། ཡང་བྱིན་རླབས་ཀྱི་ཆོ་ག་མཐོང་བ་«༼ཨེ༽»དོན་ལྡན་ཞེས་པ་ཨེ་ཝཾ་ཐར་རྩེ་པ་ནམ་མཁའ་དཔལ་བཟང་གིས་མཛད་པ། རྫོགས་པའི་རིམ་པ་རྩ་དབུ་མའི་དེ་ཁོ་ན་ཉིད་དངོས་སུ་སྟོན་པའི་བྱིན་རླབས་ཀྱི་ཆོ་ག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པ་རྣམས་སོ། །དྲུག་པ་ཁ་སྐོང་ལ། རྡོ་རྗེ་རྣལ་འབྱོར་མའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་གོ་གོ་ཅན་གྱིས་བསྐུལ་ནས་འཕགས་པས་ལྕགས་རྟ་གདུ་བུའི་ཟླ་བ་ལ་ཤངས་མདོར་མཛད་པ། རྡོ་རྗེ་རྣལ་འབྱོར་མའི་སྦྱིན་སྲེག་གི་ཆོ་ག་གོ་གོ་ཅན་གྱིས་བསྐུལ་ནས་འཕགས་པས་ས་སྦྲུལ་དབྱར་འབྲིང་ཤངས་མདོར་མཛད་པ། རྣལ་འབྱོར་བཅུ་གཅིག་བསྒོམ་ཚུལ་ཚེས་བཅུའི་མཆོད་པ་«༼ཨེ དྷཱིཿ༽»རྒྱས་བསྡུས་སྦྱིན་སྲེག་དང་བཅས་པ་ཀུན་དགའ་བདེ་ལེགས་ཀྱིས་བསྐུལ་ངོར་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པ། བདག་འཇུག་ལག་ལེན་གྱི་སྡོམ་ཚིག འགོར་རྗེ་བཙུན་དམ་པ་མི་བསྐྱོད་རྡོ་རྗེ་ཞེས་ཡོད་པའི་སྦྱིན་སྲེག་གི་ཆོ་«༼ཨེ དྷཱིཿ༽»ག་མུས་ཆེན་གྱི་གསུང་བཞིན་ཆོས་རྗེ་སངས་རྒྱས་དཔལ་བཟང་གིས་མཛད་པ། ཡང་སྦྱིན་སྲེག་གི་ཆོ་ག་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པ་མཁའ་སྤྱོད་སྒྲུབ་པའི་དགའ་སྟོན། སྦྱིན་སྲེག་གི་ཆོ་ག་«༼ཨེ༽»ཐར་རྩེ་ནམ་མཁའ་དཔལ་བཟང་གིས་མཛད་པ། རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་བསྙེན་པ་བྱ་ཚུལ་རྒྱལ་རྩེ་པ་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་རྣམས་སོ། །རྫོང་ཆུང་བ་ལུགས་ཀྱི་ཆོས་སྐོར་སྔགས་འཆང་གཟུངས་པས་ཕྱོགས་གཅིག་ཏུ་བསྒྲིགས་«༼ཤཀི༽»པའི་མན་ངག་གཏེར་མཛོད་དུ་གྲགས་པ་ལ། རྣལ་འབྱོར་བཅུ་གཅིག་གི་ཉམས་ལེན་ལ་བརྟེན་ནས་བསྙེན་པས་མཉེས་པར་བྱ་བ། ཞར་བྱུང་གཏོར་མའི་ཆོ་ག གཞན་དོན་སློབ་མ་ལ་ཕན་གདགས་པ་ཚོགས་མཆོད་དང་བཅས་པ། སློབ་མ་རྗེས་གཟུང་བྱིན་རླབས་ཀྱི་ཡི་གེ ཞར་བྱུང་སིནྡྷཱུ་རའི་སྒྲུབ་པ། ཞི་བའི་སྦྱིན་སྲེག མར་མེའི་སྦྱིན་སྲེག ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག ཁྲུས་ཆོག འཁོར་ལོའི་མན་ངག ཚེས་བཅུའི་ཆོ་ག་དང་བཅས་པ་རྣམས་སོ། །བདུན་པ་ཁྲིད་ཡིག་སྐོར་ལ་དངོས་དང༌། ཁྱད་པར་ཅན་རྩ་དབུ་མ་ཆེ་བའི་ཁྲིད་གཉིས། དང་པོ་ལ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཕྱག་ཆེན་གཅེས་བཏུས་ནས་འཁོར་ལོ་སྡོམ་པ་དཀོན་མཆོག་རྒྱལ་མཚན་གྱིས་བྲིས་པའི་རྩ་དབུ་མའི་ཁྲིད་ཡིག་མགོར། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཟབ་ཡངས་རྒྱུད་རྒྱལ་གསང་མཐའི་དོན་ཞེས་ཡོད་པ། རྒྱུད་སྡེ་དྲུག་པའི་རྣལ་འབྱོར་གསང་མཐའི་ཡང་བཅུད་དཔའ་མོ་མཁའ་སྤྱོད་དགའ་མའི་ཉེ་ལམ་རྗེ་བཙུན་ས་སྐྱ་པའི་གསེར་ཆོས་ཀྱི་ཉིང་ཁུ་ཧེ་རུ་ཀ་དཔལ་ཚར་པ་ཆོས་རྗེའི་གསུང་བཞིན་འཇམ་དབྱངས་མཁྱེན་བརྩེས་ཟིན་བྲིས་སུ་མཛད་པའི་ཁྲིད་ཡིག་མཁའ་སྤྱོད་བགྲོད་པའི་ཉེ་ལམ་འདི་ནི་དེང་སང་རྣལ་འབྱོར་བཅུ་གཅིག་གི་སྟེང་དུ་རྩ་དབུ་མའི་ཁྲིད་ཙམ་བསྣན་ནས་མཁའ་སྤྱོད་མའི་ཁྲིད་ཡིན་ནོ་ཞེས་སྐད་གསང་མཐོན་པོར་སྒྲོགས་པ་རྣམས་དང་ཡེ་མི་འདྲ་བའི་ནཱ་རོ་པའི་གསང་ཆེན་སློབ་བཤད་ཀྱི་གནད་འགག་ཐམས་ཅད་ཚང་བ་ཡིན་པས། ཁྲིད་ཀྱི་མཇུག་ཏུ། གྲངས་མེད་མཁའ་འགྲོའི་གཙོ་མོ་ཀུན་འདར་མ། །ཟག་མེད་བདེ་ཆེན་མཆོག་གིས་མཆོད་བྱས་ནས། །བརྗོད་མེད་གནས་ལུགས་རྟོགས་པའི་ཉེ་ལམ་འདི། །འཁྲུལ་མེད་བླ་མའི་གསུང་གི་ཉིང་ཁུ་ཡིན། །ཞེས་རང་བཟོ་དང་འཁྲུལ་པའི་དྲི་མ་ཕྲ་མོ་ཙམ་དང་ཡང་བྲལ་བའོ། །ནཱ་རོ་མཁའ་སྤྱོད་མའི་བསྐྱེད་«༼དྷཱིཿ༽»རྫོགས་ཀྱི་ཟིན་བྲིས་དཔལ་ལྡན་རྒྱལ་པོའི་དངོས་སློབ་བཟང་པོ་དཔལ་གྱིས་བརྗེད་བྱང་དུ་མཛད་པ། ཡང་བསྐྱེད་རྫོགས་ཀྱི་བསྐྱེད་རིམ་ཚར་པ་རྡོ་རྗེ་འཆང་གི་གསུང་རྒྱུན་«༼དྷཱིཿ༽»དགེ་སློང་རིང་མོ་པས་ཟིན་བྲིས་སུ་མཛད་པ། ནཱ་རོ་མཁའ་སྤྱོད་མའི་སྦྱང་གཞི་སྦྱང་ཚུལ་གྱི་མན་ངག་ཤིན་ཏུ་ཟབ་པ་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེའི་གསུང་རྒྱུན། ཐུན་མོང་མ་ཡིན་པའི་བླ་མའི་རྣལ་འབྱོར་ཉམས་«༼དྷཱིཿ༽»ལེན་གྱི་ཁྲིགས་རིམ་ཡོངས་གྲགས་དང་ཅུང་ཟད་མི་མཐུན་པ་སློབ་བཤད་པའི་བཞེད་པ་ཐུན་མོང་མ་ཡིན་པ་གོ་རིམ་འཁྲུལ་མེད་དུ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་བཀོད་པ་ཡུན་རིང་དུ་གནས་པར་གྱུར་ཅིག་གི་མཐའ་ཅན། སྔགས་འཆང་བསོད་ནམས་«༼ཝཱ༽»ཆོས་འཕེལ་གྱི་གསུང་རྒྱུན་རྣལ་འབྱོར་བཅུ་གཅིག་ནང་བསྐྱེད་རིམ་ལུས་དཀྱིལ་སྒོམ་ཚུལ། རྫོགས་རིམ་ཤིན་ཏུ་ཟབ་པ། བསམ་མི་ཁྱབ་ཀྱི་ཞལ་ཤེས་དང་བཅས་པ་མཁས་གྲུབ་ངག་དབང་ཆོས་གྲགས་ཀྱིས་ཟིན་བྲིས་སུ་མཛད་པ་དངོས་གྲུབ་མྱུར་མགྱོགས་ཀྱི་ཕོ་ཉ།རྣལ་འབྱོར་བཅུ་གཅིག་གི་ཉམས་ལེན་ལ་སྒྲོ་འདོགས་གཅོད་པ་དང་སེམས་འཛིན་ཟུང་འབྲེལ་དུ་གཏོང་ཚུལ་མཐོང་གྲོལ་ལྡེ་མིག་«༼ཞ༽»རྒྱལ་དབང་རྡོ་རྗེ་འཆང་ཆེན་པོས་མཛད་པ།ཁྲིད་ཀྱི་སྐབས་གཉིས་བྲལ་འཆད་དུས་ཞལ་ཤེས་གསུམ་གྱི་དང་པོ་ཐུན་མོང་མ་ཡིན་པ་བླ་མའི་རྣལ་«༼དྷཱིཿ༽»འབྱོར་གྱི་ཡིག་ཆུང༌། གཉིས་པ་བླ་མ་བསྟིམ་པའི་ཞལ་གདམས་«༼དྷཱིཿ༽»རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་སྙིང་གི་དབུས་སུ་གཅེས་པར་ཟུང་གི་མཐའ་ཅན། རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་ལུས་དཀྱིལ་སྙན་«༼དྷཱིཿ༽»བརྒྱུད་ཚར་པ་རྡོ་རྗེ་འཆང་གི་གསུང་སྙིང་ལྟར་གཅེས་པར་དམ་དུ་སྦ་བར་མཛོད་ཀྱི་མཐའ་ཅན། ཕྱག་རྒྱ་ཆེན་པོ་དབུ་མར་«༼ཨེ དྷཱིཿ༽»འཇུག་པའི་ཡིག་རྙིང་ཞུགས་པའོའི་མཐའ་ཅན། ཞལ་ཤེས་གསུམ་པ་«༼དྷཱིཿ༽»ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་གསུང་ཐུན་མོང་མ་ཡིན་པའི་རྩ་དབུ་མའི་རྒྱུན་གྱི་ཉམས་ལེན་སྙིང་དབུས་པདྨོ་བཞད་གྱུར་ཅིག་གི་མཐའ་ཅན། མཁའ་སྤྱོད་མའི་ཞལ་ཤེས་ཡིག་ཆུང་རྒྱུད་ལས་གསལ་བར་འབྱུང་ངོའི་མཐའ་ཅན། ཡང་དབང་བཞི་«༼ཨེ དྷཱིཿ༽»ལུས་བསྒྲིག་མཁའ་སྤྱོད་སྒྲུབ་པ། འཕོ་བའི་སྐབས་སྒོ་དགག་«༼ཨེ དྷཱིཿ༽»པ་གསུམ་གྱི་ཞལ་ཤེས་ཡིག་ཆུང་རྒྱུད་ལས་གསལ་བར་འབྱུང་ངོའི་མཐའ་ཅན། ཧེ་རུ་ཀ་ཡབ་ཡུམ་ཞལ་སྦྱོར་དང་ཡུམ་རྐྱང་ལ་བརྟེན་པའི་འཕོ་བ་«༼ཨེ དྷཱིཿ༽»གསེར་ཆོས་ལོ་ཙཱ་བའི་མན་ངག་ས་ཆེན་གྱིས་མཛད་པ། དེའི་གསལ་བྱེད་ཡབ་དང་ཐུན་མོང་བ་དང་ཡུམ་དང་ཐུན་མོང་མ་ཡིན་པའི་ཉམས་ལེན་ཚར་བ་རྡོ་རྗེ་འཆང་གི་གསུང་«༼དྷཱིཿ༽»རྒྱུན་དབྱིངས་རིག་བསྲེའོའི་མཐའ་ཅན། ཡང་སྔ་མ་དང་འདྲ་མིན་གང་«༼ཨེ དྷཱིཿ༽»གི་ཁྱོད་ཞབས་མ་ལོ་ཙཱ་བའི་གསེར་ཆོས། འཕོ་བ་འདི་གཉིས་དང་འོག་ནས་འབྱུང་བའི་མཁའ་སྤྱོད་སྒྲུབ་པའི་ཉམས་ལེན་གཉིས་དུས་གཅིག་ལ་སློབ་མ་གཅིག་ལས་མང་བ་ལ་མི་སྟོན་ཞིང་ཞུ་བའི་ཚེ་གསེར་གྱི་མཎྜལ་དང་བཅས་དགོས་པ་དེང་སང་གི་བར་དུ་ཕྱག་ལེན་འཕྱུགས་མེད་དུ་ཡོད་པས་གསེར་ཆོས་ཆིག་བརྒྱུད་ཟབ་ཆོས་སུ་མིང་བཏགས་བཞིན་དུ་ཁྲོམ་ཆོས་སུ་འཆད་པ་རྣམས་དང་ཡེ་མི་འདྲའོ། །ཐུན་མོང་གི་རྗེས་འབྲངས་རྣམས་ལ་མིང་ཙམ་ཡང་མ་གྲགས་པའི་མཁའ་སྤྱོད་སྒྲུབ་པའི་གསེར་ཆོས་«༼དྷཱིཿ༽»ཆིག་བརྒྱུད་མ་ཤིན་ཏུ་ཟབ་པ་ཚར་ཆེན་རྡོ་རྗེ་འཆང་གིས་འཕེན་ཡུལ་ཨཽ་ཌྱཱནའི་གཞིས་ཀར་མཛད་པ། འདིའི་ཉམས་ལེན་ལ་བརྟེན་ནས་ས་སྐྱ་པའི་སྔགས་འཆང་མང་པོ་ལུས་མ་སྤངས་པར་མཁའ་སྤྱོད་དུ་བྱོན་པའི་ལོ་རྒྱུས་ངོ་མཚར་བ་མཐའ་ཀླས་པ་སྣང་ངོ༌། །མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་«༼དྷཱིཿ༽»ལམ་ཚར་པ་ཆོས་རྗེས་མཛད་པ།རྡོ་རྗེ་རྣལ་འབྱོར་མའི་བཀྲ་ཤིས་དགེ་ལེགས་ཀྱི་དཔལ་«༼ཨེ དྷཱིཿ༽»སྟེར་བྱམས་པ་ཆོས་ལེགས་ཀྱིས་མཛད་པ་རྣམས་སོ། །གཉིས་པ་ཁྱད་པར་ཅན་རྩ་དབུ་མ་ཆེ་བའི་ཁྲིད་ལ། རྗེ་བཙུན་ཆེན་པོས་མདོ་ཁམས་གཡེར་མོ་ཐང་གི་སྟོན་པ་གཞོན་ནུའི་དོན་དུ་མཛད་པའི་ནཱ་རོ་ཏ་པའི་ཐུགས་ཀྱི་ཉིང་ཁུ་«༼ཨེ དྷཱིཿ༽»རྩ་དབུ་མའི་མན་ངག རྡོ་རྗེ་རྣལ་འབྱོར་མའི་རྫོགས་རིམ་རྩ་དབུ་མའི་ཁྲིད་ཀྱི་གསལ་«༼དྷཱིཿ༽»བྱེད་ཞར་བྱུང་དེ་ཁོ་ན་ཉིད་དངོས་སུ་སྟོན་པའི་བྱིན་རླབས་ཀྱི་ལག་ལེན་བསྟན་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གསུང་སྒྲོས་རྣལ་འབྱོར་དབང་ཕྱུག་ཡར་ལུང་པ་སེང་གེ་རྒྱལ་མཚན་གྱིས་ཟིན་བྲིས་སུ་བཏབ་པ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་རྗེ་བཙུན་ཡབ་དང་ཐུན་མོང་བའི་«༼དྷཱིཿ༽»རྩ་དབུ་མ་ཆེ་བའི་ཁྲིད་ཡིག