ཕར་ཕྱིན་བཅུ་གཅིག་གི་སྨོན་ལམ།

 ཆོས་སྤྱོད་དཀར་ཆག

༈ །ཕར་ཕྱིན་བཅུ་གཅིག་གི་སྨོན་ལམ་ནི།

ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པའི། །སྦྱིན་པའི་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་སྦྱིན་པའི་ཕ་རོལ་ཕྱིན། །བདག་གཞན་རིང་པོར་མི་ཐོགས་དེ་འདྲར་ཤོག །དེ་བཞིན་དུ་འོག་མ་རྣམས་ལ་སྦྱར་ཏེ། ཐུགས་རྗེ་ཆེན་པོ་རྐང་གཉིས༝ །ཚུལ་ཁྲིམས་ཕ་རོལ༝ །ཇི་ལྟར་བཅོམ་ལྡན་ཚུལ་ཁྲིམས༝ །བདག་གཞན་རིང་པོར༝ །ཐུགས་རྗེ་ཆེན་པོ་རྐང་གཉིས༝ །བཟོད་པའི་ཕ་རོལ༝ །ཇི་ལྟར་བཅོམ་ལྡན་བཟོད་པའི༝ །བདག་གཞན་རིང་པོར༝ །ཐུགས་རྗེ་ཆེན་པོ་རྐང་གཉིས༝ །བརྩོན་འགྲུས་ཕ་རོལ༝ །ཇི་ལྟར་བཅོམ་ལྡན་བརྩོན་འགྲུས༝ །བདག་གཞན་རིང་པོར༝ །ཐུགས་རྗེ་ཆེན་པོ་རྐང་གཉིས༝ །བསམ་གཏན་ཕ་རོལ༝ །ཇི་ལྟར་བཅོམ་ལྡན་བསམ་གཏན༝ །བདག་གཞན་རིང་པོར༝ །ཐུགས་རྗེ་ཆེན་པོ་རྐང་གཉིས༝ །ཤེས་རབ་ཕ་རོལ༝ །ཇི་ལྟར་བཅོམ་ལྡན་ཤེས་རབ༝ །བདག་གཞན་རིང་པོར༝ །ཐུགས་རྗེ་ཆེན་པོ་རྐང་གཉིས༝ །ཐབས་ཀྱི་ཕ་རོལ༝ །ཇི་ལྟར་བཅོམ་ལྡན་ཐབས་ཀྱི༝ །བདག་གཞན་རིང་པོར༝ །ཐུགས་རྗེ་ཆེན་པོ་རྐང་གཉིས༝ །སྟོབས་ཀྱི་ཕ་རོལ༝ །ཇི་ལྟར་བཅོམ་ལྡན་སྟོབས་ཀྱི༝ །བདག་གཞན༝ །ཐུགས་རྗེ་ཆེན་པོ་རྐང་གཉིས༝ །སྨོན་ལམ་ཕ་རོལ༝ །ཇི་ལྟར་བཅོམ་ལྡན་སྨོན་ལམ༝ །བདག་གཞན༝ །ཐུགས་རྗེ་ཆེན་པོ་རྐང་གཉིས༝ །ཡེ་ཤེས་ཕ་རོལ༝ །ཇི་ལྟར་བཅོམ་ལྡན་ཡེ་ཤེས༝ །བདག་གཞན༝ །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པའི། །ཆོས་སྐུའི་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཆོས་སྐུའི་ཕ་རོལ་ཕྱིན། །བདག་གཞན་རིང་པོར་མི་ཐོགས་དེ་འདྲར་ཤོག །བླ་མེད་བླ་མའི་ཐུགས་རྗེ་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་བཞིན་འགྲུབ་གྱུར་ཅིག། 

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*