གསན་ཡིག་ཆེན་མོ། ཀ༽

༼ཀ༽༄༅། །ཐོབ་ཡིག་རྒྱ་མཚོ་བཞུགས་སོ།།

ཨོཾ་སྭ་སྟི་སིདྡྷཾ། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ནོད་པའི་ཚུལ་གསལ་བར་བཤད་པ་ཐོབ་ཡིག་རྒྱ་མཚོ་ཞེས་བྱ་བ། རྗེ་བཙུན་བླ་མ་དམ་པ་རིན་པོ་ཆེ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་བཀའ་དྲིན་ཅན་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཚེ་རབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་མི་ཡི་སྐུར། །མ་དག་གདུལ་བྱའི་དོན་དུ་ལེགས་སྤྲུལ་ནས། །རྣམ་དག་ཆོས་ཀྱི་འཁོར་ལོ་བསྐོར་མཛད་པའི། །ཡང་དག་དགེ་བའི་བཤེས་ལ་ཕྱག་འཚལ་ལོ། །མཁྱེན་རབ་རྟ་བདུན་དཀྱིལ་འཁོར་རབ་རྒྱས་པས། །བདག་བློ་རྨོངས་པའི་མུན་པ་རབ་བཅོམ་ནས། །དམ་ཆོས་སྣང་བའི་མཆོག་རབ་སྤེལ་མཛད་པ། །དཔལ་ལྡན་བླ་མ་རྣམས་ལ་རབ་ཏུ་འདུད། །རྣམ་དཀར་དཀར་བའི་ལམ་བཟང་ལས་གྲུབ་པའི། །དལ་འབྱོར་འབྱོར་པ་བཅུ་ལྡན་ཐོབ་དུས་འདིར། །ཡོངས་འཛིན་འཛིན་མར་འབྱོན་པར་དཀོན་རྣམས་ལ། །དམ་ཆོས་ཆོས་བཞིན་ཉན་ཚུལ་མདོ་ཙམ་བྲི། །འདིར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བདག་བརྒལ་ཞིང༌། སེམས་ཅན་གཞན་རྣམས་ཀྱང་ཐར་པ་བླ་ན་མེད་པའི་སྐམ་སར་ཕྱིན་པར་འདོད་པས། རྩེ་གཅིག་ཏུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་རྣལ་འབྱོར་དུ་བྱ་དགོས་ཤིང༌། དེའི་སྔོན་རོལ་དུ་ཡང་བསམ་པ་དང་ཐོས་པའི་ཤེས་རབ་འགྲོ་དགོས་པས་ན། ཐོག་མར་ཡོངས་འཛིན་དགེ་བའི་བཤེས་གཉེན་རྣམས་ཉེ་བར་བརྟེན་ཏེ་ཐོས་པ་བྱས་པའི་ཚུལ་མདོ་ཙམ་བརྗོད་ན། བདག་ཅག་གི་འདྲེན་མཆོག་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་ཞིང༌། སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པས་སའི་སྟེང་ན་འགྲན་ཟླ་མཐའ་དག་གིས་དབེན་པ། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་མཁན་པོ་ཞུས་ཤིང༌། ཆོས་ཀྱི་རྗེ་རིན་པོ་ཆེ་འཕགས་པ་གཞོན་ནུ་བློ་གྲོས་ཀྱིས་ལས་ཀྱི་སློབ་དཔོན་དང༌། ཀ་བཞི་འཛིན་པ་དཔལ་ལྡན་སེང་གེས་གྲིབ་ཚོད་པ་དང༌། བླ་མ་ཀུན་དགའ་རིན་ཆེན་པ་དང༌། མཁས་པའི་དབང་པོ་སངས་རྒྱས་དཔལ་གྱིས་ཁ་སྐོང་གི་དགེ་འདུན་མཛད་ནས། ལོ་དགུ་ལོན་པའི་དུས་སུ། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས། ཡང་མཁན་པོ་ཆོས་ཀྱི་རྗེ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་པ་དང༌། ལས་ཀྱི་སློབ་དཔོན་མཁན་ཆེན་བློ་གྲོས་དཔལ་བ་དང༌། གསང་སྟེ་སྟོན་པ་ཆོས་ཀྱི་རྗེ་རིན་པོ་ཆེ་འཕགས་པ་གཞོན་ནུ་བློ་གྲོས་དང༌། གྲིབ་ཚོད་པ་འཇམ་དབྱངས་དཔལ་ལྡན་གཞོན་ནུ་ལ་སོགས་པ། དད་པའི་དགེ་འདུན་བཅུ་བདུན་གྱི་དབུས་སུ་ལྕགས་ཕོ་འབྲུག་རྣམ་གནོན་གྱི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་སྔ་དྲོའི་ཆ་གྲིབ་ཚོད་རྐང་པ་གཉིས་དང་སྐྱེས་བུ་གཅིག་གི་དུས་སུ། དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར། བསྙེན་པར་རྫོགས་པ་དང་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཐུབ་པའི་དབང་པོ། ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། འཕགས་པ་ཀླུ་སྒྲུབ། གུ་ཎ་མི་ཏྲ། རིན་ཆེན་བཤེས་གཉེན། ཆོས་ཀྱི་བཟང་པོ། གུ་ཎ་པ་ཏི། ཆོས་ཀྱི་ཕྲེང་བ། འབྱུང་གནས་སྦས་པ། པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི། མཁན་ཆེན་རྡོ་རྗེ་དཔལ་བ། མཁན་ཆེན་འོད་ཟེར་དཔལ་བ། མཁན་ཆེན་བསོད་ནམས་དཔལ། མཁན་ཆེན་བཀྲ་ཤིས་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལའོ། །དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་སྡོམ་པ་ལན་ལྔའི་བར་དུ་ཐོབ་པའི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། འཇམ་དབྱངས། ཀླུ་སྒྲུབ་ཡབ་སྲས། ཟླ་བ་གྲགས་པ། སློབ་པའི་རྡོ་རྗེ། སློབ་དཔོན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། པཎྜི་ཏ་པུཎྱ་ཤྲཱི། བ་རི་ལོཙྪ་བ། བླ་མ་ས་ཆེན། བསོད་ནམས་རྩེ་མོ། རྗེ་བཙུན་པ། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། འཇམ་དབྱངས་འཁོན་སྟོན། བྱང་སེམས་རིན་ཆེན་མགོན། ཆོས་རྗེ་རྒྱལ་སྲས་པ། ཆོས་རྗེ་བྱང་ཆུབ་རྩེ་མོ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །དེ་ལྟར་སྡོམ་པ་གཉིས་ཀྱིས་རྒྱུད་སྦྱངས་ནས། རིག་འཛིན་སྔགས་ཀྱི་སྡོམ་པའི་ཆོས་སྐོར་ཞུས་པ་ལ། རྣལ་འབྱོར་བླ་མེད་དང༌། རྣལ་འབྱོར་གྱི་རྒྱུད་དང༌། བྱ་སྤྱོད་དང་གསུམ་གྱི་དང་པོ་ལ། ཕ་རྒྱུད་དང༌། མ་རྒྱུད་དང༌། གཉིས་མེད་ཀྱི་རྒྱུད་དང་གསུམ་གྱི་དང་པོ་ནི། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་རྒྱུད་པའི་བཀའ་བབས་བདུན་དང་ལྡན་པའི་དབང་རྒྱས་པ་ཐོབ་པའི་བརྒྱུད་པའི་རིམ་པ་ལ། ཐོག་མར་རྔོག་ལུགས་ཀྱི་དབང་དང་བཤད་བཀའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་པོ། རྡོ་རྗེ་ཆོས། ཡེ་ཤེས་ཀྱི་མཁའ་འགྲོ་མ། རྒྱ་གར་ལྷོ་ཕྱོགས་ཨོ་ཌི་བི་ཤའི་རྒྱལ་པོ་བི་སུ་ཀལྤ། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ། རྒྱལ་བས་ལུང་བསྟན་པའི་དགེ་སློང་དཔལ་ལྡན། དེ་ལ་སློབ་མའི་མཆོག་བཞི་སྟེ། ཤཱཀྱ་བཤེས་གཉེན། འཕགས་པ་ལྷ། ཀླུའི་བྱང་ཆུབ། ཟླ་བ་གྲགས་པ། དེ་བཞིས། སློབ་པའི་རྡོ་རྗེ་ལ། དེས་ནག་པོ་སྤྱོད་པ་ལ། དེས་དྲི་མེད་བློ་གྲོས་དང༌། ས་འདྲེས་པ་གཉིས་ལ། ས་འདྲེས་པས། བཱིརྻ་པྲ་བྷ། དེ་ཝ་ཨཱ་ཀ་ར་ཙནྡྲ། རཏྣ་ཨཱ་ཀ་ར་ཤཱནྟི། དཔལ་སྦས། མར་མེ་མཛད། དེ་ལྔ་ལས། རྗེ་རིན་པོ་ཆེ་འགོས་ཀྱིས་ཤཱནྟི་དཔལ་སྦས་གཉིས་མ་གཏོགས་པའི། ས་འདྲེས་པའི་སློབ་མ་གསུམ། རྒྱ་གར་ཤར་ཕྱོགས་ན་རྒྱལ་པོ་སྤྲིན་གྱི་ཤུགས་ཅན། རྡོ་རྗེ་གདན་གྱི་ནག་པོ་པ། ཁ་ཆེ་ཁྲི་བརྟན་གྱི་ཙནྡྲ་ཧ་རི། བལ་པོ་རྫོང་གི་ནཱ་ཀ་ཀྵ། བལ་པོ་མཐིལ་གྱི་ཙ་ཧཾ་དུ། ས་ར་ཧ་པ་རྣམས་ལ་ཞུས་པ་ལས། འདིར་པཎྜི་ཏ་མངོན་ཤེས་ཅན། བཙུན་མོ་ཅན། ནག་པོ་པ་གསུམ་གྱི་ལུགས་གཙོ་ཆེའོ། །རྗེ་འགོས་ལ་སློབ་མ་རྒྱུད་ཀྱི་ཀ་བ་ཚུགས་པ་བཞི། མན་ངག་གི་གདུང་མ་ཐེག་པ་བརྒྱད། ལས་ཚོགས་དང་ཕྲིན་ལས་ལ་མཁས་པ་ཕྱམ་དང་དྲལ་མ་གཤིབས་པ་ལྟར་དཔག་ཏུ་མེད་པ་ཡོད་པ་ལས། འདིར་མཛད་པ་པོ་རང་གི་མར་སྟོན་སེང་རྒྱལ། དེས་རྔོག་ཡེ་ཤེས་སེང་གེ དེས་སྲས་པོ་ཉི་མ་«་་་་་མུ་ན་ཡང་ཟེར།» སེང་གེ དེས་བརླན་རྩད་ཚ། དེས་རྔོག་མུ་ནིའི་སྲས་པོ་ཨཱརྻ་དེ་ཝ་ལ། དེ་ལས་སྟག་པ་རིན་ཆེན་གྲགས་དང༌། གཙང་སྨྲ་སེང་དང༌། མི་ཉག་རྡོ་རྗེ་གྲགས་རྣམས་ཀྱིས་གསན། ཡང་རྔོག་ཉི་སེང་ལས། གཞུའི་ཕུག་ཀ་བ་ཕུག་སྟོན་ཤེས་རབ་གྲགས་ཀྱིས་གསན། དེ་ལས་ཀྱང་མི་ཉག་རྡོ་རྗེ་གྲགས་ཀྱིས་གསན། ཡང་བརླན་རྩད་ཚ་ཉི་མ་ལྕམ་ལས། རྒྱ་མཁར་ཐང་སྡེ་པའི་མཁན་པོ་འཕགས་པ་སྐྱབས་ཀྱིས་གསན། དེ་ལས་གསེར་སྡེངས་པ་གཞོན་ནུ་འོད་ཀྱིས་གསན། དེ་དང་སྐྱིད་མཁར་འཇུག་པེ་ཁའི་སྟག་པ་རིན་ཆེན་གྲགས་གཉིས་ལས། བླ་མ་ཆོས་སྐུ་བས་གསན། ཡང་རོང་ལྷ་སྟེངས་ཀྱི་གཙང་སྨྲ་སེང་དང༌། ཆ་ཀར་མོན་མོ་གྲག་གི་མི་ཉག་རྡོ་རྗེ་གྲགས་གཉིས་ལས། ལྕེ་སྟོན་མདོ་སེང་གིས་གསན། དེ་ལ་བླ་མ་ཆོས་སྐུ་བ། བླ་མ་འཕགས་འོད། ཀུན་མཁྱེན་གཉིས་པ་རིན་ཆེན་གྲུབ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །མར་ལུགས་ཀྱི་དབང་དང༌། རྒྱུད་རྐྱང་གི་བཤད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཨིནྡྲ་བྷཱུ་ཏི། ཌཱ་ཀི་བདེ་བའི་ཞབས། ཌོམྦི་ཧེ་རུ་ཀ རྡོ་རྗེ་དྲིལ་བུ་པ། ཡན་ལག་མེད་པའི་རྡོ་རྗེ། ཀཾ་པ་ལ་པ། ནག་པོ་སྤྱོད་པ་པ། ཏཻ་ལོ་པ། ནཱ་རོ་པ། མར་པ་ལོཙྪ་བ། མཚུར་དབང་གི་རྡོ་རྗེ། འཁོན་གད་པ་ཀཱིརྟི། འགར་སྟོན་ཤེས་རབ་རྒྱལ་པོ། ཨ་ཕུག་པ་རིན་ཆེན་སེང་གེ རོང་པ་ཤེར་སེང༌། སྟོན་མོ་ལུང་གི་གདན་ས་པ། སྟོན་མོ་ལུང་པ་ཡེ་ཤེས་མཁར། ཆོས་འོད། འཕགས་འོད། བུ་སྟོན་རིན་པོ་ཆེ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །ཡང་སྤྲུལ་སྐུ་རིན་སེང་ནས། གོ་ལུང་པ་ཡེ་ཤེས་རྒྱལ་མཚན། རོང་སྟོན་མཁན་པོ། བྱང་ཆུབ་གཟུངས། ཤངས་བློ་བརྟན། ལོ་མཆོག དཔལ་སེང༌། ཆོས་རྗེ་བུ་སྟོན། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །མཁས་པ་པཎྜི་ཏའི་ལུགས་ཀྱི་རྩ་རྒྱུད་འགྲེལ་པ་སྒྲོན་གསལ་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། རྒྱལ་པོ་བི་སུ་ཀལྤ། བྲམ་ཟེ་ས་ར་ཧ། འཕགས་པ་ཀླུ་སྒྲུབ། སློབ་པའི་རྡོ་རྗེ། ནག་པོ་པ། དྲི་མེད་བློ་གྲོས། ནུབ་དུ་ལ་ཀྵེ་ཏྲའི་མཁས་པ་ཡེ་ཤེས་སྙིང་པོ། མར་པ་ལོཙྪ་བ། དེས་མར་པའི་བུ་བཞིའི་ནང་ནས། མཚུར་དབང་གི་རྡོ་རྗེ། འཁོན་གད་པ་ཀཱིརྟི། མི་ཉག་ཐུར་ལ་པ། དབུས་པ་འགར་དགའ། གྲུབ་ཐོབ་ཞང་ཞུང་པ་སྟེ་ཐུགས་སྲས་གསུམ། དེ་གསུམ་ལས་གངས་དབར་གསེར་ཁའི་རིན་ཆེན་གླིང་པ་ཚུལ་ཁྲིམས་མཛེས། བླ་མ་རྒྱ་རྣལ་འབྱོར་ཕོ་བ་ལུང་པ། དགེ་སློང་ཆོས་གྲགས་དཔལ་བཟང་པོ། བླ་མ་ཤཱཀྱ་གཞོན་ནུ། བླ་མ་བློ་ལྡན་པ། བླ་མ་འཕགས་འོད། བུ་སྟོན་རིན་པོ་ཆེ། མཁས་གྲུབ་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །ཇོ་བོ་ལུགས་ཀྱི་དབང་བཀའ་དང་བཤད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་བདག་ཨིནྡྲ་བྷཱུ་ཏི་ཆེ། །ནཱ་ག་ཛོ་ཀི་བྲམ་ཟེ་ས་ར་ཧ། །ནཱ་གཱརྫུན་ཟླ་བ་གྲགས་པ་དང༌། །ཀུ་ས་ལཱི་གཉིས་ཇོ་བོ་ཨ་ཏི་ཤ །རོང་པ་འགར་དགེ་ལྷ་རྗེ་སྟོད་པ་དང༌། །ཤེས་རབ་རྒྱལ་པོ་ཤེས་རབ་གཙུག་ཏོར་དང༌། །ལྷ་རྗེ་ཆེན་པོ་ཐང་སྟོང་ཆོས་ཀྱི་འོད། །བློ་ཆེན་ཀློག་སྐྱ་བསོད་ནམས་རྒྱལ་མཚན་དང༌། །ཀུན་དགའ་རྒྱལ་མཚན་དཔལ་ལྡན་གྲགས་པ་དཔལ། །འདུས་པའི་དབང་དང་ཕྲན་རྣམས་ལུང་ཐོས་བྱས། །ཕྱིས་ནི་བླ་མ་སྒོམ་ཡེའི་ཞབས་དྲུང་དུ། །བདེ་དགྱེས་གསང་འདུས་རྒྱུད་འགྲེལ་ཕྲན་བཅས་ཐོས། །དེ་ལ་ཨཱརྻས་རྒྱུད་འགྲེལ་ཕྲན་བཅས་ཐོས། །དེ་ལ་བུ་སྟོན་རིན་པོ་ཆེ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །ཆག་ལུགས་ཀྱི་དབང་བཀའ་དང་བཤད་བཀའི་བརྒྱུད་པ་ནི། འཕགས་པ་ཀླུ་སྒྲུབ། སྲས་ཀྱི་ཐུ་བོ་ཤཱཀྱ་བཤེས་གཉེན། ཨཱརྻ་དེ་ཝ། ཀླུ་བྱང་ཟླ་གྲགས་བཞི་ལ་གནང༌། ཨཱརྻ་དེ་ཝས། འཕགས་པ་རྟ་དབྱངས། རོལ་པའི་རྡོ་རྗེ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་རི་པ། དཔེ་མེད་དཔལ། གམྦྷི་ར་མ་ཏི་པ། ནིསྐ་ལངྐ་དེ་ཝ། ཆག་ལོཙྪ་བ། ཡང་ཀླུ་བྱང་གིས། ཌོམྦི་བ། བི་ར་ཊི་པ། མ་ཏི་གརྦྷ། རྡོ་རྗེ་གདན་པ། རེ་ཝེནྡྲ་པ། ཆག་ལོ། ཟླ་གྲགས་ཀྱིས། རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་ཟེར་འབྱུང་གནས་གྲགས་པ། འོད་མཛད་ལྷ། ཆོས་འབྱུང་ཞི་བ། རྣམ་པར་གྲགས་པའི་ལྷ། རྙོག་མེད་ལྷ། རེ་ཝནྡྲ་པ། ཆག་ཆོས་རྗེ་དཔལ། འོ་ཡུག་དཔལ། གྲགས་ཆེན། འཕགས་འོད། བུ་སྟོན་རིན་པོ་ཆེ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །ས་ལུགས་ཀྱི་དབང་བཀའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སློབ་དཔོན་ཀླུ་སྒྲུབ། ཨཱརྻ་དེ་ཝ། ཤཱཀྱ་བཤེས་གཉེན། ཟླ་བ་གྲགས་པ། རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་ཟེར་འབྱུང་གནས་གྲགས་པ། འོད་མཛད་ལྷ། ཆོས་ཀྱི་འབྱུང་གནས་ཞི་བ། བི་ཁྱཱ་ཏ་དེ་ཝ། ཁ་ཆེ་ཤཱཀྱ་ཤྲཱི་བྷ་དྲ། ཆོས་རྗེ་ས་སྐྱ་པཎྜི་ཏ། འོད་ཟེར་ཤཱཀྱ། ཁའུ་དར་ཤེ སེ་མོ་རི་པ་རིན་ཆེན་དཔལ། བླ་མ་གཉིས་པ་རིན་རྒྱལ། སྲུ་ལུང་པ་ཀུན་སྨོན། བླ་མ་གྲགས་ཆེན་པ། བླ་མ་འཕགས་འོད། བུ་སྟོན་རིན་པོ་ཆེ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །ཡང་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཀླུ་སྒྲུབ་ཡབ་སྲས། མ་ཏཾ་གི རཱ་ཧུ་ལ་ཤྲཱི། བི་ཁྱཱ་ཏ་དེ་ཝ། ཁ་ཆེ་པཎ་ཆེན་མན་ཆད་སྔར་དང་འདྲའོ། །དཔྱལ་ལུགས་ཀྱི་དབང་བཀའི་བརྒྱུད་པ་ནི། ཇོ་བོ་ལུགས་དང་འདྲའོ་ཟེར་བ་བུ་སྟོན་རིན་པོ་ཆེའི་གསན་ཡིག་ན་སྣང་ཡང༌། དཔྱལ་ལོཙྪ་བ་ཆོས་ཀྱི་བཟང་པོས་ཁ་ཆེ་པཎ་ཆེན་ལ་ཞུས་པར་སྣང་བས། ཡན་ཆད་ས་ལུགས་དང་འདྲ་ལ། དཔྱལ་ལོ་མན་ཆད་བཙལ་བར་བྱའོ། །དེ་ལྟར་བརྒྱུད་པ་བདུན་གྱི་ཕྱག་ལེན་གཅིག་ཏུ་བསྡུས་པའི་དབང་ཐོབ་ནས། སྒྲུབ་ཐབས་དངོས་གྲུབ་ཆར་འབེབས། བསྟོད་པ་བྱིན་རླབས་ཆར་འབེབས། གཏོར་ཆོག་འདོད་དོན་ཆར་འབེབས། དཀྱིལ་ཆོག་ཡེ་ཤེས་ཆར་འབེབས། སྦྱིན་སྲེག་ཕྲིན་ལས་ཆར་འབེབས་རྣམས་བུ་སྟོན་རིན་པོ་ཆེས་མཛད་པ་དང༌། སྒྲུབ་ཐབས་མདོར་བྱས་ལོ་ཆེན་གྱི་འགྱུར་དེའི་རྒྱ་ཆེར་བཤད་པ་བསྐྱེད་རིམ་གསལ་བྱེད། སྒྲུབ་ཐབས་མདོ་བསྲེས། ཀླུ་བྱང་གིས་མཛད་པའི་རྣམ་གཞག་རིམ་པ། ཨཱརྻ་དེ་ཝས་མཛད་པའི་རོ་སྲེག་གི་ཆོ་ག ཀླུ་སྒྲུབ་ཀྱིས་མཛད་པའི་དཀྱིལ་ཆོག་ཉི་ཤུ་པ་རྣམས་ལོ་ཆེན་གྱི་འགྱུར། ཀླུའི་བློ་ཡི་དཀྱིལ་ཆོག་ཉི་ཤུ་པ། དཔྱལ་ཆོས་བཟང་གི་འགྱུར། དཀྱིལ་ཆོག་ཟུང་འཇུག་གསལ་བ་ས་སྐྱ་པཎྜི་ཏའི་འགྱུར། གསང་འདུས་ཀྱི་དཀྱིལ་ཆོག་དང་རྡོ་རྗེ་སེམས་དཔའི་མཆོད་པའི་ཆོ་ག་གཉིས་ནག་པོ་པས་མཛད་པ་འགོས་འགྱུར། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཟླ་གྲགས་ཀྱིས་མཛད་པ། ཀློག་སྐྱ་གཞོན་ནུ་འབར་གྱི་འགྱུར་རྣམས་ཐོས་སོ། །ཡང་དེ་ཉིད་ལས། དཔལ་གསང་བ་འདུས་པའི་རྩ་རྒྱུད། རྒྱུད་ཕྱི་མ་འགྲེལ་ཆེན་སྒྲོན་མ་གསལ་བ་རྣམས་ལོ་ཆེན་གྱི་འགྱུར། འགྲེལ་བཤད་མཐའ་དྲུག་གསལ་བ། བཤད་ཐབས་ཀྱི་ཡན་ལག་གསང་བའི་སྒོ་འབྱེད་རྣམས་ཀྱི་སྟེང་ནས་བཤད་བཀའ་ཐོབ་པའི་བརྒྱུད་པ་ནི། རྔོག་ལུགས། མར་ལུགས། ཇོ་བོ་ལུགས། ཆག་ལུགས་རྣམས་ཀྱི་དབང་གི་བརྒྱུད་པ་དང་འདྲའོ། །ཡང་དེ་ཉིད་ལ། བཤད་པའི་རྒྱུད་དགོངས་པ་ལུང་སྟོན། ལེའུ་བཅུ་གཉིས་པ་ལོ་ཆེན་གྱི་འགྱུར། རྡོ་རྗེ་ཕྲེང་བའི་ལེའུ་དྲུག་ཅུ་རྩ་བརྒྱད་པ་ཧོར་ཀོང་ཅན། ཐོ་ལིང་དུ་ལྷ་བླ་མ་ཞི་བ་འོད་ཀྱིས་བསྒྱུར་བ། ལྷ་མོ་བཞིས་ཞུས་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་འགྱུར། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ནག་ཚོའི་འགྱུར་ཏེ། བཤད་རྒྱུད་རྣམ་པ་བཞིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། གསང་བདག རྡོ་རྗེ་ཆོས། ཨིནྡྲ་བྷཱུ་ཏི། པདྨ་ཞབས། རྟ་མཆོག ས་ར་ཧ། ཀླུ་སྒྲུབ། ནཱ་ག་བོ་དྷི། བལ་ཡུལ་ཕྱག་ན་རྡོ་རྗེ། ཤཱནྟི་པ། ཤྲཱི་ཀཱིརྟི། ཤྲཱི་ལེགས་སྨིན། ཤྲཱི་ཀུ་མཱ་ར་ཤཱན། བ་ན་ཡཀ རཏྣ་བཛྲ། ཞུ་ལོཙྪ་བ་དྷརྨ་བིརྻཱ། ཤེ་སྟོན། མར་ལོ། ཇོ་གདན་དཀོན་སེང༌། ཡང་ཤེ་སྟོན་ལ། ལ་སྟོད་ཚུལ་བཟང༌། དཔྱལ་ཉི་མ་དཔལ། དེ་གཉིས་ཀ་ལས་བླ་མ་འཕགས་འོད་པས་གསན། དེས་བུ་སྟོན་རིན་པོ་ཆེ་ལ། དེས་མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །ཡང་དེ་ཉིད་ལས། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། བྱང་ཆུབ་སེམས་འགྲེལ། རབ་ཞི་ཆོས་ཀྱི་བཤེས་གཉེན་གྱི་འགྱུར་ལ་པ་ཚབ་ཉི་མ་གྲགས་ཀྱིས་བཅོས་པ། ཡ་ར་ལ་ཝ་སོགས་ཚུལ་བཞིར་བཤད་པ་འཕགས་པ་ལྷས་མཛད་པ། ལོ་ཆེན་གྱི་འགྱུར་རྣམས་ཐོས། ཡང་རྫོགས་རིམ་ཟབ་མོ་ལམ་རིམ་པ་ལྔའི་གཞུང༌། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ལས། རིམ་པ་གཉིས་པ་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། རིམ་པ་ལྔའི་དོན་འགྲེལ་མདོར་བསྡུས་སྒྲོན་མ། བདག་བྱིན་གྱིས་བརླབ་པ། མངོན་པར་བྱང་ཆུབ་པའི་རིམ་པ་རྣམས་འཕགས་པ་ལྷས་མཛད་པ་རྣམས་ལོ་ཆེན་གྱི་འགྱུར། རིམ་པ་ཁོངས་སུ་བསྡུ་བ་ཀླུ་བྱང་གིས་མཛད་པ་བནྡེ་ཉི་མ་གྲགས་ཀྱི་འགྱུར་རྣམས་ཐོབ་པའི་བརྒྱུད་པ་ནི། རྔོག་ལུགས་དང་མར་ལུགས་ཀྱི་དབང་བཀའ་དང་འདྲའོ། །ཡང་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དབང་བཀའ་དང༌། བརྒྱུད་པའི་བཀའ་བབས་གསུམ་དང་ལྡན་པ་ཐོབ་པ་ལ། ཐོག་མར་ལོ་ཆེན་ལུགས་ཀྱི་བརྒྱུད་པ་ནི། འཇམ་པའི་དབྱངས་དང་གཉིས་སུ་མེད་པའི་ཨ་ཝ་དྷཱུ་ཏི་པ། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ཀུན་དགའ་སྙིང་པོ། ཐ་ག་ན། ཤཱནྟི་པ། ཤྲདྡྷཱ་ཀ་ར། པདྨཱ་ཀ་ར། དེ་གཉིས་ལས་ལོ་ཙྪ་བ་རིན་ཆེན་བཟང་པོས་ཞུས། དེ་ནས་རྐྱང་པོ་ཆོས་བློ། དགེ་བཤེས་སྐྱབས་སེང༌། རྡོ་རྗེ་སྲ་བརྟན། དཀོན་མཆོག་འབར། དགེ་བཤེས་དབང་རིན། ཁམས་པ་ས་ཕུག་པ་ཤཱཀྱ་རྡོ་རྗེ། རོང་པ་ཆོས་མགོན། ལོ་མཆོག བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །གསང་འདུས་རྩ་རྒྱུད་ཕྱི་མ། བཤད་རྒྱུད་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་རྣམས་ཀྱི་བརྒྱུད་པའང་འདི་དང་འདྲའོ། །ཡང་གཉོས་ལུགས་ཀྱི་བརྒྱུད་པ་ནི། འཇམ་པའི་རྡོ་རྗེ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད། འཇམ་དཔལ་གྲགས་པ། དཔལ་སྡེ་པ། དྲི་མེད་སྦས་པ། ཡི་གེ་པ། ཀརྞ་པ། ཛྙཱ་ན་ཤྲཱི། བ་ལིཾ་ཨཱ་ཙརྻ། གཉོས་ལོཙྪ་བ་རྡོ་རྗེ་བླ་མ། གཉོས་དཔལ་སེ། གྲགས་པ་དཔལ། གཟི་བརྗིད། སྟོན་མོ་ལུང་པ་ཡེ་ཤེས་མཁར། བླ་མ་ཆོས་སྐུ་བ། བླ་མ་འཕགས་འོད། བུ་སྟོན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །རྭ་ལུགས་ཀྱི་བརྒྱུད་པ་ནི། དྲི་མེད་སྦས་པ་ཡན་གོང་དང་འདྲ་བ་ལས། རིན་ཆེན་རྡོ་རྗེ། རཏྣ་ཀཱིརྟི། ས་མནྟ་བྷ་དྲ། ཛྙཱ་ན་ཤྲཱི་མི་ཏྲ། རཏྣ་ཀཱིརྟི། པུཎྱ་ཤྲཱི། རྭ་ལོཙྪ་བ་རྡོ་རྗེ་གྲགས། རྡོ་རྗེ་སྲ་བརྟན། དཀོན་མཆོག་མཁར། དབང་རིན། ཤཱཀྱ་རྡོ་རྗེ། རོང་པ་ཆོས་མགོན། ལོ་མཆོག དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །སྒྲུབ་ཐབས་འཇམ་དབྱངས་ཡིད་འཕྲོག དཀྱིལ་ཆོག་འཇམ་པའི་དབྱངས་ཀྱི་བྱིན་རླབས་ཀྱི་རྣམ་འཕྲུལ་རྣམས་ཀྱང་ཐོས་སོ། །དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ལ། ཐོག་མར་ཆག་ལུགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་གཤིན་རྗེའི་གཤེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། བིརྺ་པ། ཌོམྦི་ཧེ་རུ་ཀ བི་ར་ཌི་པ། མ་ཏི་གརྦྷ། གམྦྷི་ར་མ་ཏི། ནིཥྐ་ལངྐ་དེ་ཝ། ར་ཝེནྡྲ། ཆག་ལོཙྪ་བ། གོ་ལུང་པ་མདོ་སྡེ་དཔལ། ཤོང་ལོཙྪ་བ་བློ་བརྟན། བླ་མ་ལོཙྪ་བ་མཆོག་ལྡན། བླ་མ་བསོད་ནམས་དབང་ཕྱུག བྱ་སྡེར་བ་བྱང་ཆུབ་རིན་ཆེན། ར་ག་བྲག་པ་ཤཱཀྱ་སེང་གེ ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །དཔྱལ་ལུགས་ཀྱི་དབང་གི་བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ། བིརྺ་པ། ཌོམྦི་པ། བི་ར་ཌི་པ། མ་ཏི་གརྦྷ། གམྦྷི་ར་མ་ཏི། ནི་སྐ་ལངྐ་དེ་བ། དཔྱལ་ཆོས་བཟང༌། རྗེ་བཙུན་རྒྭ་ལོ། རོང་པ་ཤེར་སེང༌། སྐྱི་སྟོན་གྲགས་རྒྱལ། ཆོས་རྗེ་ཀུན་མཁྱེན་པ། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །དཔྱལ་པས་རྒྭ་ལོ་ལ། བུམ་དབང་ཡན་ཆད་ལས་མ་གནང་བ་ལ། ཁོང་གི་དཱ་ན་ཤཱི་ལ་དང༌། འཇམ་གསར་ལ་བརྒྱུད་ནས་དབང་གོང་མ་གསུམ་ཡང་མཛད་དོ། །ད་ན་ཤཱི་ལའི་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བིརྺ་པ། ནག་པོ་པ། ས་ལི་པ། ཤཱི་ལ་ཙནྡྲ། དཱ་ན་ཤཱི་ལ། འཇམ་གསར། རྗེ་བཙུན་རྒྭ་ལོ་མན་ཆད་སྔར་དང་འདྲ་ཞིང༌། དཔའ་བོ་གཅིག་པའི་སྒྲུབ་ཐབས། བིརྺ་པས་མཛད་པ་ཐོས་སོ། །ཡང་རྫོགས་རིམ་ཟབ་མོ། ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་གི་ཉམས་ཁྲིད་ལན་གསུམ་གྱི་བར་དུ་ཞུས་ནས། སྤྲོས་མེད་ཀྱི་བྱིན་རླབས། རྣམ་རྟོག་འོད་གསལ་གྱི་བྱིན་རླབས། དེའི་རྡོ་རྗེའི་ཚིག་རྐང་བིརྺ་པས་མཛད་པ། དེའི་འགྲེལ་པ་འཇུག་བདེ་རྣམ་གསལ། སྤྲོས་མེད་རྡོ་རྗེའི་ཚིག་རྐང་བིརྺ་པས་མཛད་པ། དེའི་ཁྲིད་ཡིག་ཐོར་བུ་པ། གློ་བོ་ལོཙྪ་བ་ཤེས་རབ་རིན་ཆེན་གྱིས་མཛད་པ་རྣམས་ལེགས་པར་ཐོས་པའི་བརྒྱུད་པ་ནི། གཤིན་རྗེའི་གཤེད། བིརྺ་པ། ཌོམྦི་པ། བྲམ་ཟེ་དཔལ་འཛིན། བློ་བཟང་སྙིང་པོ། དར་པཎ་ཨཱ་ཙརྻ། གློ་བོ་ལོཙྪ་བ། བླ་མ་ས་པ། ལོཙྪ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། ཆོས་རྗེ་བསོད་ནམས་རྒྱལ་མཚན། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །སྤྲོས་མེད་བདུད་རྩིའི་བྱིན་རླབས་དང༌། དེའི་རྡོ་རྗེའི་ཚིག་རྐང་བིརྺ་པས་མཛད་པའི་བརྒྱུད་པ་ནི། གཤིན་རྗེའི་གཤེད། བིརྺ་པ། མ་ཏཾ་ཀི་པ། བྲམ་ཟེ་དཔལ་འཛིན། ལ་ལི་ཏ་བཛྲ། ཤཱནྟ་རཀྵ་ཏྲ། དྷརྨ་བཛྲ། རཏྣ་བཛྲ། དར་པཎ་ཨཱ་ཙརྻ། གློ་བོ་ལོཙྪ་བ་མན་གོང་དང་འདྲའོ། །གཤེད་དམར་ལྷ་བཅུ་གསུམ་མའི་དབང་གི་བརྒྱུད་པ་ནི། གཤིན་རྗེའི་གཤེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། བྲམ་ཟེ་དཔལ་འཛིན། མ་ཏི་གརྦྷ། ཛ་ཝ་རི་པ། དར་པཎ་ཨཱ་ཙརྻ། གློ་བོ་ལོཙྪ་བ། བླ་མ་ས་པ། ལོཙྪ་བ་མཆོག་ལྡན། བླ་མ་བསོད་ནམས་དབང་ཕྱུག བྱ་སྡེར་བ་བྱང་ཆུབ་རིན་ཆེན། ར་ག་བྲག་པ་ཤཱཀྱ་སེང་གེ ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །དཔལ་རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དཱི་པཾ་ཀ་ར་རཀྵི་ཏ། རྭ་ལོཙྪ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། ཀློག་སྐྱ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། འགྲོ་མགོན་འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ། མཁན་ཆེན་བྱང་ཆུབ་དཔལ་བཟང་པོ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །ཡང་ན། རྭ་འབུམ་སེང༌། རྭ་དཀོན་མཆོག་སེང་གེ རྭ་ཤེས་རབ་རྒྱལ་མཚན། ཞང་དཀོན་མཆོག་དཔལ་མན་འདྲའོ། །ཡང་ན། རྡོ་རྗེ་འཆང༌། འཕགས་པ་འཇམ་དཔལ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་འཛིན། ནཱ་རོ་པ། ཨ་ཐུ་ལ་བཛྲ། བླ་མ་བྷ་རོ་ཕྱག་རྡུམ། རྗེ་མལ་ལོཙྪ་བ། རྗེ་ས་སྐྱ་པ་ཆེན་པོ། རྗེ་བཙུན་རིན་པོ་ཆེ་སྐུ་མཆེད། གན་པ་སྟོན་དར། སོ་སྟོན། ཆོས་རྒྱལ། རིན་རྒྱལ། ཆོས་རྗེ་བསོད་ནམས་རྒྱལ་མཚན་མན་འདྲའོ། །བདེ་ཆེན་རལ་གཅིག་གི་རྒྱུད་ཁྲོ་ཕུ་ལོཙྪ་བས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཁ་སརྤཱ་ཎི། བྱང་སེམས་རིན་ཆེན་བློ་གྲོས། ཏཻ་ལོ་པ། རོལ་པའི་རྡོ་རྗེ། མི་ཏྲ་ཛོ་ཀི བྱམས་པ་ལོཙྪ་བ། བླ་མ་དབོན་སྟོན། ཆོས་རྗེ་ཀུན་སྤངས་པ། བླ་མ་རིན་ཆེན་སེང་གེ བུ་སྟོན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །གཉིས་པ་མ་རྒྱུད་ཀྱི་སྐོར་ལ། དཔལ་ཀྱེའི་རྡོ་རྗེ་མན་ངག་ལུགས་ཀྱི་དཀྱིལ་འཁོར་དུ་རྒྱུ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པར་བསྐུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི་པ། རྗེ་ག་ཡ་དྷ་ར། འབྲོག་མི་ལོཙྪ་བ། བླ་མ་སེ་མཁར་ཆུང་བ། ཞང་དགོན་པ་བ། རྗེ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །ཡང་ཀྱེའི་རྡོ་རྗེ་ལུས་དཀྱིལ་གྱི་དབང༌། བདག་མེད་མའི་ལུས་དཀྱིལ་གྱི་བྱིན་རླབས་རྣམས་ཀྱི་བརྒྱུད་པ་ནི། གོང་དང་འདྲ་ཞིང༌། ཡབ་ཀྱི་ལུས་དཀྱིལ་གྱི་དབང་ཆོག བློ་བརྟན་པས་མཛད་པ་ཐོས། བདག་མེད་མའི་དབང་གི་བརྒྱུད་པ་ནི། ས་ཆེན་ཡན་ཡབ་དང་མཚུངས་པ་ལ། དེ་ནས་ནེ་ཙོ་སྦལ་སྟོན། བླ་མ་ཤེས་རབ་གྲགས། གནམ་པ་རྭ་ཆོས་ཤེ། མངོན་པ་བ་དབང་ཕྱུག་བརྩོན་འགྲུས། པཎྜི་ཏ་རྡོར་ཤེ ཞང་དཀོན་མཆོག་དཔལ་མན་ཡབ་དང་འདྲའོ། །ཡང་ན། མངོན་པ་བ་ནས། འཕགས་པ་རིན་པོ་ཆེ། དགོངས་སྟོན་ཤེས་རབ་འབུམ། དཀར་པོ་བྲག་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེ་ལས་བདག་གིས་ནེ་ཙོ་བའི་དབང་ཆོག་གི་ལུང་དང་བཅས་པ་ཞུས། རྡོ་རྗེ་གུར་རིགས་བསྡུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ཌོམྦྷི་ཧེ་རུ་ཀ ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ་ཛ་ཡ་ཤྲཱི། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་ཤཱཀྱ་ཡེ་ཤེས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ། རྗེ་ས་སྐྱ་པ་ཆེན་པོ། ནེ་ཙོ་སྦལ་སྟོན། རྟ་སྟག་སོ་བ་རིན་ཆེན་དོན་གྲུབ། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་རྒྱལ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །བརྒྱུད་ཡིག་ཁ་ཅིག་ལས་ས་ཆེན་ཡན་ཆད་ཀྱེ་རྡོར་མན་ངག་ལུགས་དང་འདྲ་བར་བྱས་པ་ནི་མ་དག་སྟེ། དབང་ཆོག་བཟང་པོ་ཡོངས་བཟུང་ལ་བྱེད་པའི་ཕྱིར་དང༌། ཆོས་རྗེ་བླ་མའི་གསན་ཡིག་ལས་མི་འབྱུང་བའི་ཕྱིར་རོ། །ཞེས་བདག་གི་བླ་མ་ལོཙྪ་བས་གསུངས་སོ། །ཡང་དེ་ཉིད་ཀྱི་དྲུང་དུ། དཔལ་ཀྱེའི་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པ་དང༌། ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་རྗེ་གུར། རྒྱུད་སྡེ་གཞན་དང་ཐུན་མོང་གི་བཤད་རྒྱུད། དཔལ་སམྦུ་ཊ་རྣམས་འབྲོག་མི་ལོཙྪ་བ་ཆེན་པོས་བསྒྱུར་བ་དང༌། རྒྱུད་དེ་དག་གི་རྣམ་བཤད་དཔལ་ས་སྐྱ་པའི་བླ་མ་གོང་མས་མཛད་པའི་སྟེང་ནས་བཤད་བཀའ་ལེགས་པར་ཐོས་པའི་བརྒྱུད་པ་ལ། ཐོག་མར་སློབ་དཔོན་ཌོམྦི་པའི་བཤད་སྲོལ་འགྲེལ་པ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པ། སློབ་དཔོན་ཆེན་པོ་ཌོམྦྷི་ཧེ་རུ་ཀ གྲུབ་ཐོབ་ཨ་ལ་ལ་བཛྲ། དཔལ་ལྡན་ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ་ཛ་ཡ་ཤྲཱི། སློབ་དཔོན་སྦྱང་དཀའ་ཟླ་བ། དེ་ལས་སློབ་མའི་མཆོག་དཔའ་བོ་རྡོ་རྗེ། སེང་གེ་རྡོ་རྗེ། སྒྲ་གཅན་འཛིན་དང་གསུམ་ལས། འདིར་དགེ་སློང་དཔའ་བོ་རྡོ་རྗེ། དེས་ལོཙྪ་བ་ཆེན་པོ་ཤཱཀྱ་ཡེ་ཤེས་ལ་གནང༌། དེ་ལས་སློབ་མའི་མཆོག་འཁོན་དཀོན་མཆོག་རྒྱལ་པོ། མངའ་རིས་པ་གསལ་བའི་སྙིང་པོ། སེ་མཁར་ཆུང་བ་རྗེ་བཙུན་ཀུན་རིག མཆིམས་ལོཙྪ་བ་འོད་ཀྱི་སྣང་བ་དང་བཞི་ལས། འཁོན་དཀོན་མཆོག་རྒྱལ་པོ། རྗེ་ས་སྐྱ་པ་ཆེན་པོ། ཡང་ན། བླ་མ་མངའ་རིས་པ། འཁོན་སྒྱི་ཆུ་བ་དགྲ་བླ་འབར། རྗེ་ས་ཆེན། ཡང་ན། འཁོན་དཀོན་མཆོག་རྒྱལ་པོ། སེ་མཁར་ཆུང་བ། རྗེ་ས་ཆེན། ཡང་ན། མཆིམས་ལོཙྪ་བ། འཁོན་དཀོན་མཆོག་རྒྱལ་པོ། རྗེ་ས་སྐྱ་པ་ཆེན་པོ། དེ་ལྟར་བརྒྱུད་པའི་བཀའ་བབས་བཞི་དང་ལྡན་པའི་བླ་མ་ས་སྐྱ་པ་ཆེན་པོས། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། ཚུལ་ཁྲིམས་གྲགས། གཙུག་ཏོར་རྒྱལ་པོ་དང་གསུམ་ལ་གནང༌། དེ་གསུམ་གས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ། དེས་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་ལ། དེས་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། དགའ་ལྡན་པ་བཀྲ་ཤིས་དཔལ། ཆོས་རྗེ་བྲག་ཕུག་པ་བསོད་ནམས་དཔལ། བླ་མ་བློ་གྲོས་བརྟན་པ། བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས། མཁྱེན་རབ་ཀྱི་དབང་ཕྱུག་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ། དེ་ལས་བདག་གིས་རྩ་རྒྱུད་ཀྱི་བཤད་པ་ལན་ལྔ། རྡོ་རྗེ་གུར་ལན་གཉིས། སམྦུ་ཊ་ལན་གསུམ་གྱི་བར་དུ་ཞུས་ཤིང་འཆད་ཉན་གྱིས་གཏན་ལ་ཕབ་བོ། ཡང་རྩ་རྒྱུད་རྐྱང་པའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ཡན་ཆད་སྔར་དང་འདྲ་བ་ལས། འཇམ་སྐྱ་ནམ་མཁའ་དཔལ། བླ་མ་དཔལ་ལྡན་སེང་གེ ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །རྒྱུད་གསུམ་མན་ངག་གི་ལུགས་ཀྱི་བཤད་སྲོལ་གྱི་རིང་བརྒྱུད་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི་པ། ག་ཡ་དྷ་ར། འབྲོག་མི་ལོཙྪ་བ། དེ་ལ་སློབ་མའི་མཆོག་བཞི་ལས། འདིར་སེ་མཁར་ཆུང་བ། ཞང་དགོན་པ་བ། རྗེ་ས་ཆེན་མན་སྔར་དང་འདྲའོ། །ཉེ་བརྒྱུད་ནི། རྗེ་བཙུན་ཆེན་པོས། བླ་མེད་ཕྱོགས་ནི་རིས་བསྒྱུར་མིག་བཅས་པ། །རིག་བྱེད་ཀྱིས་གསལ་ལ་ལག་པས་མ་ལ་བགོས། །དེ་འོད་ཀུན་གསལ་ཆུ་གཏེར་འབྱུང་བར་བབས། །ཞེས་དང༌། ལེགས་འོངས་མིག་གིས་ཡོན་ཏན་གསལ་བར་བྱས། །མེ་དང་ཆུ་བོས་འབྱུང་བ་རབ་ཏུ་བསྐྱེད། །ཅེས་པ་ལྟར་ཤེས་པར་བྱའོ། །ཡང་རྫོགས་རིམ་ཟབ་མོ་བརྟག་གཉིས་ལས་འབྱུང་བའི་དག་པ་གསུམ་གྱི་བརྒྱུད་པ་ནི། འཕགས་པ་ཡན་ཆད་ཌོམྦྷི་པ་ནས་བརྒྱུད་པའི་རྒྱུད་འགྲེལ་དང་འདྲ། དེ་ནས་དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ་བསོད་ནམས་དཔལ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །རྡོ་རྗེ་གུར་ལས་འབྱུང་བའི་ཐིག་ལེའི་རྣལ་འབྱོར་གྱི་བརྒྱུད་པ་ནི། ཆོས་རྗེ་པ། ཞང་མདོ་སྡེ་དཔལ། འཇམ་སྐྱ། དཔལ་ལྡན་སེང་གེ ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་མན་ཆད་སྔར་བཞིན་ནོ། །སམྦུ་ཊ་ལས་འབྱུང་བའི་རང་བྱིན་རླབས་ཀྱི་དམིགས་པ་ཉི་ཤུ་རྩ་དགུའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་མན་འདྲའོ། །ཡང་ཤཱནྟི་པའི་མདོ་རྒྱུད་བསྲེ་བ། ཛྙཱ་ན་ཤྲཱི། ཤེས་རབ་འབྱུང་གནས་སྦས་པ། རིན་ཆེན་རྡོ་རྗེ་གསུམ་གྱི་བར་ཆད་གསུམ་སེལ། ངག་དབང་གྲགས་པའི་གཉུག་མ་དྲན་གསལ། ནཱ་རོ་པའི་ཕྱག་རྒྱ་ཆེན་པོ་སྡུག་བསྔལ་གསུམ་སེལ་ཏེ། སྒོ་དྲུག་ཆོས་འབྲེལ་དུ་གྲགས་པའི་བརྒྱུད་པ་ནི། ཤཱནྟི་པ། ཛྙཱ་ན་ཤྲི། ཤེས་རབ་འབྱུང་གནས་སྦས་པ། རིན་ཆེན་རྡོ་རྗེ། ངག་དབང་གྲགས་པ། ནཱ་རོ་པ། དེ་སོ་སོ་ལས་འབྲོག་མིས་གསན་ལ། དེ་ལ་བར་ཆད་གསུམ་སེལ། འབྲོག་མིས་སེ་རོག་གཉིས་ལ། དེས་གཉོས་ལ། དེས་ཡེར་པ་སྒོམ་སེང༌། གྲུབ་ཐོབ་ལྷ་འབར། ཁ་རག་སྒོམ་པ། ལུང་ཕུ་བ། བཀྲ་ཤིས་ལུང་པ། མཁས་གྲུབ་ཆོས་རྗེ། ཞང་བྱང་ཤེ ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །གཉུག་མ་དྲན་གསལ་གྱི་བརྒྱུད་པ་ནི། སྒྲོལ་མ། ངག་དབང་གྲགས་པ། འབྲོག་མི། འཁོན་དཀོན་མཆོག་རྒྱལ་པོ། བླ་མ་ཤངས་པ། ས་ཆེན། རྗེ་བཙུན་པ། ལུང་ཕུ་བ་མན་གོང་བཞིན་ནོ། །སྡུག་བསྔལ་གསུམ་སེལ་གྱི་བརྒྱུད་པ་ནི། ནཱ་རོ་པ། འབྲོག་མི། མངའ་རིས་པ། སྒྱི་ཆུ་བ། ས་ཆེན་མན་འདྲའོ། །མདོ་རྒྱུད་བསྲེ་བའི་བརྒྱུད་པ་ནི། ཤཱནྟི་པ། འབྲོག་མི། སེ་མཁར་ཆུང་བ། ཞང་དགོན་པ་བ། ས་ཆེན་མན་འདྲའོ། །ཞེན་པ་བཞི་བྲལ་གྱི་མན་ངག་གི་བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། རྗེ་ས་ཆེན། རྩེ་མོ། རྗེ་པ། ཆོས་རྗེ་པ། འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་པ། བླ་མ་དཔལ་ལྡན་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལའོ། །ཡང་རྣལ་འབྱོར་དབང་ཕྱུག་གི་ཆོས་བཞི་ལས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། རྗེ་ས་ཆེན། རྗེ་བཙུན་ཆེན་པོ། ཆོས་རྗེ་པ། ཚོགས་སྒོམ། ཉན་ཆེན་པ། བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །ཡང་བརྒྱུད་པ་དེ་དང་འདྲ་བའི་བིརྺ་པའི་བྱིན་རླབས་དང་བསྲུང་བའི་སྐོར། ལམ་སྦས་བཤད། གྲུབ་ཆེན་བཅུ། པྲ་མོ་བརྒྱད་དང་བཅས་པ་ཐོས། རྣམ་འཇོམས་བིར་ལུགས་ཀྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་རྣམ་འཇོམས། བིརྺ་པ། ས་ཆེན། རྩེ་མོ། རྗེ་བཙུན། པཎ་ཆེན། སྐྱོ་སྟོན་དྲི་མེད། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །ཡང་ན་རྗེ་བཙུན་པ། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་རྒྱལ་མན་འདྲའོ། །ཡང་ན། སྐྱོ་སྟོན་པ། དྷརྨ་ཡེ་ཤེས། བག་སྟོན་པ། བླ་མ་ཚུལ་རྒྱལ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལ་གནང་ཞིང༌། དཀྱིལ་ཆོག་དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པ་ཐོས། ཡང་དེ་ཉིད་ལ། བདེ་མཆོག་ལོ་ཧི་པ་བརྒྱུད་པའི་བཀའ་བབས་བདུན་དང་ལྡན་པའི་དབང་རྒྱས་པ་ཐོབ་པ་ལ། ས་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ་པ། ཀླུ་སྒྲུབ། ཤ་བ་རི་པ། ལོ་ཧི་པ། དྷ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཤྲཱི་ཛ་ལནྡྷ་ར། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོཙྪ་བ་བློ་གྲོས་གྲགས། ས་ཆེན་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། བསོད་ནམས་སེང་གེ སངས་རྒྱས་འབུམ། ལོཙྪ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བུ་སྟོན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །མར་དོ་ལུགས་ཀྱི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལོ་ཧི་པ། ཌེཾ་གི་པ། ལ་ཝ་པ། ཨིནྡྲ་བྷཱུ་ཏི། ཀ་ཙེ་ཊ་པ། དྲིལ་བུ་པ། ཛ་ལནྡྷ་རི་པ། ནག་པོ་པ། ཀུ་ཤ་ལ། ཏཻ་ལོ་པ། ནཱ་རོ་པ། མ་ན་ཀ་ཤྲཱི་ཛྙཱ་ན། བལ་པོ་བྷ་དནྟ། མར་པ་དོ་པ། གཟེ་བ་བློ་ལྡན། གཟེ་བ་ཇོ་བདེ། སློབ་དཔོན་ཁུ་པ། ལྷོང་ཚད་པ། ལོ་མཆོག དཔལ་ལྡན་སེང་གེ བུ་སྟོན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཇོ་བོ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལོ་ཧི་པ། དྷ་རི་ཀ་པ། ཏཻ་ལོ་པ། ནཱ་རོ་པ། ཤཱནྟི་པ། ཇོ་བོ་རྗེ། རོང་པ་འགར་དགེ ལྷ་རྗེ་སྟོད་པ། སྟེང་ཟླ་གསལ། ཤོད་ཉི་མ་ཁ་གྲོ། གཅེན་ཤེས་རབ་རྒྱལ་པོ། གཅུང་ཤེས་རབ་གཙུག་ཏོར། ལྷ་རྗེ་ཆེན་པོ། ཆོས་འོད། ཞིང་ཆེན། གྲགས་པ་དཔལ། བདེ་གཤེགས་དཔལ། བླ་མ་སྒོམ་པ་ཡེ་ཤེས། བླ་མ་གྲགས་ཆེན། བླ་མ་འཕགས་འོད། བུ་སྟོན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །པཎ་ཆེན་ལུགས་ཀྱི་བརྒྱུད་པ་ནི། བདེ་མཆོག རྡོ་རྗེ་ཕག་མོ། ལོ་ཧི་པ། རི་ཁྲོད་ཞབས། ཀནྟ་པ། འདྲེན་མཛད་ཞབས། བི་ཁྱཱ་ཏ་དེ་བ། པཎ་ཆེན་ཤཱཀྱ་ཤྲཱི། བི་བྷཱུ་ཏི་ཙནྡྲ། གཡག་སྡེ་ལོཙྪ་བ། མངའ་རིས་པ་སངས་རྒྱས་ཡེ་ཤེས། བུ་སྟོན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །པུ་རོང་ལོ་ཆུང་ལུགས་ཀྱི་དབང་བཤད་གཉིས་ཀའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། ལོ་ཧི་པ། ཌེཾ་གི་པ། དྷ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། ཛ་ལནྡྷ་རི་པ། ནག་པོ་སྤྱོད་པ་བ། དགེ་བའི་མགོན་པོ། རུས་སྦལ་ཞབས། བྷུ་ཝ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། མ་ན་ཀ་ཤྲཱི། པྲཛྙཱ་རཀྵི་ཏ། ཕམ་མཐིང་པ་གསུམ། ཡང་ན་མ་ན་ཀ་ཤྲཱི་དང༌། པྲཛྙཱ་རཀྵི་ཏ་གཉིས་ལས། ཀ་ཎ་ཤྲཱི། དེ་དང་ཕམ་མཐིང་བ་ལ་བྷ་དནྟས། ལོ་ཆུང་གྲགས་མཆོག དམར་ཆོས་ཀྱི་རྒྱལ་མཚན། མངའ་རིས་ཀྱི་སྟོན། ཐུར་ལ་བ། ཐང་དཔེ་བ། གསེར་སྡིངས་པ། བླ་མ་ཆོས་འོད། ཀུན་མཁྱེན་འཕགས་འོད། བུ་སྟོན་ཐམས་ཅད་མཁྱེན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལའོ། །མར་ལུགས་ཀྱི་བརྒྱུད་པ་ནི། ཕམ་མཐིང་པ་ཡན་ཆད་ས་ལུགས་དང་འདྲ་བ་ལས། དེ་ནས་བལ་པོ་བྷ་དནྟ། ལོ་ཆུང་གྲགས་མཆོག་ཤེས་རབ། དམར་ཆེན་པོ། དབོན་པོ་ཤེས་རབ་རྡོ་རྗེ། ཐུབ་པ་ཤེས་རབ། བརྩོན་འགྲུས་རྡོ་རྗེ། དམར་ཆོས་ཀྱི་རྒྱལ་མཚན། བླ་མ་ཤཱཀྱ་གཞོན་ནུ། ལྕེ་བློ་ལྡན་སེང་གེ བླ་མ་འཕགས་འོད། བུ་སྟོན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །དཔྱལ་ལུགས་ཀྱི་བརྒྱུད་པ་ནི། ལོ་ཧི་པ། དྷ་རི་ཀ་པ། མཻ་ཏྲི་པ། ནྱ་ཀ་པ། ཀནྡྷ་པ། བི་ཁྱཱ་ཏ་དེ་བ། པཎ་ཆེན་ཤཱཀྱ་ཤྲཱི། གྲུབ་ཐོབ་རྡོ་རྗེ་གདན་པ། པཎ་ཆེན་ཀྵི་ཏི་གརྦྷ། དཔྱལ་ལོཙྪ་བ་ཆོས་བཟང༌། རྗེ་བཙུན་རྒྭ་ལོ། བླ་མ་ཤེས་རབ་སེང་གེ བླ་མ་ཆོས་སྐྱོང་དཔལ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །སྦལ་སྤང་སྣ་ལུགས་ཀྱི་བརྒྱུད་པ་ནི། སངས་རྒྱས། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ཆེན་པོ་ཙཎྜི་ཀ་པ། བྲམ་ཟེ་ཆེན་པོ་མེ་ཀོ་པ། ལོ་ཧི་པ། དྷ་རི་ཀ་པ། སྡོམ་པ་བཟང་པོ། ཇོ་བོ་རྗེ། དེ་ལ་ལོ་ཆེན་རིན་བཟང་དང༌། ནག་ཚོ་ལོཙྪ་བ་གཉིས་ཀས་གསན། བླ་མ་རྣམ་གཉིས་ཀྱིས། ལོཙྪ་བ་རྣམ་གཉིས་ལའང་གསན། ཇོ་བོ་ལའང་གསན། དེ་ལ་འལ་པ་སྟོན་མགོན། འལ་པ་ཇོ་བོ་བཙུན། སྒོམ་པ་མང་སྒོམ། སྦལ་སྤང་སྣ་བ། མེ་རག་དར་བྱང༌། རིན་ཆེན་རྒྱལ་པོ། བླ་མ་གྲགས་པ་དཔལ། བླ་མ་འཕགས་པ་འོད། བུ་སྟོན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་ལོ་ཧི་པའི་སྒྲུབ་ཐབས་དཔལ་མངོན་པར་རྟོགས་པ། ལོ་ཆེན་གྱི་འགྱུར་ལ། འགོས་དང་མར་དོས་བཅོས་པ། དེའི་འགྲེལ་པ་རྔོག་གི་འགྱུར། ཕྱི་རོལ་མཆོད་པའི་ཆོ་ག་དང༌། ལག་མཆོད་གཉིས་དཔྱལ་ཆོས་བཟང་གི་འགྱུར། གཏོར་མའི་ཆོ་ག་རྔོག་གི་འགྱུར། དེ་བཞི་པྲཛྙཱ་རཀྵི་ཏས་མཛད་པ་སྟེ། ལོ་ཧི་པའི་སྨད་ལྔར་གྲགས་པ་དང༌། བདེ་མཆོག་གི་རྒྱུན་བཤགས་སློབ་དཔོན་བྷུ་རི་པས་མཛད་པ། ཁ་ཆེ་རིན་ཆེན་རྡོ་རྗེའི་བཀྲ་ཤིས། བརྒྱུད་པ་བདུན་གྱི་ཕྱག་ལེན་གཅིག་ཏུ་དྲིལ་བའི་ལོ་ཧི་པའི་མངོན་རྟོགས་རྣལ་འབྱོར་བཞི་ལྡན། མཆོད་སྤྲིན་བདེ་ཆེན་རྣམ་རོལ། དབང་ཆོག་དེ་ཁོ་ན་ཉིད་ལ་གསལ་བར་འཇུག་པ། སྦྱིན་སྲེག་ཕྲིན་ལས་ཀུན་འགྲུབ་རྣམས་ཐོས། ཡང་བདེ་མཆོག་ནག་པོ་པའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི། ལོ་ཧི་པ། དྷ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས་ཅན། ཤྲཱི་ཛ་ལནྡ་རི་པ། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ་བ། མལ་ལོ། ས་ཆེན་ཡབ་སྲས་གསུམ། ཆོས་རྗེ་ཁུ་དབོན་གཉིས། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་ན། འཕགས་པ་རིན་པོ་ཆེ། སྟག་སྟོན་ཤེས་རབ་གཞོན་ནུ། བླ་མ་བྲག་དཀར་བ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་ན། ནག་པོ་སྤྱོད་པས་མཛད་པའི་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས། དཀྱིལ་ཆོག་ལོ་ཆེན་གྱི་འགྱུར་ལ། འགོས་ཀྱིས་བཅོས་པ། སྦྱིན་སྲེག་གི་ཆོ་ག དགེ་སློང་རིག་པ་གཞོན་ནུའི་འགྱུར་ཏེ། བསྐྱེད་རིམ་སྐོར་གསུམ་དང༌། རྫོགས་རིམ་སྐོར་གསུམ་ནི། དཔྱིད་ཀྱི་ཐིག་ལེ་མར་དོའི་འགྱུར། གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ། འགོས་འགྱུར་ལ་མར་དོས་བཅོས་པ། ཨོ་ལ་པ་ཏཱི་གྲགས་འབྱོར་ཤེས་རབ་ཀྱི་འགྱུར་ཏེ། ནག་པོ་གཞུང་དྲུག་གི་བརྒྱུད་པ་ནི། ས་སྐྱ་པཎྜི་ཏ་ཡན་ཆད་དྲིལ་བུ་པ་དང་འདྲ་བ་ལ། དེ་ནས་ཚོགས་སྒོམ་རིན་པོ་ཆེ། འོ་ཡུག་པ། བླ་མ་གྲགས་ཆེན། བླ་མ་འཕགས་འོད། བུ་སྟོན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་ན། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཛ་ལནྡྷ་རི་པ། ནག་པོ་སྤྱོད་པ། དགེ་བའི་མགོན་པོ། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ། མར་པ་དོ་པ། གཟེ་པ་ཆེན་པོ། སྲས་སྐུ་མཆེད། བར་ཐང་བ། ཁམ་པ་ཡབ་སྲས། བླ་མ་ཤཱཀ་གཞོན། བླ་མ་བློ་ལྡན་སེང་གེ སྲས་རྗེ་བཙུན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་བདེ་མཆོག་དྲིལ་བུ་པའི་བརྒྱུད་པའི་བཀའ་བབས་གཉིས་དང་ལྡན་པའི་དབང་ཐོབ་པའི་བརྒྱུད་པ་ལ། ས་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། འབར་བ་འཛིན། གུ་ཧྱ་པ། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ། ཀློག་སྐྱ་ཤེས་རབ་བརྩེགས། མལ་ཇོ་ལོཙྪ་བ། རྗེ་ས་ཆེན་ཡབ་སྲས་གསུམ། ཆོས་རྗེ་ས་སྐྱ་པཎྜི་ཏ། བོ་དོང་རིན་པོ་ཆེ། རིན་པོ་ཆེ་ཁྲོ་ཕུ་བ། ཡང་རྩེ་བ་རིན་ཆེན་སེང་གེ བུ་སྟོན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་ན། བོ་དོང་རིན་པོ་ཆེའི་གནས་སུ། འགྲོ་མགོན་འཕགས་པའམ། ཚོགས་སྒོམ་རིན་པོ་ཆེ་གང་བཅུག་ཀྱང་ཆོག་གོ །ཁ་ཆེ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། དྲིལ་བུ་པ། དགའ་བའི་རྡོ་རྗེ། ཡན་ལག་མེད་པའི་རྡོ་རྗེ། ཨ་བྷ་ཡཱ་ཀ་ར་གུཔྟ། དེ་བ་པུཎྱ། ཁ་ཆེ་པཎ་ཆེན། སྤྱི་བོ་ལྷས་པ་སེང་གེ་དཔལ། ཞང་འབྲེ་ལུང་པ། རིན་པོ་ཆེ་ཁྲོ་ཕུ་བ། ཡང་རྩེ་བ། བུ་སྟོན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་ན། དྲིལ་བུ་པ། དེ་བ་པཱུརྞ། ཁ་ཆེ་པཎ་ཆེན་མན་ཆད་འདྲའོ། །དེ་ཉིད་ལ་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་སྒྲུབ་ཐབས་མལ་ལོའི་འགྱུར། དབང་བསྐུར་བར་བྱ་བའི་རིམ་པ་མདོར་བསྡུས་པ་བནྡེ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། རྫོགས་རིམ་རིམ་པ་ལྔ་པ་རྔོག་ལོ་ཆེན་པོའི་འགྱུར་ཏེ། དྲིལ་བུ་སྐོར་གསུམ་དུ་གྲགས་པ་དང༌། ཡང་ལུས་དཀྱིལ་གྱི་མངོན་རྟོགས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གསལ་བྱེད་དབང་ཆོག་ཟབ་དོན་གསལ་བ་རྣམས་ཀྱི་ལུང་ཐོབ། ཡང་དྲིལ་བུ་པའི་དབང་གི་བརྒྱུད་པ་ལུགས་གཞན་ནི། འཕགས་པ་རིན་པོ་ཆེ། འཇམ་དབྱངས་རིན་ཆེན་རྒྱལ་མཚན། བླ་མ་བྱ་སྡེར་བ་བྱང་ཆུབ་རིན་ཆེན། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ལོ་ཆེན་བྱང་ཆུབ་རྩེ་མོ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་དེ་ཉིད་ལ། བདེ་མཆོག་རྩ་རྒྱུད་མལ་ལོའི་འགྱུར། དེའི་འགྲེལ་པ་མུ་ཏིག་གི་ཕྲེང་བ། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད། དེའི་འགྲེལ་པ་རྗེ་བཙུན་ཆེན་པོས་མཛད་པ་རྣམས་ཀྱི་སྟེང་ནས་བཤད་བཀའ་ཐོབ་པའི་བརྒྱུད་པ་ནི། ནག་པོ་པའི་བརྒྱུད་པ་གོང་མ་དང་འདྲའོ། །ཡང་སྤྱིར་མ་རྒྱུད་ཐམས་ཅད་དང༌། ཁྱད་པར་དུ་བདེ་མཆོག་གི་རྫོགས་རིམ་ཟབ་ལམ་རིམ་པ་ལྔའི་ཁྲིད་ཐོབ་པའི་བརྒྱུད་པ་ནི། རིན་པོ་ཆེ་ཁྲོ་ཕུ་བ་ཡན་དྲིལ་བུ་པའི་དབང་དང་འདྲ་བ་ལ། དེ་ནས་ཡང་རྩེ་བ། བླ་མ་གཉེན་མཁར་བ་བཀྲ་ཤིས་བཟང་པོ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་དྲིལ་བུ་པ་ལྷ་ལྔ་མ་རྡུལ་ཚན་ལ་བརྟེན་པའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་དྲིལ་བུ་པ། ལངྐ་ལིང་པ། ནག་པོ་སྤྱོད་པ་བ། དགེ་བའི་མགོན་པོ། ཏཻ་ལོ་པ། ནཱ་རོ་པ། མ་ན་ཀ་ཤྲཱི། ཕམ་མཐིང་བ་འཇིགས་མེད་གྲགས། སུ་མ་ཏི་ཀཱིརྟི། མར་པ་དོ་པ། གཟེ་པ་བློ་ལྡན། གཟེ་པ་ཇོ་བདེ། ཤཱཀྱ་རྡོ་རྗེ། རོང་པ་ཆོས་མགོན། ལོ་མཆོག དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། མཁན་ཆེན་རིན་རྣམ་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་དེ་ཉིད་ལ་རྡོ་རྗེ་དྲིལ་བུ་པས་མཛད་པའི་མངོན་རྟོགས་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། ལ་བ་པས་མཛད་པའི་དཀྱིལ་ཆོག་མར་དོའི་འགྱུར་རྣམས་ཐོས། ཡང་ན། དྲིལ་བུ་པས་ལུགས། བོ་དོང་རིན་པོ་ཆེ་ནས་བརྒྱུད་པ་དང་འདྲའོ་ཟེར་བ་རིན་རྣམ་པའི་གསན་ཡིག་ན་སྣང་སྟེ་བརྟག་པར་བྱའོ། །རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་མའི་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། ཀངྐ་སྦྱིན། ཨ་བྷ་ཡཱ། ཀུན་སྤངས་ལེགས་སྤྱོད། རཏྣ་རཀྵི་ཏ། མ་ན་ཀ་ཤྲཱི་ཛྙཱ་ན། ཆག་ལོཙྪ་བ། གོ་ལུང་པ། ཤོང་རྡོར་རྒྱལ། དཔང་ལོཙྪ་བ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །རྗེ་བཙུན་མ་ཀུ་རུ་ཀུལླེའི་རྗེས་གནང་གི་བརྒྱུད་པ་ནི། རྗེ་བཙུན་མ་ཀུ་རུ་ཀུལླེ། རྒྱལ་པོ་ལྷན་སྐྱེས་རོལ་པ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོཙྪ་བ། ས་ཆེན་ཡབ་སྲས་གསུམ། ཆོས་རྗེ་པ། འོ་ཡུག་པ། ཀུན་བསོད། ཉི་ཐོག་པ། ཀུན་སྨོན། ཡོན་ཏན་དཔལ། བུ་ལུང་བ་ཀུན་དགའ་རྡོ་རྗེ། དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །རྗེ་བཙུན་མའི་སྒྲུབ་ཐབས་ལྷན་སྐྱེས་སྒེག་པས་མཛད་པ། དཱ་ན་ཤཱི་ལའི་རང་འགྱུར། མན་ངག་ཆེན་པོ་ལྔ་སློབ་དཔོན་ཞི་བ་འཚོས་མཛད་པ། བསྟོད་པ་ཌོམྦི་ཧེ་རུ་ཀས་མཛད་པ། ཀུ་རུ་ཀུལླེའི་གསང་སྒྲུབ་སོགས་མན་ངག་རྣམས་ཚང་བར་ཐོས་ཤིང༌། བླ་མ་དཔལ་ལྡན་པས་མན་ངག་རྣམས་བླ་མ་གཟུངས་པ་ལས་ཐོས་གསུངས། ཡང་རྗེས་གནང༌། སྒྲུབ་ཐབས་ལྷན་སྐྱེས་རོལ་པས་མཛད་པ་ཆེ་བ། བླ་མའི་མན་ངག་ལས་སྦྱོར། བསྟོད་པ། ལས་ཁ་ཚར་བཞི་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། དགའ་ལྡན་པ། ཀུན་བསོད་ཡན་ཆད་སྔར་དང་འདྲ། དེས་བླ་མ་གཞོན་ཚུལ། ཚུལ་རྒྱལ་བ། བླ་མ་ངག་དབང་གྲགས་པ། མཁན་ཆེན་བྱང་ཆུབ་སེང་གེ ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཚོགས་བདག་དམར་ཆེན་གྱི་རྗེས་གནང༌། བསྙེན་པ། སྒྲུབ་པ། ལས་སྦྱོར། སྦགས་ཆོག་སྟེ་བཞི་སྟོན་པའི་སྒྲུབ་ཐབས། སྦྱིན་སྲེག སྒྲུབ་པའི་ཡན་ལག འཕགས་པས་མཛད་པའི་བསྟོད་པ། ཕྱག་མཚན་བཅུ་གཉིས་ཀྱི་ལས་ཚོགས། རྡོ་རྗེ་མཁའ་འགྲོ་ལེའུ་བཅུ་དགུ་པ་ནས་ཕྱུང་བའི་སྒྲུབ་ཐབས། ཞལ་གདམས་ཀྱིས་གནད་ལ་དབབ་པའི་སྦྱིན་སྲེག གཞན་ཡང་གདམས་པ་འགའ། ཚོགས་བདག་གི་སྙིང་པོ་ཞེས་བྱ་བའི་གཟུངས་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། ས་ར་ཧ། ཀླུ་སྒྲུབ། རི་ཁྲོད་མགོན་པོ། ཧང་དུ་དཀར་པོ། མལ་ལོཙྪ་བ། ས་ཆེན་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པ། རིན་པོ་ཆེ་སྐྱོབ་པ་དཔལ། རོང་པ་ཤེར་སེང༌། བླ་མ་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་ངག་དབང༌། བྱང་སེང་བ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །ཀག་ཆོལ་འདོད་པའི་རྒྱལ་པོའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་གདན་པ། ཐ་བི་ར། བ་རི་ལོཙྪ་བ། ལྕགས་ཐང་པ། ས་ཆེན། རྗེ་བཙུན་པ། ཆོས་རྗེ་པ། ཁོང་བསོད་ནམས་འབུམ། བླ་མ་གཞོན་ཚུལ་མན་སྔར་བཞིན་ནོ། །ཡང་ན། ཆོས་རྗེ་པ། ཤར་པ་གོང་མ་སྐུ་མཆེད། འདུལ་འཛིན་བསོད་ཡེ། བླ་མ་བསོད་ནམས་དར། བག་སྟོན་གཞོན་ཚུལ་མན་སྔར་བཞིན་ནོ། །འདིའི་ཆོས་སྐོར་ལ། སྔགས་ཀྱི་རྒྱལ་པོའི་དམ་ཚིག་གི་དངོས་གྲུབ་ཀྱི་ཆོ་ག་ཞེས་བྱ་བ་རིན་ཆེན་རྡོ་རྗེས་མཛད་པ། འཇིག་རྟེན་གྱི་དངོས་གྲུབ་ཆེན་པོ་སྒྲུབ་པའི་ཐབས་བ་རི་བའི་ཞལ་གདམས། འཁོར་ལོའི་སྒྲུབ་པ་ལས་སྦྱོར། གསང་སྔགས་རྩ་བའི་འཁོར་ལོ་སྒྲུབ་པ། སྦྱིན་སྲེག་རྗེས་གནང་གི་ཆོ་ག་གསལ་བྱེད། ཉི་མའི་འཁོར་ལོ་རྡོ་རྗེ་གདན་པས་མཛད་པ། རྒྱལ་པོ་དབང་དུ་བྱ་བའི་མན་ངག་དང་སྦྱིན་སྲེག དངོས་གྲུབ་ཆུད་མི་ཟ་བར་བྱེད་པ། རབ་གནས། གནད་འབེབས། ཉི་ཟླའི་འཁོར་ལོ། ལས་བཞིའི་མན་ངག རབ་གནས་ཁྱད་པར་ཅན། ཡི་དམ་ལ་བརྟེན་པའི་སྒྲུབ་ཡིག་གདམས་པ་གསུམ་གྱི་སྟོན་པ། གསང་སྒྲུབ་དམ་པ། སྒྲུབ་ཡིག་བ་རི་བའི་གདམས་པ། ཐུན་མོང་མ་ཡིན་པའི་ལོ་རྒྱུས་རྣམས་ཐོབ། རྡོ་རྗེ་ནག་པོ་ཆེན་པོའི་རྗེས་གནང་ཐུན་མོང་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མཁའ་འགྲོ་མ་རྡོ་རྗེ་གུར། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤྲརྡྷ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ། རྗེ་ས་ཆེན་ཡབ་སྲས་གསུམ། ཆོས་རྗེ་ཁུ་དབོན་གཉིས། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། དེ་ལས་ཆོས་རྗེ་བླ་མ་བསོད་ནམས་རྒྱལ་མཚན། བློ་གྲོས་བརྟན་པ་གཉིས་ཀས་གསན། དེ་གཉིས་ཀ་ལས། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །པུ་ཏྲའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། འཕགས་པ་ཀླུ་སྒྲུབ། པདྨ་འབྱུང་གནས། པཎྜི་ཏ་དྷརྨཱ་པཱ་ལ། ལོ་ཆེན་རིན་ཆེན་བཟང་པོ་ནས། འགྲོ་མགོན་འཕགས་པའི་བར་གོང་དང་འདྲ་བ་ལ། དེ་ནས་དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །འདིའི་མན་ངག་གི་སྐོར་ལ། གུར་མགོན་ལྷ་བརྒྱད་མ་དང་བཅུ་གཉིས་མའི་སྒྲུབ་ཐབས། ལྷ་བརྒྱད་འཁོར་དང་བཅས་པ་སྦགས་ཏེ་སྒྲུབ་པའི་ལག་ལེན། མན་ངག་ཞལ་གདམས་མར་གྲགས་པ་ལ། གཏོར་མ་ལ་བརྟེན་ནས་དགྲ་བསད་པ། གཏོར་མ་མེད་པར་ཁ་ཟས་ལ་བརྟེན་ནས་དགྲ་བསད་པ། གཞན་གྱི་རིག་སྔགས་དང་རྦོད་གཏོང་བཟློག་པ། རྨི་ལམ་ངན་པ་དང་ལྟས་ངན་པ་བཟློག་པ། བྱད་ཤ་སྦགས་པ། དགྲ་བགེགས་ཚོགས་སུ་ཟ་བ་སྟེ་ཤིན་ཏུ་ཟབ་པའི་ཤོག་དྲིལ་དྲུག་དང༌། ཟབ་གཏད་གནད་ཀྱི་གདམས་པ། རྟེན་གཏོར་གྱི་མན་ངག རྩ་གསུམ་ལ་བརྟེན་ནས་བསྙེན་སྒྲུབ་ལས་གསུམ་དུ་བསྒྲུབ་པ། གསང་རྟེན་ལུས་ལ་བཅང་བ། བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་མདོས་ཀྱི་ཆོ་ག བླ་མ་སྤྱན་ཆེན་པོའི་བསྐང་བཟློག་གི་ཆོ་ག ནག་པོ་ཆེན་པོ་ལྕམ་དྲལ་འཁོར་བཅས་ལ་བཀའ་བསྒོ་བ། སྲུང་འཛུག་ཐབས། གཏོར་མ་ཟོར་དུ་འཕང་པའི་མན་ངག པུ་ཊའི་སྒྲུབ་ཐབས་གཏེར་མ། དེའི་མདོས་ཆོག་དམ་པས་མཛད་པ་རྣམས་ཀྱི་བརྒྱུད་པ་ནི། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ལས་མགོན་ཟངས་གྲི་ཅན་གྱི་སྒྲུབ་ཐབས། ཆོས་སྐྱོང་རྣོ་ཞིང་ལས་ལ་ཉན་པའི་གདམས་ངག འཁོན་ནག་ཟས་སུ་ཟ་བའི་གདམས་ངག གུར་གྱི་མགོན་པོའི་བཀའ་སྡོད་ཟངས་གྲི་ཅན་གྱི་སྒྲུབ་ཐབས། པུ་ཏྲ་མིང་སྲིང་གསུམ་གྱི་སྒྲུབ་ཐབས་དམ་པས་མཛད་པ། མནན་པའི་ཐུན་བསྒྲུབ། མནན་པ་དངོས། ཟོར་གྱི་བསད་པ། འཇམ་ཞིང་ཞི་བའི་ལས་ཀྱི་སྒྲུབ་ཐབས། ཕོ་རྐྱང་དང་མོ་རྐྱང་དུ་སྒྲུབ་པ་པུ་ཎྱས་མཛད་པ། མཁའ་འགྲོ་སྦགས་སྒྲུབ་རྟེན་བཅའ་ཐབས་མནན་པའི་ཡི་གེ བསད་ལས་ཚ་བའི་ནད་ཀྱིས་བསད་པ། སྔགས་རིངས་ཀྱི་བསད་པའི་ལས་སྦྱོར། ཟངས་གྲི་ཅན་གྱི་བསྙེན་སྒྲུབ་ལས་སྦྱོར་གྱི་རྒྱ་གཞུང་གཅིག བསྙེན་སྒྲུབ་བསད་གསུམ་གྱི་མན་ངག ལས་མགོན་ཟངས་གྲི་ཅན་གྱི་སྒྲུབ་ཐབས་གཅིག ལྷ་མོ་རྐྱང་བསྒྲུབ། ལས་སྦྱོར་དམ་པས་མཛད་པ། ནག་པོ་ཆེན་པོ་ཕུར་བུའི་སྒྲུབ་ཐབས་ཀྱི་རྒྱ་གཞུང༌། བྲམ་ཟེ་མཆོག་སྲེད་ཀྱི་ཕུར་བུ་སྒྲུབ་ཐབས་ཀྱི་རིམ་པ། ཕོ་རྐྱང་བཀའ་སྡོད་དུ་སྒྲུབ་པ་བསྙེན་སྒྲུབ་ལས་སྦྱོར་མནན་པ་དང་བཅས་པ། གསེར་གྱི་སྤུ་གྲིའི་གདམས་པ་དམ་པས་མཛད་པ། ངག་མནན། ངག་བསྲུང་རྣམས་ཀྱི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ། དགའ་ལྡན་པ་ཀུན་བསོད། དཔལ་ལྡན་སེང་གེ བླ་མ་མཉམ་མེད་པ། བླ་མ་གཟུངས་ཀྱི་དཔལ། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། གདོང་བཞི་པའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། འཕགས་པ་ཀླུ་སྒྲུབ། བ་ལིཾ་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་སྡེ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ་ཙྪ་བ་དར་མ་གྲགས། གནམ་ཁའུ་པ། རྗེ་ས་ཆེན་ཡབ་སྲས་གསུམ། ཆོས་རྗེ་ཁུ་དབོན་གཉིས། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། དེ་ལས་ཆོས་རྗེ་བླ་མ་དང༌། བློ་གྲོས་བརྟན་པ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །འདིའི་སྐོར་ལ། ཞལ་བཞི་པའི་ལོ་རྒྱུས། བསྙེན་སྒྲུབ་ལས་གསུམ་གཅིག་ཏུ་བསྡེབས་པའི་སྒྲུབ་ཐབས། གཞུང་མཆན་བཤད་དང་བཅས་པ། སྔགས་ཀྱི་ཐེམས་ཡིག སྔགས་ཀྱི་གནད། གཡབ་པ་དང་ཐགས་ཀྱིས་ཁམས་གསུམ་དབང་དུ་སྡུད་པ། ནོར་སྒྲུབ་པ། འཁོར་ལོའི་ཞལ་གདམས། རྭ་ཟོར། སྒོང་ཟོར། རང་དང་སློབ་མ་དང་རྫས་ཡོ་བྱད་རྣམས་གཏད་པ། གཙུག་ལག་ཁང་གཏད་པ། གནས་མལ་དང་ཡོ་བྱད་ནོར་རྫས་སྲུང་བ། ཞལ་གདམས་དོན་དྲུག་མ། རྟེན་བཅའ་བའི་མན་ངག ཐུགས་དམ་བསྐང་བའི་ཆོ་ག མདོས་ཀྱི་ཆོ་ག ལས་འགྲིག་སྦྱིན་སྲེག བསྐྲད་པ། མནན་པ། རང་སྲུང་དང༌། རྟེན་གྱི་འཁོར་ལོའི་མན་ངག་ལ་སོགས་པ་ཆོས་སྐོར་རྣམས་ཚང་བར་ནོས་ཤིང༌། གཉན་ལོཙྪ་བ་དར་མ་གྲགས་ཀྱིས་མཛད་པའི་བསྟོད་པ་ཡང་ཐོབ་པའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། ཀུན་བསོད། བྲག་ཕུག་པ། བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་བླ་མ་དཔལ་ལྡན་པས། ཆོས་རྗེ་བསོད་ནམས་རྒྱལ་མཚན་ལའང་གསན་ཏོ། །ཡང་དེ་ཉིད་ལས། སྒྲོལ་མ་ལྷ་བཅུ་བདུན་མའི་དབང་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། ཉི་མ་སྦས་པའི་དཔལ། ཙནྡྲ་གརྦྷ། དགྲ་ལས་རྒྱལ་བ། ངག་དབང་གྲགས་པ། དད་བྱེད་གོ་ཆ། དེ་བཞིན་གཤེགས་པ་བསྲུང་བ། དྷ་ན་ཤྲཱི། མཉྫུ་ཤྲཱི། མལ་ལོ་ཙྪ་བ། བུ་རྩེ་རྭ་ལོཙྪ་བ། དབང་ཕྱུག་རིན་ཆེན། མཆིམས་ཆོས་སེང༌། མཆིམས་བློ་གྲོས་བརྟན་པ། མཆིམས་ནམ་མཁའ་གྲགས། ཆོས་རྒྱལ་འཕགས་པ། ཡང་དགོན་པ་བློ་ཆེན། མཁན་པོ་འོད་མཛེས། ཉི་ཕུག་པ་བློ་བརྟན། ཆོས་རྗེ་ཀུན་མཁྱེན་པ། མཁན་ཆེན་བྱང་སེང་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །གསུམ་པ་གཉིས་མེད་རྒྱུད་ཀྱི་སྐོར་ལ། དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོར། རྭ་ལུགས་ཀྱི་དབང་ཐོབ་པའི་བརྒྱུད་པ་ནི། སྟོན་པ་ཤཱཀྱ་ཐུབ་པ། རྒྱལ་པོ་ཟླ་བ་བཟང་པོ། དེ་ནས་རྩ་རྒྱུད་སྟོན་པའི་ཆོས་རྒྱལ་དྲུག དེས་ནས་འཇམ་དཔལ་གྲགས་པ་ནས། རིགས་ལྡན་ཉེར་ལྔ་བྱོན་པ་དང༌། འབྱོན་འགྱུར་གྱི་ནང་ནས། རིགས་ལྡན་བཅུ་གཅིག་པ། རྒྱལ་དཀའ་འདས་པའི་དུས། རིགས་ལྡན་བཅུ་གཉིས་པ་ཉི་མ་བྱོན་པའི་དུས་ན། སློབ་དཔོན་ཆེན་པོ་ཙི་ལུ་པཎྜི་ཏ་བྱོན་ཞིང༌། དེས་འཇམ་དཔལ་གྱི་སྤྲུལ་པ་ལས་དུས་ཀྱི་འཁོར་ལོའི་དབང༌། རྒྱུད་འགྲེལ་མན་ངག་མཐའ་དག་ཐོས་པར་འདོད་ཅིང༌། ཡང་ལུགས་གཅིག་ལ། ཙི་ལུ་པཎྜི་ཏས་ཤམྦྷ་ལར་བྱོན་ནས། སྤྱན་རས་གཟིགས་ཀྱི་སྤྲུལ་པ་དགེ་སློང་ཞིག་ལ། དུས་ཀྱི་འཁོར་ལོའི་དབང་རྒྱུད་འགྲེལ་པ་མན་ངག་དང་བཅས་པ་ཐོབ་པར་འདོད་ཅིང༌། དེའི་པི་ཏོ་ཨཱ་ཙརྻ་དུས་འཁོར་ཞབས་ཆེན་པོ། དུས་འཁོར་ཞབས་ཆུང་བ། མཉྫུ་ཤྲཱི་ཀཱིརྟི། ས་མནྟ་ཤྲཱི། རྭ་ལོཙྪ་བ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རྗེ་བཙུན་རྒྭ་ལོ། བླ་མ་རོང་པ་ཤེས་རབ་སེང་གེ བླ་མ་ཀྱི་སྟོན་འཇམ་དབྱངས་གྲགས་རྒྱལ། ཆོས་རྗེ་ཀུན་མཁྱེན་ཆེན་པོ། འདྲེན་མཆོག་ཆོས་ཀྱི་རྒྱལ་པོ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །དུས་འཁོར་འགྲོ་ལུགས་ཀྱི་དབང་བཀའི་བརྒྱུད་པ་ནི། ཤཱཀྱ་ཐུབ་པ། རྒྱལ་པོ་ཟླ་བ་བཟང་པོ། དེ་ནས་རིམ་པ་ལྟར། རིགས་ལྡན་བཅུ་གཉིས་པ་ཉི་མའི་དུས་སུ། དུས་འཁོར་ཞབས་པ་ཆེན་པོ་བྱོན་ཏེ། ཙི་ལུ་པཎྜི་ཏ་དང་གཅིག་ཏུ་བཞེད་དོ། །དེས་རིགས་ལྡན་བཅུ་བདུན་པ་དཔལ་སྐྱོང་ལ་ཞུས་པར་འདོད་པ་ནི་ལོ་རྒྱུས་མ་དག་པར་མངོན་པས། སྔ་མ་ལྟར་འཇམ་དབྱངས་ཀྱི་སྤྲུལ་པ་ལ་ཞུས་པའམ། ལུགས་གཅིག་ལ་དུས་ཞབས་པ་ཆེན་པོ་ཤམྦྷ་ལར་བྱོན་པས། སྤྱན་རས་གཟིགས་ཀྱིས་ལམ་ནས་བསུས་ཏེ། ཤམྦྷ་ལའི་ཡུལ་གྱི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པར་དབང་བསྐུར་ནས། འགྲེལ་པ་བསྐོར་གསུམ་མན་ངག་དང་བཅས་པ་གནང་བར་འདོད་དོ། །དེ་ནས་དུས་འཁོར་ཞབས་གཉིས་པ་ཁ་ཆེ་ཟླ་བ་མགོན་པོ། བླ་མ་ལྷ་རྗེ། སྒོམ་པ་དཀོན་མཆོག་བསྲུངས། བླ་མ་སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ཆེན་ཡུ་མོ། སྲས་དྷ་རྨེ་ཤྭ་ར། བླ་མ་ནམ་མཁའ་འོད་ཟེར། གྲུབ་ཐོབ་སེ་མོ་ཆེ་ནམ་མཁའ་རྒྱལ་མཚན། ཆོས་རྗེ་འཇམ་གསར་ཤེས་རབ་འོད་ཟེར། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཆོས་རྗེ་ཀུན་སྤངས་ཆེན་པོ། ཆོས་རྗེ་ཡོན་ཏན་རྒྱ་མཚོ། ཆོས་རྗེ་ཀུན་མཁྱེན་ཆེན་པོ། འདྲེན་མཆོག་ཕྱོགས་ལས་རྣམ་པར་རྒྱལ་བ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །དུས་འཁོར་རྭ་ལུགས་ཀྱི་དབང་གི་བརྒྱུད་པ་གཞན་ནི། རོང་པ་རྒྭ་ལོ་ནས། བླ་མ་དུས་འཁོར་བ་ཆེན་པོ་ཡེ་ཤེས་རིན་ཆེན་ལ་ཆོས་རྗེ་ཀུན་སྤངས་ཆེན་པོས་ཞུས་ཏེ། ཆོས་རྗེ་ཡབ་སྲས་རྣམས་ལ་རིམ་པ་ལྟར་བརྒྱུད་པ་ཡིན་ནོ། །ཡང་འབྲོ་ལུགས་ཀྱི་བརྒྱུད་པ་གཞན་ནི། ཆོས་རྗེ་འཇམ་གསར་ནས་རྗེ་བཙུན་རྒྭ་ལོ། རོང་པ་ཤེས་རབ་སེང་གེ སྐྱི་སྟོན་འཇམ་དབྱངས། ཆོས་རྗེ་ཀུན་མཁྱེན་ཆེན་པོ། འདྲེན་མཆོག་ཕྱོགས་ལས་རྣམ་རྒྱལ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །མཚན་ཡང་དག་པར་བརྗོད་པའི་ལུང་ཐོབ་པའི་བརྒྱུད་པ་ནི། དུས་འཁོར་འགྲོ་ལུགས་ཀྱི་དབང་གི་བརྒྱུད་པ་དང་མཐུན་ཞིང༌། དུས་འཁོར་ཡོངས་རྫོགས་ཀྱི་མངོན་རྟོགས། ལྷ་དགུ་མའི་མངོན་རྟོགས། བདག་འཇུག དེ་དང་སྦྱོར་བའི་དབང་ཆོག དབང་གོང་མའི་ཆོ་ག་སྦྱིན་སྲེག བསྒོམ་བྱའི་དཀྱིལ་འཁོར་ཕྱི་ནང་ཀུན་གསལ། དུས་འཁོར་གྱི་བཀྲ་ཤིས། རྡོ་རྗེ་ཤུགས་དང་འཇིགས་བྱེད་ཀྱི་ཤན་འབྱེད། བསྟན་རྩིས་རྣམས་ཕྱོགས་ལས་རྣམ་རྒྱལ་བས་མཛད་པ་ཐོབ། གཉིས་པ་རྣལ་འབྱོར་རྒྱུད་ཀྱི་སྐོར་ལ། རྡོ་རྗེ་དབྱིངས་ཀྱི་དབང་བཀའ། སྟོད་སྨད་ཀྱི་ཕྱག་ལེན་རྣམས་གཅིག་ཏུ་དྲིལ་བའི་དབང་རྒྱས་པ་ཐོབ་ནས། རྡོ་རྗེ་འབྱུང་བའི་བཤད་པ་སྟོད་སྨད་ཀྱི་ལེགས་བཤད་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་རྣམ་བཤད་རྒྱས་པ་ཡིད་བཞིན་གྱི་ནོར་བུ་ཐོས་སོ། །དེ་ལ་རྡོ་རྗེ་འབྱུང་བ་སྟོད་ལུགས་ཀྱི་དབང་བཤད་ཀྱི་བརྒྱུད་པ་ནི། སངས་རྒྱས་རྣམ་པར་སྣང་མཛད། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། སྒྲ་གཅན་འཛིན། དཔའ་བོ་རྟ་ཕལ་ཡེ་ཤེས་རྡོ་རྗེ། པྲཛྙཱ་སིདྡྷི་དང་བཞིས། ཀུན་དགའ་སྙིང་པོ་ལ། དེས་པྲཛྙཱ་ཝ་ལི་ཏ། རབ་འབྱོར་བསྐྱངས། དྷརྨ་པཱ་ལ། ལོ་ཆེན་རིན་བཟང༌། མ་ནང་གི་གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གཉལ་པ་ཉི་ཤེ། སྣུབ་ཉི་མ་འོད་ཟེར། རྩ་སྐྱ་སྟོན་གྲགས། སློབ་དཔོན་ཤཱཀྱ་འབུམ། སངས་རྒྱས་འབུམ། བླ་མ་ཆོས་འོད། བླ་མ་འཕགས་འོད། བུ་སྟོན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་ན། སྣུར་ཆེན་པོ། བཛྲ་སིདྷ། གླན་ཆོས་འབྱུང༌། རྩ་སྐྱ་སྟོན་འབུམ། རྩ་སྐྱ་ཁྲི་བརྟན། སྣུར་ཡེ་རྒྱལ། སྣུར་ཆོས་འཕགས་རྒྱལ་མཚན། བླ་མ་འཕགས་འོད་མན་འདྲའོ། །ཡང་སྨད་ལུགས་ཀྱི་དབང་བཤད་ཀྱི་བརྒྱུད་པ་ནི། རབ་འབྱོར་བསྐྱངས་ཡན་ཆད་འདྲ་བ་ལ། སངས་རྒྱས་ཞི་བ། ལོ་ཆེན། ལོ་ཆུང༌། ལྕེ་ཞར། སྐྲུ་སྟོན་འབར་ཐོག གཙང་ཡང་དག་རྡོ་རྗེ། སྨྲ་སེང༌། ལྕེ་མདོ་སེང༌། བླ་མ་ཆོས་འོད། ལྕེ་བློ་ལྡན་སེང་གེ བླ་མ་འཕགས་འོད་མན་འདྲའོ། །ཡང་ལོ་ཆུང་ལས། སུམ་སྟོན་ཡེ་འབར་དང༌། ལྕེ་ཞར་གཉིས་ཀྱིས་གསན། དེ་ནས་སྐྲུ་སྟོན་མན་འདྲ། ཡང་ལོ་ཆེན་ལོ་ཆུང་གཉིས་ཀ་ལས། རྐྱང་པོས་གསན། དེ་ལ་གདོང་སྔོན་གྱི་སྐྲུ་སྟོན་འབར་ཐོག་གིས་གསན། དེ་མན་འདྲའོ། །ཡང་ཟངས་དཀར་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི་ཆེ་བ། བར་པ། ཆུང་བ། ཀླུ་སྒྲུབ། ཀླུ་བྱང༌། ཡེ་ཤེས་རྡོ་རྗེ། ཨོཾ་ཌི་ཡ་ནའི་སྨྲ་བའི་གཙུག་གི་ནོར་བུ། ཀུན་སྙིང༌། རབ་ཞི་བཤེས་གཉེན། པདྨཱ་ཀ་ར། ལོ་ཆེན། ལོ་ཆུང༌། ཟངས་དཀར་ལོཙྪ་བ། ཀློག་སྐྱ། དེ་ལས་སྤྱང་ཚང་སྟོན་རྩེ་དང༌། ཇོ་ཤེ་གཉིས་ཀས་གསན། དེ་གཉིས་ལས་གཙང་ཡང་དག་རྡོ་རྗེས་གསན་ཏེ། དེ་མན་ཆད་འདྲའོ། །ཡང་རྣལ་འབྱོར་རྒྱུད་སྤྱིའི་ཆོས་འབྱུང་ངམ། བཤད་ཐབས་ཀྱི་མན་ངག རྣལ་འབྱོར་རྒྱུད་ཀྱི་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ཐོས། འཇམ་དཔལ་གསང་ལྡན་གྱི་དབང་གི་བརྒྱུད་པ་ནི། འཇམ་དབྱངས། འཇམ་དཔལ་བཤེས་གཉེན། སྒེག་པའི་རྡོ་རྗེ། ཉི་མའི་སྙིང་པོ། སཱུརྻ་སིདྡྷི། ཆོས་ཀྱི་རྡོ་རྗེ། མུ་ཌ་སིདྡྷི། དེ་བེ་ཤྭ་ར། ཤཱནྟི་གརྦྷ། སྨྲྀ་ཏི་ཛྙཱ་ན་ཀཱིརྟི། ཚང་སྡེ་ངག་གི་དབང་ཕྱུག ཁམ་པ་ཤེས་རབ་རྡོ་རྗེ། ཡང་ན། ཤྭནྟི་གརྦྷ། ཉི་མའི་དངོས་གྲུབ། ཀྱི་བྱེ་མ་ལུང་པ། དེ་གཉིས་ཀ་ལས་ཤེར་རྡོར། རྔོག་ཆོས་རྡོར། སྤ་སྦ་བ་ཅན། རྔོག་མདོ་སྡེ། གཙང་སྨྲ་སེང༌། ལྕེ་མདོ་སེང༌། བླ་མ་ཆོས་འོད། འཕགས་འོད། བུ་སྟོན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་ན། རྔོག་པ། རྒྱ་འུ་མ་ཅན། ཤཱཀྱ་སེང་གེ ཁྲི་སྟོན་ཀུན་དགའ་འོད། ཆོས་རིན། ཆོས་སྐུ་བ། ལྕེ་བློ་ལྡན་སེང་གེ སྲས་རྗེ་བཙུན་བསོད་ནམས་དཔལ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །དཀྱིལ་ཆོག་གཞོན་ནུ་བསོད་ནམས་པས་མཛད་པ་ཐོས། ངན་སོང་སྦྱོང་བ་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ས་ལུགས་ཀྱི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། རབ་འབྱོར་སྐྱོང༌། ཀུན་དགའ་སྙིང་པོ། ཤེས་རབ་སྐྱོང༌། ཞི་བ་སྙིང་པོ། དགེ་མཚན་བཤེས་གཉེན། བདེ་བའི་རྡོ་རྗེ། ཤྲདྡྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ། མལ་ལོ། ས་ཆེན། རྗེ་པ། ཆོས་རྗེ་པ། ཚོགས་སྒོམ། ཉན་ཆེན། ཏི་ཤྲཱི་ཀུན་དགའ་བློ་གྲོས། བླ་མ་དམ་པ། བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །མཆན་བུ། ས་བཅད། སྤྱི་དོན་རྣམས་རྗེ་བཙུན་གྱིས་མཛད་པའི་སྟེང་ནས་བཤད་བཀའ་རྫོགས་པའི་ངན་སོང་སྦྱོང་རྒྱུད་ཀྱི་བརྒྱུད་པ་ནི། རྗེ་ས་སྐྱ་ཆེན་པོ་ཡན་ཆད་ཀུན་རིག་གི་དབང་དང་འདྲ་བ་ལ། དེ་ནས་གཉག་སྟོན་དབང་རྒྱལ། རྗེ་བཙུན་ཆེན་པོ། ཆོས་རྗེ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བ་བསོད་ནམས་དཔལ། བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེ་ལ་བདག་གིས་སོ། །ཡང་ན། ཁ་ཆེ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་སེམས་དཔའ། ཨ་ནུ་པ་མ་རཀྵི་ཏ། ཤཱནྟི་པ། ཨ་བྷ་ཡཱ། རྡོ་རྗེ་གདན་པ། བི་ཁྱཱ་ཏ་དེ་བ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། བི་བྷཱུ་ཏི་ཙནྡྲ། གཡག་སྡེ་ལོཙྪ་བ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཆག་ལུགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་ཀུན་རིག སློབ་དཔོན་ཀུན་དགའ་སྙིང་པོ། རབ་འབྱོར་སྐྱོང༌། ཤཱནྟི་པ། རྡོ་རྗེ་གདན་པ། ཨ་བྷ་ཡཱ་ཀ་ར། ཁ་ཆེ་ཛྙཱ་ན་ཤྲཱི། ནི་སྐ་ལངྐ། རྡོ་རྗེ་གདན་པ་ཆུང་བ། རེ་ཝེནྡྲ། ཆག་ལོཙྪ་བ་ཆོས་རྗེ་དཔལ། གཡག་སྡེ་པ་བསོད་ནམས་སེང་གེ པཎྜི་ཏ་རྡོར་ཤེ། ཞང་དཀོན་མཆོག་དཔལ་མན་ཆད་སྔར་དང་འདྲའོ། །ཡང་ན། གཡག་སྡེ་ལོཙྪ་བ་ནས། ལོ་མཆོག བག་སྟོན། ཚུལ་རྒྱལ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །སྨད་ལུགས་ཀྱི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། དེའི་སློབ་མའི་མཆོག་ལྔ་ནི། པད་དཀར་ཡེ་ཤེས། ཡེ་ཤེས་རྡོ་རྗེ། རྒྱལ་བུ་སྒྲ་གཅན་འཛིན་བཟང་པོ། ཉི་མའི་སྙིང་པོ། རྒྱལ་རིགས་ས་ར་ཧ་པའོ། །དེ་ལྔ་ཀའི་སློབ་མ་ཀུན་དགའ་སྙིང་པོ། ཏ་ཐཱ་ག་ཏ་བཛྲ། ཤྲརྡྷ་ཀ་ར་ཝརྨ། ལོཙྪ་བ་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། སུམ་སྟོན་ཡེ་ཤེས་འབར། གཉེན་སྟོན་ཚུལ་ཁྲིམས་འབར། ཐོད་པ་དབེན་ཚ་གྲགས། ཐོད་པ་འོད་ཟེར། སློབ་དཔོན་ཆོས་མགོན། བླ་མ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། པཎྜི་ཏ་རྡོ་རྗེ་ཤེས་རབ། བླ་མ་འཕགས་རྒྱལ། བླ་མ་རིན་ཆེན་དཔལ་བཟང་པོ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །གསུམ་པ་བྱ་སྤྱོད་ཀྱི་སྐོར་ལ། ཚེ་དཔག་མེད་ལྷ་དགུའི་དབང་གི་བརྒྱུད་པ་ནི། ཚེ་དཔག་མེད། སློབ་དཔོན་སྙིང་པོའི་ཞབས། ཛེ་ཏཱ་རི། བྱང་ཆུབ་བཟང་པོ། ཏིང་ངེ་འཛིན་བཟང་པོ། རྡོ་རྗེ་གདན་པ། བ་རི་ལོཙྪ་བ། བླ་མ་ས་སྐྱ་པ་ཆེན་པོ། བླ་ཆེན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ། ཤར་པ་རྡོ་རྗེ་འོད་ཟེར། བླ་མ་བཀྲ་ཤིས་འོད་ཟེར། ཨེ་པ་འཁོན་སྟོན། བླ་མ་འཇམ་དབྱངས་ཆེན་པོ། བྱང་སེམས་རྒྱལ་ཡེ། གྲགས་པ་དཔལ། སྤྲུ་ལུང་པ་ཀུན་སྨོན། བྲག་ཕུག་པ། བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་དེས་བདག་ལའོ། །ཡང་ན་བ་རི་ལོཙྪ་བ། མཆིམས་བརྩོན་འགྲུས་སེང་གེ རྒྱ་ཞང་ཕུག་པ། དབུས་པ་སངས་རྒྱས་འབུམ། བླ་མ་ཆ་གན། གྲགས་པ་དཔལ་མན་འདྲ། ཡང་ན་རྒྱ་ཞང་ཕུག་པ། འཇད་པ་ཤེར་རིན། ཨེ་པ་འཁོན་སྟོན་མན་འདྲ། ཡང་ན་གྲགས་པ་དཔལ། ཆོས་འཕགས་རྒྱལ་མཚན། རིན་ཆེན་སེང་གེ བུ་སྟོན་རིན་པོ་ཆེ། ལོཙྪ་བ་བྱང་ཆུབ་རྩེ་མོ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་དེས་བདག་ལའོ། །གཟུངས་གྲྭ་ལྔའི་དབང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་པ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོཙྪ་བ། ས་ཆེན་ཡབ་སྲས་གསུམ། ཆོས་རྗེ་ཁུ་དབོན་གཉིས། དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་བསོད། དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་དེས་བདག་ལའོ། །ཡང་ན་བ་རི་བ། གཉན་སྟོན་གྲགས། གཉན་རིན་ཆེན་གྲགས། ལྷ་སའི་གནས་བརྟན་ཀུན་སེང༌། དེའི་སྲས་རྟོག་སྟོན་བྱའུ་རྒྱལ། རྒྱལ་ཚ་ལུང་མང་པོ། བླ་མ་ཤེར་སེང༌། འཕགས་འོད། བུ་སྟོན་མན་འདྲ། འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔའི་དབང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། རབ་འབྱོར་སྐྱོང༌། ཀུན་དགའ་སྙིང་པོ། ཤེས་རབ་སྐྱོང༌། ཞི་བ་སྙིང་པོ། དགེ་མཚན་བཤེས་གཉེན། བདེ་བའི་རྡོ་རྗེ། དད་བྱེད་གོ་ཆ། ལོཙྪ་བ་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་གྱོ་བློ་གྲོས་གྲགས། བླ་མ་ས་སྐྱ་པ་ཆེན་པོ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། ཆོས་རྒྱལ་འཕགས་པ། འཇམ་དབྱངས་རིན་རྒྱལ། གྱི་སྟོན་གྲགས་རྒྱལ། བླ་མ་ཤེས་རབ་རྒྱལ་མཚན། མཁན་ཆེན་བྱང་ཆུབ་སེང་གེ ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་གི་བརྒྱུད་པ་ནི། འཇམ་དབྱངས། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོཙྪ་བ། ས་ཆེན་ཡབ་སྲས་གསུམ། ཆོས་རྗེ་ས་སྐྱ་པཎ་ཆེན། རྗེ་བཙུན་རྒྭ་ལོ། སྲས་ཨཱ་ཀ་ར། བྲག་ཁ་བ་གྲགས་པ་སེང་གེ བླ་མ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་དེས་བདག་ལའོ། །འཇམ་དབྱངས་སྨྲ་སེང་གི་རྗེས་གནང་གི་བརྒྱུད་པ་ནི། འཇམ་དབྱངས། ཕ་དམ་པ། ཁ་ཆེ་གུ་ཧྱ་པ། གླན་སྒོམ་ཡབ་སྲས། བླ་མ་འོད་ཤཱཀ སློབ་དཔོན་འོད་ཟེར་མགོན་པོ། སློབ་དཔོན་ཤཱཀ་གཞོན། སྤྱན་སྔ་བ་བཀྲ་རྒྱལ། མཁན་པོ་བཟོད་པ་དཔལ། མཁན་པོ་བསོད་ནམས་འོད་ཟེར། མཁན་ཆེན་ཤེས་རབ་མགོན། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་དེས་བདག་ལའོ། །འཇམ་དབྱངས་དཀར་པོའི་རྗེས་གནང་དང་སྒྲུབ་ཐབས། པཎྜི་ཏ་མ་ཏིས་མཛད་པའི་བརྒྱུད་པ་ནི། འཇམ་དབྱངས། པཎྜི་ཏ་མ་ཏི། པཎ་ཆེན་ཤཱཀྱ་ཤྲཱི། བྱང་ཆུབ་དཔལ། བདེ་བ་དཔལ། སངས་རྒྱས་གཞོན་ནུ། མཁན་པོ་བསོད་ཤེ། མཁན་པོ་ཤེས་རབ་མགོན། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །མི་གཡོ་བ་དཀར་པོའི་རྗེས་གནང་གི་བརྒྱུད་པ་ནི། པཎྜི་ཏ་ཨ་བྷ་ཡཱ་ཀ་ར་གུཔྟ། ཨཱ་ནནྡཱ་ཀ་ར་གུཔྟ། སློབ་དཔོན་ལྷན་ཅིག་སྐྱེས་པ། པཎྜི་ཏ་དཱ་ན་ཤཱི་ལ། ས་སྐྱ་པཎྜི་ཏ། སློབ་དཔོན་འུ་ཡུག་པ། བཅོམ་ལྡན་རལ་གྲི། སློབ་དཔོན་བསོད་ནམས་བཟང་པོ། མཁན་ཆེན་བསོད་ནམས་བཟང་པོ། དར་བཟང་བ། མཁན་པོ་བསོད་ཤེ། མཁན་པོ་ཤེས་རབ་མགོན། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་དེས་བདག་ལའོ། །པཎྜི་ཏ་དཱ་ན་ཤཱི་ལས་མཛད་པའི་སྒྲུབ་ཐབས་ཚིགས་སུ་བཅད་པ། དེའི་གསལ་བྱེད། རྗེས་གནང་གི་ཡི་གེ བསྟོད་པ། ཞལ་གཟིགས་ཚུལ་རྣམས་མཁས་པ་ཡོན་ཏན་ཁྲིས་མཛད་པ་ཞལ་ཤེས་དང་བཅས་པ་ཐོས། དོན་ཞགས་ལྷ་ལྔའི་རྗེས་གནང་གི་བརྒྱུད་པ་ནི། སྤྱན་རས་གཟིགས། ཨེ་ར་པ་ཏི། རིགས་ངན་གྱི་རྣལ་འབྱོར་པ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོཙྪ་བ་རིན་ཆེན་གྲགས། རྗེ་བཙུན་ལྷོ་པ། ཞང་ཉི་ཕུག་པ་ཆོས་གྲགས། དྲང་ཕོ་ལུང་པ་གྲགས་ཚུལ། ཀུ་ར་མཁན་པོ་རྒྱལ་མཚན་མགོན། སློབ་དཔོན་བསོད་ནམས་གྲུབ། དགེ་བཤེས་ཀུན་དགའ་ཚུལ་ཁྲིམས། མཁན་ཆེན་བསོད་ནམས་གྲགས་པ། དོན་ཞགས་པ་སངས་རིན། མཁན་ཆེན་ཤེས་རབ་མགོན། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །དོན་ཡོད་ཞགས་པའི་གཟུངས། ཕར་ཕྱིན་དྲུག་གི་གཟུངས། ལྷན་སྐྱེས་རོལ་པའི་སྒྲུབ་ཐབས་རྣམས་ཐོས། སྒྲོལ་མ་དཀར་མོའི་རྗེས་གནང་གི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། པཎ་ཆེན་ཤཱཀྱ་ཤྲཱི། ལྷོ་བྲག་པ་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། ཀ་བཞི་པ་གྲགས་གཞོན། རིན་པོ་ཆེ་བསོད་ནམས་གྲགས། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ངག་དབང་གྲགས་པའི་སྒྲུབ་ཐབས་འཆི་བསླུའི་མན་ངག་དང་བཅས་པ་ཐོས། གཙུག་ཏོར་རྣམ་རྒྱལ་གྱི་རྗེས་གནང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོཙྪ་བ། ས་སྐྱ་པ་ལྔ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །མི་གཡོ་བ་སྔོན་པོའི་སྒྲུབ་ཐབས། ལས་ཚོགས། ཆུ་བསྲུང་གི་རྗེས་གནང་དང་བཅས་པ་ཐོས་པའི་བརྒྱུད་པའང་དེ་དང་འདྲའོ། །རྣམ་པར་འཇོམས་པ་བ་རི་ལུགས་ཀྱི་རིག་གཏད་ཀྱི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ་ལ་ཨ་ཤོ་ཀ་ཤྲཱི། ཆུང་བ་ཨ་མོ་གྷ་བཛྲ། བ་རི་ལོཙྪ་བ། ས་ཆེན། རྩེ་མོ། རྗེ་བཙུན་པ། ཆོས་རྗེ་པ། འཕགས་པ། བླ་མ་བསོད་ནམས་དབང་ཕྱུག བླ་མ་རིན་ཆེན་དཔལ། བླ་མ་བྱང་ཆུབ་གཞོན་ནུ། མཁན་ཆེན་བྱང་སེང་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །གཙུག་ཏོར་དྲི་མེད་ཀྱི་ཆོས་སྐོར་ལ། མཁན་ཆེན་བོ་བྷི་ས་ཏྭས་མཛད་པའི་མཆོད་རྟེན་བརྒྱ་ལ་སོགས་པ་གདབ་པའི་ཆོ་ག་རྒྱས་པ་ལག་ལེན་གྱི་ཁྲིགས་དང་བཅས་པ་ཐོས་པའི་བརྒྱུད་པ་ནི། ལ་སྟོད་པ་དཔལ་རིན། མཁན་པོ་མཆིམས། མཁན་པོ་ཟེའུ། བླ་མ་གྲགས་ཆེན། བླ་མ་འཕགས་པ། བུ་སྟོན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །དཔལ་རིན་གྱི་གོང་མ་རྣམས་བཙལ་དགོས་སོ། །སྒྲོལ་མའི་བསྟོད་པ་རྣམ་དག་གཙུག་ནོར་གྱི་བརྒྱུད་པ་ནི། འཕགས་མ་སྒྲོལ་མ། ཉི་མ་སྦས་པ། བཻ་རོ་ཙ་ན་རཀྵི་ཏ། ཨུ་རྒྱན་གྱི་མཁའ་འགྲོ་མ། པཎྜི་ཏ་སཱུརྻ་གུ་ཧ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཆོས་རྗེ་པ། ཁང་སྟོན་འོད་ཟེར་རྒྱལ་མཚན། མཁན་ཤག་པ། སང་གཞོན་པ། བསོད་ཤེ་བ། སློབ་དཔོན་ཤཱཀྱ་འབུམ། མཁན་ཆེན་ཤེས་རབ་མགོན། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །སྨེ་བརྩེགས་དུད་ཁའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་བརྒྱུད་པ་ནི། འཇམ་དབྱངས། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོཙྪ་བ། བླ་མ་ས་ཆེན་པ། རྗེ་བཙུན་པ། ཆོས་རྗེ་པ། གྲྭ་ཐང་པ། བླ་མ་ཀུན་བསོད། བླ་མ་བློ་གྲོས་དཔལ། དགེ་བཤེས་སེང་གེ མཁན་པོ་བསོད་ཤེ་བ། མཁན་ཆེན་ཤེས་རབ་མགོན། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །དབྱུ་གུ་མ་སྤུན་གསུམ་གྱི་སྒྲུབ་ཐབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་གདན་པ། བ་རི་བ། ས་ཆེན་པ། རྗེ་བཙུན་པ། ཆོས་རྗེ་པ། བླ་མ་ཁང༌། ཀྱི་སྟོན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་པ། བྱང་སེང་བ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། དེས་བདག་ལའོ། །སྒྲོལ་མ་དཔལ་མོ་གསེར་གྱི་སྙིང་ཐག་ཅན་གྱི་མན་ངག་གི་བརྒྱུད་པ་ནི། སྒྲོལ་མ། གཉན་ལོཙྪ་བ། དཔྱིལ་སྟོན་རྡོ་རྗེ་སྟོབས་ཆེན། ཡོལ་ཐོགས་མེད། བླ་མ་གྲྭ་ཞིག་པ། དབུས་པ་སངས་རྒྱས་འབུམ། བླ་མ་འཕགས་པ། བླ་མ་ཀུན་བསོད། ཁམས་པ་རྡོ་རྗེ་དཔལ། བླ་མ་གྲགས་ཆེན་པ། བླ་མ་འཕགས་འོད། བུ་སྟོན་རིན་ཆེན་གྲུབ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཁྱུང་ཁྲའི་སྒྲུབ་ཐབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྒྱལ་པོ་ཟླ་བ་བཟང་པོ། རྒྱལ་པོ་གྲགས་པ། བླ་མ་དུས་འཁོར་བ་ཆེན་པོ། དུས་འཁོར་བ་ཆུང་བ། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། མལ་ཇོ་ལོཙྪ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པ། འཕགས་པ། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ། བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལའོ། །རྣམ་སྲས་ཀྱི་སྒྲུབ་ཐབས་འགྲོ་བཟང་སྙིང་པོས་མཛད་པ་ལས་ཚོགས་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། འགྲོ་བཟང་སྙིང་པོ། རིན་ཆེན་རྡོ་རྗེ། ཁ་ཆེ་དགོན་པ་བ། ཟངས་དཀར་ལོཙྪ་བ། གཡོར་པོ་ཇོ་སྟོན། གཅུར་བསོད་ནམས་རིན་ཆེན། བླ་མ་འབྱིད་ཕུ་བ། ལྷ་རྗེ་ཇོ་བཟང༌། ཁྲོ་ཕུ་ལོཙྪ་བ་བྱམས་པའི་དཔལ། དགེ་སློང་བྱང་ཆུབ་དཔལ་བཟང་པོ། རིན་པོ་ཆེ་བསོད་ནམས་གྲགས་པ། འདྲེན་མཆོག་ཕྱོགས་ལས་རྣམ་རྒྱལ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །འདིའི་རྗེས་གནང་གི་བརྒྱུད་པ་ནི། ཁྲོ་ཕུ་ལོཙྪ་བ་ཡན་ཆད་འདྲ། དེ་ནས་བླ་མ་འབྲི་ལུང་པ། རིན་པོ་ཆེ་བསོད་ནམས་སེང་གེ ཀ་བཞི་པ་གྲགས་གཞོན། རིན་པོ་ཆེ་བསོད་ནམས་གྲགས་པ། མཁན་ཆེན་བསོད་ནམས་བཟང་པོ། དེ་གཉིས་ཀས་འདྲེན་མཆོག་ཆོས་ཀྱི་རྒྱལ་པོ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལའོ། །འདིའི་ཆོས་སྐོར་ལ། སྒྲུབ་ཐབས་ལོ་རྒྱུས་དང་བཅས་པ། གཡས་ཀྱི་ཕྱག་མཚན་རྒྱལ་མཚན་བརྟེན་ནས་བར་ཆད་བསལ་བ། གཡོན་གྱི་ཕྱག་མཚན་ནེའུ་ལེ་ལ་བརྟེན་ནས་ཟས་ནོར་བསྒྲུབ་པ། ཡང་དག་ཤེས་ཀྱིས་མངོན་ཤེས་དང་དབང་ཕྱུག་བསྒྲུབ་པ། གང་བ་བཟང་པོས་དམག་བཟློག་པ། ནོར་བུ་བཟང་པོས་ནོར་བསྒྲུབ་པ། ཀུ་ཝེ་རས་ཆོམ་རྐུན་བཅིང་པ། ལྔས་རྩེན་གྱིས་ཚེ་སྒྲུབ་པ། ཛམྦྷ་ལའི་བི་ཛཱ་པཱུ་ར་ལ་བརྟེན་ཏེ་སྐྱེ་འགྲོ་དབང་དུ་བསྡུ་བ། ནེའུ་ལེ་ལ་བརྟེན་ཏེ་ཟས་ནོར་བསྒྲུབ་པ། བ་དན་ལ་བརྟེན་ཏེ་དམག་དྲང་པ་དང་བཟློག་པ་གསུམ། འདིའི་སྒོས་ཀྱི་བརྒྱུད་པ་ནི། རྗེ་མི་ཏྲ་མ་སུ་རི་མ། ཨ་རོ་ལ་དྷྱ་ལི། རྗེ་བུདྡྷ་ཤྲཱི། ཁྲོ་ཕུ་ལོཙྪ་བ། དེ་མན་གོང་དང་མཐུན། ཡང་འབྲོག་གནས་ཀྱིས་དགྲ་གསད་པ། ཀུཎྜ་ལིས་ཆུ་འགག་བསྲུང་བ་རྣམས་ཐོས། སྒྲོལ་མ་མཎྜལ་བཞི་པའི་གསོལ་འདེབས་ཆོས་རྗེ་བླ་མས་མཛད་པ་དང༌། ཕྱག་འཚལ་ཉེར་གཅིག་ཡང་ཐོས། སྒྲུབ་ཐབས་ཀུན་ལས་བཏུས་སམ་རྒྱ་མཚོར་གྲགས་པའི་རྗེས་གནང་ལུང་དང་བཅས་པ་རྫོགས་པར་ཐོབ་པའི་སྒྲུབ་ཐབས་ཀྱི་རྣམ་གྲངས་ལ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་སྒྲུབ་ཐབས། པཎྜི་ཏ་ཆེན་པོ་ཀུ་མུ་ཏ་འབྱུང་བའི་བློ་གྲོས་ཞབས་ཀྱིས་མཛད་པ། དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་སྦས་པའི་ཞབས་ཀྱིས་མཛད་པ། དཔལ་རྡོ་རྗེ་གདན་གྱི་མན་ངག་གི་ཆོ་ག དཔལ་རྡོ་རྗེ་གདན་གྱི་སྒྲུབ་ཐབས། ཡི་གེ་དྲུག་པའི་སྒྲུབ་ཐབས་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཟ་མ་ཏོག་བཀོད་པའི་མན་ངག་གི་ཡི་གེ་དྲུག་པའི་སྒྲུབ་ཐབས། དཔལ་ལྡན་འཇིག་རྟེན་མགོན་པོའི་སྒྲུབ་ཐབས། ཡི་གེ་དྲུག་པའི་སྒྲུབ་ཐབས། ཁ་སརྤཱ་ཎི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། སློབ་དཔོན་རྙོག་པ་མེད་པས་མཛད་པ། པོ་ཏ་ལ་ཁ་སརྤཱ་ཎིའི་སྒྲུབ་ཐབས་སློབ་དཔོན་པདྨ་འབྱུང་གནས་བློ་གྲོས་ཞབས་ཀྱིས་མཛད་པ། ཁ་སརྤཱ་ཎིའི་སྒྲུབ་ཐབས་སློབ་དཔོན་བདེ་བྱེད་ཀྱིས་མཛད་པ། དཔལ་ལྡན་མཁའ་སྤྱོད་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཨ་ནུ་པ་མ་རཀྵི་ཏས་ཅུང་ཟད་རྒྱས་པར་མཛད་པ། དཔལ་ལྡན་མཁའ་སྤྱོད་ཀྱི་སྒྲུབ་ཐབས། སེང་གེ་སྒྲའི་སྒྲུབ་ཐབས་པཎྜི་ཏ་ཨ་ཝ་དྷཱུ་ཏི་དཔལ་ལྡན་འཇིགས་མེད་རྡོ་རྗེའི་ཞབས་ཀྱིས་མཛད་པ། འཇིག་རྟེན་མགོན་པོའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། སེང་གེ་སྒྲའི་སྒྲུབ་ཐབས། འཕགས་པ་སེང་གེ་སྒྲའི་སྒྲུབ་ཐབས། དཔལ་ལྡན་སེང་གེ་སྒྲའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ཧ་ལ་ཧ་ལའི་སྒྲུབ་ཐབས། ཧ་ལ་ཧ་ལའི་སྒྲུབ་ཐབས་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་ཆོ་ག་བསྡུས་པ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས་སངས་རྒྱས་ཀྱིས་གསུངས་པ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་སྒྲུབ་ཐབས་སངས་རྒྱས་ཀྱིས་གསུངས་པ། འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ས་ར་ཧའི་ཞབས་ཀྱིས་མཛད་པ། འཇིག་རྟེན་གསུམ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་དམར་པོའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་གི་ལྷག་པར་དབང་དུ་བྱ་བའི་ཆོ་ག འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མགྲིན་པ་སྔོན་པོ་ཅན་གྱི་སྒྲུབ་ཐབས། སྒྱུ་འཕྲུལ་དྲྭ་བའི་རིམ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། པད་མའི་ཕྱག་གི་གཟུངས་ཉེ་བར་སྤྱོད་པ་དང་བཅས་པ། སྲན་མ་མ་ཤའི་ཞལ་གྱི་གཟུངས། འཇིག་རྟེན་དབང་ཕྱུག་དོན་ཡོད་ཞགས་པའི་སྒྲུབ་ཐབས། དཔལ་ལྡན་འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་འཕགས་པ་བྷུ་ག་མའི་སྒྲུབ་ཐབས་སློབ་དཔོན་ཤཱུ་ནྱཱ་ཏ་ས་མ་དྡྷི་བཛྲ་པཱ་དའི་ཞབས་ཀྱིས་མཛད་པ། དཔལ་ལྡན་འཇིག་རྟེན་མགོན་པོའི་སྒྲུབ་ཐབས། བརྟན་པའི་འཁོར་ལོའི་སྒྲུབ་ཐབས་སློབ་དཔོན་བྷ་བ་སྐ་ན་དྷས་མཛད་པ་དང༌། ཚིག་ལྷུག་པའི་བརྟན་པའི་འཁོར་ལོའི་སྒྲུབ་ཐབས། འཇམ་དཔལ་སེང་གེ་སྒྲའི་སྒྲུབ་ཐབས། འཇམ་དཔལ་ངག་གི་རྒྱལ་པོའི་སྒྲུབ་ཐབས་པཎྜི་ཏ་དཔལ་ལྡན་ཡིད་བཞིན་ནོར་བུས་མཛད་པ། དཔལ་ལྡན་ངག་གི་རྒྱལ་པོའི་སྒྲུབ་ཐབས། ངག་གི་རྒྱལ་པོའི་སྒྲུབ་ཐབས། འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས། དཔལ་ལྡན་འཕགས་པ་ངག་གི་རྒྱལ་པོའི་སྒྲུབ་ཐབས། ཨ་ར་པ་ཙ་ནའི་སྒྲུབ་ཐབས་མི་ཕམ་བཤེས་གཉེན་གྱིས་མཛད་པ། ཤེས་རབ་འཕེལ་བའི་གཏེར་ངག་གི་རྒྱལ་པོའི་སྒྲུབ་ཐབས་དཔལ་ལྡན་འཕྲོག་བྱེད་འཇམ་པས་མཛད་པ། ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། རྗེ་བཙུན་འཕགས་པ་འཇམ་དཔལ་བསྒོམ་པའི་མན་ངག ཨ་ར་པ་ཙ་ན་འཕྲལ་དུ་ཉམས་སུ་མྱོང་བའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས། ཡན་ལག་མེད་པའི་སྒྲུབ་ཐབས། ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས། ཆོས་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་སེམས་ཅན་དབང་དུ་བྱེད་པའི་ཏིང་ངེ་འཛིན། ཆོས་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས། ཨ་ར་པ་ཙ་ནའི་སྒྲུབ་ཐབས། ངག་གི་སྒྲུབ་ཐབས། དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། ཆོས་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་ཀྱི་དབང་དུ་བྱ་བའི་ཆོ་ག ངག་གི་སྒྲུབ་ཐབས། འཇམ་དཔལ་རྒྱལ་པོ་ཆེན་པོ་རོལ་པའི་སྒྲུབ་ཐབས། འཇམ་དཔལ་གྱི་སྒྲུབ་ཐབས། འཇམ་དཔལ་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། བུང་བ་མྱོས་པའི་སྒྲུབ་ཐབས། ལྷག་པར་དབང་དུ་བྱེད་པའི་འཇམ་དཔལ་གྱི་སྒྲུབ་ཐབས། འཇམ་དཔལ་གྱི་སྒྲུབ་ཐབས། རིག་པ་འཛིན་པའི་སྡེ་སྣོད་ལས་བསྡུས་པ་འཇམ་དཔལ་གྱི་སྒྲུབ་ཐབས། རིག་པ་འཛིན་པ་སོ་སོ་ནས་བསྡུས་པ་འཇམ་དབྱངས་ཀྱི་སྒྲུབ་ཐབས། ཤེས་རབ་འཕེལ་བའི་ཆོ་ག མཚན་ཡང་དག་པར་བརྗོད་པའི་མན་ངག་ཤེས་རབ་འཁོར་ལོའི་དངོས་གྲུབ་མཆོག་གི་སྒྲུབ་ཐབས། ཆོས་ཀྱི་དྲུང་གི་ཏིང་ངེ་འཛིན་འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། ཡི་གེ་གཅིག་པའི་རབ་ཏུ་སྦྱོར་བའི་སྒྲུབ་ཐབས། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་ཆོ་ག་དང་བཅས་པ་འོད་ཟེར་འབྱུང་གནས་སྦས་པས་མཛད་པ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས། སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་སངས་རྒྱས་ཀྱིས་གསུངས་པ། སྒྲོལ་མ་ཆེན་མོའི་སྒྲུབ་ཐབས། མཆོག་སྦྱིན་སྒྲོལ་མའི་སྒྲུབ་ཐབས། དབང་བྱེད་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་པ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་ཚུལ་མི་འདྲ་བ་གསུམ་ལས། གཅིག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཡང་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་པཎྜི་ཏ་སློབ་དཔོན་ཆོས་འབྱུང་ཞབས་ཀྱིས་མཛད་པ། སྒྲོལ་མ་དུག་སེལ་མའི་སྒྲུབ་ཐབས། སྒྲོལ་མ་ནོར་སྦྱིན་མའི་སྒྲུབ་ཐབས། འོད་དཔག་མེད་ཀྱི་སྙིང་པོའི་རྒྱུད་ལས་འཕགས་མ་སྒྲོལ་མའི་རྟོག་པ་གསུངས་པ། ངན་སོང་ལས་སྒྲོལ་བའི་སྒྲོལ་མའི་སྒྲུབ་ཐབས། ལྷ་མོ་སྒྲོལ་མའི་སྒྲུབ་ཐབས། འཆི་བ་བསླུ་བའི་སྒྲོལ་མའི་སྒྲུབ་ཐབས། སྣ་ཚོགས་ཡུམ་གྱི་སྒྲོལ་མའི་སྒྲུབ་ཐབས། དོན་ཐམས་ཅད་རབ་ཏུ་སྦྱིན་པའི་སྒྲོལ་མའི་སྒྲུབ་ཐབས། དེའི་གཟུངས། ཡང་དུག་སེལ་མའི་སྒྲུབ་ཐབས། དེའི་རིག་སྔགས་སངས་རྒྱས་ཀྱིས་གསུངས་པ། འཕགས་མ་དུག་སེལ་མའི་རྟོག་པ་ངམ་གུ་ལིའི་སྒྲུབ་ཐབས། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་པཎྜི་ཏ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། དེའི་མན་ངག