ཀུན་རིག་ཆོ་ག ༢

༈ །རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་ཆོ་ག་བྱེད་པའི་སྐབས་སུ་གཏོར་མ་ཆ་གསུམ་མདོར་བསྡུས་ཏེ་གཏོང་བར་འདོད་པས། དེ་ནས་གཏོར་མ་རྣམས་ཆུ་གཙང་མས་བྲན་ལ། དང་པོ་ཕྱོགས་སྐྱོང་བཅུ་ལ་དབུལ་ཏེ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བསྟན་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཞེས་བརྗོད་པས་མ་དག་པ་བསངས་ཤིང་། རྡོ་རྗེ་མེའི་ཕྱག་རྒྱ་བསྟན་ལ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐཱ་བྷཉྫ་ར་ཎ་ཧཱུྃ་ཕཊ། ཅེས་བརྗོད་པས་གཟི་བྱིན་བསྐྱེད་ལ། རིན་པོ་ཆེའི་སྣོད་ཡངས་པ་བདུད་རྩིའི་ཚོགས་ཀྱིས་གང་བར་བསམ་ནས། རྡོ་རྗེ་བསྡམ་པའི་ཕྱག་རྒྱས་འདེབས་ཚུལ་བྱས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུད་པན་ན་ཏྭཱ་ད། ཨོཾ་ཨཱཿཧཱུྃ་ཕཊ་སྭཱཧཱ། ཞེས་ལན་གསུམ་བརྗོད་པས་ཅི་འདོད་པའི་ཡོ་བྱད་ཐམས་ཅད་ཐོགས་པ་མེད་པར་བསམ་ཞིང་། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་པས་སྤྱང་དྲངས་པར་བསམས་ལ། ཚིགས་བཅད་རེའི་མཇུག་ཏུ་ལག་གཡས་རྡོ་རྗེ་གཡབ་ཅིང་། གཡོན་དྲིལ་བུ་གསིལ་ཞིང་། ཕྱོགས་སྐྱོང་འཇིག་རྟེན་སྐོང་བ་དབང་དང་ལྡན། །སྙིང་རྗེ་ཐབས་མཁས་ཐུགས་དམ་དཀྱིལ་པོ་ཆེ། །ལྷ་དང་དྲང་སྲོང་ཡི་དྭགས་སྲིན་པོ་ཀླུ། །རིག་འཛིན་རྒྱལ་པོ་དང་ནི་གནོད་སྦྱིན་བདག །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་ཅིང་། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས། པདྨའི་ཕྱག་རྒྱ་བཅས་ལ། པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་ཕུལ་ལ། ཨོཾ་ཨིནྡྲཱ་ཡ། ཨགྣ་ཡེ། ཡ་མཱ་ཡ། ནཻ་རཱྀ་ཏྱཱ་ཡ། ཝཱ་རུ་ཎཱ་ཡ། ཝཱ་ཡ་ཝེ། ཀུ་བེ་རཱ་ཡ། ཨཱི་ཤྭ་རཱ་ཡ། ཨུརྡྡཾ་བྲཧྨཱ་ཡ། སཱུརྻ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ། ཨ་དྷི་པ་ཏ་ཡེ། ཨ་དྷྭ་པྲི་ཐི་ཝི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿ ས་པ་རི་ཝཱ་ར་བཛྲ་ས་མ་ཡ་སཏྭཾ། ཞེས་བརྗོད་ཅིང་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་པས་དམ་ལ་བཞག དེ་ནས་སྔར་གྱི་སྔགས་ཀྱི་རྗེས་ལ། མཆོད་པ་སོ་སོའི་ཕྱག་རྒྱ་དང་བཅས་པས། གྲྀཧྣེ་དཾ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། པུཥྤཾ་སྭཱ་ཧཱ། དྷཱུ་པཾ་སྭཱ་ཧཱ། དཱི་པཾ་སྭཱ་ཧཱ། གནྡྷཾ་སྭཱ་ཧཱ། ཞེས་པས་མཆོད་ནས། གཡས་རྡོ་རྗེ་དང་བཅས་པས་ཐལ་མོ་སྙིང་ག་དང་། གཡོན་དྲིལ་བུ་འཛིན་པས། ཚིགས་བཅད་རེ་རེའི་མཇུག་ཏུ་རྡོར་དྲིལ་སོགས་གསོར་བྱ་ཞིང་། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག༴ །གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་༴ །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ནུབ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་༴ །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་༴ །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ་གདོན་གྱི་བདག །ནུབ་བྱང་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་༴ །གནོད་སྦྱིན་ལག་ན་དབྱུག་ཐོ་འཛིན། །ནོར་སྐྱོང་རྒྱལ་པོ་གདོན་གྱི་བདག །བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་༴ །དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་༴ །སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་༴ །འོག་གི་ཀླུ་སྟེ་ས་ཡི་བདག །ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། དེ་ནས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། སྔར་གྱི་སྔགས་རྣམས་ཀྱི་མཐར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལྱཱ་དི་སྭཱཧཱ། ཞེས་པ་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ནས། ལག་གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་དྲིལ་བུ་ཚིག་རྡུངས་བྱ་ཞིང་།་་་་་ཤར་ཕྱོགས་རྡོ་རྗེ་ཅན་ནས། འོན་ཀྱང་སྐྱོབ་བའི་སྲས་སུ་སྐྱེ་ཞེས་པའི་བར་ལ། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་གང་དག་ས་སྟེང་ཀླུ། །རི་ཡི་ལྷ་དང་གཙང་མའི་ཚོགས་བཅས་ལ། །སྭཿསྭཿསོ་སོར་གཏོར་མ་ཕུལ་བ་འདི། །རབ་ཏུ་དགེས་པའི་ཡིད་ཀྱིས་བཞེས་ནས་སུ། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་ཀྱང་། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་བཅས། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །འཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཞེས་པས་འཕྲིན་ལས་བཅོལ་ལ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་བསྟན། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་པས་ཆོས་ཀྱི་སྦྱིན་པ་སྦྱིན་ལ། རྡོ་རྗེ་ཐུགས་ཀ་དང་། དྲིལ་བུ་རྒྱུན་དཀྲོལ་བྱ་ཞིང་། སྲུང་མ་དམ་ཚིག་ཅན་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་ཞིང་། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ཆོས་བསྒྲུབ་པའི་བར་ཆད་ཉེ་བར་ཞི་བ་དང་། བསམ་པའི་དོན་ཐམས་ཅད་ཆོས་དང་ལྡན་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད་ལ། ཁུ་ཚུར་གཉིས་བསྣོལ་བའི་མཐེབ་སྲིན་གྱིས་སེ་གོལ་ཕྱིར་གཏོག་ཅིང་། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གཙྪ། ཞེས་པས་གཤེགས་སུ་གསོལ། གཉིས་པ་འབྱུང་པོ་རྣམས་ལ་དབུལ་ཏེ་སྔ་མ་ལྟར་བསང་སྦྱངས་བྱིན་གྱིས་བརླབས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་པས་སྤྱན་དྲངས་པར་བསམ་ཞིང་། ཚིགས་བཅད་རེ་རེའི་མཇུག་ཏུ་ལག་པ་གཡས་པ་རྡོ་རྗེ་གཡབ་ཅིང་། གཡོན་དྲིལ་བུ་གསིལ་ཞིང་། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་ཚོགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུད་མེད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གི་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག །ཨོཾ་སརྦ་ལོ་ཀ་ཀཱ་ར་ཨེ་ཧྱེ་ཧིས་སྤྱན་དྲངས། པདྨའི་ཕྱག་རྒྱ་དང་བཅས་པས། པདྨ་ཀ་མ་ལཱ་ཡ་སཏྭཾགྱིས་གདན་ཕུལ། མཆོད་པ་སོ་སོའི་ཕྱག་རྒྱ་དང་བཅས་པས། ཨརྒྷཾ་སོགས་ཀྱིས་མཆོད་ལ། གཏོར་མ་གསོལ་བར་བསམ་ཞིང་། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས་པས། ཨོཾ་དེ་ཝ། ནཱ་ག ཡཀྵ། རཱཀྵ་སཱ། གན་དྷརྦ། ཨ་སུ་ར། ག་རུ་ཌ། ཀི་ན་ར། མ་ཧོ་ར་ག མ་ནུ་ཥྱ། ཨ་མ་ནུ་ཥྱ། ས་པ་རི་ཝཱ་ར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿ བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ། ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲྀཧྣེ་དཾ། བ་ལིཾ་ཏ་ཡེ་སྭཱཧཱ། ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་ལ། གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་དྲིལ་བུ་་་་་་འབྱུང་པོ་གང་དག་ནས། འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ་ཞེས་པའི་བར་ལ། ཚིག་རྡུངས་བྱ་ཞིང་། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང་། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་བསིལ་མ་ཅན་དང་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དག་དང་ལྷ་ཡི་གནས་རྣམས་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང་། །འབྲོག་ཆེན་འཇིགས་སུ་རུང་བ་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགེས་ཤིང་མགུ་བར་གྱུར་ནས་སུ། །འཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བཞེས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཞེས་པས་འཕྲིན་ལས་བཅོལ་ཞིང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་བསྟན། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་པས་ཆོས་ཀྱི་སྦྱིན་པ་དང་། རྡོ་རྗེ་ཐུགས་ཀ་དང་། དྲིལ་བུ་རྒྱུན་དཀྲོལ་བྱ་ཞིང་། ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་འཁོར་དང་བཅས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་ཞིང་། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ཆོས་བསྒྲུབ་པའི་བར་ཆད་ཉེ་བར་ཞི་བ་དང་། བསམ་པའི་དོན་ཐམས་ཅད་ཆོས་དང་ལྡན་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་སྔར་ལྟར་འདོད་པའི་དོན་ལ་གསོལ་བ་བཏབ་ལ། མཆོད་ཡོན་གྱི་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་ལོ་ཀ་ཀཱ་ར་གྲྀཧྣེ་དཾ་ཨརྒྷཾ་སྭཱཧཱ། ཞེས་དང་། མཐེབ་སྲིན་གྱིས་སེ་གོལ་ཕྱིར་གཏོག་ཅིང་གཙྪ། ཞེས་པས་གཤེགས་སུ་གསོལ། གསུམ་པ་རིགས་་་་་་གནས་སྐབས་གཞན་དུ་ནི་ཆ་གསུམ་རྐྱང་པ་གཏོང་ཚེ། རིགས་དྲུག་དང་ཡི་དྭགས་ཀྱི་གཏོར་མ་འདི་གཉིས་མི་དགོས། དྲུག་ལ་བསྔོ་བ་ནི། ཨོཾ་ཨཱཿཧཱུྃ། ལན་གསུམ་བྱིན་གྱིས་བརླབས་ལ། ལག་གཡོན་རྡོ་རྗེ་ཁུ་ཚུར་སྙིང་ག་དང་། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བཅས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨཱ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་བདུན་བདུན་བརྗོད་ལ། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། ངག་ཏུ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གྱི་གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །རང་རང་སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་ཟད་མི་ཤེས་པར་འབྱུང་བར་གྱུར་ཅིག ཐམས་ཅད་སྡུག་བསྔལ་ལས་གྲོལ་ནས་མྱུར་དུ་སངས་རྒྱས་པར་གྱུར་ཅིག ཅེས་པས་རིགས་དྲུག་ལ་བསྔོས། བཞི་པ་ཡི་དྭགས་ལ་སྦྱིན་པ་ནི། བྱིན་གྱིས་བརླབས་པ་ནས། སངས་རྒྱས་བཞིའི་མཚན་གྱི་བར་སྔར་བཞིན་བྱས་ལ། མཆོད་སྦྱིན་གྱི་གཏོར་མ་འདི་ནི་ཡི་དྭགས་ཀྱི་འགྲོ་བ་ཐམས་ཅད་ལ་སྦྱིན་ནོ། །གནོད་པ་མེད་པར་ཚིམ་ནས། བཀྲེས་སྐོམ་གྱི་སྡུག་བསྔལ་ལས་གྲོལ་བ་དང་། མྱུར་དུ་སངས་རྒྱས་པར་གྱུར་ཅིག ཅེས་བརྗོད་དོ། །ལྔ་པ་བགེགས་རྣམས་ལ་སྦྱིན་ཏེ། རང་ཉིད་རིགས་ཀྱི་ཁྲོ་བོ་གང་ཡིན་དེའི་ང་རྒྱལ་དང་ལྡན་པས། ཁམས་གསུམ་རྣམ་རྒྱལ་གྱི་སྔགས་དང་། ཕྱག་རྒྱ་ལན་གཅིག་བྱས་ལ་སེ་་་་་་གནས་སྐབས་གཞན་དུ་ཆ་གསུམ་གཏོང་ཚེ་འདི་མཛད་པ་མ་མཐོང་། གོལ་གཏོག་ནས། ཡང་ཕྱག་རྒྱ་དེ་ཉིད་བཅས་ལ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་ཡང་། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་་་་་་གནས་སྐབས་གཞན་དུ་བདག་བསྐྱེད་ལ་ལྷ་གང་བསྒོམ་པ་དེའི་བཀའ་བདེན་པ་ཅེས་བརྗོད། པར་སྣང་མཛད་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས། དེང་འདིར་་་་་་གནས་སྐབས་གཞན་དུ་ཚེ་ལྡན་སོགས་ཀྱི་དོན་དུ་བྱ་དགོས་ན་སྦྱིན་པའི་བདག་པོ་མིང་འདི་ཞེས་བགྱི་པའི་ལུས་ངག་ཡིད་གསུམ་ལ་བར་དུ་གཅོད་པ་སོགས་སྐབས་ཐོབ་སྦྱར་ལ་ཤེས་བར་བྱའོ། །ཚེ་འདས་གང་ཡིན་པ་དེའི་མིང་ནས་བརྗོད། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ་ལ་གསོན་གྱི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་འདི་ཉིད་ལ་འདིར་མཆིས་པར་གྱུར་ཅིག ཚར་གཅིག་དང་། ཊ་ཀི་ཧཱུྃ་ཛ། ཞེས་ཚར་གསུམ་བརྗོད་པས་བགེགས་རྣམས་གཏོར་མ་ལེན་པའི་ཕྱིར་དུ་འོང་བར་བསམས་ལ། ལག་གཡོན་ཁུ་ཚུར་སྙིང་གར་བཅངས། གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་བཅས་ལ། ཨོཾ་གུང་ཀ་རེ་གུང་ཀ་རེ་སྭཱཧཱ། ཨོཾ་པི་ཙི་པི་ཙི་སྭཱཧཱ། ཨོཾ་གུང་གུང་སྭཱཧཱ། སརྦ་བིགྷྣཱན། གྲྀཧྣེ་དཾ་ཨརྒྷཾ་སྭཱཧཱ། པཱ་དྱཾ་སྭཱཧཱ་ནས། གནྡྷཾ་སྭཱཧཱའི་བར་གྱིས་མཆོད་ལ། ལག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མདུན་ནས་བསྐོར་ཞིང་མཐར་མཆོད་སྦྱིན་དང་བཅས་པས་སེ་གོལ་བྱ་ཞིང་། གོང་གི་སྔགས་གསུམ་གྱི་རྗེས་སུ། སརྦ་བིགྷྣཱན། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། ཞེས་སོགས་བཏགས་ལ་ལན་གསུམ་གྱིས་གཏོར་མ་བྱིན་པས་ཚིམ་པར་བསམས་ལ། ལག་གཡས་རྡོ་རྗེ་སྙིང་ག་དང་། གཡོན་དྲིལ་བུ་ཚིག་རྡུངས་བྱ་ཞིང་། གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡི། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །ཅེས་བསྔོས་ལ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེ་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམས། །འཚོ་བའི་ཟས་ལ་ཀུན་ཀྱང་འདུ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གི །ལུས་ལ་མངོན་པར་གནོད་གྱུར་པ། །ནད་དེ་ཉེ་བར་ཕྱུང་ནས་སུ། །གདོན་ཁྱོད་རང་གི་གནས་སུ་དེངས། །དེ་ལྟར་བདག་གི་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གི་བསམ་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་བདག་ཅག་འཁོར་བཅས་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་སོང་། །ཞེས་བརྗོད་ཅིང་། ཨོཾ་སརྦ་བིགྷྣཱན་གཙྪ། ཅེས་པས་གཤེགས་སུ་གསོལ། གཏོར་མ་ས་གཙང་སར་དོར་ཞིང་། རྡོ་རྗེ་གསོར། དྲིལ་བུ་དྲག་ཏུ་དཀྲོལ་ཞིང་། གཞན་ཡང་རོལ་མོའི་སྒྲ་དྲག་པོ་དང་བཅས་པས། ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾ་ཥྚོ་ཊ་ཀ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ། པ་ར་ཤུ་པཱ་ཧ་སཏྭ་ཡ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལེ། ཁ་ཁ་ཁཱ་ཧི་ཁཱ་ཧི། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན། བི་ན་ཡ་ཀ་ནཱན། མ་ཧཱ་ག་ན་པ་ཏི། ཛི་ཝཱི་ཏ། ཨནྟ་ཀ་རཱ་ཡ་སྭཱཧཱ། ཞེས་ཁྲོ་བོའི་སྔགས་ཀྱིས་མཚམས་བཅད་དེ། འཇིག་རྟེན་པ་གཏོར་མའི་མཆོད་པའི་ཆོ་གའོ། །དེ་བཞིན་དུ་བྱ་བ་དང་སྤྱོད་པའི་རྒྱུད་ཀྱི་ཆོ་གའི་སྐབས་སུའང་། གཏོར་མ་བསང་སྦྱངས་བྱིན་གྱིས་བརླབས་པ་རྣམས་སོ་སོའི་ཆོ་ག་བཞིན་བྱ། གཏོར་མའི་ཆོ་ག་ནི་འདི་ཁོ་ན་ལྟར་ཉམས་སུ་བླངས་པས་འགྲུབ་བོ། །འོན་ཀྱང་བྱ་བའི་རྒྱུད་ལ་ལྷའི་ང་རྒྱལ་གྱིས་མགྲོན་དགུག་པ་མེད་པས། སྔོན་དུ་བདག་མེད་གཉིས་ཀྱི་རྣལ་འབྱོར་ལ་སེམས་བཞག་ལ། དེའི་ངང་ནས་མགྲོན་དགུག་པ་སོགས་བྱ་བ་ཉིད་དོ། །དེ་ལྟར་རྒྱུད་སྡེ་འོག་མ་གསུམ་གྱི་ཆོ་ག་ལ་ཉེ་བར་མཁོ་བའི་ཡན་ལག་གཏོར་མ་ཆ་གསུམ་གྱི་ཆོ་ག་བསྡུས་པ་ནི། ཤྲརྡྷ་ཀ་ར་ཝརྨའི་གཞུང་དང་མཐུན་པར་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པ་ལྟར་བཀོད་པ་ལགས།།  ༈ །གསུམ་པ་བདག་འཇུག་བླང་བ་ནི། དཀྱིལ་འཁོར་གྱི་གཙོ་བོ་སྔར་རང་གི་ཀུན་རིག་གི་དབང་བསྐུར་ཞུས་པའི་བླ་མར་མོས་ལ། རང་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འདུག་ནས་དབང་ཞུ་བར་བསམས་ལ། དེ་ལ་སྟ་གོན་དང་། དངོས་གཞིའི་ཆོ་ག་གཉིས་ཀྱི་དང་པོ་ལ། སློབ་དཔོན་གྱིས་བུམ་པའི་ཁ་རྒྱན་གྱི་ཀུ་ཤ་དང་། གཞན་རྣམས་ཀྱིས་དུད་ཆོས་ཐོགས་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བུམ་ཆུ་ཅུང་ཟད་རེ་འཐུང་ལ། ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ། སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་པ་དང་། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་པས་མཎྜལ་ཚོམ་བུ་བདུན་མ་ཕུལ་ལ། དེ་ནས་མེ་ཏོག་དང་བཅས་ཐལ་མོ་སྙིང་གར་སྦྱར་ལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་བརྗོད་པས་གསོལ་བ་བཏབ་པ་ཁ་བསྐང་ནས། རྒྱུན་བཤགས་བྱ་སྟེ། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་པ་ལའང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཐུགས་རྗེས་ཁྱབ་པའི་མཐུ་དང་ལྡན་གྱུར་ཅིང་། །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་གདན་བཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་རྭ་བ་སྟེ། །དམན་པས་འཇིགས་པ་ཉིད་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་བ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་རྒྱལ་ཐགས་རྗེ་ཆེ་ལྡན་པའི། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་མཆི་ཞིང་། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྩེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་བཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པ་འམ། །ཡང་ན་ཡོངས་སུ་སྐྱབས་པར་བྱ་ཕྱིར་རམ། །རང་གི་སེམས་ཉིད་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་འདི། །བདག་དང་གཞན་ལ་ཕན་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་བཞིན་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡིས། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་རྣམས་ལ་བདག་གིས་གནས་པར་བགྱི། །ཞེས་ལན་གསུམ་བརྗོད། ས་མ་ཡ་ཨཱཿ ཞེས་བརྗོད་དེ། རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསམས་ལ། སྙིང་གར་རྡོ་རྗེ་རེག་ཅིང་། སུ་ར་ཏེ་ས་མ་ཡ་སཏྭཾ། ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་པས་བརྟན་པར་བསམ། དེ་ནས་སྡོམ་པ་མ་ལུས་པ་གཟུང་བའི་བསམ་པས་ཐལ་མོ་སྦྱར་ལ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་སྡོམ་པ་མ་ལུས་བཟུང་། །མ་གྲོལ་བ་ནི་དགྲོལ་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བརྗོད་པས་སེམས་བསྐྱེད་པའོ། །དེ་ནས་ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཙྪིནྡ་ཙྪིནྡ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཅེས་རིགས་གསུམ་སྤྱིའི་སྔགས་དང་ཕྱག་རྒྱས་རང་གི་གནས་གསུམ་བྱིན་གྱིས་བརླབས། ཡང་རྡོ་རྗེ་ཁུ་ཚུར་གཉིས། སྙིང་ག་ལྐོག་མ་ཁ་ཕྱོགས་དང་། །དཔྲལ་བ་མཛོད་སྤུ་རྣ་བ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་རྐེད་པ་པུས་མོ་བོལ། །ལོང་བུ་སྣ་ཡི་རྩེ་མོ་དང་། །མིག་གཉིས་དང་ནི་གསང་བའི་གནས། །ཞེས་པ་ལྟར་གནས་ཉི་ཤུ་རྩ་གཉིས་སུ་གཏུག་ཅིང་། ཨོཾ་བཛྲ་ཨ་དྷི་ཏིཥྛ་ཛྙ་ན་ས་མ་ཡེ་ཧཱུྃ། ཞེས་བརྗོད་ལ་བྱིན་གྱིས་བརླབས་པས། རང་རྡོ་རྗེ་སེམས་དཔའི་གཟུགས་སུ་གྱུར་པར་བསམས་ལ། བཛྲ་སཏྭ་ཧཾ། ཞེས་ང་རྒྱལ་གཟུང་སྟེ་བྱིན་གྱིས་བརླབ་པའོ། །དེ་ནས་མེ་ཏོག་དང་བཅས་ཐལ་མོ་སྦྱར་ལ། བདག་གི་དགེ་བའི་རྩ་བ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག ཞེས་བརྗོད་ཅིང་སྨོན་ལམ་གདབ་བོ། །དེ་ནས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གི་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ནས། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་བསྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་པས་སྔགས་ལ་སྤྲོ་བ་བསྐྱེད་དེ་ཆོས་བཤད་པའོ། །དེ་ནས། ཨོཾ་བཛྲ་སཏྭ་ཀྲོ་དྷཱ། ཨ་ན་ལརྐ། མ་ཧཱ་བཛྲ་ཀྲོ་དྷཱ། དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦ་ཨཱ་པ་ཡ། ན་ཤ་ཡ་ན་ཤ་ཡ། ཧ་ར་ཧ་ར། པྲཱ་ཎཱ་ན་ཧཱུྃ་ཕཊ། ཅེས་ཁམས་གསུམ་རྣམ་རྒྱལ་གྱི་སྔགས་དང་ཕྱག་རྒྱས་རང་གི་གནས་གསུམ་དུ་གཏུགས་ཏེ་བསྲུང་བ་བྱ་བ་ནི་སྟ་གོན་ནོ། །དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར། མཎྜལ་གླིང་བཞི་རི་རབ་ཉི་ཟླ་ཟུང་ཅིག་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་པ་དང་། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཨཱ་ཁཾ་ཝཱི་ར་ཧཱུྃ། ཞེས་དང་། མིག་རས་འཆིང་བའི་ཚུལ་བྱས་ལ། ཡང་། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་བཟུང་། ཨོཾ་བཛྲ་ཨ་དྷི་ཏིཥྛ་ཧཱུྃ། ཞེས་པས་རང་རྡོ་རྗེ་སེམས་དཔར་བསྒོམས་ལ། རྡོ་རྗེ་བསྡམ་པ་ལས་གུང་མོ་མཉམ་པས་མེ་ཏོག་བཟུང་ལ། ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཞེས་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་བསམ། དེ་ནས་གཙོ་བོ་ལ་སོགས་པའི་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ལྔའི་རང་བཞིན་ཧཱུྃ་གི་རྣམ་པར་བྱོན་ནས། རང་གི་ལུས་ལ་ཆར་བབས་པ་བཞིན་ཞུགས། ཡང་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་ཧཱུྃ་གི་རྣམ་པས་ཞུགས་པར་བསམས་ལ། རང་གི་སྙིང་གར་རྡོ་རྗེ་བསྡམ་པ་བཞག་ཅིང་། ཨོཾ་བཛྲ་པྲ་བེ་ཤ་ཡ་ཧཱུྃ། ཞེས་བཅུ་ནས་བརྒྱའི་བར་བརྗོད་པས་དབབ་བོ། །དེ་ནས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ཅིང་། ཨོཾ་ཨ་ས་མེ་ཏྲི་ས་མེ། མ་ཧཱ་ས་མ་ཡ་ཧཱུྃ། ཞེས་བརྗོད་ཅིང་བརྟན་པར་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་མདུན་དུ་སོང་ལ། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །དམན་པར་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་བཛྲ་པྲ་ཏི་གྲྀཧྣ་ཧཱུྃ། ཞེས་པས་མེ་ཏོག་དཀྱིལ་འཁོར་དུ་ལྟོས་པ་མེད་པར་དོར་ལ། གང་ལ་ཕོག་པའི་ལྷ་ངོ་ཤེས་པར་བྱ། དེ་ནས་མེ་ཏོག་རང་གི་མགོ་བོར་བཞག་ལ། ཨོཾ་པྲ་ཏཱིཙྪ་བཛྲ་ས་མ་ཡ་སཏྭཾ། ཞེས་བརྗོད་དེ། དེ་ནས། ཨོཾ་བཛྲ་ཧ་སེ་ཨུད་ག་ཏ་ཡ་ཧཱུྃ་གིས་གདོང་གཡོགས་བཀྲོལ། ཨོཾ་བཛྲ་པཱ་ཤྱ་ཧས་དཀྱིལ་འཁོར་བསྟན་ལ། དེ་ནས། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཕཊ། ཅེས་པས་དམ་ཚིག་ཐམས་ཅད་རྒྱུད་ལ་གནས་པར་བསམ། རྡོ་རྗེའི་ཕྱག་རྒྱ་སྙིང་གར་གཏུགས་ཏེ། ཀུན་རིག་སྙིང་གར་ཞུགས་པར་བསམས་ལ། ཨོཾ་བཛྲ་ས་མ་ཡ་ཧྲི་ད་ཡ་མི་པྲཱ་བེ་ཤ་དྲྀ་ཌཱོ་ཏིཥྛ་ཧཱུྃ་ཕཊ། ཅེས་པས་བརྟན་པར་བསམ་མོ། །དེ་ནས་རྣམ་རྒྱལ་བུམ་ཆུ་ཅུང་ཟད་འཐུང་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་། །བདུན་བརྒྱུད་རིགས་རྣམས་བརླག་པར་བྱེད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་དང་། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་བསྲུང་བར་བྱ། །ཞེས་པས་དམ་ཚིག་བསྒྲག་ཅིང་། ཁྱོད་ཀྱི་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །བརྫུན་དང་འདོད་ལ་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བ་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ནི་ཡོངས་མི་སྤངས། །དུས་ཀུན་དུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །ལྷ་དང་བླ་མ་དེ་བཞིན་ནོ། །སྡིག་ལ་སོགས་པ་གང་ཡིན་དང་། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་པ་དང་། །དེ་ཡི་གྲིབ་མ་འང་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལ་དེ་བཞིན་ནོ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལའང་སྨད་མི་བྱ། །མདོར་ན་ཡིད་གཉིས་ཐེ་ཚོམ་སོམ་ཉི་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་བརྗོད་པས་སྡོམ་པ་སྦྱིན་ཏེ་འཇུག་པའི་ཆོ་གའོ།།  ༈ །གཉིས་པ་དབང་བླང་བ་ལ། རྡོ་རྗེ་སློབ་མའི་དབང་། སློབ་དཔོན་གྱི་དབང་། མཐའ་རྟེན་སྦྱིན་པ་དང་དང་གསུམ་གྱི་དང་པོ་ནི། གོང་བཞིན། མཎྜལ་གླིང་བཞིསོགས་ནས། དངོས་གཞི་དབང་བསྐུར་བ་ཞུ་བའི་ཡོན་དུ་སོགས་བརྗོད་ལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པ་ཁ་བསྐང་ལ་མདུན་གྱི་གཞལ་ཡས་ཁང་ལྷ་དང་བཅས་པ་ལས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཀྱི་རྣམ་པ་སྔགས་རྣམས་ཀྱི་ཡིག་འབྲུ་གསེར་བཙོ་མའི་མདོག་ཅན་དཔག་ཏུ་མེད་པ་བྱུང་ནས། རང་རྡོ་རྗེ་སེམས་དཔར་བསྒོམ་པའི་སྤྱི་བོར་ཞུགས་པར་བསམས་ལ། རང་གི་སྤྱི་བོར་རྡོ་རྗེ་བཞག་ལ། ཨོཾ་ན་མོ་བྷ་ག་སོགས་རྩ་རིག་དང་། ཨོཾ་སརྦ་བིཏ་སརྦ་ཨཱ་ཝ་ར་ཎཱ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཨོཾ་སརྦ་བིཏ་ཧཱུྃ། ཨོཾ་སརྦ་བིཏ་ཕཊ། ཨོཾ་སརྦ་བིཏ་ཨཱཿ ཨོཾ་སརྦ་བིཏ་ཏྲ་ཐ། ཨོཾ་སརྦ་བིཏ་ཨོཾ། ཨོཾ་སརྦ་བིཏ་སྭ། ཨོཾ་སརྦ་བིཏ་ཨཱཿ ཨོཾ་སརྦ་བིཏ་ཧཱུྃ། ཨོཾ་སརྦ་བིཏ་ཏྲ་ཐ། ཨོཾ་ཤ། ཨོཾ་བྷ། ཞེས་སྔགས་བཅུ་གསུམ་པོ་བརྗོད་པ་སྟེ་སྔགས་ཀྱི་དབང་ངོ་། །དེ་ནས་ནམ་མཁར་གནས་པའི་སངས་རྒྱས་ཐམས་ཅད་དང་སློབ་དཔོན་ལྷན་ཅིག་པས་དབང་བསྐུར་བར་བསམས་ལ། རིགས་ལྔའི་བུམ་པའམ་མེད་ན་རྣམ་རྒྱལ་བུམ་པ་སྤྱི་བོ་ལ་སོགས་པའི་གནས་ལྔར་་་་་་དཔྲལ་བ་རྣ་ལྟག་གཡས། ལྟག་པ། རྣ་ལྟག་གཡོན་ཏེ་འོག་མ་རྣམས་ལའང་ཤེས་པར་བྱའོ།། གཏུག་ཅིང་། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ལས་དང་ཉོན་མོངས་སྒྲིབ་པ་ཀུན་དག་སྟེ། །བྱང་ཆུབ་སེམས་ཀྱིས་རླན་གྱིས་རླན་པར་ཤོག །ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཀ་ལ་ཤ་ཨི་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ ཞེས་ཆུ་དབང་ལན་ལྔར་བསྐུར་ཞིང་བུམ་ཆུ་ཅུང་ཟད་རེ་འཐུང་བ་སྟེ་ཆུའི་དབང་ངོ་། །དེ་ནས་དབུ་རྒྱན་གྱོན་ལ། དེ་བཞིན་གཤེགས་པའི་དབུ་རྒྱན་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད། དེ་ཉིད་བརྟན་པའི་དོན་དུ། སྤྱི་བོ་ལ་སོགས་པའི་གནས་ལྔར་རིགས་ལྔའི་ཕྱག་རྒྱ་བཅའ་ཞིང་། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ་སོགས་གོང་ལྟར་བརྗོད། དེ་ནས་རིན་པོ་ཆེའི་ཕྲེང་བ་དབུ་རྒྱན་གྱི་རྩ་བར་བཅིངས་ལ། རིན་ཆེན་མཛེས་པའི་མེ་ཏོག་ཕྲེང་བ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །བསམ་པ་མྱང་འདས་སྦྱོར་བ་ཁམས་གསུམ་གནས། །མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། ཞེས་བརྗོད། དབུ་རྒྱན་གྱི་སྟེང་དུ་ཁ་དོག་ལྔ་པའི་དར་གྱི་ཅོད་པན་གྱིས་བརྒྱན་ལ། མཛེས་ཤིང་ཡིད་འོང་དར་གྱི་ཅོད་པན་གྱིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་ཤོག །ཨོཾ་བཛྲ་པ་ཊ་ལཾ་པ་ཨ་བྷི་ཥིཉྩ་ཏྲཱཾ། ཞེས་བརྗོད་དེ་དབུ་རྒྱན་ཕྲེང་བ་དར་དཔྱངས་གསུམ་ནི་ཅོད་པན་གྱི་དབང་ངོ་། །དེ་ནས་རིགས་ལྔའི་ཕྱག་མཚན་དང་། ཕྱག་མཚན་ལྔས་ཡུ་བ་བྱས་པའི་དྲིལ་བུ་བྱིན་པར་བསམས་ལ། ལག་གཡས་རྡོ་རྗེ་དང་དྲིལ་བུ་སྤྱི་བོ་ལ་སོགས་པའི་གནས་ལྔར་དཀྲོལ་ལ། རིགས་ལྔའི་ཕྱག་རྒྱ་ལག་ཏུ་གཏད་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །ཡེ་ཤེས་ལྔ་ནི་རབ་ཏུ་རྟོགས་པར་ཤོག །ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་མུ་དྲ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་མུ་དྲ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་དེ་རྡོ་རྗེ་དང་དྲིལ་བུའི་དབང་ངོ་། །དེ་ནས་བླ་མ་དང་། ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་ཀྱིས། རིགས་ལྔའི་མིང་འདོགས་པར་བསམས་ལ། ལག་གཡས་པས་རྡོ་རྗེ་དྲིལ་བུ་ལྷན་ཅིག་ཏུ་བཟུང་ལ་སྤྱི་བོ་ལ་སོགས་པའི་གནས་ལྔར་དཀྲོལ་ལ། ཀུན་རྫོབ་མཚན་ཉིད་མཚན་མ་མིང་གི་དབང་། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །མ་འོངས་འཇིག་རྟེན་སངས་རྒྱས་ཞིང་རྣམས་སུ། །དེ་བཞིན་གཤེགས་པའི་མཚན་གྱི་མིང་ཐོབ་ཤོག །ཨོཾ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་ནཱ་མ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ནཱ་མ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ནཱ་མ་ཨ་བྷི་ཥིཉྩ་ཨཿ ཞེས་བརྗོད་ཅིང་། མེ་ཏོག་གང་ལ་ཕོག་པའི་ལྷའི་མིང་བཏགས་པར་བསམ་པ་ནི། མིང་གི་དབང་སྟེ་ཡེ་ཤེས་ལྔའི་རང་བཞིན་རིག་པའི་དབང་ལྔའོ། །དེ་དག་བརྟན་པའི་ཕྱིར་དུ་སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད་པར་བསམས་ལ། ལག་གཡས་རྡོར་དྲིལ་ལྷན་ཅིག་བཟུང་བ་གཡོན་པའི་ལག་མཐིལ་དུ་བཞག་ལ། རྡོ་རྗེ་རྒྱ་གྲམ་ལག་ཏུ་བྱིན་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཕྲིན་ལས་རྣམ་བཞིས་འགྲོ་དོན་མཐར་ཕྱིན་ཏེ། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ཨོཾ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ ཞེས་བརྗོད་དེ་རྡོ་རྗེའི་བརྟུལ་ཞུགས་སོ། །གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། ལག་གཡས་རྡོར་དྲིལ་ལྷན་ཅིག་ཏུ་བཟུང་བ་དང་ལག་གཡོན་གཉིས་རྒྱབ་སྤྲོད་བྱས་ལ། ཡོན་ཏན་རབ་རྫོགས་གསེར་གྱི་འཁོར་ལོ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །རྣམ་པར་སྣང་མཛད་སྐུ་མཆོག་རབ་ཐོབ་སྟེ། །ཆོས་ཀྱི་འཁོར་ལོ་མྱུར་དུ་བསྐོར་བར་ཤོག །ཨོཾ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ་བྷྲཱུཾ། ཞེས་དང་། འཁོར་ལོ་ལག་ཏུ་གཏད་པར་བསམ་པའམ། འཁོར་ལོའི་ཕྱག་རྒྱས་གཏུགས་པའི་རྐྱེན་གྱིས་རང་ཉིད་སེང་གེའི་ཁྲི་སྣ་ཚོགས་པདྨ་དང་། ཟླ་བའི་གདན་གྱི་སྟེང་དུ་ཁྱབ་བདག་རྣམ་སྣང་ཆེན་པོའི་རང་བཞིན་རྡོ་རྗེ་སེམས་དཔར་གྱུར་པར་བསྒོམ། དེ་ནས་དམ་ཚིག་གསུམ་སྦྱིན་པ་ལ། ཐོག་མར། རིགས་ལྔའི་བདག་པོ་ཡི་ནི་རང་བཞིན་གྱིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་ཤོག །ཨོཾ་བུདྡྷ་ཙཀྲ་ཨ་དྷི་པ་ཏི་སཏྭཾ། ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ། ཨོཾ་བཛྲ་ཙཀྲ་ཨ་དྷི་པ་ཏི་སཏྭཾ། ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་རཏྣ་ཙཀྲ་ཨ་དྷི་པ་ཏི་སཏྭཾ། ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ། ཨོཾ་པདྨ་ཙཀྲ་ཨ་དྷི་པ་ཏི་སཏྭཾ། ཨ་བྷི་ཥིཉྩ་ཧྲཱི་ཧྲཱི་ཧྲཱི། ཨོཾ་ཀརྨ་ཙཀྲ་ཨ་དྷི་པ་ཏི་སཏྭཾ། ཨ་བྷི་ཥིཉྩ་ཨ་ཨ་ཨཿ ཞེས་བརྗོད་ཅིང་། རང་གི་སྤྱི་བོ་ལ་སོགས་པ་གནས་ལྔར། རྡོ་རྗེ་དྲིལ་བུ་ལག་གཡས་ཀྱིས་ལྷན་ཅིག་ཏུ་དཀྲོལ། དེ་ནས་རིགས་ལྔའི་ཕྱག་ཆེན་དང་བཅས་པ། ཨོཾ་བུདྡྷ་ཙཀྲ་ཨ་དྷི་པ་ཏི་སཏྭཾ། ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ་སོགས་གོང་བཞིན་བརྗོད་པས། རང་རིགས་ལྔ་སྤྲོ་བ་པོ་རྣམ་སྣང་རྡོར་སེམས་སུ་གྱུར་པར་བསམས་ལ་ཕྱག་རྒྱ་སྐུའི་དམ་ཚིག་གོ །དེ་ནས། རྡོ་རྗེ། ཆོས་འབྱུང་། པདྨ། སྤྱན། ཨུཏྤལ་སྟེ་ཡུམ་ལྔའི་ཕྱག་མཚན་སྤྱི་བོར་བཞག་ཅིང་། མཐར་ལག་གཡོན་དུ་གཏད་པར་བསམས་ལ། ལག་གཡོན་པས་དྲིལ་བུ་སྤྱི་བོ་ལ་སོགས་པའི་གནས་ལྔར་དཀྲོལ་ལ། ཡུམ་ལྔའི་ཕྱག་རྒྱ་སྤྱི་བོར་བཞག་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །གསང་རྒྱུད་མཐའ་དག་ཤེས་ཤིང་རྟོགས་ནས་སུ། །འཆད་ཅིང་སྟོན་པའི་དབང་དང་ལྡན་པར་ཤོག །ཨོཾ་བུདྡྷ་དྷ་ར་ཎ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་དྷ་ར་ཎ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་དྷ་ར་ཎ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་ཅིང་། དྲན་པ་དང་ཤེས་རབ་དང་ལྡན་པར་གྱིས་ཤིག་ཅེས་ཏེ་དྲིལ་བུ་གསུང་གི་དམ་ཚིག་གི་དོན་ནོ། །དེ་ནས་རིགས་ལྔའི་ཕྱག་མཚན་སྤྱི་བོ་ལ་སོགས་པའི་གནས་ལྔར་གཏུགས་ཏེ། མཐར་ལག་པ་གཡས་པར་བྱིན་པར་བསམས་ལ། ལག་པ་གཡས་པ་རྡོ་རྗེ་སྤྱི་བོ་ལ་སོགས་པའི་གནས་ལྔར་རེག་ལ། རིགས་ལྔའི་ཕྱག་རྒྱ་གནས་ལྔར་བཅིངས་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཡེ་ཤེས་ལྔ་ཡི་ཡོན་ཏན་རབ་རྫོགས་ཏེ། །བྱང་སེམས་གསང་བའི་དབང་དང་ལྡན་པར་ཤོག །ཨོཾ་བུདྡྷ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་གུ་ཧྱ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་གུ་ཧྱ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་གུ་ཧྱ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་ལ་ཐབས་ཡེ་ཤེས་ལྔའི་རྟོགས་པ་བསྐྱེད་ཅིག་པར་གདམས་ཏེ། རྡོ་རྗེ་ཐུགས་ཀྱི་དམ་ཚིག་གི་དོན་ནོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་ལག་ཏུ་བྱིན་པར་བསམས་ལ། རྡོར་དྲིལ་སྙིང་གར་བསྣོལ་ནས་དཀྲོལ་ལོ། །ཨོཾ་པྲ་ཛྙཱ་ཨུ་པ་ཡོ་ག་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་ལ། དེ་ལྟར་རྡོ་རྗེ་སློབ་དཔོན་དུ་གྱུར་པས་ཐབས་ཤེས་རབ་སྟོང་པ་དང་སྙིང་རྗེ་ཆེན་པོ་མི་འབྲལ་བའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག་པའོ། །དེ་ནས། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ། །ཞེས་བརྗོད་དོ། །གསུམ་པ་ནི། རིན་པོ་ཆེ་སྣ་བདུན་གྱི་གཟུགས་ལག་ཏུ་གཏད་པར་བསམ་པའམ། དེའི་ཕྱག་རྒྱ་རྣམས་བཅས་ལ། ལྷ་རྫས་ལས་གྲུབ་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་འཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཾ། རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྻ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་མཾ། གཟུགས་མཛེས་བལྟ་ན་སྡུག་ཅིང་ཚུལ་བཟང་མ། །ལྤགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཝ་ཏི་རཏྣ་ཨ་བྷི་ཥིཉྩ་མཾ། གང་ཡང་རྒྱལ་ལ་མུ་ཏིག་མདངས་ལྡན་པའི། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་པའི། །བློན་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་མཧཱ་ཏ་རཏྣ་ཨ་བྷི་ཥིཉྩ་མཾ། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་མཾ། ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཏེ་སླར་ཡང་ལྡོག་ནུས་པའི། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཏུ་རཾ་ག་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཾ། འགྲོ་དང་ལྡོག་དང་ཀུན་ནས་འོང་འགྱུར་བའི། །མ་ལུས་བདུད་དཔུང་འཇིགས་པར་བྱེད་པ་སྟེ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཁཌྒ་རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་བརྗོད་པས་གནས་སྐབས་སུ་འཁོར་ལོས་བསྒྱུར་བའི་རྒྱལ་སྲས་དང་། མཐར་ཐུག་ཆོས་ཀྱི་རྒྱལ་པོ་རྣམ་སྣང་གི་གོ་འཕང་ཐོབ་པར་འགྱུར་རོ། །ཞེས་བསྒོས་ལ་བཀའི་དབང་སྟེ། དེ་ནས་དབུ་རྒྱན་རྩ་འཆིང་དར་དཔྱངས་རྣམས་ཕུད་ལ། ཚེ་འདིའི་བདེ་བ་མ་ལུས་དང་། །འཇིག་རྟེན་ཕྱི་མའི་བདེ་མཆོག་དང་། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །ལྷ་ཡི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་བླ་མར་མཉམ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་བས། །སློབ་དཔོན་ཉིད་ལ་བརྙས་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང་། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །རྟག་ཏུ་འཁོན་དང་བཅུག་མི་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་བསྒོམ་པར་མི་བྱའོ། །བླ་མ་སྨོད་བརྩོན་མ་རུངས་དང་། །དམ་ཚིག་ལས་ནི་འདའ་བ་དང་། །དེ་སོགས་བྱེད་པ་ཚར་བཅད་ན། །གྲུབ་འགྱུར་ཞེས་ནི་ཀུན་རིག་གསུངས། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །བསྒྲུབ་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་པས་དམ་ཚིག་བསྲུང་བར་གདམས་ནས། ཐལ་མོ་སྦྱར་ཏེ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་གྱིས་ཁས་བླངས་ནས། ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ་སོགས་མཎྜལ་ཚོམ་བུ་བདུན་མ་འབུལ་བ་ཐོག་མ་བཞིན་ལ། མ་ཚང་བ་མེད་པ་འདི་ཉིད། དབང་ཡོངས་སུ་རྫོགས་པའི་གཏང་རག་ཏུ་དབུལ་བར་བགྱིའོ། །ཞེས་སོགས་ཀྱིས་ཕུལ་ནས། སློབ་དཔོན་གྱི་མཎྜལ་བཏེག་སྟེ། དེང་ནས་བརྩམ་སྟེ་བདག་བྲན་དུ། །ཁྱོད་ལ་བདག་ནི་དབུལ་ལགས་ན། །ཁྱོད་ཀྱི་སློབ་མར་གཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ་གྱིས་ཅི་ནུས་པའི་ཡོན་དབུལ་ལ། དབང་གི་ཚིག་རྒྱས་པར་སྤྲོ་ན་གཞན་ཕན་འོད་ཟེར་དུ་བལྟའོ།།  །།བཞི་པ་བདག་བསྒྲུབ་ཅིང་བཟླས་པ་བྱ་བ་ནི། དབང་ཐོབ་པའི་སྒྲུབ་པ་པོས། མདུན་གྱི་དཀྱིལ་འཁོར་ལ་དམིགས་ནས་བཟླས་པ་ཅུང་ཟད་བྱ་བ་ནི། ཨོཾ་སརྦ་བིཏ་སརྦ་ཨཱ་ཝ་ར་ཎཱ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཨོཾ་སརྦ་བིཏ་ཧཱུྃ། ཨོཾ་སརྦ་བིཏ་ཕཊ། ཨོཾ་སརྦ་བིཏ་ཨཱ། ཨོཾ་སརྦ་བིཏ་ཏྲ་ཐ། ཨོཾ་བུདྡྷ་ལོ་ཙ་ནི་ཧཱུྃ། ཨོཾ་བཛྲ་མཱ་མ་ཀཱི་ཏྲཱཾ། ཨོཾ་བཛྲ་པཱཎྜ་རེ་དེ་ཧི་དེ་ཧི་སིདྡྷི་བོ་དྷི་ལོ་ཀི་ཏ་རཾ་པ་སྭཱཧཱ། ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཧཱུྃ་སྭ་སྭ་སྭ་སྭཱཧཱ། ཨོཾ་བཛྲ་སཏྭ་ཧཱུྃ། ཨོཾ་བཛྲ་རཱ་ཛཱ་ཛཿ ཨོཾ་བཛྲ་རཱ་ག་ཧོཿ ཨོཾ་བཛྲ་སཱ་དྷུ་དྷུ། ཨོཾ་བཛྲ་རཏྣ་ཏྲཱཾ། ཨོཾ་བཛྲ་ཏེ་ཛ་རྻ། ཨོཾ་བཛྲ་ཀེ་ཏུ་བྷྲི། ཨོཾ་བཛྲ་ཧ་ས་ཧཱ། ཨོཾ་བཛྲ་དྷརྨ་ཧྲཱིཿ ཨོཾ་བཛྲ་ཏིཀྵ་ཎ་དྷཱི། ཨོཾ་བཛྲ་ཧེ་ཏུ་ཀྲུཾ། ཨོཾ་བཛྲ་བྷཱ་ཥ་བྷཱ། ཨོཾ་བཛྲ་ཀརྨ་ཀཾ། ཨོཾ་བཛྲ་རཀྵ་རཾ། ཨོཾ་བཛྲ་ཡཀྵ་ཀྵཾ། ཨོཾ་བཛྲ་སན་དྷི་སཾ། ཨོཾ་བཛྲ་ལཱ་སྱེ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱི་ཏི་ཧྲཱིཿ ཨོཾ་བཛྲ་ནིརྟི་ཨཱཿ ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨོཾ་བཛྲ་ཨ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃྃ། ཨོཾ་བཛྲ་སྥོ་ཏྲ་བཾ། ཨོཾ་བཛྲ་ཨ་བེ་ཤ་ཨཱཿ ཞེས་པའི་བར་དང་།་་་་་ཕྱག་ལེན་ལ་གོང་གི་སྔགས་འདི་རྣམས་ཚར་རེ་དང་རྩ་རིག་ཚར་གསུམ་མཛད་པ་མཐོང་། ཨོཾ་ན་མོ་བྷ་ག་སོགས་རྩ་རིག་བརྗོད་ལ། དེ་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཞེས་བརྗོད་པས་དཀྱིལ་འཁོར་དུ་ཞུགས་ལ། ཨོཾ་བཛྲ་དྷ་ར་ཅེས་པས་སྦྱོང་རྒྱལ་དང་བདག་ཐ་མི་དད་དུ་བསམ། དེ་བཞིན་དུ། རཏྣ་དྷ་རས་རྒྱལ་མཆོག པདྨ་དྷ་རས་ཤཱཀྱ་ཐུབ་པ། བི་ཤོ་དྷ་རས་དཀྱིལ་འཁོར་གྱི་མེ་ཏོག་ཆེར་རྒྱས་དང་བདག་ཐ་མི་དད་པའི་ང་རྒྱལ་གཟུང་། ཏ་ཐཱ་ག་ཏ་ས་མ་ཡ་མ་ཏི་ཀྲ་མ་ཏ། ཏ་ཐཱ་ག་ཏ་ས་མ་ཡ་དྷ་ར་ཨཱཏྨ་ཀོ྅ཧཾ། ཞེས་པས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྤྲོ་བ་པོ་རྣམ་སྣང་དང་བདག་ཐ་མི་དད་ཅིང་དགོངས་པ་གཅིག་པར་བསམས་ལ། ཨོཾ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤྭོ་དྷ་ར། ཏ་ཐཱ་ག་ཏ་ས་མ་ཡ་མ་ཏི་ཀྲ་མ་ཏ། ཏ་ཐཱ་ག་ཏ་ས་མ་ཡ་དྷ་ར་ཨཱཏྨ་ཀོ྅ཧཾ། ཞེས་ལན་གསུམ་བརྗོད་ཅིང་ང་རྒྱལ་གཟུང་ངོ་། །དེ་ནས། རང་ཉིད་རྡོ་རྗེ་སེམས་དཔའི་རྣམ་པས་གཙོ་བོའི་ཐུགས་ཀ་ནས་འཐོན་ཏེ་སྔར་གྱི་གནས་སུ་འཁོད་པར་གྱུར། ཞེས་བརྗོད། དཀྱིལ་འཁོར་བརྟན་པའི་ཆེད་དུ་རྩ་རིག་ཅི་ནུས་བཟླས་ཤིང་། ཨོཾ་སརྦ་བིཏ་སརྦ་ཨཱ་ཝ་ར་ཎཱ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཨོཾ་སརྦ་བིཏ་ཧཱུྃ། ཨོཾ་སརྦ་བིཏ་ཕཊ། ཨོཾ་སརྦ་བིཏ་ཨཱ། ཨོཾ་སརྦ་བིཏ་ཏྲ་ཐ། ཨོཾ་བུདྡྷ་ལོ་ཙ་ནི་ཧཱུྃ། ཨོཾ་བཛྲ་མཱ་མ་ཀཱི་ཏྲཱཾ། ཨོཾ་བཛྲ་པཱཎྜ་རེ་དེ་ཧི་དེ་ཧི་སིདྡྷི་བོ་དྷི་ལོ་ཀི་ཏ་རཾ་པ་སྭཱཧཱ། ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཧཱུྃ་སྭ་སྭ་སྭ་སྭཱཧཱ། ཨོཾ་བཛྲ་སཏྭ་ཧཱུྃ། ཨོཾ་བཛྲ་རཱ་ཛཱ་ཛཿ ཨོཾ་བཛྲ་རཱ་ག་ཧོཿ ཨོཾ་བཛྲ་སཱ་དྷུ་དྷུ། ཨོཾ་བཛྲ་རཏྣ་ཏྲཱཾ། ཨོཾ་བཛྲ་ཏེ་ཛ་རྻ། ཨོཾ་བཛྲ་ཀེ་ཏུ་བྷྲི། ཨོཾ་བཛྲ་ཧ་ས་ཧཱ། ཨོཾ་བཛྲ་དྷརྨ་ཧྲཱིཿ ཨོཾ་བཛྲ་ཏིཀྵ་ཎ་དྷཱི། ཨོཾ་བཛྲ་ཧེ་ཏུ་ཀྲུཾ། ཨོཾ་བཛྲ་བྷཱ་ཥ་བྷཱ། ཨོཾ་བཛྲ་ཀརྨ་ཀཾ། ཨོཾ་བཛྲ་རཀྵ་རཾ། ཨོཾ་བཛྲ་ཡཀྵ་ཀྵཾ། ཨོཾ་བཛྲ་སན་དྷི་སཾ། ཨོཾ་བཛྲ་ལཱ་སྱེ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱི་ཏི་ཧྲཱིཿ ཨོཾ་བཛྲ་ནིརྟི་ཨཱཿ ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨོཾ་བཛྲ་ཨ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃྃ། ཨོཾ་བཛྲ་སྥོ་ཏྲ་བཾ། ཨོཾ་བཛྲ་ཨ་བེ་ཤ་ཨཱཿ ཞེས་པའི་བར་ཚར་གསུམ་རེ་བཟླས་ལ། ཨོཾ་ན་མོ་བྷ་ག་སོགས་རྩ་རིགས་ཚར་ལྔ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་བརྟན་པར་བཞུགས་ནས་དམིགས་ཡུལ་གྱིས་གཙོ་བྱས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱང་དུ་གསོལ། ཞེས་གསོལ་བ་བཏབ་བོ།།  ༼༈ །གཉིས་པ་སློབ་མ་རྗེས་སུ་གཟུང་བ་ལ་གཉིས། ཚེ་ལྡན་དབང་གིས་རྗེས་སུ་གཟུང་བ། ཚེ་འདས་སྡིག་སྦྱོང་ཐམས་ཅད་ཀྱིས་རྗེས་སུ་གཟུང་བ་ལས། །དང་པོ་གཞན་ལས་ཤེས་པར་བྱ།༽ ༈ །གཉིས་པ་ནི། གནས་སྐབས་འགའ་ཞིག་ཏུ་ཚེ་འདས་རྗེས་སུ་འཛིན་ན། སྔར་སྦྱོང་བའི་སྐབས་སུ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ། སྦྱོང་སྟེགས་ཁྲུ་གང་བའི་པདྨ་དཀར་པོ་འདབ་བརྒྱད་ཀྱི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་བྲི། དེའི་སྟེང་དུ་རོའམ། རུས་པའམ། གཟུགས་བྲིས་པའམ། གོས་སམ། རུས་པ་ལས་བྱས་པའི་སཱཙྪའམ། མིང་བྱང་བཞག་པ་བྱའོ། །ཞེས་གསུངས་པ་བཞིན། དེང་སང་ཕྱག་ལེན་ལ། གཤིན་པོའི་དྲི་གོས་ལ་སྐེ་རགས་སོགས་བཅིངས་པའི་གསོན་པོའི་གཟུགས་འདྲ་བར་བྱས་པ་སྦྱོང་སྟེགས་ཀྱི་སྟེང་དུ་བཞག