ལྷ་ཁང་མཁན་ཆེན་མཐུ་སྟོབས་སེང་གེ་མཆོག་ཁམས་ཕྱོགས་སུ་ཆིབས་བསྒྱུར་གནང་མུས།

མདོ་ཁམས་འདན་ཆོས་སྡེ་དགོན་གྱི་ཆོས་ཚོགས་གོ་སྒྲིག་ལྷན་ཚོགས་དང་། ཡུལ་སྡེ་རྣམས་ཀྱི་ཐུགས་དགོངས་ཆེར་བཞེས་མཛད་ནས་ཆོས་སྡེ་འོད་གསལ་གླིང་གི་ལམ་འབྲས་ལྷ་ཁང་ཆེན་མོ་རྟེན་དང་རྟེན་པར་བཅས་པ་ལེགས་གྲུབ་བྱུང་བའི་རབ་གནས་མཛད་སྒོ་སོགས་ཀྱིས་མཚོན་དམིགས་བསལ་དགོས་མཁོར་ཆེད་གཟིགས་ཀྱིས་རང་ཅག་རྣམས་པའི་ཚེ་རབས་གཏན་གྱི་སྐྱབས་མཆོག་ས་དཀར་བསྟན་པའི་རྒྱལ་ཚབ་རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ་བོར་གྱུར་བ་དཔལ་གདན་ས་སྐྱ་ངོ་མཚར་སྤྲུལ་པའི་

ལྷ་ཆེན་ཁྲི་རབས་༤༧ པ་བླ་མ་རྡོ་རྗེ་འཆང་༧བྱམས་པ་མཐུ་སྟོབས་སེང་གེ་བཀྲིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོར་ཇི་ལྟར་གསོལ་འདེབས་ཞུས་པ་ལགས་ན་མགོན་པོ་གང་གིས་ཀྱང་དེ་དེ་བཞིན་དུ་ཞལ་བཞེས་ཟབ་མོ་ལེགས་པར་བྱུང་བའི་རྟེན་ཅིང་འབྲེལ་བྱུང་ལས་ཞབས་གསོར་འཁོད་སྟེ་དུས་་ཡུན་ཉིན་གྲངས་གཉིས་ཀྱི་རིང་མགོན་པོ་གང་གིས་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་མཛད་ནས་

ལྷ་ཁང་རྟེན་དང་རྟེན་པར་བཅས་པར་རབ་གནས་དང་། ཉིན་གཉིས་པའི་ཕྱི་དྲོ་བླ་སྤྲུལ་དགེ་འདུན་སྟོང་ཕྲག་ལ་ཉེ་བ་དང་། དད་ལྡན་དམངས་ཚོགས་ཁྲི་ཕྲག་གསུམ་ལྷག་རྩམ་ལ་ལམ་སྟོན་བཀའ་སློབ་དང་འཇམ་པའི་དབྱངས་ཀྱི་རྗེས་གནང་བྱིན་རླབས་ཟབ་མོ་བཀའ་དྲིན་ལེགས་པར་བསྩལ་ནས་ཕྱི་དྲོ་དུས་སུ་དགོན་དེའི་བླ་སྤྲུལ་དགེ་འདུན་འཁོར་སློབ་རྣམས་དང་། ཡུལ་སྡེ་རྣམས་པས་མགོན་པོ་གང་ཉིད་བསྟན་དང་འགྲོ་བའི་མགོན་དུ་སྐུ་ཚེ་མི་འགྱུར་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་ཆེད་བཀའ་དྲིན་གཏང་རག་ཟབ་རྒྱས་ལེགས་པར་ཕུལ་བ།

ས་སྐྱ་འཕྲིན་སྟེགས་ལས་བཏུས།  སྐུ་པར་དེ་ལས་མང་བ་འདིར་གཟིགས། >>>

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*