ཡང་སྒྲོལ་མའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་གནས་བརྟན་དཔེ་མེད་ཀྱིས་མཛད་པ། འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲུབ་ཐབས། རྒྱ་ནག་རིམ་པའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས། རྒྱ་ནག་ཆེན་པོའི་རིམ་པའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། འཆི་བ་བསླུ་བའི་སྒྲོལ་མའི་སྒྲུབ་ཐབས། འཆི་བ་བསླུ་བའི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་ངག་གི་དབང་ཕྱུག་གི་སློབ་མ་ཐུ་བོས་མཛད་པ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་ཡིད་བཞིན་ནོར་བུའི་རྒྱལ་པོས་མཛད་པ། སྒྲོལ་མ་དཀར་མོ་ཕྱག་དྲུག་མའི་སྒྲུབ་ཐབས། རལ་གཅིག་མའི་སྒྲུབ་ཐབས་ཆེ་ཆུང་མི་འདྲ་བ་ལྔ་ལས། གཅིག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཙུནྡའི་སྒྲུབ་ཐབས་མི་འདྲ་བ་གསུམ། རྟོག་པ་ལས་བྱུང་བའི་འོད་ཟེར་ཅན་ཕྱག་བཅུ་པའི་སྒྲུབ་ཐབས། ཡང་རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། འོད་ཟེར་ཅན་སེར་མོ་ཕྱག་བརྒྱད་མའི་སྒྲུབ་ཐབས། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་སྒྲུབ་ཐབས། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོའི་སྒྲུབ་ཐབས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་སྒྲུབ་ཐབས། འོད་ཟེར་ཅན་སེར་མོ་ཕྱག་བརྒྱད་མའི་སྒྲུབ་ཐབས། ཨོ་ཌེ་ཡ་ནའི་འོད་ཟེར་ཅན་ཕྱག་བཅུ་གཉིས་མའི་སྒྲུབ་ཐབས། ཨོ་ཌེ་ཡ་ནའི་འོད་ཟེར་ཅན་དམར་མོ་ཕྱག་བཅུ་གཉིས་མའི་སྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། འོད་ཟེར་ཅན་དམར་མོ་ཕྱག་བཅུ་པའི་སྒྲུབ་ཐབས། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་སྒྲུབ་ཐབས། དེའི་ཇག་ཆིངས། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། སློབ་དཔོན་སྙིང་པོའི་ཞབས་ཀྱིས་མཛད་པ། འོད་ཟེར་ཅན་གྱི་སྒྲུབ་ཐབས། འོད་ཟེར་ཅན་པི་ཙུ་པའི་སྒྲུབ་ཐབས། ཡང་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྒྱས་བསྡུས་གཉིས། དེའི་གཟུངས་བཀླག་པའི་མན་ངག རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་མི་འདྲ་བ་གཉིས། ཤེར་ཕྱིན་དཀར་མོའི་སྒྲུབ་ཐབས། རི་ཁྲོད་ལོ་མ་ཅན་གྱི་གཟུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོའི་སྒྲུབ་ཐབས་རྒྱས་བསྡུས་གཉིས། ཤེར་ཕྱིན་དཀར་མོའི་སྒྲུབ་ཐབས་སློབ་དཔོན་དགེ་འདུན་བྱིན་གྱི་བུས་མཛད་པ། ཡང་ཤེར་ཕྱིན་དཀར་མོའི་སྒྲུབ་ཐབས་པཎྜི་ཏ་དཔལ་ལྡན་པདྨ་འཕེལ་གྱིས་མཛད་པ། གསེར་མདོག་ཅན་གྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། ཤེར་ཕྱིན་གྱིས་སྒྲུབ་ཐབས། ཡང་གསེར་མདོག་ཅན་གྱི་ཤེར་ཕྱིན་གྱི་སྒྲུབ་ཐབས། ཤེར་ཕྱིན་གྱི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ། འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། དབྱངས་ཅན་མ་ཆེན་མོའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་མི་འདྲ་བ་གཉིས། རྡོ་རྗེ་པི་ཝང་མ་དབྱངས་ཅན་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་གཤིན་རྗེ་ནག་པོ་ལས་གསུངས་པ། ཡང་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། འཕགས་མ་ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་མི་འདྲ་བ་གཉིས། སྒྲོལ་མའི་རྟོག་པ་ལས་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། སྒྲོལ་མའི་རྟོག་པ་ལས་བྱུང་བའི་རིག་བྱེད་མའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། དེའི་དབང་དུ་བྱེད་པའི་མན་ངག ཡང་རིག་བྱེད་མའི་སྒྲུབ་ཐབས་མི་འདྲ་བ་གཉིས། ཨུ་རྒྱན་ནས་བྱུང་བའི་རིག་བྱེད་མའི་སྒྲུབ་ཐབས། སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པའི་རིག་བྱེད་མའི་སྒྲུབ་ཐབས། ཀྱེའི་རྡོ་རྗེའི་རིམ་པའི་རིག་བྱེད་མའི་སྒྲུབ་ཐབས། ཀྱེ་རྡོར་གྱི་རྒྱུད་ནས་བྱུང་བའི་རིག་བྱེད་མའི་སྒྲུབ་ཐབས། རིག་བྱེད་ཕྱག་དྲུག་མའི་སྒྲུབ་ཐབས་མི་འདྲ་བ་གཉིས། རིག་བྱེད་ཕྱག་བརྒྱད་མའི་སྒྲུབ་ཐབས་ཨིནྡྲ་བྷཱུ་ཏིས་མཛད་པ། ཡང་རིག་བྱེད་མའི་སྒྲུབ་ཐབས། དེའི་མན་ངག་གི་རིམ་པ། རིག་བྱེད་མ་དཀར་མོའི་སྒྲུབ་ཐབས། སློབ་དཔོན་ནག་པོ་པས་མཛད་པའི་རིག་བྱེད་མའི་སྒྲུབ་ཐབས། ཀུ་རུ་ཀུལླེའི་ལས་རབ་ཏུ་རྒྱས་པར་སྦྱོར་བ། རྣམ་རྒྱལ་གྱི་སྒྲུབ་ཐབས། གདུགས་དཀར་གྱི་སྒྲུབ་ཐབས་རྡོ་རྗེ་ཙརྩི་ཀའི་སྒྲུབ་ཐབས། སོ་སོ་འབྲང་མའི་སྒྲུབ་ཐབས་མི་འདྲ་བ་གསུམ། སྟོང་ཆེན་མོ། གསང་སྔགས་རྗེས་འཛིན། རྨ་བྱ་ཆེན་མོ། བསིལ་བའི་ཚལ་ཞེས་བྱ་བའི་སྒྲུབ་ཐབས། ལྷ་མོ་ལྔའི་སྒྲུབ་ཐབས་མདོར་བསྡུས་པ། ཕྱིར་ཟློག་མའི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས། རྡོ་རྗེ་གནྡྷ་རིའི་སྒྲུབ་ཐབས་གཉིས། བསྲུང་བ་ལྔའི་ཆོ་ག རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས་མི་འདྲ་བ་གཉིས། པཎྜི་ཏ་ཆོས་ཀྱི་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། གཙུག་ཏོར་རྣམ་རྒྱལ་གྱི་སྒྲུབ་ཐབས། ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས་མི་འདྲ་བ་གསུམ། དེའི་གཟུངས་ཀྱི་མན་ངག ཕག་མོའི་སྒྲུབ་ཐབས་ཨ་ཝ་དྷཱུ་ཏི་པས་མཛད་པ། ཕག་མོ་ཤེས་རབ་གསལ་བྱེད་མའི་སྒྲུབ་ཐབས། བྱམས་པའི་སྒྲུབ་ཐབས་མི་འདྲ་བ་གཉིས། པཎྜི་ཏ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས། ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་རྒྱས་བསྡུས་གསུམ། སེར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ཙནྡྲ་གོ་མིས་མཛད་པ། སེར་པོ་ལྷ་ཕོ་བརྒྱད་མོ་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས་རྒྱས་བསྡུས་གཉིས། དེ་ལ་ཆུ་རྒྱུན་དུ་དབུལ་བའི་མན་ངག་གི་རིམ་པ་མི་འདྲ་བ་གསུམ། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་རྟ་མགྲིན་གྱི་སྒྲུབ་ཐབས། རྟོག་པ་བདུན་པ་ལས་གསུངས་པའི་རྟ་མགྲིན་གྱི་སྒྲུབ་ཐབས། པཎྜི་ཏ་ཤྲཱརྡྷ་ཀ་རས་མཛད་པའི་རྟ་མགྲིན་གྱི་སྒྲུབ་ཐབས། འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱི་སྒྲུབ་ཐབས། རྡོ་རྗེ་མེ་དང་ཉི་མ་འབར་བའི་སྒྲུབ་ཐབས། རྟ་མཆོག་གི་སྒྲུབ་ཐབས། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། གཤིན་རྗེ་ནག་པོའི་སྒྲུབ་ཐབས་མི་འདྲ་བ་གཉིས། ཡང་དགྲ་ནག་གི་སྒྲུབ་ཐབས། གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས་མི་འདྲ་བ་གཉིས། བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས། སྟོབས་པོ་ཆེའི་སྒྲུབ་ཐབས་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། ཡང་སྟོབས་པོ་ཆེའི་སྒྲུབ་ཐབས། ཧཱུྃ་མཛད་ཀྱི་སྒྲུབ་ཐབས། ཧེ་རུ་ཀའི་སྒྲུབ་ཐབས། ཀྱེའི་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་ཏ་ར་ཤྲཱིས་མཛད་པ། བདག་མེད་མའི་སྒྲུབ་ཐབས་རྒྱས་བསྡུས་གཉིས། འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས། དེའི་ཆོ་ག་དམ་པ་ཐམས་ཅད་འདྲེན་པའི་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛད་པ། ནག་པོ་ཆེན་པོའི་སྒྲུབ་ཐབས། ཡང་ནག་པོ་ཆེན་པོའི་སྒྲུབ་ཐབས་རྣམས་སོ། །ལྷ་འདི་དག་གི་རྗེས་གནང་གི་བརྒྱུད་པ་ནི། ཨ་བྷ་ཡཱ་ཀ་ར། ཤུ་བྷཾ་ཀ་ར་གུཔྟ། པུ་ཙ་ཏི་གུཔྟ། རཏྣ་རཀྵི་ཏ། གོ་ཏཾ་ཤྲཱི། ཀཱིརྟི་པཎྜི་ཏ། ལོཙྪ་བ་གྲགས་རྒྱལ། རྒྱལ་མཚན་རིན་ཆེན། གར་ཐིག་པ་བསོད་རྒྱལ། ཀ་བཅུ་ལ་གཞོན་ནུ་སེང་གེ བླ་མ་མགོན་པོ་འབུམ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །དེའི་ལུང་རྐྱང་གི་བརྒྱུད་པ་ནི། ལོཙྪ་བ་གྲགས་རྒྱལ་ནས། བཅོམ་རལ། འོད་ཆུང་བ། བསམ་གཞོན། རེ་སྟེང་པ་བྱང་དཔལ། བླ་མ་མགོན་པོ་འབུམ་མན་འདྲའོ། །ཡང་སྒྲུབ་ཐབས་བརྒྱ་རྩར་གྲགས་པ་སྒྲུབ་ཐབས་དགུ་བཅུ་གོ་དྲུག་གི་ལུང་དང་བཅས་པ་རྗེས་གནང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་པ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོཙྪ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། བླ་མ་ཚོགས་སྒོམ་པ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། བླ་མ་གཟུངས་ཀྱི་དཔལ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་ཆོས་རྗེ་དེ་ཉིད་ཀྱི་དྲུང་དུ། ལུང་སྣ་ཚོགས་ཞུས་པ་ལ། རྗེ་བཙུན་ཆོས་ཀྱི་རྗེ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའི་བཀའ་འབུམ་གྱི་དཀར་ཆག་ནི། ཀ་པ་ལ། བརྟག་གཉིས་ཀྱི་རྒྱུད་སྡེ་སྤྱིའི་རྣམ་གཞག ས་བཅད། ཊཱི་ཀ རྒྱུད་ཀྱི་ཐོ་ཡིག་ཟེར་བའི་གུར་གྱི་དོན་བསྡུས་གཅིག གླུ་བཤད། རྩ་ཡི་མངོན་རྟོགས། གུར་གྱི་བཤད་པའི་ཆིངས། རྡོ་རྗེ་སྙིང་པོའི་འགྲེལ་པ་སྔ་འགྱུར་གྱི་ཡིག་སྣ་སྒྲུབ་ཐབས་མཚོ་སྐྱེས་ཀྱི་བསྡུས་དོན། ལོ་རྒྱུས། དེའི་ཊཱི་ཀ བདག་མེད་མའི་དབང་གི་ཐོ་ཡིག བདེ་མཆོག་གི་དཀའ་གནད་ཀྱི་ཟིན་བྲིས་གཅིག ཁ་པ་ལ། བདེ་མཆོག་ལེ་འགྲེལ། དེའི་ས་བཅད། དེའི་ཊཱི་ཀ་མུ་ཏིག་གི་ཕྲེང་བ། ནག་པོ་པའི་དཀྱིལ་ཆོག ནག་པོ་པའི་དབང་གི་ཐོ་ཡིག དབང་གོང་མ་གསུམ་གྱི་ཐོ་ཡིག སྦྱིན་སྲེག་གི་ཆོ་གའི་རིམ་པ། གསང་བའི་དེ་ཁོ་ན་ཉིད་གསལ་བའི་འགྲེལ་པ། དེའི་ཚིག་དོན་གཉིས་བསྡུས་པའི་གོ་འབྱེད། ཨོ་ལ་པ་ཏིའི་མན་ངག དེའི་པིན་ཏརྠ། གསང་བའི་དེ་ཁོ་ན་ཉིད་གསལ་བའི་བསྡུས་དོན། ཨོ་ལ་པ་ཏིའི་མངོན་པར་རྟོགས་པའི་བསྡུས་དོན། རོ་སྲེག་གི་ཐོ་ཡིག གསང་བའི་དེ་ཁོ་ན་ཉིད་གསལ་བའི་ཟིན་བྲིས། འཇིགས་བྱེད་རྟོག་བདུན་གྱི་ཊཱི་ཀ ག་པ་ལ། རྡོ་རྗེ་ཕུར་པའི་མངོན་རྟོགས། དེའི་ལས་བྱང༌། སྒྲོལ་མ་ལྷ་བཅུ་བདུན་མའི་དཀྱིལ་ཆོག གཅེས་བསྡུས་ཕྲེང་བ། ཨུཥྜི་ཥའི་སྲུང་འཁོར། བྷ་ཡ་ན་སའི་སྲུང་འཁོར། སྐྱུ་ར་ཨ་སྐྱབས་ལ་ཞུ་ཡིག དེའི་འཕྲོ་ལ་སློབ་དཔོན་ཆེན་པོའི་བཀའ་འབུམ་ལ། རྒྱུད་སྡེ་སྤྱིའི་རྣམ་གཞག་ཆེན་མོ། བརྟག་གཉིས་ཀྱི་ཊཱི་ཀ་རྣམ་བཤད་ཉི་མའི་འོད་ཟེར། ང་པ་ལ། སིམྦུ་ཊའི་ས་བཅད་འགྲེལ་པ། ཅ་པ་ལ། སྒྲུབ་ཐབས་མཚོ་སྐྱེས་ཀྱི་འགྲེལ་པ། ཀྱེའི་རྡོ་རྗེའི་དབང་ཆུ། དཀྱིལ་ཆོག་ནས་གླིང་མ། ཌོམྦྷི་པའི་ལུགས་ཀྱི་དཀྱིལ་ཆོག ཀྱེའི་རྡོ་རྗེའི་མངོན་རྟོགས་རྒྱས་པ་རབ་གནས་བཟང་པོ་དྲུག་རྣམས་བཞུགས། ཆ་པ་ལ། རྡོ་རྗེ་དྲིལ་བུ་པའི་དབང་གི་བྱ་བའི་འགྲེལ་པ། བདེ་མཆོག་གི་མཆོད་ཕྲེང༌། དོན་ཞགས་ལོ་རྒྱུས། དེའི་ས་བཅད། ལྷ་ལྔའི་བསྟོད་པ། མདོའི་རྣམ་བཤད་རིན་ཆེན་ཕྲེང་བ། གཙུག་ཏོར་རྣམ་རྒྱལ་གྱི་རྟོག་པའི་ཊཱི་ཀ ས་བཅད། རྡོ་རྗེ་གདན་པའི་ཆོས་དྲུག མི་གཡོ་བའི་ཆོས་སྐོར། དེའི་རྒྱ་གཞུང༌། རྒྱུད་ནས་ཕྱུང་པའི་བསྟོད་པ། སྤྱོད་འཇུག་གི་ཊཱི་ཀ ཆོས་ལ་འཇུག་པའི་སྒོ། བྱིས་པ་བདེ་བླག་ཏུ་འཇུག་པ་རྣམས་སོ། །ཇ་པ་ལ། རྗེ་བཙུན་ཆེན་པོའི་བཀའ་འབུམ་ལ། རྗེ་ས་སྐྱ་པ་ཆེན་པོའི་རྣམ་ཐར། ལམ་འབྲས་བརྒྱུད་པའི་གསོལ་འདེབས། བླ་མ་བསྟེན་པའི་ཐབས་ཤླཽ་ཀ་ལྔ་བཅུ་པའི་གསལ་བྱེད། བྱིན་རླབས་ཚར་གསུམ་ཁུག་པ། དག་ལྗོན་གཉིས། རྒྱུད་སྡེའི་དུམ་བུ་བརྒྱད་ཅུ་རྩ་གཉིས་རྣམས་སོ། །ཉ་པ་ལ། གུར་གྱི་ས་བཅད། དེའི་རྒྱན། དེའི་ཐིག་ཆོག མངོན་པར་རྟོགས་པ་འབྲིང་པོ་ཡན་ལག་དྲུག་པ། དཔའ་བོ་གཅིག་པའི་མངོན་རྟོགས། ཀྱེའི་རྡོ་རྗེའི་བསྟོད་པ་རྒྱུན་ཆགས། ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་བཀྲ་ཤིས། དེའི་ལས་བཞིའི་སྦྱིན་སྲེག བདག་མེད་མའི་མངོན་པར་རྟོགས་པ། གང་དྲིན་མའི་བསྟོད་པ། ལམ་འབྲས་བརྒྱུད་པའི་གསོལ་འདེབས་ཐུང་ངུ་གཅིག ལྷ་མོ་བཅོ་ལྔའི་བསྟོད་པ། དེའི་བསྡུས་དོན། དགའ་སྟོན་རྡོ་རྗེ་གྲགས་ལ་སྤྲིངས་པ། རྒྱུད་སྡེ་བཞིའི་དཀར་ཆག་རགས་པ་ལ་སོགས་པ། ཧེ་རུ་ཀའི་བྱུང་ཚུལ། ལཱུ་ཧི་པའི་མངོན་རྟོགས་རྒྱས་འབྲིང་བསྡུས་གསུམ་དུ་ཕྱེ་བ། ནག་པོ་གཞུང་དྲུག་གི་ས་བཅད། ནག་པོ་དཀྱིལ་ཆོག་གི་ཡིག་སྣ། ནག་པོ་པའི་དཀྱིལ་ཆོག ཏ་པ་ལ། སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་ལོ་རྒྱུས། དྲིལ་བུ་པའི་མངོན་རྟོགས། རིམ་ལྔའི་གསལ་བྱེད། ཚེས་བཅུ་ལ་སོགས་པའི་དུས་ཀྱི་མཆོད་པའི་ཡིག་སྣ། ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས། སྔགས་ཀྱི་དེ་ཉིད་སྒྲུབ་པའི་དོན་གསལ་བ། ཕག་མོ་ལས་བཅུ་སྟེ། མི་དབང་ཆོས་གསུམ་དུ་གྲགས་པ། མེ་ཏྲི་མཁའ་སྤྱོད་ཀྱི་སྒྲུབ་ཐབས། འབུམ་ཕྲག་གསུམ་པ་ལས་ཕྱུང་བའི་སྒྱུ་འཕྲུལ་དྲྭ་བ་ཆེན་མོ་རལ་པ་གྱེན་དུ་བརྫེས་པའི་རྒྱུད་ལས་བྱུང་བ་བཙུན་པ་དར་མ་ཡོན་ཏན་གྱིས་བསྒྱུར་བ། ཡང་དེའི་སྒྲུབ་ཐབས་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། རྗེས་གནང་གི་ཆོ་ག་སློབ་དཔོན་རྒྱལ་བའི་སྡེས་མཛད་པ། ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས། བསྐྱེད་པའི་རིམ་པའི་ཆ་བཟླས་བསྒོམ་གཉིས་ལ་བརྟེན་ནས་མཁའ་སྤྱོད་ཀྱི་དངོས་གྲུབ་སྒྲུབ་ཐབས། བྱིན་རླབས་ཀྱི་ཡི་གེ ཚེས་བཅུའི་མཆོད་པ། སྦྱིན་སྲེག མར་མེའི་སྦྱིན་སྲེག རྩ་དབུ་མའི་མན་ངག ལམ་གྱི་ཡན་ལག་པྲ་སེན་དབབ་པ། གནོད་སྦྱིན་མོ་སྒྲུབ་ཐབས། ཚངས་པའི་བུ་མོ་སྒྲུབ་ཐབས། པདྨ་པ་ཏིའི་མན་ངག ཁོལ་པོ་པ་ཏིའི་མན་ངག སྨན་ཆེན་པོའི་བཅུད་ལེན། ངེས་བརྗོད་བླ་མའི་འཁྲུལ་འཁོར་བསྒོམ་པ་དང༌། བྲིས་ཏེ་བཅངས་པས་ལས་དུ་མ་འགྲུབ་པ་སྒྲུབ་པའི་ཐབས། ཚོགས་བདག་དམར་པོའི་སྒྲུབ་ཐབས། སྦྱིན་སྲེག་ཞལ་གདམས་དང་བཅས་པ། མཁའ་འགྲོ་མ་ཀུན་སྤྱོད་ཀྱི་ཡིག་སྣ། ཕུར་པའི་སྒྲུབ་ཐབས་ཚིགས་བཅད་མ། ཕུར་པའི་ཐོ་ཡིག རྒྱུན་གྱི་མན་ངག་ལ་སོགས་པ་ལས་ཁ་ཚར་བ་འགའ། དགྲ་ནག་གི་སྒྲུབ་ཐབས། འཇིགས་བྱེད་ཀྱི་བསྟོད་པ་གཉིས། སྒྲོལ་མ་ཞི་ཁྲོའི་བསྟོད་པ་འདོན་ཐབས། རྗེ་བཙུན་མའི་ལས་ཁ་ཚར་བ། མཎྜལ་ཕུལ་བའི་མན་ངག་བསྡུས་པ། ཕྱག་འཚལ་ཉེར་གཅིག་གི་བསྡུས་དོན། དེའི་རྣམ་བཤད་གསལ་བའི་འོད་ཟེར། ཕྱག་འཚལ་ཉེར་གཅིག་གི་ལས་ཚོགས་ཉི་མ་སྦས་པས་མཛད་པའི་བསྡུས་དོན་སྒྲོལ་མ་སྤྱི་དང་སོ་སོའི་མངོན་པར་རྟོགས་པ་དང༌། བསྟོད་པ་འདོན་ཐབས་ཀྱི་བརྗེད་བྱང༌། ཕྱག་འཚལ་ཉེར་གཅིག་གི་ལས་ཚོགས་ཀྱི་འགྲེལ་པ། རྡོ་རྗེ་སྒྲོལ་མའི་མན་ངག མཆིམས་ཆོས་སེང་ལ་སྤྲིངས་ཡིག སྒྲོལ་མའི་སྒྲུབ་ཐབས། ཡན་ལག་དྲུག་པ། མཎྜལ་བཞི་པའི་གསོལ་འདེབས། བླ་མ་རྗེ་བཙུན་པའི་རྣམ་ཐར་མནལ་ལམ་མ། ཧེ་རུ་ཀའི་ཆས་དྲུག ནང་གི་ལྷུང་བཟེད་བརྟག་པ། རྩ་ལྟུང་གི་རྒྱ་ཆེར་བཤད་པ་འཁྲུལ་པ་སྤོང་བ། ཐ་པ་ལ། ངན་སོང་སྦྱོང་རྒྱུད་ཀྱི་སྤྱི་དོན། དེའི་ས་བཅད། རྡོ་རྗེ་འབྱུང་བའི་ཡིག་སྣ། ཀུན་རིག་གི་ཆོ་ག་གཞན་ཕན་འོད་ཟེར། རབ་གནས་དོན་གསལ། གཞན་ཕན་ཉེར་མཁོ། ཨརྒའི་ཆོ་ག རོ་སྲེག་སྟེ་སྡིག་པ་སྦྱོང་བ། ཀུན་རིག་ནས་འབྱུང་བའི་ཕྱག་ལེན། ཀུན་རིག་གི་ཞི་བའི་སྦྱིན་སྲེག བྱ་སྤྱོད་རིགས་གསུམ་སྤྱིའི་རིག་གཏད་ཀྱི་ཆོ་ག དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་ཊཱི་ཀ་མན་ངག་དོན་གསལ། ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས་དང་དཀྱིལ་ཆོག དོན་ཡོད་ཞགས་པའི་རྟོག་པ་ལག་ཏུ་བླང་བའི་རིམ་པ། དེའི་མཎྜལ་བྱ་ཐབས། དོན་ཞགས་ལྷ་ལྔའི་བསྟོད་པ། དེའི་སྲུང་འཁོར། ལག་ན་རྡོ་རྗེའི་དོན་ཀུན་འགྲུབ་པའི་གཟུངས་ཀྱི་ལག་ཏུ་བླང་བའི་རིམ་པ། ད་པ་ལ། རྣམ་འཇོམས་ཀྱི་རྒྱུད་ཀྱི་གསལ་བྱེད་འོད་ཟེར་ཅན་རྒྱུད་ཀྱི་ས་བཅད། དཔུང་བཟང་གི་མདོ་འགྲེལ། ནམ་མཁའ་ལྡིང་གི་མངོན་རྟོགས། སྒྲུབ་ཐབས་བརྒྱ་རྩའི་ཊཱི་ཀ ཁ་འབར་མའི་རྒྱུད་ཀྱི་དགོངས་པ། དོན་ལྔའི་ལག་ཏུ་བླང་བའི་རིམ་པ། ཚོམ་བུ་བཅོ་ལྔ་པ། གཏོར་མ་བརྒྱ་རྩ་བྱང་སེམས་ཟླ་བ་རྒྱལ་མཚན་གྱི་རྗེས་སུ་འབྲང་བ། མང་པོས་བཀུར་བའི་རྒྱལ་རབས། སྡེ་པའི་གྱེས་མདོ། འཁོན་གྱི་གདུང་རབས་བསྡུས་པ། དུས་ཚོད་ངེས་པར་གཟུང་བའི་ཡི་གེ འགྲུབ་སྦྱོར། ག་རིང་རྒྱལ་པོ་ལ་བསྐུར་བའི་ཡི་གེ སྡོམ་པ་ཉི་ཤུ་པའི་རྣམ་བཤད། ལས་དང་པོ་པས་ཉམས་སུ་བླང་བའི་རིམ་པ་རིན་ཆེན་ཕྲེང་བ། ཉམས་དབྱངས་ཆེན་མོ། སྤྱོད་འཇུག་གི་བསྡུས་དོན། སྨན་དཔྱད་རྒྱལ་པོའི་དཀོར་མཛོད། ན་པ་ལ། གསུང་ངག་རིན་པོ་ཆེའི་སྐོར་བཞུགས། འདི་རྣམས་ཀྱི་ལུང་དང༌། གླེགས་བམ་དང་པོ་ན་ཕྱོགས་གཅིག་ཏུ་བསྡེབས་པ་མ་བྱུང་བ་ལ། དུས་ཕྱིས་བླ་མ་དཔལ་ལྡན་སེང་གེའི་ཐུགས་དགོངས་རྫོགས་པའི་ཕྱིར་དུ། ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས། མཁན་པོ་ཤེས་རབ་རྡོ་རྗེ་དང༌། དབུས་པ་རིན་རྒྱལ་གཉིས་ཕྱོགས་བཅུར་བཏང་སྟེ། ལུང་སུ་ཡོད་ལ་ཞུས་ཤིང་དཔེ་རྣམས་ཀྱང་ཕྱོགས་གཅིག་ཏུ་བསྡེབས་པས་ན་ལུང་ཐམས་ཅད་ཕྱོགས་གཅིག་བརྒྱུད་པ་ནི་མེད་མོད། འོན་ཀྱང་མཁན་ཆེན་ཤེར་རྡོར་བས་བླ་མ་སོ་སོ་ལས་གསན། དེས་མཁན་ཆེན་རྒྱལ་བ་བཟང་པོ་ལ། དེས་མཁན་ཆེན་བྱང་ཆུབ་སེང་གེ ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལའོ། །དེ་ལས་ལམ་འབྲས་སོགས་ལམ་སྐོར་དགུ། ལམ་གཅེས་བསྡུས་དང་བཅས་པའི་བརྒྱུད་པ་ནི། ས་ཆེན་པ། བསོད་ནམས་རྩེ། རྗེ་བཙུན་པ། ཆོས་རྗེ་པ། འཕགས་པ། དགའ་ལྡན་པ་ཀུན་བསོད། དཔལ་ལྡན་སེང་གེ ཆོས་རྗེ་བསོད་ནམས་རྒྱལ་མཚན། དེས་ཤེར་རྡོར་ལའོ། །ཡང་ན་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་ལའོ། །ཡང་ན་ཆོས་རྗེ་ས་སྐྱ་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་པ། བྲག་ཕུག་པ། དཔལ་ལྡན་སེང་གེ དེ་གཉིས་ལས་ཆོས་རྗེ་བསོད་ནམས་རྒྱལ་མཚན་པས་གསན་ནོ། །རྒྱུད་སྡེ་སྤྱིའི་སྟོང་ཐུན། དག་ལྡན། མངོན་རྟོགས་ལྗོན་ཤིང༌། གུར་གྱི་ས་བཅད། གུར་རྒྱན་རྣམས་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཆོས་རྗེ་པ། ཞང་མདོ་སྡེ་དཔལ། འཇམ་སྐྱ། དཔལ་ལྡན་སེང་གེ ཆོས་རྗེ་བླ་མ་དམ་པ། ཤེར་རྡོར། ནག་པོ་པོའི་དཀྱིལ་ཆོག དེའི་ཊཱི་ཀ ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས། མེ་ཏྲི་མཁའ་སྤྱོད་ཀྱི་སྒྲུབ་ཐབས། རྫོགས་རིམ་རྩ་དབུ་མ། ལམ་གྱི་ཡན་ལག་པྲ་ཕབ་པ། གནོད་སྦྱིན་མོའི་སྒྲུབ་ཐབས། ཚངས་པའི་བུ་མོའི་སྒྲུབ་ཐབས། པདྨ་པ་ཏིའི་མན་ངག ཁོལ་པོ་པ་ཏིའི་མན་ངག སྨན་ཆེན་པོའི་བཅུད་ལེན། མེ་ཏྲི་མཁའ་སྤྱོད་ཀྱི་རྗེས་གནང་རྣམས་བྲག་ཕུག་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་པ། ཤེར་རྡོར་རོ། །སྒྲོལ་མ་སྤྱི་སྒྲུབ། སོ་སོའི་སྒྲུབ་ཐབས། བསྟོད་པ་འདོན་ཐབས། ཉི་མ་སྦས་པས་མཛད་པའི་ཕྱག་འཚལ་ཉེར་གཅིག་གི་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་ཊཱི་ཀ ས་ཆེན་གྱིས་མཛད་པའི་ལྷ་བཅུ་བདུན་མའི་དཀྱིལ་ཆོག་རྣམས། རིན་པོ་ཆེ་བསོད་ནམས་གྲགས་པ། ཆོས་རྗེ་བསོད་ནམས་པ། ཤེར་རྡོར་རོ། །སྒྲོལ་མའི་བསྟོད་སྒྲུབ་གཉིས་ཀྱི་བརྒྱུད་པ་ནི། ཉི་སྦས། ཏཻ་ལོ། ནཱ་རོ། ནག་པོ་པ། གུ་རུབ་ལོཙྪ་བ། རོང་པ། བྲང་ཏི་དར་མ་སྙིང་པོ། བླ་མ་ས་ཆེན། མཆིམས་ཁུ་དབོན་གཉིས། བླ་མ་འཇམ་གསར། ལྕེ་མདོ་སེང༌། བླ་མ་རྒྭ་ལོ། རོང་པ་ཤེར་སེང༌། རིན་པོ་ཆེ་བསོད་ནམས་གྲགས་པ་མན་ཆད་གོང་དང་འདྲ། དཀྱིལ་ཆོག་གི་བརྒྱུད་པ་ནི། སྒྲོལ་མ། ཀླུ་སྒྲུབ། ཉི་མ་སྦས་པ། དྷ་ན་ཤྲཱི། མཉྫུ་ཤྲཱི། མལ་ལོཙྪ་བ། ས་ཆེན་པ། མཆིམས་ཆོས་སེང༌། མཆིམས་བློ་བརྟན། བླ་མ་འཇམ་གསར། སྲིའུ། རྗེ་བཙུན་རྒྭ་ལོ། ཤེར་སེང༌། རིན་པོ་ཆེ་བསོད་ནམས་གྲགས་པ་མན་ཆད་སྔར་དང་འདྲ། སྒྲོལ་མ་མཎྜལ་བཞི་མའི་བརྒྱུད་པ་ནི། མཁན་པོ་ཤེས་རབ་རྒྱལ་མཚན་གྲུབ་པ་དཔལ་བཟང་པོ། བླ་མ་བཟང་པོ་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་མན་གོང་དང་འདྲ། རྣམ་འཇོམས་བྱབ་སྲུང་དང་བཅས་པ། དཔལ་ལྡན་པ། ཆོས་རྗེ་བསོད་ནམས་པ་མན་འདྲའོ། །དཀར་མོ་ཉི་ཟླ་ནི། འགྲོ་མགོན་འཕགས་པ། ཀུན་བསོད། བླ་ཆེན་ཀུན་བློ། ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་མན་འདྲའོ། །ས་ཆེན་པའི་རྒྱུད་སྡེ་སྤྱིའི་རྣམ་གཞག བརྟག་གཉིས་ཀྱི་ས་བཅད། ཊཱི་ཀ བདེ་མཆོག་རྩ་རྒྱུད་ཀྱི་ལེ་འགྲེལ། ས་བཅད། མལ་ལོའི་གསུང་ལ་ཟིན་བྲིས་བྱས་པའི་ཊཱི་ཀ་ཆེ་བ། འཇིགས་བྱེད་རྟོག་བདུན་གྱི་ཊཱི་ཀ་ཆེ་བ་རྣམས་བླ་མ་ས་ཆེན། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་རིན་རྒྱལ། བླ་མ་ཡེ་ཤེས་དཔལ། ཤེར་རྡོར་རོ། །རྗེ་བཙུན་རྩེ་མོའི་སཾ་བུ་ཊིའི་ཊཱི་ཀ རྗེ་བཙུན་པའི་རབ་གནས་དོན་གསལ། ཧེ་རུ་ཀའི་ཆས་དྲུག གཏོར་མ་བརྒྱ་རྩ་རྣམས་བསོད་རྣམས་རྩེ་མོ། རྗེ་བཙུན་པ། པཎ་ཆེན་པ། ཞང་མདོ་སྡེ་དཔལ། འཇམ་སྐྱ། དཔལ་ལྡན་པ། ཤེར་རྡོར་རོ། །སྒྲོལ་མ་ཞི་ཁྲོའི་ཐུགས་སྒྲུབ་ཐབས་ནི། རྗེ་བཙུན་པ། པཎ་ཆེན་པ། ཤར་པ་ཤེར་འབྱུང༌། ཡེ་ཤེས་འབྱུང་གནས་རྒྱལ་མཚན། དཀོན་མཆོག་འབྱུང་གནས། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། སེང་གེ་རྒྱལ་མཚན། ཤེར་རྡོར་རོ། །རྗེ་བཙུན་རྩེ་མོའི་མི་གཡོ་བའི་ཆུ་བསྲུང་ནི། རྗེ་བཙུན་སྐུ་མཆེད། ཆོས་རྗེ་པ། མདོ་སྡེ་དཔལ། ལོ་མཆོག བག་སྟོན། ཤེར་རྡོར་རོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་ནི། རྗེ་བཙུན་པ། ཆོས་རྗེ་པ། འོ་ཡུག་པ་བསོད་སེང༌། སྤྲུ་ལུང་པ་ཀུན་སྨོན། ལ་རུ་པ་ཡོན་ཏན་དཔལ། དགའ་ལྡན་པ་ཀུན་བསོད། བག་སྟོན་ཤེར་རྡོར་རོ། །གཉན་གྱི་སྒྲོལ་མ་ཡན་ལག་དྲུག་པ་ནི། རྗེ་བཙུན་ཆེན་པོ། པཎ་ཆེན་པ། ཤར་པ་སྐུ་མཆེད། འཇམ་དབྱངས་ཆེན་པོ། བག་སྟོན་མན་འདྲའོ། །བདུད་རྒྱལ་ཐོད་ཕྲེང་གི་གཏོར་ཆོག་ནི། ཆོས་རྗེ་ཁུ་དབོན། འོད་ལྡན་དཔལ། འཇམ་རྟོག གཞོན་ཚུལ་མན་འདྲའོ། དུར་ཁྲོད་བདག་པོའི་སྒྲུབ་ཐབས་ནི། བྱང་ཆེན་པ། བག་སྟོན་མན་འདྲའོ། །མ་རྒྱུད་ཀྱེའི་རྡོ་རྗེའི་སྦྱོར་དྲུག་ཡང་གཞོན་ཚུལ་མན་ཆད་གསུམ་མོ། །རྡོ་རྗེ་འབྱུང་བའི་ཊཱི་ཀ་ནི། རྗེ་བཙུན་པ། ཆོས་རྗེ་ཁུ་དབོན། སྤྲུ་ལུང་པ་ཀུན་སྨོན། ཞང་དཀོན་མཆོག་དཔལ། སློབ་དཔོན་རིན་ཆེན་དཔལ། བླ་མ་རྒྱལ་བ་དཔལ། བླ་མ་ཐོགས་མེད་པ། ཤེར་རྡོར་རོ། །དོན་ཞགས་ཀྱི་ལོ་རྒྱུས། ས་བཅད། རྒྱུད་ཆུང་ཊཱི་ཀ ལག་ཏུ་བླང་བའི་རིམ་པ་རྣམས་རྗེ་བཙུན་པ། ཆོས་རྗེ་པཎ་ཆེན་པ། གཙང་པོ་ཞོ་ར་བ། ལ་རུ་པ། གྲགས་ཆེན་པ། འཕགས་འོད། བུ་སྟོན་རིན་པོ་ཆེ། མཁན་ཆེན་དྭང་མ་བ། ཤེར་རྡོར་རོ། །དྲིལ་བུ་པའི་དབང་ཆུ། སྒྲུབ་ཐབས་གཉིས། པཎ་ཆེན་པ་ཡན་གཞན་དང་འདྲ་ཞིང༌། དེས་བོ་དོང་རིན་པོ་ཆེ། ཁྲོ་ཕུ་རིན་པོ་ཆེ། ཡང་རྩེ་བ་རིན་ཆེན་སེང་གེ ཀུན་མཁྱེན་རིན་ཆེན་གྲུབ། རིན་པོ་ཆེ་བསོད་ནམས་གྲགས་པ་མན་སྔར་བཞིན་ནོ། །སྡོམ་པ་ཉི་ཤུ་པའི་ཊཱི་ཀ མཚན་བརྗོད་འདོན་ཐབས་རྣམས། ཀ་བཞི་གྲགས་གཞོན། རིན་པོ་ཆེ་བསོད་ནམས་གྲགས་པ། མཁན་ཆེན་གཞོན་ནུ་མགོན། ཤེར་རྡོར་རོ། །ཀྱེའི་རྡོ་རྗེའི་དབང་ཆུ་ཆེན་མོ། དབང་ཆོག་ནས་གླིང་མ། ཆོས་ལ་འཇུག་པའི་སྒོ། བྱིས་པ་བདེ་བླག་ཏུ་འཇུག་པ། མངོན་རྟོགས་ཡན་ལག་དྲུག་པ། བདག་མེད་མངོན་རྟོགས། ལཱུ་ཧི་པའི་མངོན་རྟོགས་གསུམ། ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས། སྔགས་ཀྱི་བྱིན་རླབས། ལས་བཅུ། མཆིམས་ཆོས་སེང་ལ་སྤྲིངས་ཡིག གཞན་ཕན་ཉེར་མཁོ། ཨརྒའི་ཆོ་ག ཁ་འབར་མའི་གཏོར་ཆེན་རྣམས་པཎྜི་ཏ། འཕགས་པ། འཇམ་རྒྱལ། བླ་མ་ཨ་མོ་གྷ། ཤེར་རྡོར་རོ། །དྲིལ་བུ་པའི་ལོ་རྒྱུས། རིམ་ལྔ། ཚེས་བཅུའི་མཆོད་པ། ངེས་བརྗོད་བླ་མའི་འཁྲུལ་འཁོར་བྲི་ཐབས་རྣམས། སྟེང་ལོ། སློབ་དཔོན་ཨ་མོ་གྷ། ཤེར་རྡོར་རོ། །སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་ས་བཅད། ཊཱི་ཀ ཉི་མ་སྦས་པའི་ཉེར་གཅིག་མའི་ལས་ཚོགས་དང་བཅས་པའི་ས་བཅད་རྣམས། བླ་མ་ཐུབ་པ་མགོན། ཨ་མོ་གྷ། ཤེར་རྡོར་རོ། །རིགས་གསུམ་སྤྱིའི་རིག་གཏད་ཨ་ར་པ་ཙ་ནའི་མངོན་རྟོགས། དཀྱིལ་ཆོག་རྣམས་ཀྱང་གོང་དང་འདྲའོ། །དཔའ་བོ་གྲུབ་པའི་རྒྱུད་ཀྱི་ཊཱི་ཀ་ནི། ཆོས་རྗེ་པ། ཤོང་པ་བསོད་རིན། སློབ་དཔོན་གཟུངས་ལུས། རིན་པོ་ཆེ་བསོད་ནམས་འབྱུང་བ། ཤེར་རྡོར་རོ། །བརྟག་གཉིས་ཀྱི་ཊཱི་ཀ་རྣམ་བཤད་ཉི་མའི་འོད་ཟེར། ཆོས་རྗེ་ཁུ་དབོན། དེ་གཉིས་ཀ་ལས་ཤོང་པ་བསོད་རིན། སྲས་ཀུན་རིན། ཤེར་རྡོར་རོ། །རབ་གནས་བཟང་པོ་དྲུག དུས་ཐ་མའི་ཆོ་ག བསྟོད་པ་དཎྜ་ཀ ཀྱེ་རྡོར་དཀྱིལ་འཁོར་གྱི་བཀྲ་ཤིས་རྣམས། འཕགས་པ་རིན་པོ་ཆེ། ཅོག་རོ་སྟོན་གཞོན། ཆོས་བརྩོན། སངས་རྒྱས་རིན་ཆེན། ཤེར་རྡོར་རོ། །འདོད་རྒྱལ་དམར་པོའི་སྒྲུབ་ཐབས། རྡོ་རྗེ་མྱུ་གུས་མཛད་པའི་ཊཱི་ཀ ས་ཆེན། རྗེ་བཙུན་པ། པཎ་ཆེན། ཁམ་པ་དབོན་པོ། རྗེ་བཙུན་རྒྭ་ལོ། ཨཱ་ཀ་ར། སངས་རྒྱས་རིན་ཆེན། ཤེར་རྡོར་རོ། །ཚོགས་བདག་གི་སྒྲུབ་ཐབས་ཆེ་ཆུང༌། རྗེ་བཙུན་པ། པཎ་ཆེན་པ། སྐྱོབ་པ་དཔལ། གཞོན་ནུ་བཀྲ་ཤིས། རྡོ་རྗེ་དཔལ། གུ་རུ་ཤེར་རིན། སངས་རྒྱས་རིན་ཆེན་མན་འདྲའོ། །ཀྱེའི་རྡོ་རྗེའི་མངོན་རྟོགས་རྒྱས་པ། ཆོས་རྗེ་བསོད་རྒྱལ། ཤེར་རྡོར་རོ། །གླུའི་བཤད་པ་ལ་སོགས་པ་ཊཱི་ཀ་མངོན་རྟོགས། བསྟོད་པ་ལ་སོགས་པ་དྲུག་ཅུ་རྩ་དགུའི་བརྒྱུད་པ། ས་ཆེན་པ་ཡབ་སྲས་གསུམ། ཆོས་རྗེ་པཎ་ཆེན་པ། དམར་ཆོས་རྒྱལ། གཞོན་ནུ་རྒྱལ་མཚན། ཀ་བཅུ་པ་གཞོན་ནུ་སེང་གེ ཤེར་རྡོར་རོ། །གཉེན་གྱི་སྒྲོལ་མ་ཡན་ལག་དྲུག་པའི་བརྒྱུད་ལུགས་གཅིག་ནི། ཀླུ་སྒྲུབ་ནས། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོཙྪ་བ། གནམ་ཁའུ་པ། རྗེ་ས་ཆེན། རྗེ་བཙུན་པ། ཆོས་རྗེ་པ། བྱང་ཆུབ་དཔལ། བདེ་བ་དཔལ། ཀ་བཞི་པ་གྲགས་པ་གཞོན་ནུ། རིན་པོ་ཆེ་བསོད་ནམས་གྲགས་པ། རིན་པོ་ཆེ་གྲགས་ཚུལ་བ། ཤེར་རྡོར། མཁན་ཆེན་རྒྱལ་བཟང་བ། མཁན་ཆེན་བྱང་སེང་པ། ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ། དེ་ལ་བདག་གིས་རྫོགས་པར་ཞུས་ཤིང༌། གསུང་ངག་རིན་པོ་ཆེའི་སྐོར་རྣམས་ཉམས་ཁྲིད་མ་གཏོགས་བཀླག་ལུང་བྱེད་པའི་སྲོལ་མེད་དོ།།  །།མཁྱེན་རབ་ཀྱི་དབང་ཕྱུག་ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོའི་བཀའ་འབུམ་གྱི་དཀར་ཆག་ནི། ཀ་པ་ལ། ལེགས་བཤད། རོལ་མོའི་བསྟན་བཅོས། བློ་གསལ་ཞིང་དོན་དུ་གཉེར་བའི་སྐྱེ་བོ་རྣམས་ལ་ཇི་ལྟར་དྲི་བའི་ཚུལ་རྩོམ་འཕྲོ་ལ་བཞག་པ། མཁས་པ་འཇུག་པའི་སྒོ། སྒྲ་ལ་འཇུག་པ་ཞེས་བྱ་བའི་རྣམ་པར་བཤད་པ། སྨྲ་སྒོའི་གནད་ཀྱི་གནས་བསྡུས་པ། བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད་བྱིས་པ་ལ་ཕན་པ་ཡི་གེའི་སྦྱོར་བ། སྒྲ་ཉེ་བར་བསྡུ་བའི་ཚིགས་སུ་བཅད་པ་ཚིག་གི་གཏེར། སྡེབ་སྦྱོར་སྣ་ཚོགས་ཀྱི་མེ་ཏོག་གི་ཆུན་པོ། བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ། རྗེ་བཙུན་ཆེན་པོའི་རྣམ་ཐར་ཐུན་མོང་དུ་གྲགས་པ། ང་བརྒྱད་མ་རྩ་འགྲེལ་རྣམས་བཞུགས། ཁ་པ་ལ། རིགས་གཏེར་རྩ་འགྲེལ་གཉིས། རྗེ་བཙུན་ཆེན་པོ་ལ་བསྟོད་པ་སྟེ་གཉིས་བཞུགས། ག་པ་ལ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག དེའི་ལུང་སྦྱོར། ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བའི་བསྟན་བཅོས། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཞུ་བའི་ཕྲིན་ཡིག སྐྱེས་བུ་དམ་པ་རྣམས་ལ་འཕྲིན་དུ་སྤྲིང་བའི་ཕྲིན་ཡིག ལུང་རིགས་རྣམ་དག་དང་མཐུན་པར་འཆད་དགོས་ཚུལ་གྱི་ཚིགས་སུ་བཅད་པ། རྟོགས་ལྡན་གཅིག་གིས་དྲིས་པའི་ལན། ཞང་ལོཙྪ་བ་ལ་གདམས་པའི་ཚིགས་སུ་བཅད་པ་བཅུ་གསུམ་པ། བསྟན་པ་ལ་དགའ་བའི་ལྷ་རྣམས་ལ་སྤྲིངས་ཡིག ཡང་ཚིགས་སུ་བཅད་པ་ཐོར་བུ་བ་གོང་འོག་གཉིས། མི་ཉག་གི་རྒྱལ་ཁམས་དཔལ་བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་གཉུག་མར་བཞུགས་པའི་མཁན་སློབ་དགེ་འདུན་རྣམས་ལ་ཕུལ་བའི་ཡི་གེ ཉི་མ་ལ་སྤྲིང་པ་རྣམས་བཞུགས། ང་པ་ལ། ལམ་ཟབ་མོ་བླ་མའི་རྣལ་འབྱོར། སྒྲུབ་པ་ལུང་སྦྱིན། ཡང་གཅིག རྟེན་འབྲེལ་ལྔའི་ཡི་གེ ལམ་སྦས་བཤད་ཀྱི་འགྲེལ་པ། ཨཥྚའི་གཞི་བཤད་སྙིང་པོ་དོན་གསལ། ཚོགས་ཀྱི་འཁོར་ལོའི་ཆོ་ག དེ་ལ་དགོས་པའི་རྡོ་རྗེ་གུར་གྱི་ལུང་སྦྱོར། རྡོ་རྗེ་རྣམ་འཇོམས་ཀྱི་རྒྱུད་ཀྱི་བཤད་པ་བདུད་རྩི་སྤེལ་བ་ཞེས་བྱ་བ། ཨ་ར་པ་ཙ་ན་དང༌། རྗེ་བཙུན་མ་སྒྲོལ་མའི་སྒྲུབ་ཐབས་བསྡུས་པ། གཟའ་ཡུམ་གྱི་མཆོད་ཆོག དྲི་མ་མེད་པའི་རྒྱན་གྱི་འགྲེལ་པ། བླ་མ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་གདབ་པའི་ཚུལ། བླ་མ་དམ་པ་ལ་གསོལ་བ་གདབ་པའི་རབ་ཏུ་བྱེད་པ། བདེ་མཆོག་གི་བླ་མ་བརྒྱུད་པ་ལ་གསོལ་བ་གདབ་པ། མཐུ་སྟོབས་དབང་ཕྱུག་ལ་གསོལ་བ་གདབ་པ། བོད་ཡུལ་ལ་བསྔགས་པ། ཤཱཀྱའི་རྒྱལ་པོ་ལ་གསོལ་བ་གདབ་པའི་ཚིགས་སུ་བཅད་པ་བཅོ་ལྔ་པ། བདེ་བར་གཤེགས་པ་ཁམས་གསུམ་གྱི་མགོན་པོ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དགུ་པ། འཇིག་རྟེན་དབང་ཕྱུག་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བཅུ་གཅིག་པ། ལྷ་སའི་བདེ་བར་གཤེགས་པ་ཐམས་ཅད་ལ་རབ་ཏུ་བསྔགས་པ། རྗེ་བཙུན་ཆེན་པོས་མཛད་པའི་འཇམ་དབྱངས་ཀྱི་བསྟོད་པའི་རྣམ་བཤད་ཡི་གེ་ཉུང་ངུ་ཞེས་བྱ་བ། བསམ་ཡས་སུ་འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་རི་མོར་བྲིས་པའི་ཡི་གེ མུ་སྟེགས་ཀྱི་སྟོན་པ་འཕྲོག་བྱེད་དགའ་བོ་ལ་སོགས་པ་དྲུག་བཏུལ་བའི་ཚེ་སྦྱར་བའི་ཚིགས་སུ་བཅད་པ། པ་གོར་ཞེས་བྱ་བའི་སྒྲ་ལས་དྲངས་པའི་བསྟོད་པ། རྟ་ནག་རི་ཁུད་ཀྱི་རྔ་བོ་ཆེ་ལ་བསྟོད་པ། གདོང་བཞི་པ་ལ་བསྟོད་པ། ཐེག་པ་ཆེན་པོའི་ལམ་གྱི་རྣམ་གཞག་མདོར་བསྡུས་པ། སྣང་བ་མཐའ་ཡས་ཀྱི་བསྒོམ་དོན་མདོར་བསྡུས་པ། སྤྱོད་པ་རྣམ་པར་དག་པའི་ཆོས་ཚིགས་སུ་བཅད་པ་བཅུ་གཉིས་པ། སེམས་ཀྱི་གནས་ལུགས་རྣལ་དུ་མཚོན་པར་བྱེད་པའི་མན་ངག་ཚིགས་སུ་བཅད་པ་བརྒྱད་པ། འཆི་ཁའི་གདམས་ངག་ངོ་མཚར་ཅན། ཆག་ལོའི་དྲིས་ལན། གློ་བོ་ལོཙྪ་བ་ལ་སྤྲིངས་ཡིག དགེ་བའི་བཤེས་གཉེན་སྒྲུབ་པ་རྩེ་གཅིག་ཏུ་མཛད་པའི་དྲིས་ལན། ཡང་དྲིས་ལན་མདོར་བསྡུས་པ་གཅིག སྙེ་མོ་སྒོམ་ཆེན་ལ་སྤྲིང་ཡིག ཕྱག་རྒྱ་ཆེན་པོ་ཡན་ལག་བདུན་ལྡན་གྱི་རྩ་བ། བསྔོ་བའི་ཡོན་བཤད་རྣམས་བཞུགས་པའི་བརྒྱུད་པ་ནི། ཆོས་རྗེ་པ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་འཛིན། བྱང་སེང་བ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་ན་འཕགས་པ་ནས། དགའ་ལྡན་པ་བཀྲ་ཤིས་དཔལ། ཀུན་བསོད། བླ་མ་དཔལ་ལྡན་སེང་གེ བླ་མ་དོན་ཡོད་པ་མན་ཆད་འདྲའོ།།  །།བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་བཀའ་འབུམ་གྱི་དཀར་ཆག་ནི། ཀ་པ་ལ། ལམ་འབྲས་བརྒྱུད་པའི་ཕྱག་འཚལ། བརྟག་གཉིས་ཀྱི་འགྲེལ་པ། ཀུ་མུ་ཏི་དང་བཅས་པ་གསོལ་འདེབས། བ་རི་བརྒྱུད་པའི་གསོལ་འདེབས། འཇིགས་བྱེད་བརྒྱུད་པའི་གསོལ་འདེབས། བླ་མ་བརྒྱུད་པའི་མཚན་འབུམ། བླ་མ་དམ་པ་ལ་གསོལ་བ་འདེབས་པའི་རབ་བྱེད་ལ་སྤེལ་བ་གོང་འོག་གཉིས། བླ་མ་སྤྱིའི་བསྟོད་པ་མུ་ཏིག་གི་ཕྲེང་བ། ཆོས་རྗེ་པ་ལ་བསྟོད་པ་གཉིས། གསོལ་འདེབས་ཡན་ལག་བདུན་པ། རྩེ་ལྔར་སྦྱར་བ། དཀོན་མཆོག་གསུམ་ལ་བསྟོད་པ། ཆོས་རྗེ་པའི་མཚན་ལ་སྤེལ་བའི་བསྟོད་པ་གཉིས། ཡང་ཆོས་རྗེ་པ་ལ་བསྟོད་པ་བདུན། ཐོགས་མེད་སྐུ་མཆེད་ལ་སོགས་པ་ལ་བསྟོད་པ། ཡང་ཆོས་རྗེ་ལ་བསྟོད་པ་གཉིས། ཐོས་པ་རྒྱ་མཚོ་མ་མཆོག་བརྒྱད་ལ་བསྟོད་པ། བླ་མ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་པའི་འགྲེལ་པ། རྩ་བའི་བླ་མ་ལ་མཎྜལ་འབུལ་ཞིང་གསོལ་བ་གདབ་པའི་མན་ངག བླ་མའི་རྣལ་འབྱོར། རང་གི་རྩ་བའི་བླ་མ་ལ་ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ། ཆོས་རྗེ་པ་ལ་བསྟོད་པ་མེ་ཏོག་ཕྲེང་བ། ལམ་འབྲས་ལམ་སྐོར་སོགས་ཀྱི་བརྒྱུད་པ་མང་དུ་ཡོད་པ་བཀྲ་ཤིས་རྒྱལ་མཚན་གྱིས་ཞུས་ནས་མཚལ་མདོར་བསྡེབས་པ། ཀྱེའི་རྡོ་རྗེའི་རྒྱུད་ཀྱི་བསྡུས་དོན། མངོན་རྟོགས། དག་ལྡན། སྤྱི་དོན་གསལ་བ། གུར་གྱི་ལེ་འགྲེལ། སམྦུ་ཊིའི་བསྡུས་དོན། ཧེ་རུ་ཀའི་ཡིག་བརྒྱ་ཟློས་པའི་མན་ངག ཀྱེའི་རྡོ་རྗེའི་སྒྲུབ་ཐབས་སྲུང་འཁོར་དང་བཅས་པ། སྒྲུབ་ཐབས་རྒྱས་པ་ཡིད་བཞིན་ནོར་བུ་རྣམས་བཞུགས། ཁ་པ་ལ། བསྙེན་སྒྲུབ་ཡན་ལག་བཞི་པ་དང་དྲུག་པ་མི་འདྲ་བའི་ཁྱད་པར་བསྟན་པ། བསྙེན་པའི་གྲངས་ཚད་སོགས་ཞུས་པའི་ལན། དམ་ཚིག་གསུམ་གྱི་གླུའི་རྗེས་ལ་སྨོན་ལམ་གདབ་ཚུལ། ཀྱེའི་རྡོ་རྗེའི་བདག་འཇུག་གི་ཆོ་ག་དབང་ལ་འཇུག་པ། ལམ་དུས་ཀྱི་དབང་རྒྱས་པ་བླང་བའི་ལག་ལེན་དབོན་མོ་གོ་གོ་ཅན་གྱི་དོན་དུ་མཛད་པ། དབང་གོང་མ་གསུམ་གྱི་ལག་ལེན་ཚིགས་བཅད་མ། ཀྱེའི་རྡོ་རྗེའི་ལུས་དཀྱིལ་ཀྱི་སྒྲུབ་ཐབས། ཀྱེའི་རྡོ་རྗེའི་ཚོགས་འཁོར་གྱི་ཆོ་ག་བདུད་རྩིའི་བུམ་པ། དེའི་ལུང་སྦྱོར། ཡང་ཀྱེའི་རྡོ་རྗེའི་ཚོགས་འཁོར་བསྡུས་པ་གཅིག བདུད་རྩི་འབྱུང་བ། བདག་མེད་ལྷ་མོ་བཅོ་ལྔའི་མངོན་རྟོགས། བསྟོད་པ་རྣམ་དག་གི་ཕྲེང་བ། དག་པ་གསུམ་གྱི་ཁྲིད་ཡིག འཕོ་བའི་རྣལ་འབྱོར། ཁྲོ་བོ་བཅུའི་བསྟོད་བསྐུལ། སེང་གེ་མཐའི་དྲིས་ལན། དྲིས་ལན་རྣམ་ངེས་ཞེས་བྱ་བ། དབང་ཕྱུག་འབུམ་གྱི་དྲིས་ལན། དུས་འཁོར་ཐུགས་དཀྱིལ་གྱི་མངོན་རྟོགས། ལྔ་བསྡུས། སྒྲ་གཅན། གཟའ་ལྔ་དང་བཅས་པའི་རྩིས་གཞི། ཉི་ཁྱིམ་འཕོ་བའི་ངེས་པ། ཡང་དུས་ཀྱི་འཁོར་ལོའི་རྩིས་དུས་གསལ་བའི་སྒྲོན་མ། དེའི་དོན་ཡང་དག་པར་བསྡུས་པ། གདོད་མའི་དུས་གསལ་བར་བྱེད་པ་ཞེས་བྱ་བའི་རྩིས། རྩིས་ཀྱི་གཙུག་ལག་མཐུན་པར་ངེས་པ་ཞེས་བྱ་བ། དྷྲཱུ་པ་གཉིས་བ་ཞེས་བྱ་བའི་རྩིས། ལོ་བདག་གི་རྩིས་ཉི་ཤུ་རྩ་གཉིས་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་གཙུག་ལག་གི་དེ་ཁོ་ན་ཉིད་ཉུང་ངུས་བདེ་བླག་ཏུ་རྟོགས་པར་བྱེད་པ་རིན་པོ་ཆེའི་སྒྲོན་མ། རྒྱལ་བུ་ཇིམ་གྱིམ་གྱི་ཆོས་འཁོར་བསྐོར་བའི་དུས་ཀྱི་བསྟན་རྩིས། བདེ་མཆོག་ནག་པོ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་གའི་སྡོམ་ཚིག དེའི་བདག་འཇུག་གི་ཆོ་ག དེའི་མངོན་རྟོགས། སྒྲུབ་ཐབས་སྙིང་པོ། དེའི་མཆོད་ཕྲེང་ཀུན་ཏུ་བཟང་པོའི་མཆོད་ཕྲེང༌། དེའི་སྦྱིན་སྲེག་གི་སྡོམ་ཉི་ཤུ་བདུན་པ། དེའི་སྦྱིན་སྲེག་གི་ཆོ་ག་རྒྱས་པ། བདེ་མཆོག་དྲིལ་བུ་པ་ལུས་དཀྱིལ་གྱི་སྒྲུབ་ཐབས་ཉུང་ཞིང་གསལ་བ་རྣམས་བཞུགས། ག་པ་ལ། བདེ་མཆོག་ལཱུ་ཧི་པའི་སྒྲུབ་ཐབས་རིམ་པར་གསལ་བ། ཡང་དེའི་སྒྲུབ་ཐབས་བསྡུས་པ། བདེ་མཆོག་གི་རྒྱུན་བཤགས་ནཱ་རོ་ཏ་པ་ལས་བརྒྱུད་དེ་འོངས་པ། འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་ལ་བསྟོད་པའི་རབ་ཏུ་བྱེད་པ། དྲིལ་བུ་པའི་དབང་གི་བྱ་བ་བསྡུས་པ། ལུས་དཀྱིལ་ཀྱི་བདག་འཇུག རིམ་ལྔའི་ཁྲིད་ཡིག བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས། བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ཡན་ལག་བཅུ་པ། ཡང་དེའི་སྒྲུབ་ཐབས་ཇོ་སྲས་ཕག་གྲུའི་དོན་དུ་མཛད་པ། ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྒོ་ནས་སྡིག་པ་སྦྱོང་བའི་ཆོ་ག བདེ་མཆོག་གི་བཀྲ་ཤིས་ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པ་ལ། དེའི་ཚིག་རྐང་མ་སྙོམས་པ་ལ་སོགས་པའི་ཞུ་དག་དང༌། བསྲུང་བའི་འཁོར་ལོའི་བཀྲ་ཤིས་ཀྱི་ཚིགས་བཅད་ཀྱི་ཁ་སྐོང༌། རྒྱལ་བུ་ཇིམ་གྱིམ་དང་གོ་གོ་ཅན་མ་ལ་མཛད་པའི་བཀྲ་ཤིས་ཀྱི་ཚིགས་བཅད་གཉིས། ཕག་མོ་ལྷ་སོ་བདུན་མའི་མངོན་རྟོགས། རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་མའི་སྒྲུབ་ཐབས་ནཱ་རོ་ཏ་པའི་རྗེས་སུ་འབྲང་བ། སྒོ་མཚམས་མ་རྣམས་ལ་བསྟོད་ཅིང་བསྐུལ་བ། དཔལ་སྒྱུ་མ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་དབང་རྣམ་པར་རོལ་པ། དེའི་སྒྲུབ་ཐབས་སྒྱུ་འཕྲུལ་རོལ་པ། ཡང་དེའི་སྒྲུབ་ཐབས་མདོར་བསྡུས་པ། དེའི་ཚོགས་འཁོར། སྒྲོལ་མ་ལྷ་བཅུ་བདུན་མའི་སྒྲུབ་ཐབས། ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་ལྷ་མོའི་སྒྲུབ་ཐབས། གུར་ནས་འབྱུང་བའི་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ལུས་དཀྱིལ་གྱི་སྒྲུབ་ཐབས། འཇིགས་པ་བརྒྱད་ལས་སྐྱོབས་པའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ་བླ་མ་ཉིད་ཀྱིས་ཅང་ཏོར་བསྒྱུར་བ། གནས་ཀྱི་དབང་ཕྱུག་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས། རྡོ་རྗེ་གུར་གྱི་རྗེས་སུ་འབྲང་བའི་སྒྲོལ་མའི་སྒྲུབ་ཐབས། ཕྱག་དྲུག་སྒྲོལ་མའི་སྒྲུབ་ཐབས། གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་རབ་གསལ་བ། མདོར་བྱས་ཀྱི་བསྡུས་དོན་རྣམས་བཞུགས། ང་པ་ལ། སྒྲོལ་མ་ལྷ་བཅུ་བདུན་མའི་དཀྱིལ་འཁོར་གྱི་ཆོ་ག དཔལ་ཡེ་ཤེས་ཞབས་ཀྱི་རྣམ་ཐར་དང༌། བླ་མ་བརྒྱུད་པའི་རིམ་པ། གསང་བ་འདུས་པ་ལྷ་བཅུ་དགུ་མའི་སྒྲུབ་ཐབས་རིན་པོ་ཆེའི་ཕྲེང་བ། དགྲ་ནག་གི་སྒྲུབ་ཐབས། རྡོ་རྗེ་འཇིགས་བྱེད་ཀྱི་མངོན་རྟོགས། རྡོ་རྗེ་འཇིགས་བྱེད་ཕྱག་དྲུག་པའི་སྒྲུབ་ཐབས་ཚོགས་ཀྱི་འཁོར་ལོའི་ཆོ་ག་དང་བཅས་པ། ཡང་འཇིགས་བྱེད་ཕྱག་དྲུག་པའི་སྒྲུབ་ཐབས་ཨ་རོག་ཆེའི་དོན་དུ་སྦྱར་བ། འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས་གོང་འོག་གཉིས། འཇིགས་བྱེད་ཀྱི་བདག་འཇུག དེའི་སྦྱིན་སྲེག་འཇམ་དཔལ་ཞི་ཁྲོ་རྣམ་པར་རོལ་པའི་སྒྲུབ་ཐབས། གཤིན་རྗེའི་གཤེད་དམར་པོ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས། ལྷ་ལྔ་མའི་སྒྲུབ་ཐབས། གཤིན་རྗེའི་གཤེད་ལྷན་སྐྱེས་ཀྱི་སྒྲུབ་ཐབས་འཇིགས་མེད་རྣམ་རོལ་ཆོ་གས་འཁོར་དང་བཅས་པ། ཡང་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བསྡུས་པ་གཅིག རྩ་བ་དང་ཡན་ལག་གི་ལྟུང་བའི་རྣམ་བཤད་དམ་ཚིག་རབ་གསལ། བླ་མ་ལྔ་བཅུ་པའི་བསྡུས་དོན། རབ་ཏུ་གནས་པའི་ཕྱག་ལེན་མདོར་བསྡུས་པ། སྦྱོང་རྒྱུད་ནས་གསུངས་པའི་ཚེ་དཔག་མེད་ཀྱི་སྒྲུབ་ཐབས། ཚེ་སྒྲུབ་ཟབ་མོ་གཅིག ཚེ་དཔག་མེད་ཀྱི་བསྟོད་པ་པདྨའི་ཕྲེང་བ། ཚེ་དཔག་མེད་ཀྱི་བསྒོམ་ཐབས་བ་རི་ལོཙྪ་བ་ནས་བརྒྱུད་པ། མི་འཁྲུགས་པའི་སྦྱིན་སྲེག ཕྱག་ན་རྡོ་རྗེའི་སྒྲུབ་ཐབས། རྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས་བྱབ་སྲུང་སྦྱིན་སྲེག་དང་བཅས་པ། འཇམ་དཔལ་གྱི་སྒྲུབ་ཐབས། འཇམ་དཔལ་དཔའ་བོ་གྲུབ་པའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་བླང་བའི་ཚུལ། ཡང་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་གཅིག སེང་གེ་སྒྲའི་སྒྲུབ་ཐབས། བྱམས་པའི་སྒྲུབ་ཐབས། རྟ་མགྲིན་ཁྱུང་གཤོག་ཅན་གྱི་སྒྲུབ་ཐབས། མི་གཡོ་བ་སྔོན་པོའི་སྒྲུབ་ཐབས། མི་གཡོ་བ་ཕྱག་བཞི་པའི་སྒྲུབ་ཐབས། རྣམ་རྒྱལ་གྱི་སྒྲུབ་ཐབས། གཙུག་ཏོར་གདུགས་དཀར་ཅན་གྱི་བསྒོམ་ཐབས་དང༌། གཟུངས་བཀླག་ཐབས། རི་ཁྲོད་ལོ་གྱོན་མའི་སྒྲུབ་ཐབས་དང་བསྟོད་པ། སྐུལ་བྱེད་མའི་སྒྲུབ་ཐབས། འོད་ཟེར་ཅན་གྱི་སྒྲུབ་ཐབས་མྱ་ངན་མེད་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་བསྟོད་པ་དང་བཅས་པ་བཞུགས། ཅ་པ་ལ། འོད་ཟེར་ཅན་གྱི་སྦྱིན་སྲེག