དེ་ལ། མིང་བྱང་ཤོག་བུ་སྲབ་མོ་ལ་ཚེ་འདས་ལྷར་བསྐྱེད་པས། པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། ཚེ་འདས་གང་ཡིན་པ་དེའི་གཟུགས་དང་། མ་གྲུབ་ན་མིང་དང་པོ་སྟེ། ས་བོན་ཎི་དབུ་ཅན་གྱིས་བྲིས་པ་ལ།་་་་་མིའི་ས་བོན་ལ་ཎི་བྲི་བ་ལམ་འབྲས་པའི་གཞུང་བཤད་སོགས་ལས་བཤད་ཅིང་། ནྲི་འདྲི་བ་སྒྲ་པའི་ལུགས་ཡིན་པས། བླ་མ་གོང་མ་རྣམས་ཕྱག་ལེན་ལ་གཉིས་ཀ་མཛད་པས་གང་བདེ་བྱས་པས་ཆོག་ལ། དཔལ་ཨེ་ཝཾ་པ་ཆེན་པོ་ཆོས་ཀྱི་རྗེ་དཔལ་ལྡན་དོན་གྲུབ་པའི་གསུང་ལས་ཐོས་སོ།། འོད་ཀོར་པ་ཊ་སོགས་ཀྱིས་བསྐོར་བའི་སྟེང་དུ། གདུགས་དར་དཔྱངས་སོགས་ཀྱིས་བརྒྱན་པ་བྲི། དེའི་རྒྱབ་ལ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ། དུས་འདི་ནས་གཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་དང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྡིག་པ་སྦྱང་དུ་གསོལ། ལམ་བསྟན་དུ་གསོལ། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བྲིས་པའི་མིང་བྱང་སྨྱུག་མ་ལ་སྦྲགས་པ་བཙུགས་ཏེ་སློབ་དཔོན་ལ་ཁ་ཕྱོགས་པར་བཤམས། གཞན་ཡང་སྦྱང་བའི་གཏོར་མ་ནི་མཐེབ་ཀྱུ་ལ་དཀར་རྒྱན་རྒྱབ་པ་གསུམ། ཏིང་ལོ་དང་ཆང་བུ་གསུམ། ཏིལ་ནག་པོ། ཡུངས་ཀར་རམ་བྱེ་མ། གུ་གུལ། ཁྲུས་གཞོང་། མེ་ལོང་། སྐུ་ཕྱིས་རྣམས་དང་། དབང་བསྐུར་ཚེ་དབུ་རྒྱན་ལ་སོགས་པའི་དབང་རྫས་རྣམས་གོང་ཚེ་ལྡན་གྱི་སྐབས་ལྟར་རེ་རེ་བཤམས་ཤིང་། སྐབས་སུ་བབས་པ་དང་། འཇིམ་རློན་རྡོག་པ་ཙམ་ཞིག་་་་་་གཞན་ཡང་གཤིན་དོན་ལ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པ། འདུ་བྱའོ། །དེ་ནས་བདག་འཇུག་ཡན་ཆད་རྫོགས་པར་བྱས་ལ། ཨོཾ་བཛྲ་དྷ་ར་སོགས་ཀྱིས་བདག་བསྒྲུབ་ཅིང་བཟླས་པའི་བར་དཀྱུས་བཞིན་ཉམས་སུ་བླངས་ལ། བཟླས་པའི་སྐབས་རྣམས། བྱེ་མ་འམ་ཡུངས་ཀར་ལ་སྔགས་ཀྱི་ནུས་པ་བསྡུས་ལ་བཞག་གོ །དེ་ནས་རྟེན་བསྐྱེད་པར་བྱ་སྟེ། མདུན་དུ་བཤམས་པའི་མིང་བྱང་ལ་དམིགས་ནས། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བཅས་ལ།་་་་་ཕྱག་ལེན་ལ་དཔོན་སློབ་ཐམས་ཅད་ཀྱི་དབུ་ཞྭ་རྣམས་བཞེས་ནས། ཨོཾ་བཛྲ་ཡཀྵཾ་ཧཱུྃ་གིས་བསང་། ཨོཾ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་གིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་སྦྱོང་སྟེགས་ཀྱི་པདྨ་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ། འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་ལྟེ་བའི་སྟེང་དུ། ཚེ་འདས་ཀྱི་མིང་ཡིག་དང་པོའམ། ཕྱག་ལེན་ལ་འདི་མཛད་དོ།་་་་་ཎི་ལས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་་་་་་ཕྱག་ལེན་ལ་མིང་འདི་ཞེས་བགྱི་བའི་གནས་སྐབས་སུ། ཚེ་འདས་གང་ཡིན་པ་དེའི་མིང་ནས་བརྗོད་ཅིང་། འདི་འོག་མ་རྣམས་ལའང་ཤེས་པར་བྱའོ།། ཞེས་བགྱི་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར་པར་བསམས་ལ། རང་གི་སྙིང་གའི་ཧཱུྃ་དང་། ཚེ་འདས་ཀྱི་སྙིང་གའི་ཎི་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་པའི་རྣམ་པར་ཤེས་པ་ཁམས་གསུམ་གང་ན་གནས་པ་ནས་བཀུག་པར་གྱུར་པར་བསམ། ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་བཅས་ལ། ངག་ཏུ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་ཡང་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ་ཁམས་གསུམ་སྐྱེ་གནས་བཞི་རིགས་དྲུག་གང་ན་གནས་ཀྱང་སྐད་ཅིག་ལ་འདིར་མཆིས་པར་གྱུར་ཅིག ཚར་གཅིག་དང་། ཨོཾ་ཊཀྐི་ཧཱུྃ་ཛཿ ཅེས་ལན་གསུམ་བརྗོད། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་ཨ་པ་ན་ཡེ་ཧཱུྃ། ཞེས་པས་བར་དོའམ་རིགས་དྲུག་གང་ན་གནས་པ་ནས་བཀུག་ནས་རྟེན་ལ་ཐིམ་པར་བསམ་མོ། །དེ་ནས་སྡིག་པ་དང་བྲལ་བའི་ཕྱིར། ལག་པ་རྡོ་རྗེ་བསྡམ་པ་ལས། གུང་མོ་གཉིས་སྦྱར་ལ། ཐ་མ་བཞི་རྩེ་སྤྲད་པ་མཉེ་ཞིང་། ཨོཾ་སརྦ་བིཏ་སརྦ་པཱ་པཾ་བི་ཤོ་དྷ་ནི་ཧཱུྃ་ཕཊ་སྭཱཧཱ། ཨོཾ་སརྦ་བིཏ་ཏྲ་ཐ། ཨོཾ་བཛྲ་པཱ་ནི་བི་སྥོ་ཊ་ཡ། སརྦ་ཨ་པ་ཡ། བནྡྷ་ནི་པྲ་མོ་ཀྵ་ཡ། སརྦ་ཨཱ་པ་ཡ་ག་ཏི་བྷྱཿ སརྦ་སཏྭ་ན། སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲ་ཐ། ཅེས་བརྗོད་པས་སྡིག་པ་དོར་ལ། རྡོ་རྗེ་བསྡམ་པ་བྲལ་ཞིང་། ཨོཾ་བཛྲ་བནྡྷ་ཏྲ་ཐ། ལན་གསུམ་གྱིས་སྡིག་པ་བྲལ་ནས་རྡོ་རྗེ་ཁུ་ཚུར་གཉིས་སྙིང་ག མགྲིན་པ། སྤྱི་བོ། ཁ་ལ་སོགས་པ། སྔར་སྨོས་་་་་་དབང་གི་སྐབས་སུ། པའི་གནས་ཉི་ཤུ་རྩ་གཉིས་སུ་གཏུགས་པས་བྱིན་གྱིས་བརླབས་པར་བསམ་ཞིང་། ཨོཾ་སརྦ་བིད་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུྃ།་་་་་དེང་སང་ཚར་གསུམ་ཙམ་ལས་བརྗོད་པའི་སྲོལ་མི་འདུག ཞེས་བརྗོད་ལ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བའི་རྣམ་པར་ཤེས་པ་ཨ་དཀར་པོ་དྲི་མ་མེད་པ་གཅིག་ཏུ་གྱུར།་་་་་སྦྱང་རུང་ཟེར་མཁན་འདུག་ཀྱང་རྗེ་བཙུན་གྱི་གཞན་ཕན་འོད་ཟེར་དང་། གཞུང་འདི་ཉིད་དུ་མ་གསུངས་པས་མི་དགོས་སོ།། ཞེས་བརྗོད་ཅིང་བསམ་ཞིང་། དེ་ནས་བགེགས་དང་སྡིག་པ་སྦྱང་བའི་ཕྱིར། སྦྱང་ཆས་རྣམས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཤམས་ལ། ལས་ཀྱི་སློབ་མས། གཏོར་མ་རྟེན་ལ་གཡས་སུ་བསྐོར་ཞིང་། དཔོན་སློབ་རྣམས་ཀྱིས་ལག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་བསྐོར་ཞིང་མཐར་མཆོག་སྦྱིན་གྱི་ཕྱག་རྒྱ་དང་བཅས་པས་སེ་གོལ་གཏོག་ཅིང་། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤོ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལྱཱ་དི་སྭཱཧཱ། ཞེས་པས་ལན་གསུམ་གྱིས་ཞི་བས་སྦྱང་། ཏིང་ལོ་དང་ཆང་བུ་རྟེན་ལ་བསྐོར་ཞིང་། རྡོ་རྗེ་གསོར་ལ། སུམྦྷ་ནི་སོགས་བརྗོད་པ་ལན་གསུམ་གྱི་མཐར། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ་ལ། གསོན་གྱི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་གཏོར་མས་ལམ་རྔན། ཏིང་ལོས་ལམ་སྒྲོན། ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ་ས་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག ཅེས་བརྗོད་པས། ཞི་དྲག་ཕྱེད་མས་སྦྱངས་ཏེ། དེ་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོ་མེ་ལྟར་འབར་བ་ལ་ཡེ་ཤེས་ཀྱི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་པས་སྤྱན་དྲངས་པར་བསམས་ལ། ཚིགས་བཅད་རེའི་མཇུག་ཏུ་རྡོ་རྗེ་གཡབ་ཅིང་དྲིལ་བུ་གསིལ་ལ། ཧཱུྃ་ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་རཱ་ཛཱ་ས་པཱ་རི་ཝཱ་ར་ཨེ་ཧྱེ་ཧི་ས་མཱ་ཛཿ ཞེས་པས་སྤྱན་དྲངས། པདྨའི་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་དབུལ། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་ཨརྒྷཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ་ཨཱཿཧཱུྃ་གིས་མཆོད། ཚིགས་བཅད་རེ་ལ་གཡས་རྡོ་རྗེ་ཐལ་མོ་ནུ་མ་གཡས་པའི་སྟེང་། གཡོན་དྲིལ་བུ་བཅད་གཏུབ་ཏུ་དཀྲོལ་བའི་་་་་་ཕྱག་ལེན་ལ་ཡོ་ག་མཚན་བརྒྱའི་སྐབས་ལྟར་ཕྱག་ཆེན་ལྔ་དྲིལ་གསིལ་གསུམ་དང་བཅས་པ་མཛད་དོ།། ཚེ་རྡོ་རྗེ་གསོར་བར་བྱའོ། །དམིགས་བསལ་མེད་པ་རྣམས་ལ་འདི་བཞིན་ནོ། ཧཱུྃ་ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོངས་ཤིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཅན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོ་སྟང་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྟོང་སྒྲ་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་སྒྲ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དོ། །རྡོར་དྲིལ་འཛིན་པས་ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་བཅས་ལ། ན་མོ་རྗེ་བཙུན་རྩ་བ་དང་ཞེས་པ་ནས། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་ཞེས་པའི་བར་གོང་དང་འདྲ་བ་ལས། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་་་་་་དཔལ་ཨེ་ཝཾ་པ་རྣམས་འཇིགས་པའི་ཧཱུྃ་སྒྲ་བདེན་པ་བརྗོད་པ་རེ་རེའི་འགོར་ཚར་རེ་མཛད་ཀྱང་། གོང་དུ་བསྟོད་པའི་མཇུག་ཏུ་ཚར་གསུམ་གྱི་སྒྲོལ་ནས་མཛད་པ་ནི། སྔགས་འཆང་ངག་གི་དབང་པོའི་རབ་གནས་ཀྱི་ཆོ་ག་ནས་ཀྱང་བཤད་ཅིང་། ཕྱག་ལེན་ལའང་མཛད་པ་མཐོང་བས་འདི་ལྟར་བདེའོ།། རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ་ལ་གསོན་གྱི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་པ་དང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་ལ་རྒྱུད་སྡེ་དང་མཐུན་པའི་སྦྱང་བ་རྣམ་པར་དག་པ་བྱས་ཟིན་པས། དེས་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག གང་དག་མི་འགྲོ་བ་དེ་དག་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་བྱའོ། །ཞེས་དང་། རྟེན་ལ་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། རོལ་མོ་དྲག་ཏུ་བྱ། སུམྦྷ་ནི་དང་། ཀྲོ་དྷ་སོགས་དྲག་སྔགས་མང་དུ་བརྗོད་པས་བགེགས་དང་བྲལ་བར་བསམ་པ་སྟེ། ལན་གསུམ་གྱིས་དྲག་པོའི་སྦྱང་བའོ། །དེ་ནས། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྙིང་གར་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ་དེ་ཉིད་སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ཏེ། མདུན་གྱི་ཏིལ་འདི་ཉིད་ལ་ཡོངས་སུ་ཐིམ་པར་གྱུར། དེ་ནས། ལག་པ་གཡས་པས་གཡས་དང་། གཡོན་པས་གཡོན། གཉིས་ཀས་གཡས་སུ་བསྐོར་ཞིང་གཡས་སུ་མེ་དང་གཡོན་དུ་ཆུ་དོར་བས་སྡིག་སྒྲིབ་ཐམས་ཅད་སྦྱང་བར་བསམ་ཞིང་། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། ཞེས་ལན་གསུམ་བརྗོད་ཅིང་། ལས་ཀྱི་སློབ་མས་ལག་པ་གཉིས་བསྣོལ་བས། ཏིང་མེ་དང་ཆུར་དོར་ལ་་་་་་ལག་གཡས་ཀྱི་ཆུ་དང་གཡོན་གྱིས་མེ་ལ། མཐར་མེ་དེ་ནས་ཀྱང་ཆུ་ལ་ཅུང་ཟད་ཅིག་བླུག་སྟེ་ཕྱིར་དོར་ལ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱཧཱ། དེ་ནས་གོང་དུ་སྔགས་བཏབ་པའི་བྱེ་མའམ། ཡུངས་ཀར་ཐོགས་ལ། འདིར་ཡང་། ཨོཾ་སརྦ་བིཏ་སོགས་ནས་ལྷ་ཐམས་ཅད་ཀྱི་སྔགས་ཚར་རེ་དང་། རྩ་རིག་ཚར་གཅིག་ནི་ངེས་པར་ཅིས་ཀྱང་བཟླ་དགོས་ཤིང་། དེ་ཐམས་ཅད་ཀྱི་ནུས་པ་ཐིམ་པར་བསམ་ནས། རང་གིས་ཧུ་རྒྱབ་ལ། རུས་པའམ་མིང་བྱང་མདུན་དུ་བཞག་པ་ལ། སྔགས་རེ་རེའི་མཇུག་ཏུ་ཐང་རེ་བྲབ་སྟེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤོ་དྷ་ནི་བཛྲ་ཧཱུྃ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་བ་ར་ཎཱ་ནི་བྷཱསྨི་ཀུ་རུ་ཧཱུྃ་ཕཊ། ཨོཾ་བྲུཾ་བི་ནཱ་ཤ་ཡ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་དྲུཾ་བི་ཤོ་དྷ་ཡ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་ཏ་ཀ་ཏ་ཀ་ཧ་ན་ཧ་ན་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་སྲུཾ་ས་ར་ས་ར་པྲ་ས་ར་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧ་ར་ཧ་ར་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཕཊ་སརྦ་ཨཱ་བ་ར་ཎཱ་ནི་བི་སྥོ་ཊ་ཡ་ཧཱུྃ་ཕཊ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཙྪིནྡ་ཙྪིནྡ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ག་ཏེ་ཧེ་དུན་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏེ་ཧེ་དུན་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏི་ར་ཡ་ག་ག་ཏེ་ཧེ་དུན་ཧཱུྃ་ཕཊ། ཅེས་པ་རྣམས་ལན་གསུམ་བརྗོད་ནས། ན་མོ་རཏྣ་ཏྲ་ཡཱ་ཡ།་་་་་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི།་་་་་སྡིག་པ་རྣམས། རོ་ཙ་ནི་རོ་ཙ་ནི།་་་་་སྲེགས་སྲེགས། ཏྲོ་ཊ་ནི་ཏྲོ་ཊ་ནི།་་་་་ཆོད་ཅིག་ཆོད་ཅིག ཏྲཱ་ས་ནི་ཏྲཱ་ས་ནི།་་་་་སྐྲག་པར་གྱིས་སྐྲག་པར་གྱིས། པྲ་ཏི་ཧ་ན་པྲ་ཏི་ཧ་ན།་་་་་སོ་སོར་ཆོམས་སོ་སོར་ཆོམས། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭ་ནཱཉྩ་སྭཱཧཱ།་་་་་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད། ཚར་གཅིག་དང་། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྲལ་བའི་སྒོ་ནས་བྱང་ཞིང་དག་པར་གྱུར་ཅིག ཅེས་བརྗོད་དོ། །དེ་ནས་ལས་ཀྱི་སློབ་མས་སྐུ་ཕྱིས་ཕྲག་པ་གཡོན་པར་བཀལ། ལག་པ་གཡོན་པས་མེ་ལོང་དཀྱིལ་འཁོར་ལ་བསྟན་ཅིང་། གཡས་དབང་གི་བུམ་པ་ཡོད་ན། མེ་ཏོག་ཆེར་རྒྱས་ཀྱི་བུམ་པ་དང་། མེད་ན་རྣམ་རྒྱལ་བུམ་པ་ཐོགས་ལ། ཐོག་མར་དཀྱིལ་འཁོར་ལ་ཁྲུས་གསོལ་བར་བསམས་ལ། རྡོ་རྗེ་དྲིལ་བུ་འཛིན་པས། ཇི་ལྟར་བལྟམས་པ་སོགས་བརྗོད་ནས། རྡོ་རྗེ་དྲིལ་བུ་གསིལ་ཞིང་་་་་་དམིགས་གསལ་མ་གཏོགས་སྔགས་བརྗོད་པའི་སྐབས་སུ་དྲིལ་གསིལ་འོག་མ་རྣམས་ལའང་ཤེས་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་་་་་་འདི་ལ་རོལ་ཆེན་ཡང་མཛད། སོགས་ཀྱི་ཁྲུས་གསོལ། དེ་ནས་ལས་སློབ་ཀྱིས། ལག་པ་གཡས་པས་སྐུ་ཕྱིས་ཕྲག་པ་ནས་བླངས་ལ། དཀྱིལ་འཁོར་ལ་ཕྱིད་པའི་ཚུལ་བྱ་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །འདི་ལ་དྲིལ་གསིལ་མི་མཛད།་་་་་ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿཀ་ཡ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པས་སྐུ་ཕྱིའོ། །དེ་ནས་ལས་སློབ་ཀྱིས་སྐུ་ཕྱིས་དེ་ཉིད་ཅི་བདེར་བཞག་ལ། དཀྱིལ་འཁོར་ལ་ཁྲུས་བྱས་པའི་ཆུ་དེ་སླར་ཡང་བུམ་པའི་ནང་བླུགས་ཏེ་བཟང་ཁྲུས་སོ། །དེ་ནས་ངན་ཁྲུས་ནི། མིང་བྱང་ལ་མེ་ལོང་བསྟན་ཏེ། རྡོ་རྗེ་དྲིལ་བུ་འཛིན་པས། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ། །དྲིལ་བུ་གསིལ་ཞིང་རྩ་རིག་ལན་གསུམ་རེ་བརྗོད་ཅིང་། རོལ་ཆེན་བྱས་ལ་བུམ་ཆུ་མེ་ལོང་ལ་བྲན། དེ་བཞིན་རྩ་རིག་རོལ་ཆེན་སོགས་འོག་མ་རྣམས་ལའང་ཤེས་པར་བྱའོ། །འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་པ། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ། རྩ་རིག །འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་པ། །བཟོད་པ་དྲི་ཡིས་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ། རྩ་རིག །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་པ། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ། རྩ་རིག །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་པ། །བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ། རྩ་རིག །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་པ། །ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ། རྩ་རིག །ཆུ་བོ་དྲུག་གི་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང་། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། རྩ་རིག །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱང་ནས་ནི། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པའི། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཞེས་པའི་ཚིག་བཞི་པ་རེའི་མཇུག་ཏུ་རྩ་རིག་དྲིལ་གསིལ་རོལ་ཆེན་བུམ་ཆུ་བྲན་པ་རྣམས་གོང་བཞིན་བྱས་ལ། མཐར། འཇིག་་་་་་དྲིལ་གསིལ་རོལ་ཆེན་རྣམས་བཞག་ལ། རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་དག་ནས། ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ཡང་རྡོ་རྗེ་དྲིལ་བུ་འཛིན་པས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། རྩ་རིག །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་བཅོམ་མོ། རྩ་རིག །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་བཅོམ་མོ། །ཞེས་པས་ཚིག་བཞི་པ་རེའི་མཇུག་ཏུ། རྩ་རིག་དྲིལ་གསིལ་རོལ་ཆེན་བུམ་ཆུ་བྲན་པ་རྣམས་བྱས་ལ། མཐར། དཀོན་་་་་་དྲིལ་གསིལ་རོལ་ཆེན་རྣམས་བཞག་ལ། མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཉོན་མོངས་པ་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་བཅོམ་ནས་དགེ་བ་གསུམ་དང་ལྡན་པར་གྱུར་ཅིག