དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོའི་ནང༌།

རྒྱུད་སྡེ་གསུམ་པ་རྣལ་འབྱོར་གྱི་རྒྱུད་ལ་དེ་ཉིད་འདུས་པ་དང་དཔལ་མཆོག་ལ་སོགས་པ་ནས་བསྟན་པའི་ཡི་དམ་གྱི་ལྷ་མང་དུ་མཆིས་པ་ལས། འདིར་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་དང་པོས་དངོས་བསྟན། བསྟན་བྱའི་གཙོ་བོ་རྒྱལ་བ་གཉིས་པ་རྗེ་བཙུན་ཀུན་དགའ་བཟང་པོ་པས་མཛད་པའི་གཞན་ཕན་མཐའ་ཡས་དང༌། དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་མཚམས་སྦྱོར་བློ་གསལ་ཀུན་དགའི་སྟེང་ནས་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ལ། ཨཱ་དི་བྷཱུ་མི་ནཱ་ཡ་སྱ་པ་རམྤ་རཿ། བྷ་ག་ཝཱཾ་བཻ་རོ་ཙ་ནཿ། གུ་ཧྱ་པ་ཏི་བཛྲ་པཱ་ཎིཿ། རཱ་ཛཱ་པྲ་ཀཱ་ཤ་ཙནྡྲཿ།ཨཱ་ཙཱརྻ་པྲ་བྷཱུ་ཏི་པཱ་ལི་ཏཿ། མ་ཧཱ་སིདྡྷོ་ནནྡ་གརྦྷཿ། མ་ཧཱ་པཎྜི་ཏ་པྲཛྙཱ་པཱ་ལི་ཏཿ། ཨཱ་ཙཱརྻ་ཤནྟི་གརྦྷཿ། ཀ་ལྱཱ་ཎ་ནི་མིཏྟ་མི་ཏྲཿ། ཨཱ་ཙཱརྻ་སུ་ཁ་སྱ་བཛྲཿ། ཐོག་མར་ས་ལུགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད། གསང་བདག་ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། སློབ་དཔོན་རབ་འབྱོར་བསྐྱངས། གྲུབ་ཆེན་ཀུན་དགའ་སྙིང་པོ། མཁས་པ་ཆེན་པོ་ཤེས་རབ་བསྐྱངས། དགེ་མཚན་བཤེས་གཉེན། སློབ་དཔོན་བདེ་བའི་རྡོ་རྗེ། ཨཱརྻ་ཤྲདྡྷཱ་ཀ་ར་ཝརྨཿ།ལོ་ཀ་སྱ་ཙཀྵུ་རཏྣ་བྷ་དྲཿ། ཤེ་ལོ་པ་རི་གུ་ཎ་ཤཱི་ལཿ། ལོ་ཙཱ་བ་མ་ཏི་ཀཱིརྟིཿ། ཤྲཱི་མ་ཧཱ་བྷཱུ་མི་པཎྜ་རཱ་ནནྡ་གརྦྷཿ། བྷཊྚཱ་ར་ཀ་རཏྣ་ཀཱིརྟི་དྷྭ་ཛཿ། བྷཱུ་མཱི་པཎྜ་ར་པཎྜི་ཏཱ་ནནྡ་དྷྭ་ཛཿ། སམྦྷ་ར་བྷཱ་བ་ཀཱ་ནནྡ་ཤྲཱིཿ། མ་ཧཱ་ཤྲུ་ཏཾ་པུ་ཎྱ་སྠི་རཿ། ཇོ་བོ་དད་བྱེད་གོ་ཆ། འཇིག་རྟེན་གྱི་མིག་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། ལོ་ཙཱ་བ་བློ་གྲོས་གྲགས་པ། དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། ཏི་ཤྲྱཱ་ནནྡ་མ་ཏིཿ། སངྒུ་རུ་པུཎྱ་དྷྭ་ཛཿ། སྭཱ་མྱ་ཏྲི་གུ་ཧ་ཀ་མ་ཏིསྠི་རཿ། གུ་རུ་ཤྲཱི་ཝཱཉྩཚཱི་ལཿ། དྷརྨཱ་སྭཱ་མཱི་ཛྙཱ་ན་དྷྭ་ཛཿ། མ་ཧཱ་བཛྲ་དྷ་རཱ་ནནྡ་བྷ་དྲཿ། མ་ཧཱ་ས་ཏྭ་རཏྣ་དྷྭ་ཛཿ། པུཎྱ་སིཾ་ཧ། ཏོ་བྷ་ཡ་བུདྡྷ་རཏྣཿ། སྭཱ་མཱ་བུདྡྷ་སིངྷཿ། མ་ཧཱ་པཎྜི་ཏ་ག་ག་ན་ཤྲཱི་བྷ་དྲཿ། ཏི་ཤྲཱི་ཀུན་«་་་་་རྨོར་ཆེན་པའི་གསན་ཡིག་ཏུ་འདི་མ་བྱུང༌། »དགའ་བློ་གྲོས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྗེ་རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། བསོད་ནམས་སེང་གེ དེ་གཉིས་ཀ་ལས་སངས་རྒྱས་རིན་ཆེན། རྗེ་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། སྭཱ་མྱཱ་ཀཱ་ཤ་བུདྡྷཿ། མ་ཧཱ་སེ་ན་ཁཾ་ཤྲཱི་བྷ་དྲ་ཝཱ། སདྡྷརྨ་སཾ་ཀལྤ་སིདྡྷཿ། ཏོ་བྷ་ཡོ་པ་དྷྱཱ་ཡ་བུདྡྷ་ལཀྵྨཱིཿ། མ་ཧཱ་པཱུརྦ་ཤཱ་ས་ན་དྷ་རཿ། བཛྲ་སཏྭ་མངྒ་ལཾ་ནི་རཱ་བྷོ་གཿ། ཏེ་ན་ནཤྴཱི་ལ་རཏྣ་མ་ཝོ་ཙ་ཏྲཿ། ཝཱ་བུདྡྷ་ལཀྵྨྱཱཏྨ་ཧཱ་པཱུརྦ་བུདྡྷ་ཤཱ་ས་ན་དྷ་ར་ཤྩ་ཤཱ་ས་ན་དྷ་ར་ནི་རཱ་བྷོ་ག་དྭཱ་ཡཱ་ཤཱུ་ཏཾ། རྗེ་ནམ་མཁའ་སངས་རྒྱས། སེ་ཆེན་ནམ་མཁའ་དཔལ་བཟང་ངམ། དམ་ཆོས་བསམ་འགྲུབ། གཉིས་ཀས་མཁན་སངས་རྒྱས་ཕུན་ཚོགས། ཤར་ཆེན་སངས་རྒྱས་བསྟན་འཛིན། རྡོ་རྗེ་སེམས་དཔའ་བཀྲ་ཤིས་ལྷུན་གྲུབ།དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། ཤར་ཆེན་སངས་རྒྱས་བསྟན་འཛིན་དང་བསྟན་འཛིན་ལྷུན་གྲུབ་གཉིས་ཀྱིས་གསན། པཤྩི་མ་ཤྩ་མངྒ་ལ་ནི་རཱ་བྷོ་ག་དྭཱ་བྷྱཾ། མ་ཧོ་པ་དྷྱཱ་ཡ་བུདྡྷ་ཤྲཱི་བྷ་དྲེ་ཎ་ཤཱུ་ཏཾ། ཏ་ཏོ་མཱ་ཤྲུ་ཏཾ། ཝཱ་བུདྡྷ་ལཀྵྨྱཱ་ཏ། ཨཱ་ནནྡ་ཤཱ་ས་ན་དྷ་རཿ། བུདྡྷ་ཤྲཱི་བྷ་དྲཿ། ཏ་ཏོ་མཱ། ཝཱ་བྷཊྚཱ་ར་ཀ་བུདྡྷ་རཏྣཱ་ཏ། མཉྫུ་གྷོ་ཥ་བུདྡྷ་སིངྷཿ། མ་ཧཱ་པ་ཊུ་ག་ག་ན་ཤྲཱི་བྷ་དྲཿ། ཕྱི་མ་དང་བཀྲ་ཤིས་ལྷུན་གྲུབ་གཉིས་ཀ་ལས། མཁན་ཆེན་སངས་རྒྱས་དཔལ་བཟང་པས་གསན། དེ་ལས་བདག་གིས་སོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། ཀུན་དགའ་བསྟན་འཛིན། སངས་རྒྱས་དཔལ་བཟང༌། དེ་ལས་བདག་གིས་སོ། ཡང་ན་རྗེ་བཙུན་སངས་རྒྱས་རིན་ཆེན་ནས། འཇམ་དབྱངས་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། མ་ཧཱ་པཱུརྦ་མཻ་ཏྱཱ་ནནྡ་མངྒ་ལཾ། པཱུརྦ་པྲཛྙཱ་སཾ་བྷ་ཝ། པ་ཊུ་བྷ་དནྟཱ་ནནྡ་པཱ་དྷུཿ། པཎྜི་ཏ་སིདྡྷོ་བུདྡྷ་ལཀྵྨཱི་པཤྩི་མ་པཱརྦ་ཙ་ས་མཱ་ནཿ། ཝཱ་མ་ཧཱ་ངོར་བཛྲ་དྷཱ་རཱ་ནནྡ་བྷ་དྲཱ་ཏ།ཨཱ་ནནྡེ་ཤྭ་རཿ། ནཱ་ཡ་ཀོཏྟི་མ་རཏྣ་ཝརྡྷ། སྭ་མི་དེ་ཝོཏྟ་མ་སིངྷཿ། བུདྡྷ་སིངྷ་པཤྩི་མ་སཱ་མ་ནཿ། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་པ་ཤེས་རབ་འབྱུང་གནས། མཁས་བཙུན་ཀུན་དགའ་ལེགས་པ། མཁས་གྲུབ་སངས་རྒྱས་ཕུན་ཚོགས་མན་སྔར་དང་འདྲའོ། །ཡང་ན་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཀུན་དགའ་དབང་ཕྱུག འདྲེན་མཆོག་རཏྣ་ཝརྡྷ། རྗེ་ལྷ་མཆོག་སེང་གེ བུདྡྷ་སིངྷ་མན་འདྲའོ། །པུ་ནཿཀཥྨི་ར་ནེ་ཏ་སྱ་ཏནྟྲ་ནི། བཛྲ་སཏྭཿ། ཨ་ནུ་པ་མ་རཀྵི་ཏ། རཏྣཱ་ཀ་ར་ཤཱནྟཿ། ཨ་བྷ་ཡ། བཛྲཱ་ས་ནཾ། བི་ཁྱཱ་ཏ་དེ་བཿ། མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི། བི་བྷཱུ་ཏི་ཙནྡྲཿ། ཙ་མ་ར་སེ་ནཱ་ལོ་ཙཱ་པུཎྱ་སིངྷཿ། རཏྣ་ཤྲཱི། ཤེ་ལ་གུ་ཧ་པུཎྱ་ཤྲཱི། ཤ་བ་ར་མ་ཏིསྠི་རཿ། ཡང་ཁ་ཆེ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་སེམས་དཔའ། དཔེ་མེད་བསྲུངས་པ། རིན་ཆེན་འབྱུང་གནས་ཞི་བ།འཇིགས་«་་་་་རྒྱལ་དབང་གསན་ཡིག་ཏུ་བྷསྐར་དེ་བཞེས་བྱུང་ངོ༌། »མེད་རྡོ་རྗེ་གདན་པ། རྣམ་པར་བཤད་པའི་ལྷ། པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི། རབ་འབྱོར་ཟླ་བ། གཡག་སྡེ་ལོ་ཙཱ་བ་བསོད་ནམས་སེང་གེ དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། རི་ཁྲོད་པ་བློ་གྲོས་བརྟན་པ། གུ་རུ་ཤྲཱི་ཝཉྩཚཱི་ལཿ།དྷརྨཱ་སྱ་སྭཱ་མི་ཛྙཱ་ན་དྷྭ་ཛཿ། བཛྲ་དྷ་རཱ་ནནྡ་བྷ་དྲ་པཤྩི་མ་པཱུརྦ་ས་མཱནཿ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་ཀྱི་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་སྔར་དང་འདྲའོ། །ཆག་ལུགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་ཀུན་རིག ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སྒྲ་གཅན་འཛིན། སློབ་དཔོན་ཀུན་དགའ་སྙིང་པོ། རབ་འབྱོར་བསྐྱངས། རྡོ་རྗེ་གདན་པ། ཨ་བྷ་ཡཱ་ཀ་ར། ཁ་ཆེ་ཛྙཱ་ན་ཤྲཱི། ནིཥྐ་ལཾ་ཀ རྡོ་རྗེ་གདན་པ་ཆུང་བ། ར་ཝེནྡྲ། ཆག་ལོ་ཙཱ་བ་ཆོས་ཀྱི་དཔལ། གཡག་སྡེ་ལོ་ཙཱ་བ་བསོད་ནམས་སེང་གེ པཎྜི་ཏ་རྡོར་ཤེ། ཞང་དཀོན་མཆོག་དཔལ་མན་སྔར་དང་འདྲའོ། །ཡང་ན་གཡག་སྡེ་ལོ་ཙཱ་བ་ནས།ལོ་མཆོག བག་སྟོན། ཚུལ་རྒྱལ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་འདྲའོ། །སྟོད་ལུགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སྒྲ་གཅན་འཛིན། སློབ་དཔོན་ཀུན་དགའ་སྙིང་པོ། པྲཛྙཱ་པ་ལཱི་ཏ། པྲཛྙཱ་བོ་དྷི། མུཀྟི་ཀོ་ཥ། དྷརྨ་པ་ལ། དཱི་པཾ་ཀ་ར། ཤྲཱི་ཛྙཱ་ན། དོ་པ་སྒོམ་ཆེན། སྐྱི་ནོར་ཛྙཱ་ན། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་འོད། དེའི་སྲས་སྣུར་བཛྲ་སིངྷ༌། སྣུར་བྱང་ཆུབ་འོད། སྣུར་ཉི་མ་རྒྱལ་མཚན། རིན་ཆེན་ཤེས་རབ། ཡང་རྩེ་བ་རིན་ཆེན་སེང་གེ «ཕྱར་བུ་བ་ཞྭ་སེར་རྩེ་རིང༌།་་་་་»ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། བླ་མ་བཀྲ་ཤིས་རིན་ཆེན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་སྔར་དང་འདྲའོ། །ཡང་ན་སྣུར་ཉི་འོད་ནས། གཤེན་རྡོར་སེང༌། གླན་ཆོས་འབྱུང༌། གཏུམ་སྟོན་ཤཱཀྱ་འབུམ། བླ་མ་འཛིམ་པ་རིན་ཆེན་ཤེས་རབ། ཡང་རྩེ་བ་རིན་ཆེན་སེང་གེ་མན་འདྲའོ། །ཡང་ན་པྲཛྙཱ་པཱ་ལི་ཏ་ནས། གོ་མི་དགེ་བསྙེན། ཤཱཀྱ་ཛྙཱ་ན། ཇོ་བོ་རྗེ་མན་འདྲ། ཡང་ན་པྲཛྙཱ་པཱ་ལི་ཏ་ནས། དྷརྨ་པཱ་ལ། རབ་འབྱོར་བསྐྱངས། ཇོ་བོ་རྗེ་མན་གོང་ལྟར་རོ། །ཡང་ན་སྣུར་ཉི་འོད་ནས། རྩ་སྐྱ་སྟོན་གྲགས། སློབ་དཔོན་སྟོན་འབུམ། དབུས་པ་སངས་རྒྱས་འབུམ། དགེ་སྡིངས་པ་ཆོས་སྐུ་འོད་ཟེར།ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ་མན་འདྲ། ཡང་ན་སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། ཡེ་ཤེས་རྡོ་རྗེ། ཀུན་དགའ་སྙིང་པོ་མན་གོང་དང་འདྲ། ཡང་ན་རྣམ་པར་སྣང་མཛད། ཛེ་ཏཱ་རི་པ། ཀུན་དགའ་སྙིང་པོ། རབ་འབྱོར་བསྐྱངས། ནཱ་ཡ་ཀ་པ། མཻ་ཏྲི་པ། རྡོ་རྗེ་གདན་པ། ནིཥྐ་ལཾ་ཀ དེ་ཝེནྡྲ།ཆག་ལོ་ཆོས་རྗེ་དཔལ། གཡག་སྡེ་ལོ་ཙཱ་བ་བསོད་ནམས་སེང་གེ ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན་མན་འདྲའོ། །སྨད་ལུགས་ཀྱི་བརྒྱུད་པ་ནི། སློབ་དཔོན་ཀུན་དགའ་སྙིང་པོ་ཡན་གོང་ལྟར་ལས། དེ་ནས་དེ་བཞིན་གཤེགས་པའི་རྡོ་རྗེ། ཤྲདྡྷཱ་ཀ་ར་ཝརྨཱ།ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། སུམ་སྟོན་ཡེ་འབར། གཉལ་སྟོན་ཚུལ་འབར། ཐོད་པ་དབེན་ཚ་གྲགས། ཐོད་པ་འོད་ཟེར། རི་ལུང་ཕུག་པ་ཆོས་མགོན། བླ་མ་བློ་ལྡན་སེང་གེ བླ་མ་འཕགས་འོད།«་་་་་བོད་བཙུན་དབུ་སེ། »བུ་སྟོན་མན་སྔར་དང་འདྲའོ།།    །།ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ་ལྷ་བཅུ་གསུམ་པའི་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། སྟོན་པ་རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སྒྲ་གཅན་འཛིན།གྲུབ་ཆེན་ཀུན་དགའ་སྙིང་པོ། པྲཛྙཱ་པཱ་ལི་ཏ། པྲཛྙཱ་བོ་དྷི། མུཀྟི་ཀོ་ཥ། དྷརྨ་པཱ་ལ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། གོ་མི་«་་་་་འདི་ལ་དོ་པ་སྒོམ་ཆེན་ཟེར་བའང་བྱུང༌།»སྒོམ་ཆེན། སྐྱི་ནོར་ཛྙཱ་ན། གཉལ་པ་ཉི། སྣུར་ཆེན་ཉམ་འོད། སྲས་བཛྲ་སིངྷ༌། སྣུར་བྱང་ཆུབ་འོད། སྣུར་ཉི་མ་རྒྱལ་མཚན། སྣུར་ཡེ་རྒྱལ། སྣུར་ཆོས་འཕགས་རྒྱལ་མཚན། བླ་མ་འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། བླ་མ་བཀྲ་ཤིས་རིན་ཆེན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་བུདྡྷ་རཏྣ། སངས་རྒྱས་སེང་གེ མ་ཧཱ་པཎྜི་ཏ་ག་ག་ན་ཤྲཱི་བྷ་དྲ། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། དེ་ལས་བླ་མ་ལྷུན་གྲུབ་བཀྲ་ཤིས།«་་་་་མངའ་རིས་གློ་བོ་པ། »དེ་ལས་མཁས་བཙུན་ཀུན་དགའ་ལེགས་པ།«་་་་་ཆུ་འདུས་པ། »མཁས་གྲུབ་བུདྡྷ་ལཀྵྨཱིཾ། རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ།འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། དེས་བདག་ཚུལ་རིན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། ཆོས་རྗེ་ཀུན་དགའ་ཆོས་འཕེལ་གྱིས་གསན་ནམ་སྙམ། དེ་ལས་མཁས་བཙུན་ནམ་མཁའ་དཔལ་བཟང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ངོར་ཆེན། ཀུན་དབང༌། འདྲེན་མཆོག རྗེ་ལྷ་མཆོག་སེང་གེ བུདྡྷ་སིངྷ་མན་འདྲའོ།།    །།ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་དཀྱིལ་འཁོར་གྱི་ཆོ་གའི་སྟེང་ནས་ངན་སོང་སྦྱོང་བའི་རྒྱུད་ནས་བཤད་པའི་ཀུན་རིག་རྩ་བའི་དཀྱིལ་འཁོར། ཤཱཀྱ་ཐུབ་པ་སྐུའི་དཀྱིལ་འཁོར། ཚེ་དཔག་མེད་གསུང་གི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར། མེ་ལྟར་འབར་བ་ཡོན་ཏན་གྱི་དཀྱིལ་འཁོར། འཁོར་ལོས་སྒྱུར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་ཏེ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དྲུག ཕྱག་ན་རྡོ་རྗེ་ལ་རྒྱལ་ཆེན་བཞིས་བསྐོར་བའི་དཀྱིལ་འཁོར། དེ་ལ་ཕྱོགས་སྐྱོང་བཅུས་བསྐོར་བའི་དཀྱིལ་འཁོར། དེ་ལ་གཟའ་བརྒྱད་རྒྱུ་སྐར་དང་བཅས་པས་བསྐོར་བའི་དཀྱིལ་འཁོར། དེ་ལ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར། ༡༠ དེ་ལ་འཇིགས་བྱེད་དགུས་བསྐོར་བའི་དཀྱིལ་འཁོར། ༡༡ དེ་ལ་ལྷ་ཆེན་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་ཏེ་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་བཅས་«༡༢»བཅུ་གཉིས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དམ་པའི་ཕྱག་ལེན་ལྟར་དབང་བསྐུར་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། ཛི་ན་མི་ཏྲ། སྭསྟི་ཕ་ལ། སྒྲ་གཅན་འཛིན། པྲཛྙཱ་པཱ་ལི་ཏ། ཁ་ཆེ་ཡེ་ཤེས་རྡོ་རྗེ། པ་ར་ཧི་ཏ། སློབ་དཔོན་ཀུན་དགའ་སྙིང་པོ། རབ་འབྱོར་བསྐྱངས། ཁ་ཆེ་དྷརྨ་པཱ་ལ་ཛྙཱ་ན་ཤྲཱི། ལོ་ཆེན་རིན་ཆེན་བཟང་པོ། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། གཤེན་རྡོ་རྗེ་སེང་གེ རྒྱ་གསར་བ། འབྲོམ་ཛི་ཏི་བ། སྙེ་མདོ་བསོད་ནམས་དཔལ། གཉལ་པ་ཆོས་གྲགས། བྱ་སྟོན་རིན་ཆེན་འོད། འཛིམ་པ་བློ་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་རྒྱལ་བ། དཔལ་ལྡན་ཚུལ་ཁྲིམས། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བླ་མ་མགོན་པོ་དབང་ཕྱུག གཉན་ལོ་གྲགས་པ་བློ་གྲོས། རྡོ་རྗེ་འཆང་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། བྱམས་པ་ཀུན་དགའ་བཀྲ་ཤིས། མཚུངས་མེད་ནམ་མཁའ་སངས་རྒྱས། རྗེ་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཁན་ཆེན་བསོད་ནམས་དཔལ་ལྡན་ནམ། སངས་རྒྱས་བསྟན་པ་གང་ཡིན་བལྟ། དེ་ནས་ཐར་རྩེ་མཁན་ཆེན་ནམ་མཁའ་བསམ་འགྲུབ། དེ་ནས་མཁན་ཆེན་ཐམས་ཅད་མཁྱེན་པ་སངས་རྒྱས་དཔལ་བཟང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །སྨྲས་པ། དམ་ཚིག་སེམས་དཔའི་ལྷ་དང་ཡེ་ཤེས་པ། །ཟུང་འཇུག་མཉམ་སྦྱོར་ཇི་སྲིད་ཕྱག་རྒྱ་བཀྲོལ། །གང་ཚེ་ཡེ་ཤེས་འབྱིན་པ་རྒྱུད་སྡེ་ཡིས། །ངེས་བསྟན་ལྷག་པའི་ལྷ་མཆོག་བཅུ་བཞིའོ། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། རྣལ་འབྱོར་རྒྱུད་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་བཅུ་གཉིས་པའོ།།  །།ལྔ་པ་བྱ་བའི་རྒྱུད་ཤས་ཆེ་བ་དང་རྒྱུད་སྡེ་རིན་པོ་ཆེ་གོང་འོག་ཅི་རིགས་པ་རྣམས་ནས་ལྷ་དཔའ་བོ་གཅིག་པ་སོགས་སྒྲུབ་ཐབས་མང་པོ་གསུངས་པ་རྣམས། སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ཀྱིས་མཚོན་པའི་པཎ་གྲུབ་དུ་མས་སྒྲུབ་ཐབས་ཆུང་ངུ་མང་དུ་མཛད་པ་ཐོར་བུ་རྣམས་པཎ་གྲུབ་ཚད་ལྡན་གྱིས་ཕྱོགས་གཅིག་ཏུ་བསྡེབས་པ་སྒྲུབ་ཐབས་བསྡུས་པ་ཞེས་བྱ་བ། རྒྱས་བསྡུས་ཀྱིས་བསྡུས་པ་མིན་ཡང་བྱ་བ་མང་པོ་ཕྱོགས་གཅིག་བསྡུས་ནས་བསྡེབས་པས་དེ་ལྟར་གྲགས་ཤིང༌། བླ་མ་བཻ་རོ་ཙ་ན་རཀྵི་ཏ་དང་དྷ་བྱང་ཆུབ་སེམས་དཔའ་སོགས་ལས་བ་རི་ལོ་ཙཱ་བས་སྒྲུབ་ཐབས་མི་འདྲ་བ་སྟོང་རྩ་གསན་པའི་ནང་ནས་ཟབ་ཅིང་ཐུགས་གཙིགས་ཆེ་བ་དགུ་བཅུ་གོ་དྲུག་ཕྱོགས་གཅིག་ཏུ་བསྡེབས་པའི་སྒྲུབ་ཐབས་ཀུན་ལས་བཏུས་སམ་བརྒྱ་རྩ་ཞེས་པ་བོད་འདིར་འགྱུར་བའི་བསྡུས་པ་དང༌། པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའི་སྒྲུབ་ཐབས་ཕྱེད་དང་ཉིས་བརྒྱ་པ་འབྲིང་པོ། རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷི་ལས་གནང་བ་ཐོབ་ཅིང་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་པ་ལ་བརྟེན་ནས་པཎ་ཆེན་འཇིགས་མེད་འབྱུང་གནས་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་བཀས་བསྐུལ་ནས་ཡར་ཀླུངས་པ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་སྒྲུབ་ཐབས་ཉིས་བརྒྱ་དང་བཞི་བཅུ་ཞེ་གཉིས་བཞུགས་པ་རྒྱས་པའམ་རྒྱ་མཚོར་གྲགས་པ་རྣམས་ལས། ཕྱི་མ་ནི་ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་རྗེས་གནང་བྱ་ཚུལ་འདོད་དགུའི་«་་་་་རྨོར་ཆེན་པའི་གསན་ཡིག་ཏུ་མུས་པ་ནམ་མཁའ་དཔལ་བཟང་གིས་མཛད་པའི་རྗེས་གནང་གི་ཡི་གེ་རིན་ཆེན་སྒྲོན་མེ་གཉིས་ཆར་གྱི་སྟེང་ནས་གསན་ཞེས་འབྱུང༌། »ལྗོན་ཤིང་རིན་པོ་ཆེའི་སྙེ་མའི་སྟེང་ནས་རྗེས་གནང་དང་རྒྱ་གཞུང་གི་ལུང་བཅས་ཚང་བར་ཐོས་པ་ནི། འདིར་ཆོས་སྡེའི་གོ་རིམ་རྒྱ་གཞུང་སོར་བཞག་དང༌། ལག་ལེན་གྱི་དུས་གོ་རིམ་འཁྲུགས་བསྡེབས་བྱས་ཆོག་པའི་རྗེས་གནང་ཡོད་མེད་དང་བླ་མེད་གང་ཡིན་མཆན་བུས་བཀྲོལ་ཏེ་བཀོད་པ་ལ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་སྒྲུབ་«»ཐབས་པཎྜི་ཏ་ཀུ་མུ་ཏ་འབྱུང་བའི་བློ་གྲོས་ཞབས་ཀྱིས་མཛད་པ།«་་་་་འདི་གཉིས་ལ་ལྷ་སྔགས་མི་གསལ་བ་འཇམ་དཔལ་རྩ་རྒྱུད་ནས་ཁ་བསྐངས་པའི་རྗེས་གནང་མཛད་སྲོལ་བྱུང་འདུག་ཀྱང་དེང་སང་ལུང་ལས་རྗེས་གནང་མེད་དོ།་་་་་»།དེའི་སྒྲུབ་«»ཐབས་རིན་ཆེན་འབྱུང་གནས་སྦས་པའི་ཞབས་ཀྱིས་མཛད་པ། རྗེ་བཙུན་རྡོ་རྗེ་གདན་གཙོ་འཁོར་གསུམ་པའི་སྒྲུབ་«»ཐབས་མན་ངག་གི་ཆོ་ག་«་་་་་འདི་གསུམ་བསྡོམས་པར་རྗེས་གནང་གཅིག་་་་་་»ཡང་དེའི་སྒྲུ«»བ་ཐབ«»ས་མི་འདྲ་བ་གཉིས། འཕགས་པ་ཡི་གེ་དྲུ«»ག་པ་རིག་པ་ཆེན་པོ་དཀར་པོ་ཕྱག་བཞི་པ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་དཔལ་ལྡན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ།«་་་་་རྗེས་གནང་ཡོད། »ཟ་མ་ཏོག་བཀོད་པའི་མན་«»ངག་གིས་མཛད་པའི་དཔལ་ལྡན་འཇིག་རྟེན་མགོན་པོ་«»དཀར་པོ་ཕྱག་བཞི་པའི་སྒྲུབ་ཐབས།«་་་་་མགོ་མཇུག་གཉིས་ན་ཡི་གེ་དྲུག་པའི་སྒྲུབ་ཐབས་ཟེར་བ་དང་མངོན་རྟོགས་ཀྱི་འགོར་དཔལ་ལྡན་འཇིག་རྟེན་མགོན་ཞེས་པ་སྣང་རྗེས་གནང་ཡང་ཡོད། »དཔལ་ལྡན་འཇིག་«»རྟེན་མགོན་པོ་དཀར་པོ་ཕྱག་བཞི་པའི་སྒྲུབ་ཐབས།«་་་་་འཇིག་རྟེན་མགོན་པོ་པདྨ་དབང་བྱེད་ཀྱང་ཟེར་རྗེས་གནང་ཡོད། »འཕགས་པ་«༡༠»ཡི་གེ་དྲུག་པའི་རིག་སྔགས་ཆེན་པོ་རྗེ་བཙུན་འཇིག་རྟེན་དབང་ཕྱུག་གི་མན་ངག་རྒྱ་ཆེན་བརྒྱུད་པའི་སྒྲུབ་ཐབས་ཀྱི་ཆོ་ག་ཞེས་པ་ཡི་གེ་དྲུག་པ་ཕྱག་བཞི་པ་དཀར་པོ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »རྣམ་སྣང་«༡༡»མངོན་བྱང་ནས་བཤད་པའི་འཕགས་པ་འཇིག་རྟེན་དབང་ཕྱུག་ཁ་སརྤཱ་ཎི་དཀར་པོ་ཕྱག་གཉིས་པ་ལྷ་ལྔའི་སྒྲུབ་ཐབས་སློབ་དཔོན་རྙོག་པ་མེད་པས་མཛད་པ།«་་་་་འདི་ནས་ཨ་ནུ་པ་མ་རཀྵི་ཏས་མཛད་པའི་བར་གྱི་བཞི་པོ་རྗེས་གནང་གཅིག» པོ་ཏ་ལ་ཀེ་ཁ་«༡༢»སརྤཱ་ཎི་ལྷ་ལྔའི་སྒྲུབ་ཐབས་པདྨ་འབྱུང་གནས་བློ་གྲོས་ཞབས་ཀྱིས་མཛད་པ། སློབ་དཔོན་དགེ་བྱེད་ཀྱིས་«༡༣»མཛད་པའི་ཁ་སརྤཱ་ཎི་ལྷ་ལྔའི་སྒྲུབ་ཐབས།«་་་་་གསན་ཡིག་གཞན་ཚོར་བདེ་བྱེད་ཟེར་བ་འདུག རྒྱ་གཞུང་དང་གོང་དཀར་བའི་གསན་ཡིག་ན་དཀྱུས་ལྟར་བྱུང་ངོ༌། »།དཔལ་ལྡན་མཁའ་སྤྱོད་འཇིག་རྟེན་དབང་ཕྱུག་«༡༤»ལྷ་ལྔའི་སྒྲུབ་ཐབས་ཨ་ནུ་པ་མ་རཀྵི་ཏས་ཅུང་ཟད་རྒྱས་པར་མཛད་པ། དཔལ་ལྡན་མཁའ་སྤྱོད་ཁ་སརྤཱ་ཎི་དཀར་«༡༥»པོ་ཕྱག་གཉིས་པ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »སེང་གེ་སྒྲའི་སྒྲུབ་«༡༦»ཐབས་«་་་་་འདི་དང་འོག་ནས་འབྱུང་བའི་སྒྲུབ་ཐབས་གསུམ་སྟེ་བཞི་བསྡོམས་པར་རྗེས་གནང་གཅིག »པཎྜི་ཏ་ཨ་ཝ་དྷཱུ་ཏཱི་དཔལ་ལྡན་གཉིས་མེད་རྡོ་རྗེའི་ཞབས་ཀྱིས་མཛད་པ།«་་་་་གསན་ཡིག་ཕལ་ཆེར་ན་འཇིགས་མེད་རྡོ་རྗེ་ཞེས་འདུག་ཀྱང་རྒྱ་ཞུང༌། བཀླགས་པས་དོན་གྲུབ། གོང་དཀར་བའི་གསན་ཡིག་བཅས་པར་དཀྱུས་ལྟར་སྣང་ངོ༌། »།འཇིག་རྟེན་མགོན་པོ་«༡༧»དཀར་པོ་ཕྱག་གཉིས་པ་གཙོ་འཁོར་གསུམ་པའི་«་་་་་རིན་ཆེན་སྒྲོན་མེར་འཇིག་རྟེན་དབང་ཕྱུག་ཟེར། »སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »འཇིག་རྟེན་དབང་ཕྱུག་«༡༨»དཀར་པོ་ཕྱག་གཉིས་གཙོ་རྐྱང་གི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »སེང་གེ་སྒྲའི་སྒྲུབ་«༡༩»ཐབས། འཕགས་པ་སེང་གེ་སྒྲའི་སྒྲུབ་«༢༠»ཐབས། དཔལ་ལྡན་«༢༡»སེང་གེ་སྒྲའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག«༢༢» ཧ་ལ་ཧ་ལ་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་གཙོ་འཁོར་གཉིས་པའི་སྒྲུབ་ཐབས།«་་་་་འདི་གཉིས་ཐུན་མོང་དུ་རྗེས་གནང་གཅིག་་་་་»ཡང་«་་་་་རིན་ཆེན་སྒྲོན་མེར་ཕྱི་མ་གཙོ་རྐྱང་གི་དབང་དུ་བྱས་ཏེ་ཁ་ཕྲལ་ནས་སོ་སོར་རྗེས་གནང་འདུག» དེའི་སྒྲུབ་«༢༣»ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། རྡོ་རྗེ་ཆོས་དཀར་པོ་«༢༤»ཞལ་གསུམ་ཕྱག་དྲུག་པ་ཡབ་ཡུམ་གཉིས་ཀྱི་སྒྲུབ་ཐབས་ཆོ་ག་བསྡུས་པ་«་་་་་རྗེས་གནང་ཡོད། »འཇིག་རྟེན་མགོན་པོ། པདྨ་«༢༥»གར་གྱི་དབང་ཕྱུག་དམར་པོ་ཕྱག་གཉིས་པ་ལྷ་དགུའི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ།«་་་་་རྗེས་གནང་ཡོད། »པདྨ་གར་གྱི་དབང་ཕྱུག་«༢༦»དམར་པོ་ཕྱག་བཅོ་བརྒྱད་པ་ལྷ་ལྔའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »ཧ་རི་ཧ་རི་ལ་ཞོན་པར་«༢༧»གྱུར་པ་དཀར་པོ་ཕྱག་དྲུག་པའི་སྒྲུབ་ཐབས།«་་་་་འདི་གཉིས་བསྡོམས་པར་རྗེས་གནང་གཅིག »ཡང་དེའི་སྒྲུབ་«༢༨»ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། ཨཽ་ཌི་ཡཱ་ནའི་«༢༩»རིམ་པའི་འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ས་ར་ཧའི་ཞབས་ཀྱིས་མཛད་པ།«་་་་་འདི་གཉིས་བསྡོམས་པར་རྗེས་གནང་གཅིག »དེའི་སྒྲུབ་«༣༠»ཐབས་ཨཽ་ཌི་ཡཱ་ན་ནས་བྱུང་ཞིང་ས་ར་ཧའི་ཞབས་ཀྱིས་གདན་དྲངས་པ། འཇིག་རྟེན་དབང་«༣༡»ཕྱུག་དམར་པོ་ཕྱག་བཞི་པ་ལྷ་གསུམ་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »འཇིག་རྟེན་དབང་«༣༢»ཕྱུག་གིས་ལྷག་པར་དབང་དུ་བྱ་བའི་སྤྱན་རས་གཟིགས་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »གསང་བ་བསམ་གྱིས་མི་ཁྱབ་པའི་རྗེས་སུ་འབྲངས་པའི་འཕགས་པ་སྤྱན་རས་གཟིགས་མགྲིན་པ་སྔོན་པོ་ཅན་སེར་པོ་ཕྱག་«༣༣»གཉིས་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »སྒྱུ་འཕྲུལ་དྲྭ་བའི་རིམ་པའི་འཕགས་པ་སྤྱན་རས་གཟིགས་«༣༤»དབང་ཕྱུག་ནག་པོ་ཞལ་ལྔ་ཕྱག་བཅུ་གཉིས་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »ཤེས་རབ་བསྐྱེད་པ་«༣༥»པདྨའི་ཕྱག་གི་གཟུངས།«་་་་་འདི་གཉིས་ལ་ལུང་ལས་རྗེས་གནང་མེད།་་་་་»ཉེ་བར་སྤྱོད་པ་དང་བཅས་པ་སྲན་«༣༦»མ་མ་ཥའི་ཞལ་གྱི་གཟུངས། སྤྱན་རས་གཟིགས་«༣༧»དབང་ཕྱུག་དོན་ཡོད་ཞགས་པ་དཀར་པོ་ཕྱག་དྲུག་པ་ལྷ་ལྔའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »འཇིག་རྟེན།«་་་་་ངོར་གོང་དཀར་བ་མཁྱེན་བརྩེ་ཐར་རྩེ་ཤར་པ་ལྔའི་གསན་ཡིག མཁྱེན་བརྩེའི་བཀླགས་པས་དོན་གྲུབ། རྒྱ་གཞུང་རྣམས་མཐུན་པར་བར་འདིར་སྒྲུབ་ཐབས་གཞན་མི་འདུག་ཀྱང་ཐར་རྩེ་པས་མཛད་པའི་རྗེས་གནང་གི་ཆོ་ག་རིན་པོ་ཆེ་སྒྲོན་མེར་དོན་ཞགས་ཕྱག་བཅུ་པ། དྲུག་པ། བཞི་པ་རྣམས་གོང་གི་སྒྲུབ་ཐབས་ཀྱི་ཚིག་གིས་ཟིན་འདུག་པས་སྤེལ་བ་འདྲ་ཡང་རྗེས་གནང་ཟུར་དུ་དགོས་མི་དགོས་དཔྱད་དོ། »།གསུམ་པོ་དབང་«༣༨»དུ་བྱེད་པ་འཕགས་པ་བྷུགྨ་དམར་མོ་ཕྱག་གཉིས་པ་ལྷ་ལྔའི་སྒྲུབ་ཐབས་སློབ་དཔོན་ཤཱུ་ནྱ་ཏཱ་ས་མ་དྷི་བཛྲ་པཱ་དའི་ཞབས་ཀྱིས་མཛད་པ།«་་་་་རྗེས་གནང་ཡོད། »དཔལ་ལྡན་འཇིག་རྟེན་མགོན་པོའམ་འཇིག་རྟེན་«༣༩»དབང་ཕྱུག་གི་སྒྲུབ་«་་་་་རྗེས་གནང་ཡོད། »ཐབས།«་་་་་འཁོར་མེད་པ་མ་གཏོགས་ཞལ་ཕྱག་བྷུག་མ་དང་འདྲ། རིན་པོ་ཆེ་སྒྲོན་མེར་རྗེས་གནང་གོང་གིས་འཐུས་པ་ལས་ཟུར་དུ་མེད། »འཇམ་དབྱངས་བསྟན་པའི་འཁོར་«༤༠»ལོ་སེར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་བྷ་ཝ་སྐནྡྷས་མཛད་པ་«་་་་་འདི་གཉིས་ལ་རྗེས་གནང་གཅིག་་་་་»དེའི་སྒྲུབ་«༤༡»ཐབས་ཚིག་ལྷུག་མ། འཇམ་དཔལ་«༤༢»སེང་གེའི་སྒྲ་སེར་པོ་ཕྱག་གཉིས་པ་ལྷ་བཅུ་གཅིག་གི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »འཇམ་«༤༣»དབྱངས་ངག་གི་རྒྱལ་པོ་དམར་སེར་ཕྱག་གཉིས་ཀྱི་སྒྲུབ་ཐབས་པཎྜི་ཏ་དཔལ་ལྡན་ཡིད་བཞིན་ནོར་བུ་སྦྱིན་པས་མཛད་པ།«་་་་་འདི་གཉིས་དང་འོག་ནས་འབྱུང་བའི་ཡི་གེ་གཅིག་མའི་རབ་ཏུ་སྦྱོར་བ་ལ་རྗེས་གནང་གཅིག་་་་་»ཡང་དེའི་སྒྲུབ་«༤༤»ཐབས་རྡོ་རྗེ་རྣལ་འབྱོར་མས་གསུངས་པ། སེང་གེའི་གདན་ལ་བཞུགས་«༤༥»པའི་ངག་གི་རྒྱལ་པོ་ཞེས་བྱ་བ་དམར་སེར་ཕྱག་གཉིས་པའི་སྒྲུབ་ཐབས།«་་་་་འདི་གཉིས་བསྡོམས་པར་རྗེས་གནང་གཅིག་མཛད་ལ་རིན་ཆེན་སྒྲོན་མེར་འདི་གཉིས་སོ་སོར་ཕྲལ་བའི་ཕྱི་མ་འདི་ངག་གི་རྒྱལ་པོ་གོང་མ་གཉིས་ཀྱི་སྟེང་དུ་བསྣན་ནས་མཛད་འདུག་པ་དོན་གྱི་རྗེས་གནང་ལ་མང་ཉུང་མ་བྱུང་ཡང་སྔགས་ཝཱ་གཱི་ཤྭ་ར་དང་ཝཱརྞ་སཾ་གྱི་ཁྱད་འདུག་པས་བཀླགས་པས་དོན་གྲུབ་ལུགས་འཐད་པར་སྣང༌།་་་་་»ཡང་ངག་གི་རྒྱལ་པོ་«༤༦»སེང་གེའི་གདན་ལ་བཞུགས་པ་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་«༤༧»ངག་གི་རྒྱལ་པོ་གསེར་ཞུན་ཕྱག་གཉིས་པ་གཙོ་འཁོར་གཉིས་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »ངག་གི་རྒྱལ་པོ་སེར་པོ་ཕྱག་གཉིས་པ་«༤༨»ལྷ་གསུམ་མའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »ཤེས་རབ་འཕེལ་«༤༩»བའི་གཏེར་ངག་གི་རྒྱལ་པོ་ལྷ་གསུམ་མའི་སྒྲུབ་ཐབས་པཎྜི་ཏ་འཕྲོག་བྱེད་འཇོམས་པས་མཛད་པ།«་་་་་རྗེས་གནང་ཡོད། ཡིད་བཞིན་ནོར་བུ་སྦྱིན་དང་ཞལ་ཕྱག་མཐུན། »བཅོམ་ལྡན་འདས་ཀྱི་ཆོ་ག་འདི་མཁས་པས་སྤྱོད་ལམ་གཙང་མ་ཕུན་སུམ་ཚོགས་པས་འབུམ་ཕྲག་བདུན་བཟླ་བར་གསུངས་པའི་ངག་གི་རྒྱལ་པོ་«༥༠»གསེར་བཙོ་མའི་མདོག་ཅན་ཕྱག་གཉིས་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »ཨ་ར་པ་ཙ་ན་དཀར་པོ་«༥༡»ཕྱག་གཉིས་པ་ལྷ་ལྔའི་སྒྲུབ་ཐབས་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ།«་་་་་འདི་གཉིས་བསྡོམས་པར་རྗེས་གནང་གཅིག་་་་་»ཡང་དེའི་སྒྲུབ་«༥༢»ཐབས་ཚིག་ལྷུག་པ། རྗེ་བཙུན་འཕགས་པ་འཇམ་དཔལ་«༥༣»སྒོམ་པའི་མན་ངག་ཅེས་པ་ཨ་ར་པ་ཙ་ན་དམར་པོ་ཕྱག་གཉིས་པ་ལྷ་ལྔའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་«༥༤»ན་དཀར་པོ་ཕྱག་གཉིས་པ་གཙོ་འཁོར་ལྔའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »འཇམ་དཔལ་དཀར་པོ་ལྷ་ལྔའི་སྒྲུབ་«༥༥»ཐབས་ཚིགས་བཅད་མ།«་་་་་འདི་ལ་ལུང་ལས་རྗེས་གནང་མེད། གསན་ཡིག་ཕལ་ཆེར་ན་འཇམ་དཔལ་གྱི་སྒྲུབ་ཐབས་ཞེས་སྣང་ལ་གོང་དཀར་བའི་གསན་ཡིག་དང་རྗེས་གནང་གི་ཡིག་ཆ་གཉིས་ན་མི་གསལ་ལོ། »གུར་ནས་གསུངས་པའི་ཡན་ལག་«༥༦»མེད་པའི་རྡོ་རྗེ་སེར་པོ་ཕྱག་དྲུག་པའི་སྒྲུབ་ཐབས།«་་་་་འདི་གཉིས་བསྡོམས་པས་རྗེས་གནང་གཅིག་་་་་»ཡང་འཇམ་དཔལ་ཡན་ལག་«༥༧»མེད་པའི་རྡོ་རྗེའི་སྒྲུབ་ཐབས།ཆོས་དབྱིངས་ངག་གི་«༥༨»དབང་ཕྱུག་དཀར་པོ་ཞལ་བཞི་ཕྱག་བརྒྱད་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »ཆོས་ཀྱི་དབྱིངས་ངག་གི་«༥༩»དབང་ཕྱུག་དམར་པོ་ཞལ་བཞི་ཕྱག་བརྒྱད་པའི་སྒྲུབ་ཐབས་ཀྱི་དབང་དུ་བྱ་བའི་ཆོ་ག«་་་་་རྗེས་གནང་ཡོད། »སེམས་ཅན་ཐམས་ཅད་དབང་«༦༠»དུ་བྱེད་པའི་ཏིང་ངེ་འཛིན།«་་་་་ལུང་ལས་རྗེས་གནང་མེད། »ཆོས་ཀྱི་རྗེས་སུ་འབྲང་བ་འདི་དང་ཆོས་ཀྱི་ཏིང་ངེ་འཛིན་གྱིས་མཚོན་པ་ཆོས་དབྱིངས་ངག་གི་དབང་ཕྱུག་དཀར་པོའི་སྒྲུབ་«༦༡»ཐབས།«་་་་་རྗེས་གནང་ཡོད། འདི་རིན་ཆེན་སྒྲོན་མེར་ཆོས་དབྱིངས་གསུང་དབང་དཀར་པོ་དང༌། བཀླགས་པས་དོན་གྲུབ་ཏུ་ཆོས་ཀྱི་དུང་གི་ཏིང་ངེ་འཛིན་ཞེས་སྣང་ཡང་དོན་གཅིག གསན་ཡིག་ཚོར་ཆོས་དབྱིངས་གསུང་དབང་གི་སྒྲུབ་ཐབས་ཞེས་སྦམ་མེ་བ་ལས་གསལ་ཁ་མི་འདུག འོག་གི་ཆོས་ཀྱི་དུང་གི་ཏིང་ངེ་འཛིན་གྱི་འཇམ་དཔལ་རྗེས་གནང་ཡང་འདི་གས་གོ་ཆོད་པར་མཛད། »ཨ་ར་པ་ཙ་ན་དཀར་པོ་ཕྱག་གཉིས་པའི་སྒྲུབ་«༦༢»ཐབས།«་་་་་རིན་ཆེན་སྒྲོན་མེར་འདི་གཉིས་ལ་རྗེས་གནང་གཅིག་མཛད་འདུག་པ་མངོན་རྟོགས་མི་འདྲ་ཞིང༌། བཀླགས་པས་དོན་གྲུབ་ཏུ་གོང་མར་ཨ་ར་པ་ཙ་ན་སྔོན་མ་རྣམས་ཀྱི་རྗེས་གནང་གིས་འཐུས་ཤིང༌། ཕྱི་མ་འོག་ནས་འབྱུང་བའི་ངག་གི་རྒྱལ་པོ་བསྡོམས་པར་རྗེས་གནང་གཅིག་མཛད།»ངག་གི་རྒྱལ་པོ་དམར་པོ་ཕྱག་གཉིས་པའི་སྒྲུབ་«༦༣»ཐབས། འཇམ་དཔལ་«༦༤»དབྱངས་དཔའ་བོ་གཅིག་སྒྲུབ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས།«་་་་་འདི་དང་འགོ་ནས་འབྱུང་བའི་གཅིག་སྒྲུབ་གཉིས་ཏེ་གསུམ་བསྡོམས་པར་རྗེས་གནང་གཅིག »ངག་གི་དབང་ཕྱུག་དམར་པོ་«༦༥»ཕྱག་གཉིས་པའི་སྒྲུབ་ཐབས།«་་་་་རིན་ཆེན་སྒྲོན་མེར་འདི་ལ་རྗེས་གནང་ཟུར་དུ་མཛད་ཀྱང་གོང་གི་ངག་གི་རྒྱལ་པོ་དང་གཅིག »འཕགས་པ་འཇམ་དཔལ་«༦༦»རྒྱལ་པོ་ཆེན་པོ་རོལ་པ་སེར་པོ་ཕྱག་གཉིས་པའི་སྒྲུབ་ཐབས།«་་་་་འདི་གཉིས་བསྡོམས་པར་རྗེས་གནང་གཅིག་་་་་»ཡང་རྒྱལ་པོ་རོལ་པ་«༦༧»འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་འཇམ་པའི་«༦༨»རྡོ་རྗེ་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། བུང་བ་མྱོས་པ་དམར་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་«༦༩»ཐབས་རིན་ཆེན་མྱུ་གུས་མཛད་པ། ལྷག་པར་དབང་དུ་«༧༠»བྱེད་པ་དམར་པོ་ཕྱག་དྲུག་པའི་སྒྲུབ་ཐབས་སློབ་དཔོན་དགེ་བ་བྱེད་པས་མཛད་པ། འཇམ་དཔལ་དམར་«༧༡»པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས།«་་་་་འདི་དང་གོང་དུ་སོང་མ་ཐག་པ་གཉིས་བསྡོམས་པའི་གསུམ་ལ་རྗེས་གནང་གཅིག »རིག་པ་འཛིན་པའི་སྡེ་སྣོད་ལས་བྱུང་བ་བསྡུས་པའི་འཇམ་«༧༢»དཔལ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས།«་་་་་འདི་གཉིས་ལ་རྗེས་གནང་གཅིག་མཛད་ཅིང་སྒྲུབ་ཐབས་གསུམ་ཞེས་པ་སྣང་ཡང་རྒྱ་གཞུང་དང་གསན་ཡིག་ཚོར་གཉིས་ལས་མི་འདུག་པས་ཡིག་སྐྱོན་བྱུང་འདྲ། »ཡང་རིག་པ་འཛིན་«༧༣»པའི་སྡེ་སྣོད་སོ་སོ་ནས་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས། ཤེས་རབ་འཕེལ་བ་«༧༤»དཀར་པོ་ཕྱག་གཉིས་པའི་ཆོ་ག«་་་་་འདི་ལ་རྗེས་གནང་ལོགས་སུ་ཡོད། རིན་ཆེན་སྒྲོན་མེར་གོང་གི་རྗེས་གནང་གིས་འཐུས་པ་མཛད་འདུག» མཚན་ཡང་དག་པར་«༧༥»བརྗོད་པའི་མན་ངག་ཤེས་རབ་འཁོར་ལོའི་དངོས་གྲུབ་མཆོག་ཐོབ་པ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས།«་་་་་རིན་ཆེན་སྒྲོན་མེར་མཚན་བསྟོད་ཅེས་པའི་མིང་འདོགས་མཛད་འདུག་རྗེས་གནང་ཡོད། »ཆོས་ཀྱི་དུང་«༧༦»གི་ཏིང་ངེ་འཛིན་གྱི་འཇམ་དཔལ་གྱི་སྒྲུབ་ཐབས། མཚན་ཡང་དག་པར་བརྗོད་པའི་འཇམ་«༧༧»དཔལ་དམར་པོ་ཞལ་གསུམ་ཕྱག་བཞི་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »འཇམ་པའི་རྡོ་རྗེ་དམར་སེར་ཞལ་«༧༨»གསུམ་ཕྱག་དྲུག་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »ཡི་གེ་གཅིག་པའི་རབ་ཏུ་«༧༩»སྦྱོར་བ།«་་་་་ཞལ་ཕྱག་ཡིད་བཞིན་ནོར་བུ་བྱིན་གྱིས་མཛད་པ་དང་གཅིག »གཏུམ་«༨༠»པོ་ཆེན་པོ་སྔོན་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ཆོ་ག་དང་བཅས་པ་སློབ་དཔོན་འོད་ཟེར་འབྱུང་གནས་གྲགས་པས་མཛད་པ།«་་་་་གསན་ཡིག་ཕལ་ཆེར་ན་འབྱུང་གནས་སྦས་པ་ཞེས་སྣང་ལ་རྒྱ་གཞུང་དང་གོང་དཀར་བའི་གསན་ཡིག་ན་དཀྱུས་ལྟར་བྱུང༌། »ཡང་གཏུམ་«༨༡»པོ་ཆེན་པོའི་སྒྲུབ་ཐབས་གསུམ།«་་་་་འདི་བཞི་བསྡོམས་པས་རྗེས་གནང་གཅིག་མཛད། ཐར་རྩེ་དང་ཤར་པའི་གསན་ཡིག་ན་གསུམ་ལས་མི་འདུག་པ་ཆད་འདྲ། »འཕགས་མ་སེང་ལྡེང་ནགས་«༨༢»ཀྱི་སྒྲོལ་མ་གཙོ་འཁོར་གསུམ་མའི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ།«་་་་་རྗེས་གནང་ཡོད། »སྒྲོལ་མ་ཆེན་མོ་སྔོན་མོ་ཕྱག་«༨༣»གཉིས་མའི་སྒྲུབ་ཐབས།«་་་་་འདི་དང་འོག་གི་དབང་བྱེད་སྒྲོལ་མ་གཉིས་ཐུན་མོང་དུ་རྗེས་གནང་གཅིག »མཆོག་སྦྱིན་སྒྲོལ་མ་ལྗང་«༨༤»གུ་ཕྱག་གཉིས་མ་ལྷ་ལྔའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »དབང་དུ་བྱེད་པའི་སྒྲོལ་མ་ཕྱག་«༨༥»གཉིས་མའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་པ།«་་་་་བཀླགས་པས་དོན་གྲུབ་ཏུ་རྟག་པའི་རྡོ་རྗེ་ཞེས་སྣང་བས་བརྟག »རྡོ་རྗེ་སྒྲོལ་མ་སེར་«༨༦»མོ་ཞལ་བཞི་ཕྱག་བརྒྱད་མ་ལྷ་བཅུ་གཅིག་གི་སྒྲུབ་«༨༧»ཐབས་«༨༨»གཉིས།«་་་་་འདི་གཉིས་དང་འོག་གི་ཆོས་འབྱུང་བློ་གྲོས་དང་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་བསྡོམས་པའི་བཞི་ལ་རྗེས་གནང་གཅིག »སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྡོ་རྗེ་སྒྲོལ་མ་དཀར་མོ་«༨༩»ཕྱག་གཉིས་མ་གཙོ་རྐྱང་གི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »པཎྜི་ཏ་ཆེན་པོ་ཆོས་འབྱུང་བློ་གྲོས་ཀྱིས་མཛད་པའི་རྡོ་རྗེ་སྒྲོལ་མའི་སྒྲུབ་«༩༠»ཐབས། ཡང་དེའི་སྒྲུབ་«༩༡»ཐབས་པཎྜི་ཏ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་མཛད་པ། རྡོ་རྗེ་སྒྲོལ་མ་ལྗང་«༩༢»གུ་ཕྱག་གཉིས་མ་གཙོ་འཁོར་ལྔ་པའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་དཔེ་མེད་བསྲུངས་ཀྱིས་མཛད་པ།«་་་་་ལུང་ལས་རྗེས་གནང་ཟུར་པ་མེད། རིན་ཆེན་སྒྲོན་མེར་ཡང་མི་སྣང༌། »འཕགས་མ་འཇིགས་པ་ཆེན་པོ་«༩༣»བརྒྱད་ལས་སྐྱོབ་པ་ལྗང་གུ་ཕྱག་གཉིས་མ་གཙོ་འཁོར་དགུ་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »རྒྱ་ནག་རིམ་པའི་«༩༤»འཕགས་མ་སྒྲོལ་མ་ནག་མོ་ཕྱག་བཞི་མའི་སྒྲུབ་ཐབས།«་་་་་འདི་གཉིས་བསྡོམས་པར་རྗེས་གནང་གཅིག »ཡང་རྒྱ་ནག་«༩༥»ཆེན་མོའི་རིམ་པའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། འཆི་བ་བསླུ་བའི་སྒྲོལ་མ་དཀར་«༩༦»མོ་ཕྱག་གཉིས་མའི་སྒྲུབ་ཐབས།«་་་་་འདི་གཉིས་དང་འོག་གི་འཆི་བ་བསླུ་བའི་སྒྲོལ་མ་བསྡོམས་པའི་གསུམ་ལ་རྗེས་གནང་གཅིག »ཡང་འཆི་བ་བསླུ་བའམ་འཇོམས་པའི་སྒྲོལ་མ་«༩༧»དཀར་མོའི་སྒྲུབ་ཐབས་སློབ་དཔོན་ངག་གི་གྲགས་པའི་སློབ་མ་ཐུ་བོས་མཛད་པ། སྒྲོལ་མ་དཀར་«༩༨»མོ་ཕྱག་བཞི་མ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་སློབ་དཔོན་ཡིད་བཞིན་ནོར་བུའི་རྒྱལ་པོས་མཛད་པ།«་་་་་རྗེས་གནང་ཡོད། »སྒྲོལ་མ་དཀར་«༩༩»མོ་ཕྱག་དྲུག་པ་གཙོ་རྐྱང་གི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »འཕགས་མ་སྒྲོལ་«༡༠༠»མ་དུག་སེལ་མ་དཀར་མོ་ཕྱག་བཞི་མའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »སྒྲོལ་མ་ནོར་«༡༠༡»སྦྱིན་ལྗང་སྔོན་ཕྱག་བཞི་མ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »འོད་དཔག་མེད་ཀྱི་སྙིང་པོའི་རྒྱུད་ལས་བཅོམ་ལྡན་འདས་«༡༠༢»འཕགས་མ་སྒྲོལ་མའི་རྟག་པ།«་་་་་ལུང་ལས་རྗེས་གནང་མེད། »ངན་སོང་ལས་སྒྲོལ་«༡༠༣»བའི་སྒྲོལ་མ་སྔོ་ལྗང་ཞལ་གཅིག་ཕྱག་བཞི་མའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »འཆི་བ་བསླུ་བའི་མན་ངག་«༡༠༤»གི་སྒྲོལ་མའི་སྒྲུབ་ཐབས། སྣ་ཚོགས་ཡུམ་དཀར་མོ་ཕྱག་«༡༠༥»གཉིས་མའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »དོན་ཐམས་ཅད་རབ་ཏུ་སྦྱིན་པའི་སྒྲོལ་མ་«༡༠༦»གསེར་མདོག་ཞལ་བརྒྱད་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »སྒྲོལ་མ་དམར་«༡༠༧»མོ་ཕྱག་བཞི་མར་སྟོན་པ། རྗེ་བཙུན་འཕགས་མ་སྒྲོལ་མའི་ཆོ་གའམ་གཟུངས་འཕགས་མ་དུག་སེལ་མ་སེར་མོ་ཞལ་གསུམ་ཕྱག་«༡༠༨»དྲུག་མའི་སྒྲུབ་ཐབས།«་་་་་འདི་ཡང་འོག་མའི་ཁོངས་སུ་འདུ་བ་ལས་རྗེས་གནང་ཟུར་དུ་མི་མཛད།» དེའི་གཟུང«༡༠༩»ས། འདི་ནས་དུག་སེལ་མའི་རྟོག་པའི་བར་གྱི་བཞི་ལ་རྗེས་གནང་གཅིག་མཛད། རིན་ཆེན་སྒྲོན་མེར་རྟོག་པའི་ལྷ་སྐུ་མདོག་ལྗང་གུ་དང་ཕྱག་མཚན་མི་གཅིག་པས་རྗེས་གནང་ཟུར་དུ་མཛད་འདུག་པ་འཐད་ཅིང་རིག་སྔགས་ཆེན་མོ་ལ་ལུང་ལས་རྗེས་གནང་མེད་ཅེས་ཀྱང་གསུང་ངོ༌། །ཡང་དུག་སེལ་བའི་སྒྲུབ་«༡༡༠»ཐབས། དུག་སེལ་མའི་རིག་«༡༡༡»སྔགས་ཆེན་མོ། འཕགས་«༡༡༢»མ་དུག་སེལ་མའི་རྟོག་པ།འཕགས་པ་ཛམ་གུ་ལའི་«༡༡༣»སྒྲུབ་ཐབས་ཞེས་པའི་དུག་སེལ་མ་དཀར་མོ་ཕྱག་བཞི་མའི་སྒྲུབ་ཐབས།«་་་་་ལུང་ལས་རྗེས་གནང་མེད། རིན་ཆེན་སྒྲོན་མེར་ནི་རྗེས་གནང་ཟུར་དུ་མཛད་འདུག་གོ »།འོད་ཟེར་འབར་«༡༡༤»ཞིང་མཆེ་བ་གཙིགས་པའི་རལ་གཅིག་མ་ནག་མོ་ཞལ་བཅུ་གཉིས་ཕྱག་ཉེར་བཞི་མའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »རལ་གཅིག་མ་ཕྱག་བཞི་«༡༡༥»མའི་སྒྲུབ་ཐབས་གྲུབ་པ།«་་་་་འདི་གསུམ་ལ་རྒྱ་ནག་ཆེན་མོའི་སྒྲོལ་མའི་རྗེས་གནང་གིས་འཐུས་པར་མཛད། རིན་ཆེན་སྒྲོན་མེར་གསུམ་པོ་དྲིལ་བར་རྗེས་གནང་གཅིག་འདུག་་་་་»འཕགས་མ་རལ་གཅིག་མའི་སྒྲུབ་«༡༡༦»ཐབས་«༡༡༧»ལེ་ཚན་གཉིས། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་བོད་ནས་སྤྱན་དྲངས་པའི་རལ་གཅིག་མ་ནག་མོ་ཕྱག་«༡༡༨»གཉིས་མའི་སྒྲུབ་ཐབས།«་་་་་འདི་ལ་ནང་གསེས་ཀྱི་ཕྱག་བཞི་མ་དང་ཕྱག་བརྒྱད་མའང་བྱུང་བ་སོ་སོར་རྗེས་གནང་རེ་ཡོད། རིན་ཆེན་སྒྲོན་མེར་ཕྱག་བརྒྱད་མ་ལས་གཞན་གསལ་ཁ་མེད། »རྡོ་རྗེ་གུར་ནས་གསུངས་པའི་ཙུནྡྷ་«༡༡༩»དཀར་མོ་ཕྱག་«༡༢༠»བཞི་མའི་«༡༢༡»སྒྲུབ་ཐབས་གསུམ།«་་་་་གསུམ་ག་བསྡོམས་པར་རྗེས་གནང་གཅིག »རྟོག་པ་ལས་གསུངས་«༡༢༢»པའི་འོད་ཟེར་ཅན་དཀར་མོ་ཞལ་ལྔ་ཕྱག་བཅུ་མ་གཙོ་འཁོར་ལྔའི་སྒྲུབ་ཐབས།«་་་་་འདི་དང་འོག་གི་དཀར་མོ་ཕྱག་བཅུ་མ་བསྡོམས་པར་རྗེས་གནང་གཅིག »མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་«༡༢༣»སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས།«་་་་་འདི་དང་འོག་གི་མྱ་ངན་མེད་པའི་སེར་མོ་ཕྱག་གཉིས་བཅས་པར་རྗེས་གནང་གཅིག »རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་སེར་མོ་ཞལ་གསུམ་ཕྱག་«༡༢༤»བརྒྱད་མ་ལྷ་ལྔའི་སྒྲུབ་ཐབས།«་་་་་འདི་དང་འོག་གི་ཕྱག་བརྒྱད་མ་དང་ལྷ་ལྔ་མ་གཉིས་བསྡོམས་པའི་གསུམ་ལ་རྗེས་གནང་གཅིག རིན་ཆེན་སྒྲོན་མེར་ལྷ་ལྔ་མ་ལེ་ཚན་བཞི་བྱུང་ཡང་རྒྱ་གཞུང་ན་མི་གསལ་བས་ནོར་རམ་དཔྱད། »རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོ་«༡༢༥»ཞལ་ལྔ་ཕྱག་བཅུ་མའི་སྒྲུབ་ཐབས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འོད་ཟེར་ཅན་«༡༢༦»དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་མ་གཙོ་འཁོར་གཉིས་ཀྱི་སྒྲུབ་ཐབས།«་་་་་འདི་དང་འོག་གི་འོད་ཟེར་ཅན་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་བསྡོམས་པར་རྗེས་གནང་གཅིག »འོད་ཟེར་ཅན་«༡༢༧»སེར་མོ་ཞལ་གསུམ་ཕྱག་བརྒྱད་མ་ལྷ་ལྔའི་སྒྲུབ་ཐབས། ཨཽ་ཌི་ཡཱ་ནའི་འོད་ཟེར་ཅན་«༡༢༨»དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་མའི་སྒྲུབ་ཐབས།«་་་་་འདི་གཉིས་དང་རང་བྱིན་གྱིས་བརླབ་པའི་འོད་ཟེར་ཅན་ཐེ་བའི་གསུམ་ལ་རྗེས་གནང་གཅིག་མཛད། རིན་ཆེན་སྒྲོན་མེར་གསུམ་ག་གོང་གི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་འོད་ཟེར་ཅན་གྱི་སྡེབས་སུ་བགྲངས་འདུག »ཡང་དེའི་སྒྲུབ་«༡༢༩»ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཡང་ཨཽ་ཌི་ཡཱ་ནའི་རང་བྱིན་གྱིས་བརླབ་«༡༣༠»པའི་རིམ་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། མྱ་ངན་མེད་པའི་འོད་ཟེར་ཅན་«༡༣༡»སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་«༡༣༢»སེར་མོ་ཞལ་གསུམ་ཕྱག་བརྒྱད་མ་ལྷ་ལྔ་མའི་སྒྲུབ་ཐབས་སློབ་དཔོན་སྙིང་པོའི་ཞབས་ཀྱིས་མཛད་པ། འོད་ཟེར་ཅན་དམར་པོ་«༡༣༣»ཞལ་དྲུག་ཕྱག་བཅུ་གཉིས་མའི་སྒྲུབ་ཐབས།«་་་་་གོང་གི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་འོད་ཟེར་ཅན་གྱི་རྗེས་གནང་གིས་འཐུས།»འོད་ཟེར་ཅན་«༡༣༤»པི་ཙུ་ག་ཞལ་གསུམ་ཕྱག་བརྒྱད་མའི་སྒྲུབ་ཐབས།«་་་་་ཐར་རྩེ་དང་ཤར་པའི་གསན་ཡིག་ན་པི་ཙུ་མ་ཞེས་བྱུང་ཡང་གཞན་རྣམས་མཐུན་པར་དཀྱུས་བཞིན་སྣང༌། རྗེས་གནང་ཡོད། »ཁྲོ་མོ་ཆེན་མོ་འོད་ཟེར་ཅན་«༡༣༥»སེར་མོ་ཞལ་གསུམ་ཕྱག་བཅུ་གཉིས་པ་གཙོ་འཁོར་གཉིས་མའི་སྒྲུབ་ཐབས།«་་་་་རྒྱ་གཞུང་ན་སྐུ་མདོག་འདི་ལྟར་འདུག་ཀྱང་བཀླགས་པས་དོན་གྲུབ་དང་རིན་ཆེན་སྒྲོན་མེར་དམར་མོ་ཞེས་བྱུང་བ་བརྟག རྗེས་གནང་ཡོད།»འོད་ཟེར་ཅན་«༡༣༦»གྱི་སྒྲུབ་ཐབས་མདོར་བསྡུས་པ།«་་་་་འདི་གཉིས་ལ་རྗེས་གནང་ཟུར་པ་མི་དགོས།་་་་་»དེའི་གཟུངས་«༡༣༧»བཀླག་པའི་མན་ངགརི་ཁྲོད་ལོ་མ་གྱོན་མ་«༡༣༨»སེར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »ལོ་མ་གྱོན་མ་ལྗང་«༡༣༩»གུ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »འཕགས་མ་རི་ཁྲོད་ལོ་མ་གྱོན་མ་ཅན་«༡༤༠»གྱི་གཟུངས།«་་་་་འདི་ལ་ལུང་ལས་རྗེས་གནང་མེད། »ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀར་མོ་«༡༤༡»ཕྱག་གཉིས་མའི་སྒྲུབ་ཐབས།«་་་་་འདི་དང་གཤམ་གྱི་ཤེར་ཕྱིན་དཀར་མོ་གཉིས་ཏེ་གསུམ་བསྡོམས་པར་རྗེས་གནང་གཅིག »ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་«༡༤༢»སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས།«་་་་་རྒྱ་གཞུང་དང་གསན་ཡིག་རྣམས་མཐུན་པར་གསུམ་བྱུང་བས་བཀླགས་པས་དོན་གྲུབ་ཏུ་གཉིས་ཟེར་བ་ཡིག་ནོར་བྱུང་འདྲ། གང་ལྟར་གསུམ་པོ་བསྡོམས་པར་རྗེས་གནང་གཅིག་གིས་ཆོག རིན་ཆེན་སྒྲོན་མེར་ཕྱག་མཚན་སོགས་ཅུང་ཟད་མི་འདྲ་བ་ཕྱེ་བའི་དྲུག་བྱུང༌། »དེའི་སྒྲུབ་«༡༤༣»ཐབས་མདོར་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀར་མོ་«༡༤༤»ཞལ་གཅིག་ཕྱག་གཉིས་མའི་སྒྲུབ་ཐབས་སློབ་དཔོན་དགེ་འདུན་བྱིན་གྱི་བུས་མཛད་པ། ཡང་དེའི་སྒྲུབ་«༡༤༥»ཐབས་པཎྜི་ཏ་དཔལ་ལྡན་པདྨ་འཕེལ་གྱི་ཞབས་ཀྱིས་མཛད་པ། ཡང་གསེར་«༡༤༦»མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱག་བཞི་མའི་སྒྲུབ་ཐབས།«་་་་་འདི་དང་འོག་གི་གསེར་མདོག་ཅན་གཉིས་ཏེ་གསུམ་བསྡོམས་པར་རྗེས་གནང་གཅིག རིན་ཆེན་སྒྲོན་མེར་གཉིས་ལས་མི་འདུག་པ་གཅིག་གོང་གི་ཤེར་ཕྱིན་སེར་མོའི་ཟླར་དྲངས་པ་འདྲ། »ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་«༡༤༧»སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས།«་་་་་འདི་གོང་གི་ཤེར་ཕྱིན་སེར་མོའི་རྗེས་གནང་གིས་འཐུས།»གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་«༡༤༨»ཕྱག་བཞི་མའི་སྒྲུབ་ཐབས། ཡང་དེའི་སྒྲུབ་«༡༤༩»ཐབས་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ། དགྲ་ནག་ནས་གསུངས་པའི་འཕགས་མ་«༡༥༠»རྡོ་རྗེ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ།«་་་་་འདི་དང་འོག་ནས་འབྱུང་བའི་རྡོ་རྗེ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མ་དང་གཤིན་རྗེ་ནག་པོའི་རྒྱུད་ནས་བྱུང་བ་སྟེ་གསུམ་བསྡོམས་པར་རྗེས་གནང་གཅིག »དབྱངས་ཅན་མ་ཆེན་མོ་དཀར་མོ་ཕྱག་གཉིས་མ་གཙོ་འཁོར་ལྔ་པའི་སྒྲུབ་«༡༥༡»ཐབས།«་་་་་རྗེས་གནང་ཡོད། »རྡོ་རྗེ་དབྱངས་ཅན་«༡༥༢»མ་དམར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མ་«༡༥༣»དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་དགེ་སློང་ཡིད་ཀྱི་ཤིང་རྟ་སྦྱོང་བས་མཛད་པ།«་་་་་འདི་དང་པི་ཝཾ་མའི་འོག་གི་ཕྱག་གཉིས་མ་བསྡོམས་པར་རྗེས་གནང་གཅིག »རྡོ་རྗེ་པི་ཝཾ་དབྱངས་ཅན་«༡༥༤»མ་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »རྡོ་རྗེ་དབྱངས་ཅན་«༡༥༥»མ་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། གཤིན་རྗེ་ནག་པོའི་རྒྱུད་ལས་བྱུང་བའི་རྡོ་རྗེ་དབྱངས་ཅན་«༡༥༦»མ་དམར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། དབྱངས་ཅན་«༡༥༧»མ་དཀར་མོ་ཕྱག་གཉིས་མ་རྡོ་རྗེ་བཞིའི་རིམ་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »ཁྲོ་གཉེར་ཅན་སེར་མོ་ཕྱག་«༡༥༨»བཞི་མའི་སྒྲུབ་«༡༥༩»ཐབས་གཉིས།«་་་་་གཉིས་ཀ་ཐུན་མོང་དུ་རྗེས་གནང་གཅིག་མཛད། »སྒྲོལ་མའི་རྟོག་པ་ལས་བྱུང་«༡༦༠»བའི་ཀུ་རུ་ཀུལླེ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབས།«་་་་་འདི་དང་གཤམ་གྱི་བཞི་བཅས་པའི་ལྔ་ལ་རྗེས་གནང་གཅིག་མཛད། རིན་ཆེན་སྒྲོན་མེར་འོག་ནས་འབྱུང་བའི་རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེ་ཡང་བསྣན་པའི་དྲུག་ལ་རྗེས་གནང་གཅིག་མཛད་འདུག »ཡང་སྒྲོལ་མའི་རྟོག་པ་ལས་བྱུང་བའི་ཚིག་ལྷུག་«༡༦༡»པའི་རིགས་བྱེད་མའི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཡང་ཀུ་རུ་«༡༦༢»ཀུལླེའི་དབང་དུ་བྱེད་པའི་མན་ངག ཡང་རིགས་བྱེད་མའི་«༡༦༣»སྒྲུབ་ཐབས། ཡང་དཔལ་ལྡན་འཕགས་མ་«༡༦༤»རིགས་བྱེད་མའི་སྒྲུབ་ཐབས། ཨོ་རྒྱན་ནས་«༡༦༥»བྱུང་བའི་རིགས་བྱེད་མ་ཕྱག་བཞི་མའི་སྒྲུབ་ཐབས།«་་་་་འདི་ནས་སྙན་ངག་མཁན་ཆེན་པོ་བརྩེ་བ་ཅན་གྱིས་མཛད་པའི་བར་གྱི་བཞི་བསྡོམས་པར་རྗེས་གནང་གཅིག »ཡང་ཀྱེ་རྡོ་རྗེའི་རྒྱུད་ལས་རང་བྱིན་གྱིས་བརླབ་«༡༦༦»པའི་རིམ་པའི་རིགས་བྱེད་མའི་སྒྲུབ་ཐབས་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཡང་ཀྱེ་རྡོ་རྗེའི་རིམ་པ་ལས་«༡༦༧»ཀུ་རུ་ཀུལླེ་རིགས་བྱེད་མའི་སྒྲུབ་ཐབས། ཡང་ཀུ་རུ་ཀུལླེའི་སྒྲུབ་«༡༦༨»ཐབས་ཀྱེ་རྡོ་རྗེའི་རྒྱུད་ལས་བྱུང་བ་སྙན་ངག་མཁན་ཆེན་པོ་བརྩེ་བ་ཅན་ཞེས་པས་ཚིགས་སུ་བཅད་དེ་བསྡེབས་པ། རྗེ་བཙུན་ཀུ་རུ་ཀུལླེ་ཕྱག་«༡༦༩»དྲུག་མའི་སྒྲུབ་ཐབས།«་་་་་འདི་གཉིས་ལ་རྗེས་གནང་གཅིག »རིག་བྱེད་མ་«༡༧༠»ཕྱག་དྲུག་མའི་སྒྲུབ་ཐབས། ཀུ་རུ་ཀུལླེ་ཕྱག་བརྒྱད་«༡༧༡»མ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་ཨིནྡྲ་བྷཱུ་ཏིའི་ཞབས་ཀྱིས་མཛད་པ།«་་་་་རྗེས་གནང་ཡོད། »སྔགས་པ་དང་བུད་མེད་དབང་དུ་«༡༧༢»བྱེད་པ་ཀུ་རུ་ཀུལླེའི་སྒྲུབ་ཐབས།«་་་་་འདི་གཉིས་ལ་ལུང་ལས་རྗེས་གནང་ཟུར་བ་མེད། »རིགས་བྱེད་མའི་མན་ངག་«༡༧༣»གི་རིམ་པ། ཀུ་རུ་ཀུལླེ་དཀར་མོ་ཕྱག་«༡༧༤»གཉིས་མའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »དཔལ་ལྡན་སྒྱུ་འཕྲུལ་དྲྭ་བ་རྣལ་འབྱོར་གྱི་རྒྱུད་«༡༧༥»ཆེན་པོ་སྟོང་ཕྲག་བཅུ་དྲུག་པ་ལས་བྱུང་བའི་ཀུ་རུ་ཀུལླེ་དཀར་མོ་ཕྱག་དྲུག་མའི་སྒྲུབ་ཐབས་སློབ་དཔོན་ནག་པོའི་ཞབས་ཀྱིས་མཛད་པ།«་་་་་རྗེས་གནང་ཡོད།»ཀུ་རུ་ཀུལླེ་དམར་མོ།«་་་་་འདིར་རྗེས་གནང་མཛད་རིན་ཆེན་སྒྲོན་མེར་མི་གསལ། »ཕྱག་བཞི་མ་རིའི་ཕུག་«༡༧༦»ན་བཞུགས་པའི་སྒྲུབ་ཐབས།«་་་་་མཁྱེན་བརྩེ་ཐར་རྩེ་ཤར་པ་རྣམས་ཀྱི་གསན་ཡིག་ན་འདི་གཉིས་མི་འདུག་པ་ཆད་པ་འདྲ། »རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེ་ཕྱག་«༡༧༧»བཞི་མའི་སྒྲུབ་ཐབས།«་་་་་འདི་གཉིས་ལས་རྗེས་གནང་ཟུར་དུ་མེད། »ཀུ་རུ་ཀུལླེའི་ལས་«༡༧༨»རབ་ཏུ་རྐྱང་པའི་སྦྱོར་བ། གཙུག་ཏོར་རྣམ་པར་རྒྱལ་མ་«༡༧༩»གཙོ་རྐྱང་གི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »འཕགས་པ་གཞན་གྱིས་མི་ཐུབ་པ་«༡༨༠»གདུགས་དཀར་མོ་ཅན་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »རྡོ་རྗེ་ཙརྩི་ཀ་དམར་མོ་ཕྱག་«༡༨༡»དྲུག་མའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »སྒྱུ་འཕྲུལ་དྲྭ་བ་ལས་གསུངས་པའི་སོ་སོ་འབྲང་མ་«༡༨༢»ཆེན་མོ་སེར་མོ་ཞལ་«༡༨༣»བཞི་ཕྱག་བརྒྱད་«༡༨༤»མའི་སྒྲུབ་ཐབས་ལེ་ཚན་གསུམ།«་་་་་འདི་གསུམ་ཐུན་མོང་དུ་རྗེས་གནང་གཅིག »རྨ་བྱ་ཆེན་མོའི་སྒྲུབ་«༡༨༥»ཐབས།«་་་་་རྗེས་གནང་ཡོད། མཁྱེན་བརྩེ་ཐར་རྩེ་ཤར་པ་གསུམ་གྱི་གསན་ཡིག་ན་གྲྭ་ལྔའི་གོ་རིམ་དཀྱུས་དང་མི་མཐུན་ཙམ་འདུག »འཕགས་མ་སྟོང་ཆེན་མོ་རབ་ཏུ་«༡༨༦»འཇོམས་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »འཕགས་མ་གསང་«༡༨༧»སྔགས་ཆེན་མོ་རྗེས་སུ་འཛིན་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »འཕགས་མ་བསིལ་བའི་«༡༨༨»ཚལ་ཞེས་བྱ་བའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »ལྷ་མོ་ལྔའི་སྒྲུབ་«༡༨༩»ཐབས་མདོར་བསྟན་པ།«་་་་་རྗེས་གནང་ཟུར་དུ་དགོས་ཀྱང་རྒྱུན་ཆད། རིན་ཆེན་སྒྲོན་མེར་འདི་དང་སེར་མོ་ཞལ་གསུམ་ཕྱག་དྲུག་མ་ལྷ་ལྔ་སོ་སོར་རྗེས་གནང་ཡོད་ཚུལ་འདུག་ཀྱང་རྒྱ་གཞུང་དང་གསན་ཡིག་བཀླགས་པས་དོན་གྲུབ་རྣམས་མཐུན་པར་མ་བྱུང་བས་བརྟག »ཕྱིར་བཟློག་པ་ཆེན་མོ་ནག་མོ་ཕྱག་«༡༩༠»དྲུག་མའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »རྒྱལ་མཚན་རྩེ་མོའི་དཔུང་«༡༩༡»རྒྱན་ནག་མོ་ཞལ་གསུམ་ཕྱག་བཞི་མའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »གཞན་གྱིས་མི་ཐུབ་མ་«༡༩༢»སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »རྡོ་རྗེ་གནྡྷ་རི་ནག་མོ་ཞལ་«༡༩༣»དྲུག་ཕྱག་བཅུ་གཉིས་མའི་སྒྲུབ་«༡༩༤»ཐབས་ལེ་ཚན་གཉིས།«་་་་་གཉིས་ཀ་ཐུན་མོང་དུ་རྗེས་གནང་གཅིག» བསྲུང་བ་«༡༩༥»ལྔའི་ཆོ་ག«་་་་་རྗེས་གནང་ཡོད། »རྡོ་རྗེ་ལྕགས་སྒྲོག་མ་ཞལ་«༡༩༦»གསུམ་ཕྱག་དྲུག་མའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »རྡོ་རྗེ་ལྕགས་སྒྲོག་མ་ཞལ་«༡༩༧»གསུམ་ཕྱག་བརྒྱད་མའི་སྒྲུབ་ཐབས།«་་་་་འདི་གཉིས་ལ་རྗེས་གནང་གཅིག་་་་་»ཡང་དེའི་སྒྲུབ་«༡༩༨»ཐབས་ཀྱི་ཆོ་ག རྒྱལ་མཚན་རྩེ་མོའི་དཔུང་«༡༩༩»རྒྱན།«་་་་་རྗེས་གནང་ཡོད།» སེར་མོ་ཞལ་བཞི་ཕྱག་བཞི་མའི་སྒྲུབ་ཐབས་པཎྜི་ཏ་ཆོས་ཀྱི་འབྱུང་གནས་བློ་གྲོས་ཀྱིས་མཛད་པ།«་་་་་གསན་ཡིག་ཕལ་ཆེར་དང་བཀླགས་པས་དོན་གྲུབ་ན་སྒྲུབ་ཐབས་གཅིག་ལས་མི་གསལ་ཡང་རྒྱ་གཞུང་དང་གོང་དཀར་བའི་གསན་ཡིག་རིན་ཆེན་སྒྲོན་མེ་རྣམས་ན་གཉིས་ཀ་སྣང་ཞིང་རྗེས་གནང་གཅིག་གིས་འཐུས་པ་མཛད།་་་་་»འཕགས་མ་གཙུག་ཏོར་རྣམ་པར་«༢༠༠»རྒྱལ་མ་ལྷ་དགུའི་སྒྲུབ་ཐབས་ཚིགས་«༢༠༡»བཅད་ལྷུག་གཉིས། ནོར་«༢༠༢»རྒྱུན་མ་སེར་མོ་ཕྱག་གཉིས་མ་ལྷ་ལྔའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »གུར་ནས་གསུངས་པའི་ནོར་རྒྱུན་མ་«༢༠༣»གཙོ་རྐྱང་གི་སྒྲུབ་«༢༠༤»ཐབས་གཉིས།«་་་་་གཉིས་ཀ་ལ་རྗེས་གནང་གཅིག »དེའི་གཟུངས་ཀྱི་མན་«༢༠༥»ངག«་་་་་ལུང་ལས་རྗེས་གནང་མེད། »རྡོ་རྗེ་ཕག་མོ་ལྷ་ལྔའི་སྒྲུབ་«༢༠༦»ཐབས་པཎྜི་ཏ་ཆེན་པོ་ཨ་ཝ་དྷཱུ་ཏཱི་པ་དཔལ་ལྡན་གཉིས་མེད་རྡོ་རྗེའི་ཞབས་ཀྱིས་མཛད་པ།«་་་་་རྗེས་གནང་ཡོད། བླ་མེད་དུ་གཏོགས། བཀླགས་པས་དོན་གྲུབ་ཏུ་མཻ་ཏྲི་པས་མཛད་ཅེས་སྣང༌། »ཕག་དཀར་ཤེས་རབ་སྣང་«༢༠༧»བའི་སྒྲུབ་ཐབས་སློབ་དཔོན་ཀོངྐ་སྦྱིན་གྱིས་མཛད་པ།«་་་་་བླ་མེད་དུ་གཏོགས་རྗེས་གནང་ཡོད། »རྡོ་རྗེ་ཕག་མོ་དབང་དུ་«༢༠༨»བྱ་བའི་ཆོ་ག«་་་་་ལུང་ལས་རྗེས་གནང་མེད་ལ་བླ་མེད་དུ་གཏོགས། »དཔལ་རྡོ་རྗེ་ཕག་མོའི་རྟོག་པ་དོན་ཐམས་ཅད་«༢༠༩»འགྲུབ་པ་དང༌།«་་་་་བླ་མེད་དུ་གཏོགས། གཉིས་ཀ་ཐུན་མོང་དུ་རྗེས་གནང་གཅིག་མཛད་ཅིང༌། རྗེ་མཁྱེན་བརྩེའི་གསན་ཡིག་དང་བཀླགས་པས་དོན་གྲུབ་ཏུ་ལྷ་མོ་སྒྱུ་མ་ཆེན་མོའི་དུར་ཁྲོད་ཅེས་པ་ཡན་རྟོག་པ་དང༌། དེ་མན་སྒྲུབ་ཐབས་སུ་དབྱེ་བ་ཡིན་འདུག