དེའི་བསྟོད་པ་རྒྱས་པ། སྤྱན་མའི་སྒྲུབ་ཐབས། གཟའ་ཡུམ་གྱི་སྒྲུབ་ཐབས། འདོད་ལྷའི་བསྟོད་པ། རིག་མ་བཅུ་དྲུག་གི་མཆོད་པའི་ཚིགས་བཅད་ཚན་པ་གཉིས་བསྲུང་བ་ལྔའི་སྔོན་འགྲོ། བསྲུང་བ་ལྔའི་སྒྲུབ་ཐབས་བསྡུས་པ་དང་རྒྱས་པ་གཉིས། ལྷ་མོ་ལྔའི་བསྟོད་པ། བསྲུང་བ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ། ཕྱོགས་བཞིའི་གཏོར་མ། གཟའ་དང་རྒྱུ་སྐར་རྣམས་ཀྱི་གཏོར་མ་སོགས་བཏང་བའི་ཆོ་ག དབང་བསྐུར་བའི་སྔོན་དུ་བྱུར་བསལ་བའི་ཆོ་ག དབང་བསྐུར་དངོས། དེའི་ཆོ་གའི་སྡོམ་ཚིག ཛམྦྷ་ལ་སེར་པོའི་སྒྲུབ་ཐབས། རྒྱུད་སྡེའི་དཀར་ཆག རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི་ཡི་གེ བདུད་རྩི་ལྔ་མཆོད། མགོན་པོའི་བསྟོད་པ་གང་ཐུགས་མ། མགོན་པོ་དང་ལྷ་མོའི་གཏོར་ཆོག བཤགས་པ། གདོང་བཞི་པའི་བསྟོད་པ། ཕྱོགས་བཞིའི་གཏོར་མ། ཆོས་རྗེ་ས་སྐྱ་པ་ཡབ་སྲས་ཀྱི་ཉིན་ཞགས་ཕྲུགས་གཅིག་ལ་ཐུགས་དམ་དུ་མཛད་པའི་གཏོར་མའི་རིམ་པ། ཀླུ་གཏོར། ཆུ་གཏོར། བསྟོད་དབྱངས་རྒྱ་མཚོ་སྙན་དངགས་རིན་པོ་ཆེའི་རྒྱན་རྣམ་པར་བཀྲ་བ། ཐུབ་པའི་བསྟོད་པ། འཇམ་དཔལ་ལ་མཚན་དོན་གྱི་སྒོ་ནས་བསྟོད་པ་ཚིགས་སུ་བཅད་པ་ཉི་ཤུ་ལྔ་པ། ཡང་འཇམ་དཔལ་ལ་བསྟོད་པ། ཉེ་བར་བསྔགས་པ་མེ་ཏོག་གི་ཕྲེང་བ། འཇམ་དབྱངས་ལ་རི་བོ་རྩེ་ལྔར་བསྟོད་པ་ནོར་བུའི་ཕྲེང་བ། འཕགས་པ་འཇམ་དཔལ་བརྟན་པའི་འཁོར་ལོའི་བསྟོད་པ། རྩེ་ལྔའི་རི་བོའི་རྩེ་མོ་སོ་སོའི་རིགས་སུ་མཐུན་པར་བསྟོད་པ། ཨཱ་ནནྡ་ཀཱིརྟིའི་དོན་དུ་དཔའ་བོའི་འཁོར་ལོ་ཉིད་ལ་བྲིས་པ། ཡང་འཇམ་དབྱངས་ལ་བསྟོད་པ་གཅིག སྐྱིད་གྲོང་གི་འཕགས་པ་ཝ་ཏི་ལ་མནལ་ལམ་དུ་བསྟོད་པ། བྱམས་མགོན་ལ་བསྟོད་པ། གནས་བརྟན་བཅུ་དྲུག་གི་བསྟོད་པ། ཆོས་སྤྱོད་ཡན་ལག་བཅུ་པ་ཅུང་ཟད་རྒྱས་པར་སྤེལ་བ། ཡན་ལག་བདུན་པ། ཕྱག་འཚལ་དང་མཆོད་ཅིང་བཤགས་པ། བསྔོ་བ་དང་བཅས་པའི་ཚིགས་བཅད། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་བསྡུས་པ། སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་དང་བཅས་པ་འབྲིང་དུ་བསྟན་པ། སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་དང་བཅས་པ་བསྡུས་པ་ཡུལ་སྐྱོང་མགོན་པོ་དཔལ་བཟང་པོའི་དོན་དུ་མཛད་པ། སྐྱབས་འགྲོའི་རྣམ་གཞག་བོ་ལོད་ཀྱི་དོན་དུ་སྦྱར་བ། ཡང་སྐྱབས་འགྲོ་སེམས་བསྐྱེད། དབང་བསྐུར་གྱི་བསླབ་བྱ་ཉུང་འདུས་རྒྱལ་པོ་ཨ་རོག་ཆེའི་དོན་དུ་མཛད་པ། རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པ། དེའི་བསྡུས་དོན། ཐེག་པ་ཆེན་པོ་གསལ་བ་ཞེས་བྱ་བ། ཡི་གེའི་མ་མོ་ལ་སྤེལ་བའི་རབ་བྱེད། དེའི་བསྡུས་དོན། ཤེས་བྱ་རབ་གསལ། ལས་འབྲས་གསལ་བའི་མེ་ལོང་ཚིགས་བཅད་བཞི་བཅུ་པ། རྒྱལ་བུ་ཇི་བིག་དེ་མུར་ལ་གཏམ་དུ་བྱ་བ་ནོར་བུའི་ཕྲེང་བ། རྒྱལ་བུ་མང་ག་ལ་གཏམ་དུ་བྱ་བ་བཀྲ་ཤིས་ཀྱི་ཕྲེང་བ། ཆ་པ་ལ། རྒྱལ་བུ་ནོ་མོ་གན་ལ་སྤྲིང་ཡིག ཐེག་པ་ཆེ་ཆུང་གི་ཆོས་ཀྱི་རྣམ་གཞག་རྒྱལ་པོ་ཧོ་ཀོའི་དོན་དུ་མཛད་པ། རྒྱལ་བུ་དེ་གུས་བོ་ག་ལ་གདམས་པ། རྒྱལ་བུ་ཐེ་མུར་བྷོ་ག་ལ་གདམས་པ། བསྒྲུབ་པའི་རིམ་པ་རབ་ཏུ་གསལ་བ་ཞེས་བྱ་བ་དབོན་མོ་པུནྡྷ་རིའི་དོན་དུ་མཛད་པ། རྒྱལ་བུ་ཇིམ་གྱིམ་ལ་སྤྲིང་ཡིག་གསུམ། ཨ་ཙ་ར་ལ་གདམས་པ། དགེ་བའི་བཤེས་གཉེན་གཅིག་ལ་བསྐུར་བའི་ཡི་གེ ཡེ་ཤེས་འབུམ་ལ་གདམས་པ་བདུད་རྩིའི་ཐིག་ལེ། རིག་པ་སྨྲ་བ་གྲགས་བཟང་ལ་སྤྲིངས་པ། བདེན་གཉིས་རྣམ་ངེས། ཟབ་མོ་སྣང་བའི་རབ་བྱེད། ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་བའི་མན་ངག ཡང་དེའི་ཁྲིད་ཡིག་ཡན་ལག་བདུན་ལྡན། ཡན་ལག་བདུན་གྱི་གཏམ། དམ་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འགའ་ཞིག་ལ་ཕྱིན་ཅི་ལོག་ཏུ་བརྟག་པ་དགག་ཚུལ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་དོན་ཡང་དག་པར་བསྡུས་པ། ཟབ་མོ་མདོ་སྡེའི་ས་བཅད། རྒྱུད་བླ་མའི་ས་བཅད། སྐྱོ་བའི་གཏམ་ཚིགས་སུ་བཅད་པ། སུམ་ཅུ་རྩ་ལྔ་པ། ངན་པའི་སྤྱོད་ཚུལ་ལ་ཁྲེལ་བའི་གཏམ། ཐེག་པའི་རྣམ་དབྱེ་མདོར་བསྡུས། བསམ་གཏན་ཤེས་རབ་ཀྱི་དྲིས་ལན། བྱང་ཆུབ་ལམ་གྱི་སྙིང་པོ་བསྒོམ་པའི་རིམ་པ། གཞན་ཚིགས་བཅད་ཐོར་བུ་པ་གཅིག དབུས་གཙང་དུ་ཆོས་འཁོར་བསྐུར་བའི་བཀའ་ཡིག དགེ་བཤེས་ཚ་བ་རོང་པ་ལ་སྤྲིངས་པ། ཡང་སྡོམ་བརྩོན་གཅིག་ལ་སྤྲིངས་པ། ཟབ་མོ་ཉམས་སུ་ལེན་ཚུལ། རྒྱལ་བུ་ཇི་བིག་དེ་མུར་ལ་སྤྲིངས་པ། ཡི་ཀྱང་བྱུས་པར་གླེགས་བམ་བསྒྲུབ་པ་ལ་བསྔགས་པ། རྒྱལ་བུ་བྱང་ཆུབ་སེམས་དཔའ་ལ་གནང་བའི་བཀའ་ཡིག་རྒྱལ་བུ་ཨལྒོ་དང༌། རིན་ཆེན་པཀྴི་ལ་སྤྲིང་ཡིག བྲམ་ཟེའི་པཎྜི་ཏ་ལཀྵྨི་ཀ་ར་དང༌། ཤོང་སྟོན་ལ་བསྐུར་བའི་བཀའ་ཡིག རྭ་དབོན་ལ་བསྐུར་བ། རལ་གྲི་ལ་སྤྲིངས་པ། སྤྲིང་ཡིག་རིན་ཆེན་ཕྲེང་བ་ཞེས་བྱ་བ། སྤྱི་བོ་ལྷས་པ་ལ་བསྐུར་བ། ཆག་ལོ་ལ་བསྐུར་བ། ཆོས་འཁོར་ཕྱི་མའི་དུས་སུ་དབུས་གཙང་གི་མཚན་ཉིད་པ་སྤྱི། དབུས་ཀྱི་བཀའ་གདམས་པ་སྤྱི། སྟག་ལུང་པ། དབུས་ཀྱི་སྒོམ་ཆེན་པ་སྤྱི་ལ་བསྐུར་བའི་ཤླཽ་ཀ་རེ། རྒྱལ་བུ་ཇི་བིག་དེ་མུར་ལ་བསྐུར་བའི་སྤྲིང་ཡིག་གསུམ། དབོན་མོ་དུ་གལ་དུ་མིག་ལ་བསྐུར་བའི་སྤྲིང་ཡིག་གཉིས། ཡང་ཚིགས་བཅད་ཐོར་བུ་པ་གཅིག རྒྱལ་པོ་ཇིམ་གྱིམ། ཧོ་ཀོ གྲགས་བཟང༌། སྟོན་གཞོན་རྣམས་ལ་སྤྲིང་ཡིག་རེ་རེ། གོས་དར་ལྔ་སྟོང་དང་དགུ་བརྒྱ་བཞི་བཅུ་ཕུལ་བའི་དུས་ཀྱི་མཆོད་བརྗོད་དང༌། བསྔོ་བ། ཚེ་དཔག་མེད་ལ་བསྟོད་པ་ཤླཽ་ཀ་གཅིག་དང༌། ཚིགས་བཅད་ཐོར་བུ་བ་གཉིས། མགོན་གཡག་ལ་བསྔགས་པའི་ཚིགས་བཅད། རྒྱལ་བུ་ཇིམ་གྱིམ་གྱིས་བདེ་བར་གཤེགས་པའི་གསུང་རབ་འགྱུར་རོ་འཚལ་བཞེངས་པའི་གསལ་བྱེད། སྡེབ་སྦྱོར་གྱི་རྒྱན་རྣམ་པར་བཀྲ་བ། ཡང་རྒྱལ་བུ་ཇིམ་གྱིམ་གྱིས་རྒྱས་འབྲིང་བསྡུས་གསུམ་དང༌། ཤིན་ཏུ་རྒྱས་པའི་སྡེ་སྣོད་བཞེངས་པ་ལ་བསྔགས་པ་གཉིས། རྒྱལ་བུ་མངྒ་ལ་ཡབ་ཡུམ་གྱི་རྒྱས་འབྲིང་བསྡུས་གསུམ་དང༌། ཕལ་པོ་ཆེ་བཞེངས་པའི་མཚོན་བྱེད། རྒྱལ་པོ་ཇི་བིག་དེ་མུར་གྱིས་ཕལ་པོ་ཆེ་གསེར་འོད་དམ་པ་སྟོང་ཕྲག་བརྒྱ་པ་བཞེངས་པའི་མཚོན་བྱེད། རྒྱལ་པོ་ཨ་རོག་ཆེས་འབུམ་བཞེངས་པའི་མཚོན་བྱེད། རྒྱལ་པོ་གོ་པེ་ལས་རྒྱས་འབྲིང་བསྡུས་གསུམ་བཞེངས་པའི་མཚོན་བྱེད། དགེ་འདུན་བཟང་པོ་སོགས་ཀྱིས་རྒྱས་འབྲིང་བསྡུས་གསུམ་བཞེངས་པའི་མཚོན་བྱེད། རིན་ཆེན་དཔལ་གྱིས་འབུམ་བཞེངས་པའི་མཚོན་བྱེད། ཟིན་ཤིང་གི་སྟོན་པ་བཏུལ་བའི་ཚིགས་བཅད། ཐེག་པ་ཆེན་པོའི་སློབ་དཔོན་དང༌། སློབ་མས་ལམ་ཉམས་སུ་བླང་ཚུལ་བསྟན་པ། ལས་ཆོག་རྒྱས་བསྡུས་གཉིས། བསྙེན་གནས་ཀྱི་ཆོ་ག རྒྱལ་པོ་ཡབ་སྲས་ཀྱི་མཆོད་རྟེན་རིན་པོ་ཆེ་བཞེངས་པ་ལ་བསྔགས་པའི་སྡེབ་སྦྱོར་དཎྜ་ཀ བསྔགས་པར་འོས་པ་བསྔགས་པའི་རབ་བྱེད། རྒྱལ་རབས་བསྔགས་པའི་ཚིགས་བཅད། གསན་ཡིག་རྒྱལ་པོ་གོ་པེ་ལ་སྲས་དང་བཙུན་མོར་བཅས་པ་ལ། ཤིང་མོ་ཡོས། མེ་ཕོ་འབྲུག མེ་མོ་སྦྲུལ། ས་ཕོ་རྟ། ལུག་སྤྲེའུ་གཉིས་མི་སྣང༌། ལྕགས་མོ་བྱ། ཆུ་ཕོ་ཁྱི། ཆུ་མོ་ཕག ཤིང་ཕོ་བྱི་བ། ཤིང་མོ་གླང༌། སྟག་མི་སྣང༌། མེ་མོ་ཡོས། ས་ཕོ་འབྲུག ས་མོ་སྦྲུལ། ལྕགས་ཕོ་རྟ། ལྕགས་མོ་ལུག ཆུ་ཕོ་སྤྲེའུ། ཆུ་མོ་བྱ། ཤིང་ཕོ་ཁྱི། ཤིང་མོ་ཕག མེ་ཕོ་བྱི་བ། མེ་མོ་གླང༌། ས་ཕོ་སྟག ས་མོ་ཡོས། ལྕགས་ཕོ་འབྲུག་རྣམས་ཀྱི་ལོ་གསར་པ་ཤར་བའི་ཚེ་ཕུལ་བའི་བཀྲ་ཤིས་ཀྱི་ཕྲེང་བ་ཉི་ཤུ་རྩ་གསུམ། ཡང་མངྒ་ལ་ཡབ་ཡུམ། ཇི་བིག་ཡབ་ཡུམ། དབོན་མོ་ཆེན་མོ་རྣམས་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། གཞན་ཡང་བཀྲ་ཤིས་ཀྱི་ཚིགས་བཅད་ཤླཽ་ཀ་གཅིག་རྣམས་བཞུགས་པའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དོན་ཡོད་པ། སློབ་དཔོན་འདུལ་འཛིན། བྱང་སེང་བ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་ན་འཕགས་པ། དགའ་ལྡན་པ་བཀྲ་ཤིས་དཔལ། ཀུན་བསོད། བླ་མ་དཔལ་ལྡན་སེང་གེ བླ་མ་དོན་ཡོད་པ་མན་འདྲའོ། །ཡང་དེ་ཉིད་ཀྱི་དྲུང་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་བཅས་པའི་བཤད་པ་ཐོབ་པའི་བརྒྱུད་པ་ནི། གཉིས་མེད་གསུང་བ་ཐུབ་པའི་དབང་པོ་དང༌། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །བཙུན་པ་གྲོལ་སྡེ་མཆོག་སྡེ་དུལ་བའི་སྡེ། །རྣམ་སྣང་མཛད་དང་སེང་བཟང་ཡེ་ཤེས་ཞབས། །ཡོན་ཏན་བཤེས་གཉེན་རིན་ཆེན་བཟང་པོ་དང༌། །ཟླ་བཟང་བསྟན་སྐྱོང་བློ་ལྡན་ཤེས་རབ་དང༌། །ཤེས་རབ་འབར་དང་བྱང་ཆུབ་ཡེ་ཤེས་དང༌། །གཞོན་ནུ་ཚུལ་ཁྲིམས་དང་ནི་ཤེས་རབ་འབུམ། །བྱང་ཆུབ་འབུམ་དང་འཇམ་པའི་རྡོ་རྗེ་དང༌། །དར་ཚུལ་བརྩོན་འགྲུས་རྡོ་རྗེ་རིན་པོ་ཆེ། །གྲུབ་པ་སེང་གེ་ཚད་མའི་སྐྱེས་བུ་དང༌། །ཀུན་མཁྱེན་རིན་ཆེན་གྲུབ་དང་ཚུལ་ཁྲིམས་འབུམ། །མཁས་པ་ཆེན་པོ་ཡེ་ཤེས་རྒྱལ་མཚན་ཞབས། །དེ་ལས་བདག་གིས། ཊཱི་ཀ་ལུང་གི་སྙེ་མ། མཁན་ཆེན་དྷརྨ་ཤྲཱིས་མཛད་པའི་ཟིན་བྲིས་རྣམས་ཀྱི་སྟེང་ནས། བཤད་བཀའ་ལན་བཞིའི་བར་དུ་ཞུས། མངོན་པ་ཀུན་ལས་བཏུས་ཀྱི་བཤད་པ་ཐོས་པའི་བརྒྱུད་པ་ནི། ཐུབ་པ། བྱམས་པ། ཐོགས་མེད། དབྱིག་གཉེན། བློ་བརྟན། གང་བ་སྤེལ། དཱ་ན་ཤཱི་ལ། ཛི་ན་མི་ཏྲ། ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ། ནམ་ནང་ཟླ་བའི་རྡོ་རྗེ། ཁུ་ལུང་དཔལ་གྱི་རྡོ་རྗེ། སྦས་རྒྱལ་བ་ཡེ་ཤེས། དེ་གསུམ་ཀ་ལ་ཅོག་གྲུ་རྒྱལ་བ་ཡེ་ཤེས། སེ་བཙུན་དབང་ཕྱུག་གཞོན་ནུ། གར་མི་ཡོན་ཏན་གཡུང་དྲུང༌། རྒྱལ་ཚུལ་ལེ། ར་སྟོན་ཁྲི་བཟང༌། ལི་སྟོན་ཆོས་གྲགས། བྲང་ཏི་དར་མ་སྙིང་པོ། རོག་ཆོས་བརྩོན། ཡར་ནག་པ། ཡར་ཐེར་མགོ་པ་བཟད་པ། སྟག་སྟོན་ཤེས་རབ་འོད་ཟེར། ལྷོ་པ་གྲུབ་པ་སེང་གེ སློབ་དཔོན་ཚད་མའི་སྐྱེས་བུ། བུ་སྟོན་རིན་པོ་ཆེ། མཁས་པ་ཆེན་པོ་དྷརྨཱ་ཤྲཱི་བྷ་དྲ། སྡེ་སྣོད་འཛིན་པ་ཚུལ་ཁྲིམས་འབུམ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེ་ལས་བདག་གིས་ཐོས། དབུ་མ་རྩ་ཤེ། དེའི་འགྲེལ་པ་ཚིག་གསལ། དབུ་མ་འཇུག་པ། དེའི་རང་འགྲེལ་རྣམས་ཀྱི་བརྒྱུད་པ་ནི། འཕགས་པ་ཀླུ་སྒྲུབ། ཨཱརྻ་དེ་ཝ། ཟླ་གྲགས། གཞོན་ནུ་འབུམ། གསེར་གྱི་གོ་ཆ། པ་ཚབ་ཉི་མ་གྲགས། རྨ་བྱ་བྱང་བརྩོན། མཚུར་གཞོན་ནུ་སེང་གེ རྨ་བྱ་ཤཱཀྱ་སེང་གེ ཞང་ཆོས་ཀྱི་བླ་མ། མཆིམས་ནམ་མཁའ་གྲགས། བཅོམ་རལ། དེ་གཉིས་ལས་ལོ་མཆོག བག་སྟོན། བླ་མ་མགོན་པོ་འབུམ། བླ་མ་དཔལ་ལྡན་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་ན་མཆིམས། ཕག་འགུར་དཀོན་ཡེ། འཇམ་དབྱངས་ཐུར་ཤེ། དྲང་པོ་ལུང་པ་ཡོན་ཏན་མགོན། བླ་མ་མགོན་པོ་འབུམ། བླ་མ་དཔལ་ལྡན་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བརྒྱུད་པ་ནི། སློབ་དཔོན་ཞི་བ་ལྷ། ཐམས་ཅད་བརྩེགས། རིན་བཟང༌། ཤཱཀྱ་བློ་གྲོས། ཡོན་ཏན་བསོད་ནམས། བློ་གྲོས་བཟང་པོ། རྔོག་ལོཙྪ་བ། ཁྱུང་རིན་ཆེན་གྲགས། སྟོད་ལུང་རྒྱ་དམར། སློབ་དཔོན་ཕྱྭ་པ། འཇད་པ་སྟོན་སྐྱབས། མུས་སྲད་པ་ཆེན་པོ། གཙང་པོ་བསོད་ནམས་མཛེས། མཁན་ཆེན་བྱང་ཆུབ་དཔལ། བདེ་བ་དཔལ། ཀ་བཞི་པ་གྲགས་པ་གཞོན་ནུ། རིན་ཆེན་བསོད་ནམས་གྲགས། ཆོས་རྗེ་བླ་མ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དེས་བདག་ལའོ། །ཡང་ན། ཕྱྭ་པ་ཆོས་ཀྱི་སེང་གེ རྗེ་བཙུན་བསོད་ནམས་རྩེ་མོ། གཅུང་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། མཁན་ཆེན་བྱང་ཆུབ་དཔལ་མན་འདྲ། དེ་ལྟར་ན། ཆོས་ཀྱི་རྗེ་དེ་ཉིད་ལོ་བཅུ་དྲུག་གི་བར་དུ་བསྟེན་ཏེ། ཆོས་དང་ཟང་ཟིང་གིས་ཉེ་བར་བསྐྱངས་པས་ན་ཤིན་ཏུ་བཀའ་དྲིན་ཆེ་བ་ཡིན་ནོ། །ཐོབ་ཡིག་རྒྱ་མཚོ་ལས། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་མཁྱེན་རབ་ཀྱི་དབང་ཕྱུག་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་རྗེས་སུ་བཟུང་བའི་སྐབས་ཏེ་དང་པོའོ།།  །།ཕུལ་དུ་བྱུང་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པའི་བདག་ཉིད་ཆེན་པོ་དྲིན་ཆེན་རྩ་བའི་བླ་མ་དམ་པ་རྡོ་རྗེ་འཛིན་པ་ཆེན་པོ་དཔལ་ལྡན་ཚུལ་ཁྲིམས་པའི་དྲུང་དུ། ཀྱེའི་རྡོ་རྗེའི་མན་ངག་ལུགས་ཀྱི་དབང་བསྐུར་དང༌། ཀྱེ་རྡོར་ལུས་དཀྱིལ་གྱི་དབང་རྣམས་ཐོས། ཀྱེ་རྡོར་ནས་གླིང་མའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བི་ལ་སྱ་བཛྲ། ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ལྕམ་ལེགས་སྨིན། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར། འབྲོག་མི། སེ་མཁར་ཆུང་བ། ཞང་དགོན་པ་བ། ས་ཆེན། རྟ་སྟག་སོ་བ་ཁུ་དབོན། དཔལ་ཆུ་བོ་རི་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། དེས་བདག་ལའོ། །བརྟག་གཉིས་ཀྱི་འགྲེལ་པ་སློབ་དཔོན་བྷ་ཝ་བྷ་དྲས་མཛད་པའི་རྣམ་བཤད་བསོད་རྣམས་རྒྱལ་མཚན་གྱི་འགྱུར་གྱི་ལུང་གི་བརྒྱུད་པ་ནི། བཛྲ་པཱ་ཎི། ག་ཡ་དྷ་ར། འབྲོག་མི། ཏིང་ངེ་འཛིན་དཔལ་བཟང་པོ། བྱའུ་རྒྱལ། ཆོས་དབང༌། ལོ་མཆོག བློ་ཆེན། བག་སྟོན། མགོན་པོ་འབུམ། བླ་མ་དཔལ་ལྡན་ཚུལ་ཁྲིམས། དེས་བདག་ལའོ། སྒྲུབ་ཐབས་མཚོ་སྐྱེས་ཀྱི་བརྒྱུད་པ་ནི། ས་སྐྱ་པཎྜི་ཏ། ཚོགས་སྒོམ་རིན་པོ་ཆེ། གྲགས་སེང༌། བསོད་ནམས་རྒྱལ་མཚན། ཤེར་རྡོར། བླ་མ་གར་ཐིག་པ་བསོད་རྒྱལ། མགོན་པོ་འབུམ་མན་གོང་དང་འདྲའོ། །མི་ཐུབ་ཟླ་བས་མཛད་པའི་སྒྲུབ་ཐབས་ཡན་ལག་དྲུག་པ། བདག་མེད་མའི་སྒྲུབ་ཐབས། གུར་རིགས་བསྡུས་ཀྱི་སྒྲུབ་ཐབས། འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག དཀྱིལ་ཆོག་བཟང་པོ་ཡོངས་བཟུང་རྣམས་དང༌། ལས་དང་པོ་པའི་བྱ་བ་རིན་ཆེན་འབར་བ་རྣམས་ཀྱི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ། འཇམ་དབྱངས་རིན་རྒྱལ། ཡེ་ཤེས་མགོན་པོ། སེང་གེ་རྒྱལ་མཚན། བསོད་ནམས་རྒྱལ་མཚན། ཤེར་རྡོར། བླ་མ་གར་ཐིག་པ། མགོན་པོ་འབུམ་མན་འདྲའོ། །སྐབས་ཀྱི་འགྲེལ་ཆུང་བརྒྱད་དུ་གྲགས་པ་ལ། རྩའི་འགྲེལ་པ་ཆེ་ཆུང་གཉིས། དུར་ཁྲོད་ཀྱི་འགྲེལ་པ་ཆེ་ཆུང་གཉིས། བརྡའི་བཤད་པ་གཉིས། རྡོ་རྗེའི་གླུའི་འགྲེལ་པ་ཆེ་ཆུང་གཉིས། དགོངས་པའི་སྐད་ཀྱི་འགྲེལ་པ་ཀླུ་སྒྲུབ་ཀྱིས་མཛད་པ། དུར་ཁྲོད་བརྒྱད་ཀྱི་འགྲེལ་པ་སློབ་དཔོན་རྣལ་འབྱོར་པས་མཛད་པ་རྣམས་ཀྱི་བརྒྱུད་པ་ནི། ཆོས་རྗེ་ས་སྐྱ་པ། ཞང་རྒྱལ་པ་དཔལ། བླ་མ་རྡོ་རྗེ་འོད་ཟེར། རྒྱལ་ཚ་ལུང་མང་པོ། ལོ་མཆོག བློ་ཆེན། བག་སྟོན། པྲཛྙཱ་བཛྲ། གར་ཐིག་པ། མགོན་པོ་འབུམ་མན་སྔར་བཞིན་ནོ། །བདེ་མཆོག་དྲིལ་བུ་པའི་དབང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཤྲཱི་ཛ་ལནྡྷ་ར། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ་པ། བློ་གྲོས་གྲགས་པ། ས་ཆེན་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཆོས་རྗེ་ས་སྐྱ་པཎྜི་ཏ། དེ་ལས་འཕགས་པ་རིན་པོ་ཆེ། ཚོགས་སྒོམ་རིན་པོ་ཆེ། བོ་དོང་རིན་པོ་ཆེ་གསུམ་གྱིས་ཞུས། དེ་གསུམ་ཀ་ལས་ཁྲོ་ཕུ་རིན་པོ་ཆེས་གསན། དེ་ལ་བླ་མ་དཔལ་ལྡན་སེང་གེ ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། དེས་བདག་ལའོ། །ཡང་ན། འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་ནོ། །ཡང་ན་འཕགས་པ། དགའ་ལྡན་པ་བཀྲ་ཤིས་དཔལ། ཀུན་དགའ་བསོད་ནམས། དེ་ལས་བླ་མ་དཔལ་ལྡན་སེང་གེ་དང༌། ཏི་ཤྲིར་ཀུན་བློ་གཉིས་ཀས་གསན། དེ་གཉིས་ཀ་ལས་ཆོས་རྗེ་བསོད་ནམས་རྒྱལ་མཚན་པས་སོ། །ཡང་ན་འཕགས་པ། པཎྜི་ཏ་རྡོ་རྗེ་ཤེས་རབ། འཕགས་རྒྱལ། བླ་མ་རིན་ཆེན་དཔལ་བཟང༌། ཆོས་རྗེ་བསོད་ནམས་རྒྱལ་མཚན་ནོ། །ཡང་ན་འཕགས་པ། ཚོགས་སྒོམ་རིན་པོ་ཆེ། ཉན་ཆེན་པ། དེ་ལས་དཔལ་ལྡན་སེང་གེ་དང༌། ཀུན་བློ་གཉིས་ཀས་གསན། དེ་གཉིས་ཀ་ལས་ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱིས་སོ། །ཡང་ན་ས་སྐྱ་པཎྜི་ཏ་ལས། ཉན་ཆེན་པ་དགུང་ལོ་བཅོ་ལྔ་ལོན་པའི་དུས། བསྙེན་གནས་ཀྱི་སྡོམ་པ། དབུ་མ་ལུགས་ཀྱི་སེམས་བསྐྱེད། སྣང་བ་མཐའ་ཡས་ཀྱི་འཕོ་བ། དྲིལ་བུ་པའི་དབང་བསྐུར་རྣམས་ཞུས། ཉན་ཆེན་པ་ལས། ཆོས་རྗེ་བསོད་ནམས་རྒྱལ་མཚན་པས། དགུང་ལོ་ལྔ་ལོན་པའི་དུས་སུ་དྲིལ་བུ་པའི་དབང་གསན་གསུང༌། ཡང་ན། བོ་དོང་རིན་པོ་ཆེ། བླ་མ་དཀོན་མཆོག་རིན་ཆེན། བླ་མ་རིན་ཆེན་དཔལ་བཟང༌། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། དེས་བདག་ལའོ། །ཡང་ན། ཆོས་རྗེ་བྲག་ཕུག་པ། བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཡང་ན། ཆོས་རྗེ་ཉན་ཆེན་པ། བླ་མ་རིན་ཆེན་སེང་གེ བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས། དེས་བདག་ལའོ། བདེ་མཆོག་རྩ་རྒྱུད་དང༌། རྣལ་འབྱོར་མ་ཀུན་སྤྱོད་གཉིས་ཀྱི་ལུང་ཡང་ཐོབ། ཡང་ཕག་མོ་ཞལ་གཉིས་མའི་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ལ་ཝ་པ། རྒྱལ་པོ་ཨིནྡྲ་བོ་དྷི། ལྕམ་ལེགས་སྨིན། བིརྺ་པ། ཤ་བ་རི་པ། མཻ་ཏྲི་པ། རྒྱ་གར་ཕྱག་ན། བྷ་རེནྟྲ་ཙ་རུ་ཅེ། བལ་པོ་ཡེ་ཤེས་རྡོ་རྗེ། ས་ཆེན་ཡབ་སྲས་གསུམ། ཆོས་རྗེ་ཁུ་དབོན་གཉིས། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ། དེ་ལས་བདག་གིས། ལས་བཅུ་སྒྲུབ་ཐབས། སྔགས་ཀྱི་དེ་ཁོ་ན་ཉིད་དང་བཅས་པའི་གཞུང་དང༌། དེ་གསུམ་གྱི་དོན་འགྲེལ་རྗེ་བཙུན་ཆེན་པོས་མཛད་པ་ཐོས། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། ཌེཾ་གི་པ། ཨནྟ་རཾ་པ། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་གཅེན་འཇིགས་མེད་གྲགས། གཅུང་དུས་འཁོར་བ། ཀློག་སྐྱ་བ། མལ་ལོ། །རྗེ་ས་ཆེན་མན་ཆད་ཞལ་གཉིས་མ་དང་འདྲ་བ་ལས། བསྐྱེད་པའི་རིམ་པ་ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས། ནཱ་རོ་པས་མཛད་པ། གོང་མའི་འགྲེལ་པ། ཕྱི་མཆོད། ཚོགས་མཆོད། ཚེས་བཅུའི་མཆོད་པ། སྦྱིན་སྲེག མར་མེའི་སྦྱིན་སྲེག མཁའ་སྤྱོད་ཀྱི་དངོས་གྲུབ་སྒྲུབ་ཐབས། བྱིན་རླབས་ཀྱི་ཆོ་ག རྫོགས་པའི་རིམ་པ་རྩ་དབུ་མ། ལམ་གྱི་ཡན་ལག་པྲ་སེན་དབབ་པ། གནོད་སྦྱིན་མོ་སྒྲུབ་པ། ཚངས་པའི་བུ་མོ་སྒྲུབ་པ། པདྨ་པ་ཏིའི་མན་ངག ཁོལ་པོ་པ་ཏིའི་མན་ངག སྨན་ཆེན་པོའི་བཅུད་ལེན་རྣམས་ཐོས། ཡང་འཕགས་པ་རིན་པོ་ཆེས་མཛད་པའི་མངོན་རྟོགས། དཀྱིལ་ཆོག ཚོགས་འཁོར་སྦྱིན་སྲེག་རྣམས་ཐོས། མེ་ཏྲི་མཁའ་སྤྱོད་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། སྤྱན་རས་གཟིགས། བྱང་སེམས་བློ་གྲོས་རིན་ཆེན། རི་ཁྲོད་དབང་ཕྱུག མཻ་ཏྲི་པ། རྒྱ་གར་ཕྱག་ན། ཀ་མ་ལ་བཛྲ། ཛ་ཡ་སེ་ན། ལོཙྪ་བ་དར་མ་ཡོན་ཏན། རྗེ་བཙུན་རིན་པོ་ཆེ་མན་ཞལ་གཉིས་མ་དང་འདྲ་བ་ལས། རྒྱུད་ནས་ཕྱུང་བའི་སྒྲུབ་ཐབས། མཻ་ཏྲི་པས་མཛད་པའི་སྒྲུབ་ཐབས། ཉན་ཆེན་པས་མཛད་པའི་སྒྲུབ་ཐབས་བྱིན་རླབས་ཀྱི་ཆོ་ག་རྒྱལ་བའི་སྡེས་མཛད་པ་རྣམས་ཐོས། འདི་གསུམ་གྱི་བརྒྱུད་པ་ལུགས་གཅིག་ནི། ས་སྐྱ་པཎྜི་ཏ། ཚོགས་སྒོམ། ཉན་ཆེན་པ། བྲག་ཕུག་པ། བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། དེས་བདག་ལའོ། ཡང་ན། ཉན་ཆེན་པ། འཇམ་སྐྱ། དཔལ་ལྡན་སེང་གེ ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། དེས་བདག་ལའོ། །རྡོ་རྗེ་ཕུར་པའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་སེམས་པ། པདྨ་འབྱུང་གནས། འཁོན་ཀླུའི་དབང་པོ། གཅུང་རྡོ་རྗེ་རིན་པོ་ཆེ། དེའི་སྲས་ཤེས་རབ་ཡོན་ཏན། ཡོན་ཏན་ཚུལ་ཁྲིམས། རྡོ་རྗེ་གཙུག་ཏོར། ཚུལ་ཁྲིམས་རྒྱལ་པོ། དགེ་འབྱུང༌། དགེ་སྐྱབས། ཤཱཀྱ་བློ་གྲོས། ཤེས་རབ་ཚུལ་ཁྲིམས། དེའི་གཅུང་དཀོན་མཆོག་རྒྱལ་པོ། ས་ཆེན་ཡབ་སྲས་གསུམ། གན་པ་སྟོན་དར། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་རྒྱལ། ཆོས་རྗེ་བླ་མ། བླ་མ་དཔལ་ལྡན་ཚུལ་ཁྲིམས། དེས་བདག་ལའོ། །དེ་ཉིད་ལས་ཕུར་པ་རྩ་དུམ་ཆོས་རྗེ་པས་བསྒྱུར་པ། པདྨས་མཛད་པའི་ལམ་རིམ། ཆོས་རྗེ་བླ་མས་མཛད་པའི་དཀྱིལ་ཆོག སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་གྱི་ལུང་ཐོབ། ཡང་ན། འཁོན་དཀོན་མཆོག་རྒྱལ་པོ། གློ་བོ་རྡོ་རྗེ་སྲིན་པོ། གློ་བོ་རྡོ་རྗེ་འཛིན་པ། གློ་བོ་ལོཙྪ་བ་ཤེས་རབ་རིན་ཆེན། ཆོས་རྒྱལ་འཕགས་པ། སློབ་དཔོན་འོད་ལྡན་པ། པུ་ལུང་པ་ཀུན་དགའ་རྡོ་རྗེ། ལོཙྪ་བ་མཆོག་ལྡན། དགའ་ལྡན་ཀུན་བསོད། གན་པ་རིན་རྒྱལ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས། དེས་བདག་ལའོ། །ཕུར་པ་དྲག་པོའི་རྗེས་གནང་གི་བརྒྱུད་པ་ནི། རྗེ་བཙུན་པ་ཡན་དབང་གི་བརྒྱུད་པ་དང་འདྲ་བ་ལས། དེ་ནས་ཆོས་རྗེ་པ། ཆོས་རྒྱལ། ལོ་མཆོག བག་སྟོན། བླ་མ་ཚུལ་རྒྱལ། བླ་མ་དཔལ་ལྡན་ཚུལ་ཁྲིམས། དེས་བདག་ལའོ། །དཀར་མོ་ཉི་ཟླའི་རྗེས་གནང་གི་བརྒྱུད་པ་ནི། དཀར་མོ་ཉི་ཟླ། འཁོན་རོག་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། རྗེ་ས་ཆེན་ཡབ་སྲས་གསུམ། ཆོས་རྗེ་པ། བླ་མ་ཆོས་ཀྱི་རྒྱལ་པོ། བླ་མ་འོད་ལྡན་པ། ཁའུ་པ་ཀུན་དགའ་རྡོ་རྗེ། མཆོག་ལྡན་ལེགས་པའི་བློ་གྲོས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་མགོན་པོ་འབུམ། བླ་མ་དཔལ་ལྡན་ཚུལ་ཁྲིམས། དེས་བདག་ལའོ། །བདུད་རྒྱལ་ཐོད་ཕྲེང་ཅན་གྱི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་གཞོན་ནུ། པདྨ་འབྱུང་གནས། ཀླུའི་དབང་པོ། རྡོ་རྗེ་རིན་ཆེན། ཚུལ་ཁྲིམས་རྒྱལ་པོ། རྡོ་རྗེ་གཙུག་ཏོར། ཤེས་རབ་ཡོན་ཏན། དགེ་སྐྱབས། དགེ་མཐོང༌། བལ་པོ། ཤཱཀྱ་བློ་གྲོས། འཁོན་རོག་ཤེས་རབ་ཚུལ་ཁྲིམས། གཅུང་དཀོན་མཆོག་རྒྱལ་པོ། རྗེ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། བླ་མ་ཆོས་ཀྱི་རྒྱལ་པོ་མན་དཀར་མོ་ཉི་ཟླ་དང་འདྲའོ། །སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། བྲམ་ཟེ་ཛི་ན་མི་ཏྲ། སྭ་སྟི་ཕ་ལ། སྒྲ་གཅན་འཛིན། པྲཛྙཱ་ཝ་ལི་ཏ། ཡེ་ཤེས་རྡོ་རྗེ། པྲ་ཧི་ཏ། སློབ་དཔོན་ཀུན་དགའ་སྙིང་པོ། རབ་འབྱོར་སྐྱོང༌། ཁ་ཆེ་དྷརྨཱ་པཱ་ལ། ལོ་ཆེན་རིན་བཟང༌། གཉལ་པ་ཉི་ཤེ། སྣུར་ཉི་མ་འོད་ཟེར། གཤེན་རྡོ་རྗེ་སེང་གེ རྒྱ་གསར་པ། འགྲོ་ཛི་ཏི་པ། སྙེ་མདོ་བ་བསོད་ནམས་དཔལ། གཉལ་པ་ཆོས་གྲགས། བྱ་རིན་ཆེན་འོད། གློ་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་རྒྱལ་བ། བླ་མ་དཔལ་ལྡན་པ། དེས་བདག་ལའོ། །གཙུག་ཏོར་གདུགས་དཀར་ཅན་གྱི་དབང་གི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་པ། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོཙྪ་བ། ལྡན་མའི་སྐྱུ་ར་ཨ་སྐྱབས། རྗེ་ས་ཆེན་པ། རྗེ་བཙུན་པ། ཕོ་རོག་པ་མདོ་སྡེ་མགོན། རྒན་མོ་ལྷས་པ། འཇམ་དབྱངས་ཆེན་པོ། རོང་པ་ཨཱ་ཀ་ར། དཀོན་མཆོག་ཚུལ་ཁྲིམས། བག་སྟོན་ཚུལ་རྒྱལ། བླ་མ་དཔལ་ལྡན་ཚུལ་ཁྲིམས། དེས་བདག་ལའོ། །གཙུག་ཏོར་མཆོག་གྲུབ་མ། དགའ་ལྡན་པས་མཛད་པའི་དཀྱིལ་ཆོག་རྣམས་ཐོས། ཐུགས་རྗེ་ཆེན་པོ་དམར་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཐོབ་ཚེམ་བུ་པ། མཁན་པོ་སྤྱི་བོ་ལྷས་པ། བྲག་དམར་བ་བྱང་ཆུབ་ཚུལ་ཁྲིམས། ལྷ་བཙུན་དགོན་གསར་བ། ཀུན་སྤངས་པ། སྒྲོ་མོན་པ་རིན་ཆེན་དཔལ། ཆོས་རྗེ་བླ་མ། བླ་མ་དཔལ་ལྡན་ཚུལ་ཁྲིམས། དེས་བདག་ལའོ། །ཡང་ན་ཀུན་སྤངས་པ་ནས། བྲག་ཁ་བ་གྲགས་པ་སེང་གེ བླ་མ་དམ་པ་མན་སྔར་དང་འདྲ་བ་ལས། ཁྲིད་ཡིག་ཆོས་རྗེ་བླ་མས་མཛད་པ་ཐོས། ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ་རས་ཆེན། དྭགས་པོ་ལྷ་རྗེ། ཕག་མོ་གྲུ་པ། ཀུན་ལྡན་རས་པ། རྒྱལ་ཚ་ཆེན་པོ། འཛལ་ཕུ་བ། ཁྲོ་ཕུ་རིན་པོ་ཆེ། ཡང་རྩེ་བ། བུ་སྟོན་རིན་པོ་ཆེ། ཆོས་རྗེ་བླ་མ། བླ་མ་དཔལ་ལྡན་ཚུལ་ཁྲིམས། དེ་ལས་བདག་གི་ཁྲིད་ཡིག་བླ་མ་དམ་པས་མཛད་པ་ཐོས། ཡང་བུ་སྟོན་རིན་པོ་ཆེས་མཛད་པའི་རྒྱུད་སྡེ་སྤྱིའི་རྣམ་གཞག་རྒྱུད་སྡེ་རིན་པོ་ཆེའི་མཛེས་རྒྱན་གྱི་བརྒྱུད་པ་ནི། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། རིན་ཆེན་གྲུབ། བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས། དེས་བདག་ལའོ། །བླ་མའི་རྣལ་འབྱོར་ཞལ་ཤེས་དང་བཅས་པ་བླ་མ་དམ་པས་མཛད་པ་དང༌། ཡི་གེ་བརྒྱ་པའི་བཟླས་ལུང༌། དེའི་མན་ངག་རྗེ་ས་ཆེན་གྱིས་མཛད་པ། ཨུཥྜི་ཥའི་བཟླས་ལུང༌། ལམ་འབྲས་ཀྱི་གེགས་སེལ་གྱི་མན་ངག་འགའ་ཞིག་རྣམས་ཐོས་སོ། །ཐོབ་ཡིག་རྒྱ་མཚོ་ལས། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་རྗེས་སུ་བཟུང་བའི་སྐབས་ཏེ་གཉིས་པའོ།།  །།ལུང་དང་རྟོགས་པའི་དཔལ་གྱིས་མངོན་པར་མཐོ་བ་དྲིན་ཆེན་རྩ་བའི་བླ་མ་དམ་པ་གྲུབ་ཆེན་ཆོས་ཀྱི་རྗེ་བུདྡྷ་ཤྲཱི་པའི་དྲུང་དུ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་རྣམས་ཡོངས་སུ་རྫོགས་པར་ཐོབ་པ་ལ། ལམ་འབྲས། ལམ་སྐོར། ཞར་བྱུང་གི་གདམས་ངག་དང་གསུམ་གྱི་དང་པོ་ལ། སྨིན་གྲོལ་གཉིས་ཀྱི་ཐོག་མར་སྨིན་བྱེད་དབང་གི་སྐོར་ལ། དཔལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། རྡོ་རྗེ་བདག་མེད་མ། བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི་པ། ག་ཡ་དྷ་ར། འབྲོག་མི་ཤཱཀྱ་ཡེ་ཤེས། སེ་མཁར་ཆུང་བ། ཞང་དགོན་པ་བ་ཆོས་འབར། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན། ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན། ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ་བསོད་ནམས་དཔལ། ཆོས་རྗེ་རིན་པོ་ཆེ་བསོད་རྣམས་རྒྱལ་མཚན་དཔལ་བཟང་པོ། བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཡང་ན། ཆོས་རྗེ་བྲག་ཕུག་པ། བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཀྱེའི་རྡོ་རྗེའི་ལུས་དཀྱིལ་གྱི་དབང༌། རྡོ་རྗེ་བདག་མེད་མའི་ལུས་དཀྱིལ་གྱི་བྱིན་རླབས། ལམ་དུས་ཀྱི་དབང་རྣམས་ཀྱི་བརྒྱུད་པ་ནི། གོང་དང་འདྲའོ། །ཡང་ཀྱེའི་རྡོ་རྗེ་ཡབ་བཀའི་བརྒྱུད་པ་ལུགས་གཞན་ནི། ཆོས་རྗེ་ས་སྐྱ་པཎྜི་ཏ། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། ཆོས་རྗེ་བྲག་ཕུག་པ་མན་གོང་བཞིན་ནོ། །ཡང་ཀྱེའི་རྡོ་རྗེའི་ཕྱི་རྡུལ་ཚོན་གྱི་དབང་དང༌། ནང་ལུས་དཀྱིལ་གཉིས་ཀའི་བརྒྱུད་པ་ནི། ཆོས་རྗེ་ཉན་ཆེན་པ། དཀར་པོ་བྲག་པ་རིན་ཆེན་སེང་གེ བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཡང་ཀྱེའི་རྡོ་རྗེ་ཕྱིའི་དཀྱིལ་འཁོར་གྱི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ། པཎྜི་ཏ་རྡོ་རྗེ་ཤེས་རབ། བླ་མ་འཕགས་རྒྱལ། བླ་མ་བཟང་པོ་དཔལ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཀྱེ་རྡོར་ལུས་དཀྱིལ་གྱི་དབང་གི་བརྒྱུད་པ་ལུགས་གཞན་ནི། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། བླ་ཆེན་ཀུན་དགའ་བློ་གྲོས། ཆོས་རྗེ་བསོད་ནམས་རྒྱལ་མཚན་ནོ། །ཡང་ན། འཕགས་པ། བླ་མ་འཕགས་རྒྱལ། བླ་མ་རིན་ཆེན་དཔལ་བཟང་པོ། ཆོས་རྗེ་བསོད་ནམས་རྒྱལ་མཚན་ནོ། །ཡང་ན། ས་སྐྱ་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་པ། བླ་མ་གཞོན་ནུ་དཔལ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་དབང་གི་བརྒྱུད་པ་ནི། རྗེ་ས་ཆེན་ཡན་ཆད་ཡབ་བཀའ་དང་འདྲ་བ་ལ། དེ་ནས་ནེ་ཙོ་སྦལ་སྟོན། བླ་མ་ཤེས་རབ་གྲགས། གནམ་པ་རྭ་ཆོས་ཤེ། མངོན་པ་བ་དབང་ཕྱུག་བརྩོན་འགྲུས། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ། དེ་ལས་ཆོས་རྗེ་བསོད་ནམས་རྒྱལ་མཚན་པ། བླ་མ་བློ་གྲོས་བརྟན་པ་གཉིས་ཀས་གསན། དེ་གཉིས་ཀ་ལས་བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཡང་ན། མངོན་པ་བ། པཎྜི་ཏ་རྡོར་ཤེ། ཞང་དཀོན་མཆོག་དཔལ་མན་འདྲ། ཡང་ན། མངོན་པ་བ། འཕགས་པ་རིན་པོ་ཆེ། དགོངས་སྟོན་ཤེས་རབ་འབུམ། དཀར་པོ་བྲག་པ་རིན་ཆེན་སེང་གེ བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཡི་གེ་བརྒྱ་པའི་བཟླས་ལུང་མན་ངག་དང་བཅས་པ་དང༌། ཨཥྚའི་བཟླས་ལུང་གཞི་བཤད། བྱད་བཟློག་དང་བཅས་པའི་བརྒྱུད་པ་ནི། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །གཉིས་པ་གྲོལ་བྱེད་ལམ་གྱི་སྐོར་ལ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གཞུང་ཇི་ལྟ་བ་བཞིན་དུ་བཀྲི་བའི་ཉམས་ཁྲིད་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ནས། ཆོས་རྗེ་ས་སྐྱ་པཎྜི་ཏ་ཡན་ཆད་དབང་བཀའ་དང་འདྲ་བ་ལས། དེ་ནས་ཚོགས་སྒོམ་རིན་པོ་ཆེ། ཉན་ཆེན་བསོད་ནམས་བརྟན་པ། ཆོས་རྗེ་བྲག་ཕུག་པ། དེ་ལས་ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་དང༌། བླ་མ་བློ་གྲོས་བརྟན་པ་གཉིས་ཀས་གསན། དེ་གཉིས་ཀ་ལས། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཡང་ན། ཆོས་རྗེ་པ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་མན་འདྲ། ཡང་ན། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་སེང་གེ ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་མན་འདྲ། ཡང་ན། ཉན་ཆེན་པ། བླ་མ་འཇམ་སྐྱ། བླ་མ་དཔལ་ལྡན་སེང་གེ་མན་འདྲ། ཡང་ན། ཉན་ཆེན་པ། དཀར་པོ་བྲག་པ་རིན་ཆེན་སེང་གེ བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །རྣམ་འགྲེལ་བཅུ་གཅིག་གི་ནང་ནས། ཚིག་ཉུང་ལ་དོན་རྒྱས་པའི་ལམ་འབྲས་གཉག་མ་དཀར་ཆག་གི་ནང་བཞིན་ཚང་བར་ཐོས་པ་ལ། རྩ་བ་རྡོ་རྗེའི་ཚིག་རྐང༌། དེའི་བསྡུས་དོན། འགྲེལ་པ། ཀུན་གཞི་རྒྱུ་རྒྱུད། གདན་སོགས། ལམ་ལ་སོགས་པའི་ཆོས་ཉི་ཤུ་ལ། ལུས་ཀྱི་དཀྱིལ་འཁོར། བུམ་དབང་གི་འདའ་ཀ་མའི་སྐབས་སུ། འཆི་ལྟས། འཁྲུལ་འཁོར། འཆི་བསླུ་དང་བཅས་པ། བུམ་དབང་གི་སྣང་བ་བསྒྱུར་བའི་འདའ་ཀ་མ། གསང་དབང་གི་སྐབས་སུ་ཐེག་ལེའི་རྣལ་འབྱོར་བཞི། ཤེས་རབ་ཡེ་ཤེས་ཀྱི་ཕྱག་རྒྱའི་མཚན་ཉིད། དབང་བཞི་ཀའི་འདའ་ཀ་མ་དང༌། བུམ་དབང་དང་ཐུན་མོང་དུ་ཡི་གེས་སྒོ་དགག་པ་དང་བཅས་པ། བར་དོ་བཞིའི་གདམས་ངག་གོ །ལམ་དུས་ཀྱི་དབང༌། ཚད་མ་བཞི། གདམས་ངག་དྲུག རྟེན་འབྲེལ་ལྔ། གྲིབ་སེལ་གྱི་སྦྱིན་སྲེག་བསྡུས་པ། དྲི་མ་ཁྲུས་ཀྱི་སེལ་བ་དང༌། སཱ་ཙྪས་སེལ་བ་དང༌། ཐིག་ལེ་བསྲུང་བ། ཡི་གེ་བརྒྱ་པའི་འདོན་ཐབས། འཇིག་རྟེན་པའི་ལམ་གྱི་སྐབས་སུ་རླུང་གི་སྦྱོར་བ་བདུན་གྱིས་ལམ་ཁྲིད་པ། བྷ་གའི་ཡི་གེ་བཅུ་བཞི། འདས་པའི་ལམ་ལ་གསང་དབང་གི་སྐབས་སུ་འཁོར་ལོ་བཞིའི་རྒྱ། བཞི་པའི་སྐབས་སུ་དབང་ཕྱུག་གི་དོན་བརྒྱད། ས་བཅུ་གསུམ་པའི་ས་ཕྱེད་ཀྱི་མངོན་རྟོགས་སོ། །དེ་ཐམས་ཅད་ཀྱི་དོན་བསྡུས་པའི་ཚིགས་སུ་བཅད་པ་དང༌། དེ་དག་ལས་འཕྲོས་པ་ལ། ཀུན་གཞི་རྒྱུ་རྒྱུད་ལས་འཕྲོས་ནས། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རྩ་འགྲེལ་གཉིས། གདན་སོགས་ལས་འཕྲོས་ནས་དབང་གི་ཆུ་བོ་མ་ནུབ་པར་བསྐུར་བ་སྟེ། དེ་ལ་དབང་བཞིའི་ཆོ་ག་མཐའ་དག་མདོར་བསྡུས་པ་མན་ངག་གི་གནད། མཆོག་དབང་གསུམ་གྲོལ་བའི་ལམ་ལ་བརྟེན་ཏེ་བསྐུར་བ། ལམ་སོགས་ཉི་ཤུ་ལས་འཕྲོས་ནས་ཕྱི་བསྐྱེད་པའི་རིམ་པ་མདོར་བསྡུས་པ། དམ་ཚིག་ལས་འཕྲོས་ནས་བདུད་རྩི་རིལ་བུ་སྒྲུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། སྲུང་བ་སུམ་ཅུ་དང༌། གདམས་ངག་གི་གནད་བདུན་ཅུ་ལས་འཕྲོས་ནས་གེགས་སེལ་ལོ། །དེ་ལ་ཡི་གེ་བཞི་སྟེ་བསམ་གཏན་འདོར་བའི་འཕྲང་བདུན། བྱུང་རྒྱལ་དུ་མི་གཏོང་བའི་གནད་བཞི། འབྱུང་བ་ལུས་འཁྲུགས་རླུང་དང་སྤྱོད་ལམ་གྱིས་བསལ་བ། རྣལ་འབྱོར་གྱི་ཕྲིན་ལས་སུམ་ཅུ་རྩ་གཉིས་དང༌། ལས་དང་པོ་པ་དང༌། ཐུན་མོང་གི་ཆོས་བདུན་ཏེ་ལམ་རྒྱས་པ་དང༌། རྩ་བ་མེད་པའི་ལམ་འབྲིང་པོ་དང༌། རང་གི་གཞུང་ཅུང་ཟད་ཡོད་པ་སྒྲུབ་པའི་ལུང་སྦྱིན་པ་ལམ་བསྡུས་པ་སྟེ། དེ་ལྟར་ན་ལམ་རྒྱས་འབྲིང་བསྡུས་གསུམ་དང༌། ལམ་དེ་དག་རྣལ་འབྱོར་པས་ཉམས་སུ་བླང་ཞིང་རྟོགས་ཚད་བསྐྱེད་པའི་ཕྱིར་ལམ་གྱི་གཞུང་ཤིང་བཞི་དང༌། རྟོགས་པ་བསྐྱེད་པའི་ཆོས་ལྔ་ཡོད་དེ། གཞུང་ཤིང་ཆེན་པོ་བཞི་ནི། གང་ཟག་གཞུང་ཇི་ལྟ་བ་བཞིན་དུ་བཀྲི་བའི་གཞུང་ཤིང༌། མན་ངག་གི་གནད་དྲུག་གིས་བཀྲི་བའི་གཞུང་ཤིང༌། བརྩོན་འགྲུས་ཅན་མན་ངག་གི་གནད་བཅུ་གཅིག་གིས་བཀྲི་བའི་གཞུང་ཤིང༌། གང་ཟག་དབང་པོ་རབ་འབྲིང་གསུམ་དུ་བཀྲི་བའི་གཞུང་ཤིང་ངོ༌། །རྟོགས་པ་བསྐྱེད་པའི་ཆོས་ལྔ་ནི། །ལམ་འཇུག་ལྡོག ཕྱག་རྒྱ་འཇུག་ལྡོག ཤེས་པས་ཕན་འདོགས་པའི་མན་ངག་བདུན། ལམ་བསྲེ་བ། ཕྱི་ནང་གི་མཛད་པ་བཅུ་གཉིས་སོ། །རྟོགས་པ་བསྐྱེད་པའི་དཔེ་ཆུང་ལ། འཆི་ལྟས་ཀྱི་འཁོར་ལོ་གཉིས། རྩ་རྩའི་དཔེ་ཆུང༌། བྷ་གའི་ཡི་གེ་བཅུ་བཞི་པོའི་དཔེ་ཆུང༌། རྣལ་འབྱོར་གྱི་ཕྲིན་ལས་སུམ་ཅུ་རྩ་གཉིས་ཀྱི་དཔེ་ཆུང༌། གེགས་སེལ་གཞན་གྱི་དཔེ་ཆུང་གཉིས་རྣམས་ནི་གང་ཟག་ཐ་མའི་མན་ངག་ཡིན་ལ། འབྲིང་གི་ལམ་དམ་ཚིག་དང་སྡོམ་པ་ནི། དེ་དག་གི་གསེབ་ཚག་ཏུ་འདུའོ། །གང་ཟག་རབ་ཀྱི་མན་ངག་བླ་མའི་རྣལ་འབྱོར་གྱི་ཡི་གེ དེ་ཐམས་ཅད་ཀྱི་རྒྱབ་བརྟེན། ལུང་འདི་ཉིད་དང་མདོར་བསྡུས་ཏེ་སྦྱར་བ། ཞིབ་ཏུ་སྦྱར་བ། ལུང་མཐའ་དག་དང་མདོར་བསྡུས་ཏེ་སྦྱར་བ། བླ་མ་བོད་དང་རྒྱ་གར་བའི་ལོ་རྒྱུས་རྣམས་སོ། །དེ་དག་གི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ་བ། ཆོས་རྗེ་བྲག་ཕུག་པ། བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཡང་ས་སྐྱ་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་པ། བྲག་ཕུག་པ་མན་འདྲ། ཡང་བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བ། གཞུང་བཤད་མན་ངག་གི་མཛོད། གཞུང་ཇི་ལྟ་བ་བཞིན་བཀྲི་བའི་གཞུང་ཤིང་སྦས་དོན་གསལ་བ། གནད་བཅུ་གཅིག་གིས་བཀྲི་བའི་གཞུང་ཤིང་གནད་ཀྱི་སྒོ་འབྱེད། གནད་དྲུག་གིས་བཀྲི་བའི་གཞུང་ཤིང་གནད་ཀྱི་ལྡེ་མིག དབང་པོ་རབ་འབྲིང་གསུམ་གྱིས་བཀྲི་བའི་གཞུང་ཤིང་ཉུང་ངུ་རྣམ་གསལ། བླ་མའི་རྣལ་འབྱོར་ཞལ་ཤེས་ཀྱི་ཡི་གེ་དང་བཅས་པ། ལུས་དཀྱིལ་གྱི་དབང་ཆོག ལམ་དུས་ཀྱི་དབང་སྟེ། ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་ལམ་འབྲས་པོད་ནག་ཏུ་གྲགས་པ་དང༌། གསལ་བྱེད་ཉེར་གཉིས་ལ་སོགས་པ་གཉག་མ་ཡིག་ཆུང་རྣམས་དང་བཅས་པའི་བརྒྱུད་པ་ནི། ཆོས་རྗེ་བྲག་ཕུག་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེ་བདག་ལའོ། །ཡང་ན། ཉན་ཆེན་པ། བླ་མ་དཔལ་ལྡན་སེང་གེ འགྲོ་མགོན་བསོད་ནམས་རྒྱལ་མཚན་མན་འདྲ། བླ་མ་བརྒྱུད་པའི་རྣམ་ཐར་ཞིབ་མོ། རྡོ་རྗེ་གཞུང་བཤད་དམར་མ་ཟིན་བྲིས་བར་སྟོན་མ་རྣམས་ཀྱི་བརྒྱུད་པ་ནི། ས་སྐྱ་པཎྜི་ཏ། དམར་ཆོས་ཀྱི་རྒྱལ་པོ། དགོངས་སྟོན་ཤེས་རབ་འབུམ། དཀར་པོ་བྲག་པ་རིན་ཆེན་སེང་གེ ཡང་ན། ས་སྐྱ་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་པ། དཀར་པོ་བྲག་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ལུས་དཀྱིལ་གྱི་ཁྲིད་ཀྱི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། ཆོས་རྗེ་བྲག་ཕུག་པ། ཆོས་རྗེ་རྣམ་གཉིས། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་བྱིན་རླབས། དབང་བཞིའི་ངོ་སྤྲོད། སྒྲུབ་པ་ལུང་སྦྱིན་རྣམས་ཀྱི་བརྒྱུད་པ་ནི། ས་སྐྱ་པཎྜི་ཏ། ཚོགས་སྒོམ་རིན་པོ་ཆེ། ཉན་ཆེན་པ། བྲག་ཕུག་པ། ཆོས་རྗེ་རྣམ་གཉིས། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཁྲིད་ཀྱི་དཀར་ཆག་གི་བརྒྱུད་པ་ནི། ས་སྐྱ་པཎྜི་ཏ། ལུང་ཕུ་བ། བཀྲས་ལུང་པ། མཁས་བཙུན་གཞོན་ནུ་གྲུབ། དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ། ཆོས་རྗེ་རྣམ་གཉིས། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། མན་ངག་གསང་བ་བཅུའི་བརྒྱུད་པ་ནི། འཕགས་པ། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ། ཆོས་རྗེ་རྣམ་གཉིས། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཚར་གསུམ་ཁུག་པ་ཡན་ལག་དྲུག་དང་བཅས་པའི་བྱིན་རླབས་ཀྱི་བརྒྱུད་པ་ནི། ས་སྐྱ་པཎྜི་ཏ། ལུང་ཕུ་བ། བཀྲས་ལུང་པ། མཁས་གྲུབ་ཆོས་རྗེ། ཞང་བྱང་ཤེ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཚོགས་སྒོམ་པ། ཉན་ཆེན་པ། ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ། བླ་མ་བློ་གྲོས་བརྟན་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས་ཀྱི་རྣམ་ཐར། ལུས་སྦྱོང་ཉི་ཤུ་པ། ཉམས་ཆེན་མོ། ཆུང་བ། བར་ཆད་གསུམ་སེལ་ཆེ་བ། ཆུང་བ། གེགས་སེལ་གཅེས་བསྡུས། གསང་བ་བདུན་པ། གེགས་སེལ་བཀའ་རྒྱ་མ། གླིང་བཞི་མ། བརྡ་གཅིག་བརྒྱུད། དབང་གི་རབ་དབྱེ། གསང་དབང་གི་རབ་བྱེད་བིརྺ་པས་མཛད་པ། ཕྱི་ནང་གསང་གསུམ་གྱི་མཎྜལ། རྟེན་འབྲེལ་ལྔའི་ཡི་གེ ཕྱག་རྒྱ་ཆེན་པོའི་དབྱེ་བ་རྣམས་ཀྱི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ། ཆོས་རྗེ་རྣམ་གཉིས། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། མན་ངག་དེ་དག་གི་བརྒྱུད་པ་གོང་མ་ནི། ཀྱེའི་རྡོ་རྗེའི་དབང་གི་བརྒྱུད་པ་དང་འདྲ་བ་ཤེས་པར་བྱའོ། །བརྡ་དོན་གསལ་བའི་ཁྲིད་བྱིན་རླབས་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། བླ་མ་ས་སྐྱ་པ་ཆེན་པོ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པ། ལུང་ཕུ་བ། བཀྲས་ལུང་པ། མཁས་གྲུབ་པ། བླ་མ་ཀུན་བསོད། བྲག་ཕུག་པ་ཆེན་པོ། ཆོས་རྗེ་རྣམ་གཉིས། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། རྣལ་འབྱོར་དབང་ཕྱུག་གི་ཆོས་བཞི་ལས། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་མན་ངག་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། བླ་མ་ས་སྐྱ་པ་ཆེན་པོ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། ཚོགས་སྒོམ་རིན་པོ་ཆེ། ཆོས་རྗེ་ཉན་ཆེན་པ། ཆོས་རྗེ་བྲག་ཕུག་པ། བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། བིརྺ་པའི་བྱིན་རླབས་སྲུང་བའི་མན་ངག་དང་བཅས་པའི་བརྒྱུད་པ་ནི། ཆོས་རྗེ་བྲག་ཕུག་པ་ཡན་གོང་དང་འདྲ་བ་ལ། དེ་ནས་ཆོས་རྗེ་རྣམ་གཉིས། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ལམ་སྦས་བཤད་ཀྱི་ཐུགས་རྡོ་རྗེའི་ཁྲིད། འཁྲུལ་འཁོར། གྲུབ་ཆེན་བཅུ་ཕྲ་མོ་བརྒྱད་དང་བཅས་པའི་བརྒྱུད་པ་ནི། བིར་སྲུང་དང་འདྲའོ། །དེའི་འཁྲུལ་འཁོར་སོ་གཉིས་ཀྱི་བརྒྱུད་པ་ནི། ཉན་ཆེན་པ། གཉགས་སྙིང་པོ་རྒྱལ་མཚན། བླ་མ་རྒྱལ་མཚན་འབུམ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། སྦས་བཤད་ཕོ་བྲང་ལྔའི་ཁྲིད་འཁྲུལ་འཁོར་དང་བཅས་པའི་བརྒྱུད་པ་ནི། ཉན་ཆེན་པ། དཀར་པོ་དྲག་པ་རིན་ཆེན་སེང་གེ བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། གཉིས་པ་ལམ་སྐོར་ལ། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་བྱིན་རླབས་དང༌། མན་ངག་གི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ། དེ་བ་ཨཱ་ཀ་ར་ཙནྡྲ། དེ་གཉིས་ཀ་ལས། ཇོ་བོ་ཨ་མོ་གྷ་བཛྲས་གསན། དེ་ལས་འབྲོག་མིས་གསན་ཏེ། དེ་མན་ལམ་འབྲས་དང་འདྲའོ། །བསམ་གྱིས་མི་ཁྱབ་པའི་མན་ངག་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྟ་མཆོག་བི་ན་པ་ཏ། ཨིནྟྲ་བོ་ཏི། ལེགས་སྨིན་པ་ཏ། སྒེག་པའི་རྡོ་རྗེ། གུན་དྷ་རི་པ། པདྨ་བཛྲ། ཆོས་ཀྱི་དཔལ། བཟང་པོའི་ཞབས། ཏོག་ཙེ་པ། བྷུ་ཤ་ན་པ། དྷརྨ་པ། ཀརྞ་པ། དཔའ་བོ་རྡོ་རྗེ། འབྲོག་མི་མན་འདྲའོ། །དེའི་བྱིན་རླབས་ཀྱི་བརྒྱུད་པ་ནི། ཆོས་རྗེ་ས་སྐྱ་པཎྜི་ཏ། འོད་ཤག ལ་རུ་པ། ཡེ་ཤེས་མགོན། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཆོས་རྗེ་པ་ཡན་གདམས་ངག་གི་བརྒྱུད་པ་དང་འདྲའོ། །མཆོད་རྟེན་དྲུང་ཐོབ་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། འཕགས་པ་ཀླུ་སྒྲུབ། ཨཱརྻ་དེ་ཝ།          རྗེས་མ།>>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*