ཡབ་དང་ཐུན་མོང་བའི་རླུང་དབུ་མར་བསྡུ་བའི་དམིགས་པ་དང་རྗེ་བཙུན་ཡུམ་རྐྱང་གི་རླུང་སེམས་དབུ་མར་བསྡུ་ཚུལ་གྱི་«༼ས༽»དམིགས་རིམ་འཇམ་མགོན་ས་སྐྱ་པ་བསོད་ནམས་དབང་ཕྱུག་གི་གསུང་རྒྱུན་ཟིན་བྲིས། ཡུམ་བཀའ་ལ་བརྟེན་པའི་རླུང་དབུ་མར་སྡུད་པའི་ཉམས་«༼ལྕགས༽»ལེན་ཐུན་མོང་མ་ཡིན་པ་ངག་དབང་ཉི་ཟླ་བཟང་པོས་ལྷ་རིགས་རྒྱལ་མོའི་ཐུགས་དམ་དུ་མཛད་པ་རྣམས་ལེགས་པར་ཐོབ་པ་ལས། ངོར་ལུགས་ནས་བརྒྱུད་པའི་བྱིན་རླབས་ཁྲིད་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། དཔལ་མཆོག་རྡོ་རྗེ་ཆོས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ། ཌྷེཾ་ཀི་པ། ཨནྟར་པ། ཏིལློ་པ། པཎ་གྲུབ་ནཱ་རོ་པ། ཕམ་མཐིང་པ་གཅེན་འཇིགས་མེད་གྲགས་པ། གཅུང་ངག་དབང་གྲགས་པ། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། བསྟན་པའི་མངའ་བདག་བླ་ཆེན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། ཆོས་ཀྱི་རྒྱལ་པོ་འཕགས་པ་བློ་གྲོས་རྒྱལ་མཚན། བླ་མ་ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ་བསོད་ནམས་དཔལ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། ཤར་པ་ཡེ་ཤེས་རྒྱལ་མཚན་དང་གྲུབ་ཆེན་བུདྡྷ་ཤྲཱི་གང་རུང༌། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་སངས་རྒྱས་རིན་ཆེན། ས་སྐྱ་ལོ་ཙཱ་བ། དེ་གཉིས་ཀ་ལས་དཀོན་མཆོག་ལྷུན་གྲུབ། རྗེ་ནམ་མཁའ་དཔལ་བཟང༌། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། འཇམ་མགོན་དཔལ་མཆོག་རྒྱལ་མཚན། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། དེ་ལས་འཇམ་མགོན་བཀྲ་ཤིས་ལྷུན་གྲུབ་དང༌། ཀུན་མཁྱེན་ཚུལ་ཁྲིམས་ལྷུན་གྲུབ། རྡོ་རྗེ་འཛིན་དབང་ཀུན་དགའ་བསྟན་འཛིན་གསུམ་གྱིས་གསན། དེ་གསུམ་ཀ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ལེགས་པར་ནོས་སོ། །ཡང་ན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ནས། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་དང༌། མཚུངས་མེད་བསྟན་འཛིན་ལྷུན་གྲུབ་གཉིས་ཀྱིས་གསན། དེ་གཉི་ག་ལས་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་དང༌། མཁན་ཆེན་སངས་རྒྱས་དཔལ་བཟང་གཉིས་ཀྱིས་གསན། དེ་ལས་བདག་གིས་ལེགས་པར་ཐོབ་བོ། །ཡང་ན་པཎ་ཆེན་ནམ་མཁའ་དཔལ་བཟང་ལས་ཁྲི་ཆེན་པ་ཀུན་དགའ་བསོད་ནམས་ལྷུན་གྲུབ་དང༌། བྱམས་པ་ཀུན་དགའ་བཀྲ་ཤིས་གཉིས་ཀྱིས་གསན། གཉིས་ཆར་ལས་ཤར་ཆེན་ཤེས་རབ་འབྱུང་གནས་ཀྱིས་གསན། དེ་ལས་རྗེ་དམ་ཆོས་བསམ་གྲུབ། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས་མན་འདྲ། ཡང་ན་རྗེ་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་ཆོས་འོད་ཟེར། འཇམ་དབྱངས་ཀུན་དགའ་བསོད་ནམས་མན་འདྲ། ཡང་ན་རྗེ་བཙུན་བྲང་ཏི་པ་ནམ་མཁའ་དཔལ་བཟང་ནས། རིན་པོ་ཆེ་དཔལ་ལྡན་དོན་གྲུབ། དེ་གཉིས་ཆར་ལས་ནམ་མཁའ་སངས་རྒྱས་ཀྱིས་གསན་ནམ་སྙམ། དེ་ནས་རྗེ་དཔལ་མཆོག་མན་འདྲ།ཡང་ན་རྗེ་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེང་གེ འཇམ་དབྱངས་སངས་རྒྱས་སེང་གེ བྲང་ཏི་པ་མན་འདྲའོ། །བྱིན་རླབས་དང་ཡི་གེའི་རྟགས་མེད་པའི་ཁྲིད་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡན་ཆད་གོང་མ་ཇི་ལྟ་བ་བཞིན་ལས། དེ་ནས་རྣལ་འབྱོར་གྱི་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་བ་མཆོག་དབྱངས། ཡབ་རྗེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། བླ་མ་དཔལ་ལྡན་ཚུལ་ཁྲིམས། རྗེ་བཙུན་རྡོ་རིང་ཀུན་སྤངས་པ་ཆེན་པོ་ཀུན་བཟང་ཆོས་ཀྱི་ཉི་མ་བློ་ལྡན་ཤེས་རབ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། སྔགས་འཆང་སངས་རྒྱས་རིན་ཆེན། ཁྱབ་བདག་མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་དུ་བོད་པས་རྨོར་བསམ་གཏན་གླིང་དུ་ལེགས་པར་ཐོབ་བོ། །ཚར་ཆེན་གྱིས་མཛད་པའི་སྒྲུབ་ཐབས་དཀྱིལ་ཆོག་གི་སྟེང་ནས་བྱིན་རླབས་དང༌། མཁན་ཆེན་ངག་དབང་ཆོས་གྲགས་པས་མཛད་པའི་ཁྲིད་ཡིག་དེའི་ཁ་འགེངས་དང་བཅས་པའི་སྟེང་ནས་བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག་ཡན་ལག་ཏུ་བཅས་པ་དང༌། རྫོགས་རིམ་རྩ་དབུ་མ་ཁ་འབྱེད་པའི་མན་ངག་བསམ་གྱིས་མི་ཁྱབ་པའི་ཐུན་མོང་མ་ཡིན་པའི་ཞལ་ཤེས། ཡབ་ཡུམ་གཉིས་ལ་བརྟེན་པ་དང༌། ཡུམ་རྐྱང་ལ་བརྟེན་པའི་འཕོ་བའི་ཞལ་ཤེས་དང་བཅས་ཉམས་ཁྲིད་སྨིན་རྒྱས་སུ་ཐོབ་པའི་བརྒྱུད་པ་ནི། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡན་གོང་བཞིན་ལ། དེ་ནས་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག བདག་ཆེན་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་སྤངས་པ་ཆེན་པོ། ཚར་ཆེན་ཧེ་རུ་ཀ་དཔལ་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྟ་ར་བ་བསོད་ནམས་ཆོས་འཕེལ། མཁས་གྲུབ་ངག་དབང་ཆོས་གྲགས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསོད་ནམས། ངག་དབང་བསོད་ནམས་རྒྱལ་མཚན། གྲུབ་དབང་བསོད་ནམས་མཐའ་ཡས། འཇམ་དབྱངས་བསོད་ནམས་དབང་ཕྱུག ངག་དབང་བརྟན་པ་རབ་རྒྱས། སྤྲོ་མོ་ལུང་པ་གྲུབ་དབང་བསོད་ནམས་ཆོས་འཕེལ། མཁས་གྲུབ་ཆེན་པོ་སངས་རྒྱས་བསྟན་པ། མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་དཔལ་བཟང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་དགེས་བཞིན་དུ་ས་དཀར་བསམ་འགྲུབ་གླིང་དུ་ལེགས་པར་སྩལ་ཏོ། །ཡང་ན་ངག་དབང་ཆོས་གྲགས་ནས། རྒྱལ་རྩེ་བ་བསོད་ནམས་རྒྱལ་མཚན། བསྟན་པ་རབ་རྒྱས་མན་གོང་བཞིན་ནོ། །ཡང་ན་དབང་ཕྱུག་རབ་བརྟན་ནས། དེ་དབོན་བསོད་ནམས་མཆོག་ལྡན། ཞྭ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེའི་མཆོད་དཔོན་མཉྫུ་པ། ཞྭ་ལུ་པ་སྦས་པའི་རྣལ་འབྱོར། གྲུབ་དབང་སངས་རྒྱས་བསྟན་པ་མན་འདྲའོ། །ཡང་ན་སྤྲོ་མོ་ལུང་པ་ནས། ངག་དབང་ཚུལ་ཁྲིམས་བཟང་པོ། རྡོ་རྗེ་འཆང་བསོད་ནམས་དབང་ཕྱུག ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་བྱིན་རླབས་དང་ཨ་རྟགས་ཅན་གྱི་ལུང་ཁྲིད་རྐྱང་བཅས་ཐོབ་པའི་བརྒྱུད་པ་ནི། ཆོས་རྗེ་བླ་མ་དམ་པ་ཡན་གོང་ལྟར་ལ། དེ་ནས་དཔལ་ལྡན་ཚུལ་ཁྲིམས། ངོར་ཆེན་རྡོ་རྗེ་འཆང༌། མུས་ཆེན་འཁོར་ལོ་སྡོམ་པ། ཞྭ་ལུ་པ་སངས་རྒྱས་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་རྒྱལ་པོ། མཁས་པ་བཟང་པོ་དཔལ་བ། དེ་དབོན་མུས་ཆེན་ནམ་མཁའ་དབང་ཕྱུག འཇམ་དབྱངས་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲ། ཡང་བྱིན་རླབས་གཉིས་ཁྲིད་དྷཱིའི་རྟགས་ཅན་གྱི་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། ཚར་ཆེན་ནས། འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་ཕྱུག དེ་ལས་བསླབ་གསུམ་རྗེ་དང༌། བསོད་ནམས་ཆོས་འཕེལ་གཉིས་ཀྱིས་གསན། གཉིས་ཀ་ལས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། འདྲེན་མཆོག་སྙིང་རྗེ་བཟང་པོ། མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲ། ཡང་བྱིན་རླབས་དང་སའི་རྟགས་ཅན་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་ལས། འཇམ་མགོན་མཁྱེན་བརྩེ་དང༌། ཀླུ་སྒྲུབ་རྒྱ་མཚོ་གཉིས་ཀྱིས་གསན། མཁྱེན་བརྩེའི་ཞབས་ནས་རྗེ་དབང་རབ། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། བྱམས་པ་ངག་དབང་རྣམ་རྒྱལ། དཔལ་ས་སྐྱ་པ་ཆེན་པོ། ངག་དབང་བསོད་ནམས་དབང་ཕྱུག སྔགས་འཆང་ངག་དབང་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། ངག་དབང་ཀུན་དགའ་ལྷུན་གྲུབ་མན་གོང་བཞིན་ནོ། །ཡང་ན་ཚར་ཆེན་ལས་ཀླུ་སྒྲུབ་རྒྱ་མཚོ་དང༌། སྔགས་འཆང་བསོད་ནམས་ཆོས་འཕེལ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་མཁན་ཆེན་ངག་དབང་ཆོས་གྲགས། དེ་ནས་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག་མན་འདྲ། ཡང་བསྐྱེད་རྫོགས་ཀྱི་ཉམས་ཁྲིད་ཞལ་ཤེས་དོར་བ་དང༌།བྱིན་རླབས་ཨེ་གཡུང་དྲུང་ཅན་གྱི་ལུང་བཅས་ཀྱི་བརྒྱུད་ལུགས་གཅིག་ལ། ངོར་ཆེན་རྡོ་རྗེ་འཆང་ཆེན་པོ་ནས། མུས་ཆེན། ཀུན་མཁྱེན་བསོད་ནམས་སེང་གེ མུས་ཆེན་སངས་རྒྱས་རིན་ཆེན། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་པ་ནམ་མཁའ་དཔལ་བཟང༌། ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། མཁྱེན་རབ་བསྟན་འཛིན་བཟང་པོ།མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ། ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་ངོར་ཆེན་ལས། རྒྱལ་ཚབ་ཀུན་དགའ་དབང་ཕྱུག བསོད་ནམས་དབང་ཕྱུག གུང་རུ་ཤེས་རབ་བཟང་པོ། མཁྱེན་རབ་རྡོ་རྗེ་འཆང་བཞིས་གསན། དེ་བཞི་ཀ་ལས་རྗེ་བཙུན་རྡོ་རིང་པས་གསན་པ་མན་འདྲ།ཡང་ན་གུང་རུ་ཤེས་རབ་བཟང་པོ་དང༌། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ་གཉིས་ལས་ཀུན་མཁྱེན་ཤཱཀྱ་དོན་གྲུབ་ཀྱིས་གསན། དེ་ནས་འཇམ་དབྱངས་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། དེ་ལས་ངག་དབང་མཆོག་ལེགས་རྡོ་རྗེ་དང་མཁྱེན་རབ་བསྟན་འཛིན་བཟང་པོ་གཉིས་ཀྱིས་གསན། མཁྱེན་རབ་བསྟན་འཛིན་བཟང་པོ་ནས། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་བྱིན་རླབས་རྐྱང་པའི་བརྒྱུད་པ་ལུགས་གཅིག་ལ། མུས་ཆེན་ནས། ཀུན་མཁྱེན་བསོད་ནམས་སེང་གེ བྱས་འགྱུར་བ་བསོད་ནམས་སེང་གེ རྗེ་སྒོ་རུམ་པ། འཇམ་མགོན་མཁྱེན་བརྩེ་མན་འདྲ།ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། འཁོན་ས་སྐྱ་པ་ཆེན་པོ། ངག་དབང་ཀུན་དགའ་བསོད་ནམས་མན་འདྲ། ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། ཀུན་དགའ་ལུང་རིགས། སྡོམ་བརྩོན་སྦྱིན་པ་གྲགས་པ། དཔལ་ས་སྐྱ་པ་མན་འདྲ། ཡང་ན་སྙིང་རྗེ་བཟང་པོ་ནས། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། ས་སྐྱ་པ་ཆེན་པོ་མན་འདྲ། བྷའི་རྟགས་ཅན་གྱི་ལུང་བརྒྱུད་ནི། ཀུན་མཁྱེན་བསོད་ནམས་སེང་གེ མུས་ཆེན་སངས་རྒྱས་རིན་ཆེན། དཀོན་མཆོག་ལྷུན་གྲུབ། ཐར་རྩེ་པ་ཆེན་པོ། ཤར་ཆེན་ཀུན་དགའ་བཀྲ་ཤིས། ངག་དབང་བསྟན་པའི་རྡོ་རྗེ། ཁྲི་ཆེན་བསོད་ནམས་བསྟན་འཛིན་དབང་པོ། མཁན་ཆེན་བཟང་པོ་རྒྱལ་མཚན། རྨོར་ཆེན་རྡོ་རྗེ་འཆང་མན་འདྲ། ཡང་བྱིན་རླབས་རྐྱང་པའི་བརྒྱུད་ལུགས་གཅིག་ལ། ཐར་རྩེ་པ། ཤར་ཆེན་ཀུན་དགའ་བཀྲ་ཤིས། དེ་དབོན་ཤེས་རབ་འབྱུང་གནས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན།ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བཀྲ་ཤིས། རྨོར་ཆེན་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །ཡང་ན་ངོར་ཆེན་རྡོ་རྗེ་འཆང་ཆེན་པོ་ནས། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག་མན་འདྲའོ། །ལྕགས་རྟགས་ཅན་གྱི་བརྒྱུད་པ་ནི།ཡང་ན་ངོར་ཆེན་ནས། པཎ་ཆེན་ཤཱཀྱ་མཆོག་ལྡན། ཆོས་རྗེ་ཀུན་དགའ་རྒྱལ་མཚན། མང་མཁར་བ་རབ་གསལ་ཟླ་བ་མགོན་པོ། རྗེ་གྲོལ་མཆོག་མན་འདྲ། ཡང་ན་གྲོལ་མཆོག་ནས། ངག་དབང་ཉི་ཟླ་བཟང་པོ། རྗེ་བཙུན་ངག་དབང་ཉི་མ། ལྕགས་ཟམ་པ་ཆེན་པོ་ཀུན་དགའ་བསོད་ནམས་དབང་ཕྱུག མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ་མན་འདྲ། ཡང་ན་རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། ལྕགས་ཟམ་པ་ཆེན་པོ་མན་འདྲ། ཡང་ན་ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ་ཀྱིས་འདྲེན་མཆོག་སྙིང་རྗེ་ཆེན་པོ་ལས་གསན། སྤྱན་སྔ་ནས་ལྕགས་ཟམ་པ་ཆེན་པོ་མན་འདྲའོ། །ཡང་ན་ས་པཎ་ནས་ཡར་སྒོམ་སེ་བོ།དོ་པ་སྟོན་ཚུལ། དེ་གསུམ་ལས་རྒྱལ་ཚ་ལུང་མང་པོས་གསན། དེ་ནས་མཁས་པ་ཡོན་ཏན་ཁྲི། ཡར་ཀླུངས་པ་སེང་གེ་རྒྱལ་མཚན་མན་འདྲ། ཡང་ན་ཉན་ཆེན་པ་ནས། དཀར་པོ་བྲག་པ། ཡར་ཀླུངས་པ་མན་འདྲའོ།།  ༈  །།དམར་མོ་སྐོར་གསུམ་ལས་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ཀྱིས་ལེགས་པར་བཀྲལ་བའི་རྗེ་བཙུན་མ་ཨིནྡྲ་མཁའ་སྤྱོད་དམ་ཕག་མོ་ཞལ་གཉིས་མར་གྲགས་པའི་ཆོས་སྐོར་ལ། རྗེ་བཙུན་རིན་པོ་ཆེས་མཛད་པའི་ཡི་གེ་ལྟར་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པའི་གོ་བདེ་བཀླག་ཆོག་ཏུ་བཀོད་པ་རྣམས་ཀྱི་སྟེང་ནས་སིནྡྷཱུ་རའི་དཀྱིལ་འཁོར་དུ་བྱིན་རླབས་ཟབ་མོ་ལེགས་པར་ནོས་ནས། རྒྱབ་བརྟེན་ལུང་ལ་མི་དབང་ཆོས་གསུམ་དུ་གྲགས་པའི་དང་པོ། རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མའི་སྒྲུབ་པ་ཨཽ་ཌྱཱན་གྱི་སློབ་དཔོན་ཆེན་པོ་མི་དབང་ཨིནྡྲ་བྷཱུ་ཏིས་མཛད་པ་རྒྱ་གར་གྱི་མཁན་པོ་དཔལ་ནཱ་ཝེནྡ་པ་དང༌། ལོ་ཙཱ་བ་པྲཛྙཱ་ཀཱིརྟིས་བསྒྱུར་བ། གཉིས་པ་དེས་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལ་བརྟེན་ནས་མཛད་པའི་རྡོ་རྗེ་རྣལ་འབྱོར་མའི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བྱིན་གྱིས་བརླབ་པའི་རིམ་པ་སློབ་མ་ཡེ་ཤེས་རྡོ་རྗེས་བསྒྱུར་བ། གསུམ་པ་ཕག་མོའི་ལས་བཅུ་ཞེས་པ། བསྙེན་པའི་ཆོ་ག གཞན་དོན་དུ་སློབ་མ་རྗེས་སུ་གཟུང་བའི་ཆོ་ག ཚེས་བཅུ་དང་འབྲེལ་བའི་ཚོགས་མཆོད། བདག་གཞན་གཉིས་ཀ་དང་འབྲེལ་བ་གཞོན་ནུ་མའི་མཆོད་པ། གནས་སྐབས་ཐམས་ཅད་དང་འབྲེལ་བ་གཏོར་མའི་ཆོ་ག དམན་པའི་དུར་ཁྲོད་དང་འབྲེལ་པ་སྦྱིན་སྲེག་གི་ཆོ་ག བུ་ཆུང་གསར་བུ་ལ་ཕན་འདོགས་པ་སྲུང་བའི་འཁོར་ལོ། རྩུབ་ལས་གདུག་པ་ཚར་གཅོད་པ་སུམྦྷ་ནིའི་ཆོ་ག