གོང་དཀར་བ་སོགས་གསན་ཡིག་ཕལ་ཆེར་དུ་སོ་སོར་མ་དབྱེ་བར་གཅིག་ཏུ་བྲིས་འདུག་གོ »།དེའི་ཕག་དམར་«༢༡༠»ཕྱག་བཞི་མ་ལྷ་ལྔའི་སྒྲུབ་ཐབས། རྣམ་སྣང་སྒྱུ་དྲ་ནས་གསུངས་པའི་རྗེ་བཙུན་བྱམས་པ་«༢༡༡»ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་«༢༡༢»ཐབས་གཉིས།«་་་་་གཉིས་ཀ་ཐུན་མོང་དུ་རྗེས་གནང་གཅིག »ཛམྦྷ་ལ་ནག་པོ་ཞལ་གཅིག་ཕྱག་«༢༡༣»གཉིས་པ་ཨུ་ཙུཥྨའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ།«་་་་་རྗེས་གནང་ཡོད། »ཛམ་སེར་གནོད་སྦྱིན་«༢༡༤»ཕོ་དགུ་མོ་དགུ་ཡབ་ཡུམ་གཅིག་ཏུ་བསྡོམས་པ་ལྷ་དགུའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »ནོར་རྒྱུན་མ་གཙོ་འཁོར་ལ་ཡབ་«༢༡༥»རྣམས་ལུས་དཀྱིལ་གྱི་ཚུལ་དུ་བཀོད་པའི་ཛམ་སེར་ལྷ་མང་གི་སྒྲུབ་ཐབས།«་་་་་འདི་དང་འོག་ནས་འབྱུང་བའི་གཅིག་སྟེ་གཉིས་བསྡོམས་པར་རྗེས་གནང་གཅིག »ཛམ་སེར་ཞལ་གསུམ་«༢༡༦»ཕྱག་དྲུག་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »ཛམ་སེར་ཞལ་གཅིག་«༢༡༧»ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ།«་་་་་འདི་གཉིས་ལ་རྗེས་གནང་གཅིག »ཡང་ཛམྦྷ་ལའི་སྒྲུབ་«༢༡༨»ཐབས་མདོར་བསྡུས་པ། ནོར་རྒྱུན་མ་གཙོ་འཁོར་ལ་ཡབ་རྣམས་«༢༡༩»ལུས་དཀྱིལ་གྱི་ཚུལ་དུ་བཀོད་པའི་ཛམ་སེར་ལྷ་མང་གི་སྒྲུབ་ཐབས།ཛམྦྷ་ལ་ལ་ཆུ་«༢༢༠»རྒྱུན་འབུལ་བའི་མན་«༢༢༡»ངག་ནང་གསེས་སུ་«༢༢༢»ལེ་ཚན་གསུམ་ཡོད་པ།«་་་་་ལུང་ལས་རྗེས་གནང་མེད། »རྟ་མགྲིན་དམར་པོ་ཞལ་གསུམ་«༢༢༣»ཕྱག་བརྒྱད་པའི་སྒྲུབ་ཐབས། ཙནྡྲ་གོ་མིས་མཛད་པ།«་་་་་རྗེས་གནང་ཡོད། »རྟོག་པ་བདུན་པ་ལས་«༢༢༤»གསུངས་པའི་རྟ་མགྲིན་ཕྱག་གཉིས་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »རྒྱུད་ཀྱི་སྙིང་པོ་ཕྱི་མའི་རྟ་མགྲིན་ཞལ་«༢༢༥»གསུམ་ཕྱག་བརྒྱད་ལྷ་ལྔ་པའི་སྒྲུབ་ཐབས་པཎྜི་ཏ་ཤྲདྡྷཱ་ཀ་རས་མཛད་པ།«་་་་་རྗེས་གནང་ཡོད། »འཇིག་རྟེན་གསུམ་རྒྱལ་ཞལ་བཞི་ཕྱག་«༢༢༦»བརྒྱད་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »རྡོ་རྗེ་མེ་དང་ཉི་མ་འབར་བ་མཐིང་ཁ་ཞལ་བཞི་«༢༢༧»ཕྱག་བརྒྱད་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »རྡོ་རྗེ་རྟ་མཆོག་དམར་པོ་ཞལ་བཞི་ཕྱག་«༢༢༨»བརྒྱད་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »འཕགས་པ་གཤིན་རྗེ་གཤེད་དམར་པོ་ཞལ་གཅིག་ཕྱག་«༢༢༩»གཉིས་པའི་སྒྲུབ་ཐབས།«་་་་་བླ་མེད་ཡིན་རྗེས་གནང་ཡོད། »གཤིན་རྗེ་གཤེད་ནག་པོ་ཕྱག་«༢༣༠»གཉིས་པའི་སྒྲུབ་«༢༣༡»ཐབས་གཉིས།«་་་་་བླ་མེད་ཡིན་ལ་གཉིས་ཀ་བསྡོམས་པར་རྗེས་གནང་གཅིག »གཤིན་རྗེ་གཤེད་དགྲ་ནག་པོའི་«༢༣༢»སྒྲུབ་ཐབས།«་་་་་འདི་གཉིས་ལ་རྗེས་གནག་ཅིག་མཛད་བླ་མེད་ཡིན། »གཤིན་རྗེ་མཐར་བྱེད་ཞལ་«༢༣༣»གསུམ་ཕྱག་དྲུག་པའི་སྒྲུབ་ཐབས། གཤིན་རྗེ་མཐར་«༢༣༤»བྱེད་གདོང་དྲུག་པའི་སྒྲུབ་ཐབས།«་་་་་བླ་མེད་ཡིན་རྗེས་གནང་ཡོད། ངོར་ཆེན་དང་གོང་དཀར་བའི་གསན་ཡིག་ན་གདོང་དྲུག་ཅེས་པའི་གསལ་ཁ་མི་འདུག་ཀྱང་རྗེས་གནང་གི་ཡིག་ཆ་གཉིས་དང་རྗེ་མཁྱེན་བརྩེའི་གསན་ཡིག་ན་གསལ་ལོ། »།བགེགས་མཐར་བྱེད་«༢༣༥»ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »ཧཱུྃ་མཛད་ནག་པོ་«༢༣༦»ཕྱག་གཉིས་པའི་སྒྲུབ་ཐབས།«་་་་་རྗེས་གནང་ཡོད། »སྟོབས་པོ་ཆེ་དམར་པོ་«༢༣༧»ཕྱག་བཞི་པའི་སྒྲུབ་«་་་་་ངོར་གོང་དཀར་མཁྱེན་བརྩེ་ཐར་རྩེ་ཤར་པ་ལྔའི་གསན་ཡིག་དང་བཀླགས་པས་དོན་གྲུབ་ན་འདི་མིན་པའི་ཤཱཀྱ་བཤེས་གཉེན་གྱིས་མཛད་པའི་སྟོབས་པོ་ཆེའི་སྒྲུབ་ཐབས་ཤིག་ཡོད་ཚུལ་བྱུང་ཡང་རྒྱ་གཞུང་དང་རིན་ཆེན་སྒྲོན་མེ་གཉིས་ན་མི་སྣང༌། »ཐབས།«་་་་་རྗེས་གནང་ཡོད། »ཧེ་རུ་ཀ་སྔོན་པོ་ཕྱག་གཉིས་པ་«༢༣༨»དཔའ་གཅིག་གི་སྒྲུབ་ཐབས།«་་་་་བླ་མེད་ཡིན་རྗེས་གནང་ཡོད། »དགྱེས་རྡོར་སྔོན་པོ་ཕྱག་གཉིས་པ་«༢༣༩»ཡུམ་བཅས་ཀྱི་སྒྲུབ་ཐབས་ཏཱ་ར་ཤྲཱིས་མཛད་པ།«་་་་་བླ་མེད་ཡིན་རྗེས་གནང་ཡོད།»བདག་མེད་མ་«༢༤༠»རྐྱང་པའི་སྒྲུབ་«༢༤༡»ཐབས་ལེ་ཚན་གཉིས།«་་་་་བླ་མེད་ཡིན་གཉིས་ཀ་ལ་རྗེས་གནང་གཅིག་མཛད། »དཔལ་ལྡན་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་«༢༤༢»ཐབས་མདོར་བསྡུས་པ།«་་་་་འདི་གཉིས་ཀ་བླ་མེད་དུ་གཏོགས་ཤིང་རྗེས་གནང་གཅིག »དེའི་སྒྲུབ་«༢༤༣»ཐབས་དམ་པ་ཐམས་ཅད་འདྲེན་པའི་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛད་པ། ནག་པོ་གུར་གྱི་མགོན་པོའི་སྒྲུབ་«༢༤༤»ཐབས།«་་་་་བླ་མེད་དུ་གཏོགས་རྗེས་གནང་ཡོད།རྒྱ་གཞུང་རིན་ཆེན་སྒྲོན་མེར་གསན་ཡིག་རྣམས་མཐུན་པར་སྒྲུབ་ཐབས་གཉིས་ཀྱི་གསལ་ཁ་མ་བྱུང་བས་བཀླགས་པས་དོན་གྲུབ་ཏུ་གཉིས་བྱུང་བ་ཡི་གེ་ནོར་བ་འདྲ། »དཔལ་ལྡན་«༢༤༥»ནག་པོ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས།«་་་་་བླ་མེད་དུ་གཏོགས། རྗེས་གནང་ཡོད། »འདི་རྣམས་ལ་རིས་མཐུན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་རྗེས་གནང་བརྒྱ་དང་སུམ་ཅུ་རྩ་བརྒྱད་འབྱུང་བ་དང་ལུང་བཅས་ལེགས་པར་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། སློབ་དཔོན་ཨ་བྷ་ཡཱ་ཀ་ར་གུཔྟ། ཤུ་བྷཱ་ཝ་ཀ་ར་གུཔྟ། པཱུ་ཛ་ཏི་གུཔྟ། རཏྣ་རཀྵི་ཏ། གཽ་ཏཾ་ཤྲཱི། པཎྜི་ཏ་ཀཱིརྟི་ཙནྡྲ། ཡར་ཀླུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། བླ་མ་རྒྱལ་མཚན་རིན་ཆེན། གར་ཐིག་པ་བསོད་ནམས་རྒྱལ་མཚན། བཀའ་བཅུ་པ་གཞོན་ནུ་སེང་གེ བླ་མ་མགོན་པོ་འབུམ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེ ཡོངས་འཛིན་དཀོན་མཆོག་འཕེལ། རྒྱལ་བ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། དེ་དབོན་ནམ་མཁའ་སངས་རྒྱས། མཚུངས་མེད་བསོད་ནམས་རྒྱ་མཚོ། རྗེ་ལྷུན་གྲུབ་དཔལ་ལྡན། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས།མཚུངས་མེད་ཤེས་བྱ་བཟང་པོའམ། རྡོ་རྗེ་འཛིན་པ་བསྟན་འཛིན་ལྷུན་གྲུབ་གང་ཡིན་བརྟག དེ་ནས་མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌།རྡོ་རྗེ་འཛིན་པ་ཀུན་དགའ་རྒྱལ་མཚན། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་འདྲེན་མཆོག་དཀོན་མཆོག་འཕེལ། བཞི་སྡེ་ཆོས་རྗེ་འཇམ་དབྱངས་ནམ་མཁའ་བརྟན་པ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། མཚུངས་མེད་དཀོན་མཆོག་དཔལ་ལྡན། ཤར་ཆེན་ཀུན་དགའ་བཀྲ་ཤིས། དེ་དབོན་རྡོ་རྗེ་འཆང་ཤེས་རབ་འབྱུང་གནས། དེ་དབོན་འཇམ་མགོན་ཡེ་ཤེས་བཟང་པོ། མཁན་ཆེན་ལྷུན་གྲུབ་དཔལ་ལྡན་མན་འདྲ། ཡང་ན་མུས་ཆེན་ནས། ཡོངས་འཛིན་དཀོན་མཆོག་འཕེལ་མན་འདྲ། ཡང་ན་ངོར་ཆེན་ནས། འཇམ་དབྱངས་ཤེས་རབ་རྒྱ་མཚོ། དཀོན་མཆོག་འཕེལ་མན་གོང་ལྟར་རོ། །ཡང་ན་ངོར་ཆེན་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་འཕེལ་མན་འདྲའོ།། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*