བསྒོམ་པས་ཕྱིར་བཟློག་པ་དང༌། བྲིས་པས་ཕྱིར་བཟློག་པ་རྣམས་བླ་མ་བྷ་རེནྡྲ་རུ་ཙིས་མཛད་པ་བལ་པོ་ཡེ་ཤེས་རྡོ་རྗེ་དང་བླ་མ་མལ་ལོ་ཙཱ་བས་བསྒྱུར་བ། མི་དབང་ཆོས་གསུམ་གྱི་གསལ་བྱེད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མའི་སྒྲུབ་ཐབས་ལག་ཏུ་བླང་བའི་རིམ་པ་ཙེང་ངེ་གཙང་སྟོན་པས་གསོལ་བ་བཏབ་པ་ལ་བརྟེན་ནས་རྗེ་བཙུན་རིན་པོ་ཆེས་མཛད་པ། སྔགས་ཀྱི་དེ་ཁོ་ན་ཉིད་བྱིན་གྱིས་བརླབ་པ་ལག་ཏུ་བླང་བ་རྫོགས་པའི་རིམ་པ་ཙེང་ངེ་འདུལ་འཛིན་པས་གསོལ་བ་བཏབ་ནས་རྗེ་བཙུན་རིན་པོ་ཆེས་མཛད་པ། ཕག་མོ་ལས་བཅུའི་ཆོ་གའི་གསལ་བྱེད་ཙེང་ངེ་སྟོན་པ་དགེ་སློང་ཤེས་རབ་གྲགས་ཀྱིས་གསོལ་བ་བཏབ་པར་བརྟེན་ནས་རྗེ་བཙུན་ཆེན་པོས་མཛད་པ། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་རྣལ་འབྱོར་མ་ཞེས་ཡོད་པའི་གོང་མའི་གསུང་རྒྱུན་གྱི་ཞལ་གཉིས་མའི་སྒྲུབ་ཐབས་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོའི་མཐའ་ཅན། ཞལ་གཉིས་མའི་སྒྲུབ་ཐབས་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པ་མ་ཏི་ཙི་ཏྲས་བྲག་དཀར་ཆོས་སྡིངས་སུ་སྦྱར་བའི་མཐའ་ཅན། འགོར་ཕག་མོ་ཞལ་གཉིས་མ་འདི་རྒྱལ་ཆེན་ཨིནྡྲ་བྷཱུ་ཏིས་མཛད་པ་འདྲ་ཡང་ཞེས་ཡོད་པའི་བྱིན་རླབས་ཀྱི་ཡི་གེ་ཀུན་མཁྱེན་གུང་རུས་མཛད་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའོའི་མཐའ་ཅན། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པའི་ཆོ་ག་གོ་བདེ་བཀླག་ཆོག་ཏུ་བཀོད་པ་རྣམས་ཐོབ་པའི་བརྒྱུད་པ་ནི།རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ལྭ་བ་པ། རྒྱལ་ཆེན་ཨིནྡྲ་བྷཱུ་ཏི། ལྕམ་ལཀྵྨཱི་ཀ་ར། བྲམ་ཟེ་བིརྺ་པ། གྲུབ་ཆེན་ཤ་བ་རི་པ། མངའ་བདག་མཻ་ཏྲི་པ། རྒྱ་གར་ཕྱག་ན་རྡོ་རྗེ། བལ་པོ་བྷ་རེནྡྲ་རུ་ཙི།«་་་་་ཧ་ངུ་དཀར་པོ་ཡང་ཟེར། »བལ་པོ་ཡེ་ཤེས་རྡོ་རྗེ། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས། ཀྭནྟིང་གུ་ཤྲཱི་ནམ་མཁའ་བཟང་པོ། ཉི་ལྡེ་བ་ངག་དབང་གྲགས་པ། བདག་ཆེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན། གཅུང་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྡོ་རྗེ་འཆང་ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁས་གྲུབ་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་རྣམ་རྒྱལ། བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས།མཚུངས་མེད་བསྟན་འཛིན་ལྷན་གྲུབ། མཁས་གྲུབ་ཆེན་པོ་འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ནས། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་ངོར་ཆེན་ནས། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་ཐམས་ཅད་མཁྱེན་པ། རྗེ་བཙུན་སྒོ་རུམ་པ། འཇམ་དབྱངས་མཁྱེན་བརྩེའི་ཞབས་མན་འདྲའོ། །ཡང་ན་ངོར་ཆེན་ནས་མུས་ཆེན་འཁོར་ལོ་སྡོམ་པ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། མཁན་ཆེན་རཏྣ་ཤཱི་ལ། རྗེ་སངས་རྒྱས་དཔལ། སྒོ་རུམ་པ་མན་འདྲ། ཡང་རྩ་བའི་བརྒྱུད་ལུགས་གཅིག་ལ། བྲམ་ཟེ་བིརྺ་པ་ནས། ཨ་བྷི་ཛུཀྟ། བལ་པོ་ཧ་ངུ་དཀར་པོ།«་་་་་བལ་སྐད་དུ་སྔགས་པ་ལ་འདི་སྐད་ཟེར་ཞེས་ཆག་ལོ་གསུང་ངོ༌། »།ལོ་ཙཱ་བ་ཡེ་ཤེས་རྡོ་རྗེ་མན་འདྲ། ཡང་ན་ཤ་བ་རི་པ་ནས། ཨ་ཝ་དྷཱུ་ཏཱི་པ། ཨ་དྭ་ཡ་བཛྲ། གྲུབ་ཆེན་བཛྲ་པཱ་ཎི། བལ་པོ་བྷ་རེནྡྲ་རུ་ཙི་མན་འདྲ། ཡང་ན་ཨ་ཝ་དྷཱུ་ཏཱི་ནས། ལྡེང་ངར་བ་ཏིང་ངེ་འཛིན་རྡོ་རྗེ། བསོད་སྙོམས་པ་ཆེ་བ་མ་ཏི་བཛྲ། བསོད་སྙོམས་པ་ཆུང་བ་མ་ཏི་བྷ་དྲ། བལ་པོ་བྷ་རེནྡྲ་རུ་ཙི་མན་འདྲ། ཉེ་བརྒྱུད་ནི། རྗེ་བཙུན་རྡོ་རྗེ་ཕག་མོ་ནས། བལ་པོ་བྷ་རེནྡྲ་རུ་ཙི་མན་འདྲའོ།«་་་་་བལ་པོ་ཐུགས་རྗེ་ཆེན་པོ་ཡང་ཟེར།།  »༈  །།སྒྱུ་འཕྲུལ་དྲྭ་བ་ཆེན་མོ་རལ་པ་གྱེན་བརྫེས་ཀྱི་རྒྱུད་ལ་བརྟེན་ནས་སློབ་དཔོན་མཻ་ཏྲི་པས་ལེགས་པར་བཀྲལ་བའི་རྡོ་རྗེ་རྣལ་འབྱོར་མ་རིག་པ་འཛིན་པ་རྩེན་མའམ་མཻ་ཏྲི་མཁའ་སྤྱོད་དུ་གྲགས་པའི་ཆོས་སྐོར་ལ། སྤྲོ་ལུང་པ་ཀུན་དགའ་སྨོན་ལམ་གྱིས་མཛད་པའི་ཡི་གེ་དང་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡི་གེ་ལ་བརྟེན་ནས་སིནྡྷཱུ་རའི་དཀྱིལ་འཁོར་དུ་བྱིན་རླབས་ལེགས་པར་ནོས་ནས། རྒྱབ་བརྟེན་ལུང་ལ། སྒྱུ་འཕྲུལ་ཆེན་མོ་རལ་པ་གྱེན་བརྫེས་ཀྱི་རྒྱུད་ལས་ཕྱུང་བའི་རིག་པ་འཛིན་མ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་རྒྱ་གར་གྱི་མཁན་པོ་ཛ་ཡའི་ཞབས་དང་སུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན་གྱིས་བསྒྱུར་བ། རྡོ་རྗེ་ཕག་མོ་རིག་པ་འཛིན་པ་རྩེན་མའི་སྒྲུབ་ཐབས་སློབ་དཔོན་གཉིས་མེད་«་་་་་རྗེ་བཙུན་མཻ་ཏྲི་པ། »རྡོ་རྗེས་མཛད་པ་རྗེ་བཙུན་ཛ་ཡ་ཤྲཱི་སེན་དང་སུམ་པ་ལོ་ཙཱ་བས་བསྒྱུར་བ། རིག་པ་འཛིན་པ་རྩེན་མ་རྡོ་རྗེ་རྣལ་འབྱོར་མའི་རྗེས་སུ་གནང་བའི་ཆོ་ག་མཁས་པ་ཆེན་པོ་རྒྱལ་བའི་སྡེས་མཛད་པ་པཎྜི་ཏ་དེ་ཉིད་དང་བཙུན་པ་དར་མ་ཡོན་ཏན་གྱིས་བསྒྱུར་བ། རྡོ་རྗེ་འཛིན་པ་གྲགས་པ་གཞོན་ནུ་སོགས་ཀྱིས་བསྐུལ་ནས་མཁའ་སྤྱོད་སྒྲུབ་ཐབས་རྗེས་གནང་དང་བཅས་པ་སྤྲོ་ལུང་པ་ཀུན་དགའ་སྨོན་ལམ་གྱིས་མཛད་པ། དེས་མཛད་པའི་བསྟོད་པ་ཡོན་ཏན་མཐའ་ཡས་མ། པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་སྒྲུབ་ཐབས་དང་བྱིན་རླབས་ཀྱི་ཆོ་ག་གོ་བདེ་བཀླག་ཆོག་ཏུ་བཀོད་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། དཔའ་བོ་སྤྱན་རས་གཟིགས། བྱང་སེམས་བློ་གྲོས་རིན་ཆེན། རི་ཁྲོད་དབང་ཕྱུག«་་་་་ཤ་བ་རི་ཟེར། »གྲུབ་ཆེན་མཻ་ཏྲི་པ།«་་་་་གཉིས་མེད་རྡོ་རྗེ། »རྒྱ་གར་ཕྱག་ན་རྡོ་རྗེ། ཀ་མ་ལ་བཛྲ།«་་་་་མཚོ་སྐྱེས་རྡོ་རྗེ།»པཎྜི་ཏ་ཛ་ཡ་སེ་ན། སུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན། རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་རིན་པོ་ཆེ། ཀྭནྟིང་གུ་ཤྲཱི་ནམ་མཁའ་བཟང་པོ། ཉི་ལྡེ་བ་ངག་དབང་གྲགས་པ། གཅེན་བདག་ཆེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན། གཅུང་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་ཀུན་སྤངས་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁས་གྲུབ་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་རྣམ་རྒྱལ། བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། བཀའ་དྲིན་ཅན་འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ནོས་སོ། །ཡང་ན་མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ལས། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་བྲག་ཕུག་པ་ནས། རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་འཁོར་ལོ་སྡོམ་པ། དེ་ལས་གུང་རུ་ཤེས་རབ་བཟང་པོ་དང་མཁྱེན་རབ་ཆོས་རྗེ་གཉིས་ཀྱིས་གསན། རྗེ་རཏྣ་ཤཱི་ལ། སངས་རྒྱས་དཔལ། རྗེ་སྒོ་རུམ་པ། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་སྤྱན་རས་གཟིགས་ནས། རི་ཁྲོད་དབང་ཕྱུག ཨ་ཝ་དྷཱུ་ཏཱི་པ། སྨྲྀ་ཏི། ཀ་ལ་མ་བཛྲ། ལཱི་ལ་ཡ་བཛྲ། ལོ་ཙཱ་བ་དར་མ་ཡོན་ཏན། རྗེ་བཙུན་གྲགས་པ་མན་འདྲ། ཡང་ཉེ་བརྒྱུད་ནི། རྡོ་རྗེ་རྣལ་འབྱོར་མ་ནས། མཻ་ཏྲི་པ། ནམ་མཁའི་པཎྜི་ཏ། བླ་མ་ཨ། ཤཱཀྱ་རཀྵི་ཏ། ཀ་ན་ཀ་ཤྲཱི། ཛ་ཡ་སེ་ན་མན་འདྲ། ཡང་ན་བླ་མ་ཨ། ཛ་ཡ་སེ་ན་མན་འདྲ། ཡང་ན་ལོ་ཀེ་ཤྭ་ར་ནས། རི་ཁྲོད་པ་དབང་ཕྱུག་མན་འདྲ། རྒྱུད་ནས་ཕྱུང་བའི་སྒྲུབ་ཐབས་ཀྱི་ལུང་བརྒྱུད་ལུགས་གཅིག་ནི། འཕགས་པ་རིན་པོ་ཆེ་ནས། དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་སེང་གེ བླ་མ་དམ་པ་མན་འདྲ། ཡང་ན་བླ་མ་དམ་པ་ནས། མ་ཏི་པཎ་ཆེན། ཐེག་ཆེན་ཆོས་རྗེ་མན་ཆད་གོང་བཞིན་ནོ།།  ༈  །།རྨོར་ཆེན་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་མཛད་པའི་སྒྲུབ་ཐབས་རྗེས་གནང་བསམ་འཕེལ་ནོར་བུའི་སྟེང་ནས་རྗེ་བཙུན་ས་སྐྱ་པའི་གསེར་ཆོས་ཀྱི་ནང་ཚན་ཚེ་དཔག་མེད་སྤྲུལ་སྐུའི་རྗེས་སུ་གནང་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་མྱ་ངན་མེད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། བརྩེ་ཆེན་ཀུན་དགའ་སྙིང་པོ།སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། མཁས་གྲུབ་དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག རིན་ཆེན་སེང་གེ་བཟང་པོ། རྣལ་འབྱོར་གྱི་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག བདག་ཆེན་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། རྗེ་བཙུན་རྡོ་རིང་ཀུན་སྤངས་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། མགོན་པོ་བསོད་ནམས་མཆོག་ལྡན། རྗེ་བཙུན་རིན་ཆེན་རྒྱ་མཚོ། དོལ་པཎ་ཕྱོགས་ལས་རྣམ་རྒྱལ། རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའ་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པའི་སྒྲུབ་ཐབས་རྗེས་གནང་བཅས་ཀྱི་ལུང་ཡང་ཐོས་སོ།།  ༈  །།དཔལ་ས་སྐྱ་པའི་གསེར་ཆོས་ཐུན་མོང་མ་ཡིན་པ་འཇམ་དཔལ་ནག་པོའི་སྐོར་ལ། ཚོམ་བུ་ལ་བརྟེན་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བཟླས་ལུང་དང་བཅས་པ་ཁྱད་པར་ཅན་ལེགས་པར་ཐོབ་ནས། ལུང་ལ་འཇམ་དཔལ་ནག་པོའི་གནད་བཅུ་གཅིག་དང་ལྡན་པའི་གདམས་ངག་ཉམས་སུ་ལེན་ཚུལ་ཞར་བྱུང་ཤིན་ཏུ་རྩུབ་ཅིང་རྣམ་རྟོག་ཆེས་ཟ་བའི་ཚེ་བྱ་ཚུལ་ཕན་ཡོན་དང་བཅས་པ་ཉམས་སུ་མྱོང་བས་ཀྱང་གྲུབ་པོའི་མཐའ་ཅན། འགོར་བླ་མ་དང་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འཇམ་དཔལ་ནག་པོ་སྒོམ་པར་འདོད་པས་ཞེས་ཡོད་པའི་རྗེས་གནང་གི་ཡི་གེ་རྗེས་བསྔོ་བ་སོགས་བྱའོའི་མཐའ་ཅན། གུ་གེ་པཎ་ཆེན་གྱིས་བདག་ཆེན་མ་དཀོན་མཆོག་རྒྱལ་པོའི་དོན་དུ་མཛད་པའི་སྒྲུབ་ཐབས། ཚར་པ་རྡོ་རྗེ་འཆང་གིས་མཛད་པའི་སྒྲུབ་ཐབས་གནད་བཅུ་གཅིག་གི་མན་ངག་དང་བཅས་པ་རྣམས་ལེགས་པར་ཐོབ་པའི་ནང་ནས་རྒྱུ་འགུལ་པཎ་ཆེན་གྱིས་མཛད་པ་མ་གཏོགས་པའི་རྗེས་གནང་གི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་མྱ་ངན་མེད་པ།«་་་་་ཆེ་བ། »པཎྜི་ཏ་དོན་ཡོད་རྡོ་རྗེ།«་་་་་ཆུང་བ། »ལོ་ཙཱ་བ་རིན་ཆེན་གྲགས་པ། བརྩེ་ཆེན་ས་སྐྱ་པ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། ལམ་འབྲས་པ་ཡེ་ཤེས་དཔལ། བློ་བཟང་དཀར་མོ། དཀོན་མཆོག་ཐུགས་རྗེ། གླིང་སྨད་པཎྜི་ཏ་ཤེས་རབ་དཔལ་ལྡན།«་་་་་འདི་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་སློབ་མ་ཡིན། »གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། སློབ་དཔོན་རིན་པོ་ཆེ་ཆོས་མཆོག མདོ་ཁམས་བླ་ཆེན་ཡོན་ཏན་རྒྱ་མཚོ། གོང་དཀར་བ་ཚེ་དབང་བཀྲ་ཤིས། མཚུངས་མེད་རྣམ་རྒྱལ་བཀྲ་ཤིས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། རྡོ་རྗེ་འཆང་ངག་དབང་རྣམ་རྒྱལ། དཔལ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བཀྲ་ཤིས། མཁན་པོ་ཆེན་པོ་ལྷུན་གྲུབ་དཔལ་ལྡན། བསྟན་པའི་སྒྲོན་མེ་སངས་རྒྱས་ཕུན་ཚོགས། མཁན་ཆེན་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་ལན་གསུམ་བར་དུ་ནོས་སོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། རྡོ་རྗེ་འཛིན་དབང་ཀུན་དགའ་བསྟན་འཛིན། དེ་ལས་བདག་གིས་ཐོས་སོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། བསྟན་འཛིན་ལྷུན་གྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་དང༌། མཁས་གྲུབ་ཆེན་པོ་སངས་རྒྱས་དཔལ་བཟང༌། དེ་གཉིས་ཀ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་ནོས་སོ། །ཡང་ན་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བཀྲ་ཤིས། རྨོར་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་གནད་བཅུ་གཅིག་གི་བསྒོམ་ལུང་འབོགས་པ་དང་བཅས་པ་ལེགས་པར་སྩལ་ཏོ། །ཡང་ན་གློ་བོ་མཁན་ཆེན་ནས། ལྷ་མཆོག་སེང་གེ སངས་རྒྱས་སེང་གེ ཐར་རྩེ་ནམ་མཁའ་དཔལ་བཟང་མན་འདྲ། ཡང་ན་ཞང་དཀོན་མཆོག་དཔལ་ནས། ཞང་མདོ་སྡེ་དཔལ། འཇམ་སྐྱ་ནམ་མཁའ་དཔལ་ལྡན། བླ་མ་མཉམ་མེད་པ། བླ་མ་ཤཱཀྱ་པ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎ་«་་་་་རྒྱུ་འགུལ་པཎ་ཆེན་འདི་པའི་མཚན་གྱི་རྣམ་གྲངས་ཡིན། »ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་དཔལ་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ། འཁོར་ལོའི་མགོན་པོ་མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། བཀའ་དྲིན་གཞལ་མེད་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་རྒྱུ་འགུལ་པཎ་ཆེན་གྱིས་མཛད་པའི་བརྒྱུད་པ་ནི། འཇམ་དབྱངས་ས་པཎ་ནས། ཞང་མདོ་སྡེ་དཔལ། འཇམ་སྐྱ་མན་འདྲ། ཡང་ན་ཞང་དཀོན་མཆོག་དཔལ་བ་ནས། རྒྱལ་བ་བསོད་ནམས་དཔལ། བྲག་ཕུག་པ་དཀོན་མཆོག་རྒྱལ་མཚན། ཡེ་ཤེས་དཔལ་མན་སྔར་དང་འདྲའོ། །ཡང་ན་དཀོན་མཆོག་རྒྱལ་མཚན་ནས། ས་སྐྱ་བུ་སྟོན་དབང་ཕྱུག་དར། ཐེག་ཆེན་ཀུན་དགའ་བཀྲ་ཤིས། སྤྱན་སྔ་ཀུན་དགའ་རྒྱལ་མཚན། སྤྱན་སྔ་བསོད་ནམས་ལྷ་དབང༌། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲ། ཡང་ན་ས་པཎ་ནས། འཕགས་པ་རིན་པོ་ཆེ། སྤང་སྒང་པ་གྲགས་པ་སེང་གེ བླ་མ་བྱང་ཆུབ་སེང་གེ ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་མན་འདྲའོ།། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*