ཡང་རྡོ་རྗེ་དྲིལ་བུ་འཛིན་པས། ས་འདི་དུག་གི་ཕ་ཡིན་ཏེ།་་་་་ཞེས་སོགས་ཚིགས་བཅད་བཞི་བུམ་ཆུ་ཀུ་ཤས་ས་ཆུ་མེ་རླུང་སོགས་ལ་འཐོར་ཚུལ་བྱེད་མཁན་འདུག་ཀྱང་། འདི་ནི་རྟོག་བཟོ་ཁ་ཐལ་ཡིན་ཏེ། རྗེ་བཙུན་གྱིས་གཞན་ཕན་རྣམ་གཉིས་དང་། ཀུན་མཁྱེན་གྱིས་གཞན་ཕན་ཀུན་ཁྱབ་ཏུ་བཀྲུ་བར་གསུངས་པ་དང་། གཞུང་འདི་ཉིད་དུ་ཡང་འབྱུང་བ་བཞི་ལ་བརྟེན་ནས་སྐྱེས་པའི་ཉོན་མོངས་པ་དང་། ཞེས་པ་ནས། སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག་གསུངས་པའི་དོན་ཡང་འགལ་བའི་ཕྱིར་རོ།། །ས་འདི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་ས་ཡི་ནང་དུ་སོང་། རྩ་རིག །ཆུ་ནི་དུག་གི་ཕ་ཡིན་ཏེ། །ཆུ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་ཆུ་ཡི་ནང་དུ་སོང་། རྩ་རིག །མེ་ནི་དུག་གི་ཕ་ཡིན་ཏེ། །མེ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་མེ་ཡི་ནང་དུ་སོང་། རྩ་རིག །རླུང་ནི་དུག་གི་ཕ་ཡིན་ཏེ། །རླུང་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། གཞུང་འདི་ཉིད་དུ་གསལ་ཁ་མ་གསུངས་ཀྱང་། རྗེ་བཙུན་གྱི་གཞན་ཕན་རྣམ་གཉིས་སུ། ཉོན་མོངས་པའི་དུག་དང་ཉོན་མོངས་པ་ལས་སྐྱེས་པའི་འབྱུང་བའི་དུག་ཀྱང་སྔགས་དང་བཅས་བཀྲུ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སོགས་དུག་གསུམ་དང་། ས་ནི་དུག་གི་ཕ་ཡིན་ཏེ་ཞེས་སོགས་འབྱུང་བ་བཞི་སྟེ། ཚིགས་བཅད་བདུན་པོ་རེ་རེའི་མཇུག་ཏུ་རྩ་རིག་བརྗོད་ཅིང་བཀྲུ་བར་རྗེ་བཙུན་གྱིས་གསུངས་ཤིང་ཀུན་མཁྱེན་གྱི་གཞན་ཕན་ཀུན་ཁྱབ་ཏུ་ཡང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཞེས་སོགས་དང་། ས་ནི་དུག་གི་ཕ་ཡིན་ཏེ་ཞེས་སོགས་ཀྱིས་ཀྱང་བཀྲུའོ། །ཞེས་གསུངས་པས་མེ་ལོང་གི་གཟུགས་བརྙན་དེ་ངེས་པར་བཀྲུ་བར་བྱའོ།།་་་་་།དུག་གསུམ་རླུང་གི་ནང་དུ་སོང་། །ཞེས་བརྗོད་ཅིང་ཚིག་བཞི་པ་རེའི་མཇུག་ཏུ་རྩ་རིག་དྲིལ་གསིལ་རོལ་ཆེན་བུམ་ཆུ་བྲན་པ་རྣམས་བྱས་ལ། མཐར། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་འབྱུང་བ་བཞི་ལ་བརྟེན་ནས་སྐྱེས་པའི་ཉོན་མོངས་པ་དང་། རྣམ་རྟོག་རྒྱུ་དང་བཅས་པ་ཐམས་ཅད་འབྱུང་བ་བཞིའི་ཆོས་ཉིད་ཀྱི་ངང་དུ་ཐིམ་ནས་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག ཅེས་བྱ་བ་དང་། ལས་ཀྱི་སློབ་མས་བུམ་ཆུ་ཀུ་ཤས་རྟེན་ལ་གཏོར། དཔོན་སློབ་རྣམས་ཀྱིས་ཚིགས་བཅད་རེའི་མཇུག་ཏུ་དྲིལ་བུ་གསིལ་ཞིང་། རྟེན་ལ་མེ་ཏོག་གཏོར་ལ། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཇུག་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ལ་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས༴ །གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ༴ །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། །གསུམ་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ༴ །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་གང་འབྱོར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས༴ །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོ་ཞིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ༴ །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་བ་དེས། །ཁྱེད་ལ༴ །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུངས་ཤིང་། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ༴ །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ༴ །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་དུ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་གྱུར། །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཅེས་རོལ་ཆེན་བྱ་ཞིང་རྫོགས་པ་དང་། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདིཞེས་བགྱི་བས་གཙོ་བྱས་པའི་སྐྱེ་དགུ་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་ཞིང་བཀྲ་ཤིས་པར་གྱུར་ཅིག ཅེས་བརྗོད་ལ། དེ་ནས་བུ་ལ་སོགས་པའི་ཉེ་དུ་ཡོད་ན་མིང་བྱང་འཛིན་དུ་བཅུག་ཅིང་། ཕྱག་བྱེད་དུ་གཞུག་ལ། མེད་ན་མིང་གཅིག་པས་བྱ་བར་བཤད། དེ་མ་བྱུང་ན་ལས་ཀྱི་སློབ་མས་མིང་བྱང་ཐོགས་ནས་དངོས་སུ་ཕྱག་བྱ་ཞིང་། ཡིད་ཀྱིས་ཚེ་འདས་དེས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕྱག་བྱེད་པར་བསམས་ལ། ཐལ་མོ་སྦྱར་ལ།་་་་་ཕྱག་ལེན་དུ་དབུ་ཞྭ་རྣམས་ཕུད་ནས། དེང་སང་འདིར་སྤྱི་ཕྱག་སོགས་བྱེད་པའི་སྲོལ་འདུག་ཀྱང་། རྗེ་བཙུན་རིན་པོ་ཆེའི་གཞན་ཕན་འོད་ཟེར་དང་། གཞན་ཕན་ཉེར་མཁོ། ཀུན་མཁྱེན་གྱིས་གཞན་ཕན་ཀུན་ཁྱབ་རྣམས་སུམ་གསུངས་ཤིང་། གཞུང་འདི་ཉིད་དུའང་མ་གསུངས་པས། གཙོ་བོ་རྒྱལ་བ་མ་རྐྱང་པས་ཆོག་པར་སེམས་ཤིང་། སྤྲོས་པ་ལ་དགའ་ན་ཕྱག་འཚལ་གཞན་ཡང་རྒྱས་པར་མཛད་པ་ལ་ཉེས་པ་མེད་དོ། །འོན་ཀྱང་ཕྱག་ལེན་སྔ་མ་ཁ་གཙང་བར་མངོན་ནོ།། ༈ །དེ་ནས་ཚེ་འདས་བར་དོ་གསར་པ་ཡིན་ཚེ་དགུང་ཞག་མ་ཚང་བར་བར་དོ་ཆོས་བཤད་རྒྱས་བསྡུས་ཅི་རིགས་པ་མཛད་དགོས་སྣང་བས་སློབ་དཔོན་གྱིས་འདི་སྐད་དུ།།  ༈ འོ། ཚེ་ལས་འདས་པ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག དེའང་སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། འདུས་བྱས་ཐམས་ཅད་མི་རྟག་པར་གསུངས་ཤིང་། བྱེ་བྲག་ཏུ་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ་དང་། ཁྱད་པར་དུ་ཁྱེད་རང་གི་ཚེ་དང་ལས་དང་བསོད་ནམས་ཀྱི་འཕེན་པ་གསུམ་ག་ཟད་པའི་སྟོབས་ཀྱིས་ཚེའི་དུས་བྱས་ནས་ད་ལྟ་སྲིད་པ་བར་དོ་ན་ཡོད་པ་ཤས་ཆེ་བ་ཡིན། དེའང་འཆི་སྲིད་དང་། སྐྱེ་སྲིད་གཉིས་ཀྱི་བར་དུ་བྱུང་བས་བར་སྲིད་ཅེས་བྱ་བ་ཡིན་ལ། དེའི་རྣམ་གཞག་ནི་མངོན་པ་མཛོད་ལས། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །ཞེས་གསུངས་ཤིང་། སའི་དངོས་གཞིར་ཡང་། གང་དུ་སྐྱེ་བར་འགྱུར་བ་དེའི་བྱད་གཟུགས་སོ། །ཞེས་གསུངས་པས། རིགས་དྲུག་གང་དུ་སྐྱེ་བར་དེའི་ཤ་ཚུགས་འཛིན་པ་སྟེ། སྲིད་པར་འཕོ་བའི་མདོ་ལས། དམྱལ་བའི་བར་དོ་སྡོང་དུམ་མེས་ཚིག་པ་ལྟ་བུ་དང་། ཡི་དྭགས་ཀྱི་བར་དོ་ཆུ་ལྟ་བུ་དང་། དུད་འགྲོའི་བར་དོ་དུ་བ་ལྟ་བུ་དང་། མིའི་བར་དོ་གསེར་ལྟ་བུ་དང་། ལྷའི་བར་དོ་སྣམ་བུ་དཀར་པོ་ལྟ་བུའི་སྣང་བ་འཆར་བར་གསུངས་ལ། ལམ་འབྲས་ཀྱི་གཞུང་བཤད་རྣམས་ལས་ནི་འོད་དམ་སྣང་བ་དཀར་པོ་ལ་སེམས་ཟིན་ན་དམྱལ་བ། སེར་པོ་ལ་ཟིན་ན་ཡི་དྭགས། སྔོན་པོ་ལ་ཟིན་ན་བྱོལ་སོང་། དམར་པོ་ལ་ཟིན་ན་ལྷ། ལྗང་གུ་ལ་ཟིན་ན་ལྷ་མ་ཡིན། སྣ་ཚོགས་ལ་ཟིན་ན་མིར་སྐྱེ་འགྱུར་གྱི་བར་དོ་ཡིན་པར་བཤད་དོ། །གཞན་ཡང་མཛོད་ལས། རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་གསུངས་པས། བར་སྲིད་དེ་བར་དོ་ནང་མཐུན་པ་དང་། ལྷའི་མིག་དག་པའི་མངོན་ཤེས་ཀྱིས་མཐོང་ལ་གཞན་གྱིས་མི་མཐོང་བ་ཡིན། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །ཞེས་གསུངས་ཏེ། རྣམ་ཤེས་རླུང་གི་བཞོན་པ་ཅན་དེས་བསམ་པ་ཙམ་གྱིས་སྟོང་གསུམ་ཐམས་ཅད་སྐད་ཅིག་ལ་བགྲོད་པར་ནུས་པའི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ་ཡིན། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ཞེས་པ་ནི། ཡིད་ཀྱི་ལུས་ཅན་མིག་ལ་སོགས་པའི་དབང་པོ་ལྔ་ཚང་ཞིང་རི་རབ་ཁང་ཁྱིམ་སོགས་ལ་ཐོགས་མེད་དུ་རྒྱུ་ཡང་། ལས་ལས་གྲུབ་པ་མའི་མངལ་ལ་སོགས་པ་སྐྱེ་གནས་བཞི་ལ་ཐོགས། བྱིན་རླབས་ལས་གྲུབ་པ་རྡོ་རྗེའི་གདན་ལྟ་བུ་ལ་ཐོགས་པར་བཤད། མི་ལྡོག་དེ་ནི་དྲི་ཟའོ། །ཞེས་གསུངས་པའི་དོན་མི་ལྡོག་ཅེས་པ་ནི། རིགས་དྲུག་གང་དུ་སྐྱེ་འགྱུར་གྱི་བར་དོའི་སྣང་བ་ཤར་ནས་སྐྱེ་གནས་གཞན་དུ་ལྡོག་མི་སྲིད་དེ། དེར་ལས་སྟོབས་ལྡན་གསོག་པའི་ནུས་པ་མེད་པའི་ཕྱིར་ཞེས་བཞེད་ལ། མངོན་པ་གོང་མ་བ་རྣམས་ནི། ཅི་སྟེ་ན་ལྡོག་གོ །དེ་ན་ཡང་ལས་གསོག་གོ་ཞེས་གསུངས་པས། སྐྱེ་གནས་གཞན་དུ་ལྡོག་པའི་ནུས་པ་ཡོད་ཅིང་བར་དོར་ལས་དགེ་སྡིག་གསོག་པ་ཡང་ཡོད་པར་བཤད། དྲི་ཟའོ་ཞེས་པའི་དོན་ནི། བར་དོའི་གནས་སྐབས་སུ་ཁ་ཟས་རགས་པ་ལ་ལོངས་སྤྱོད་པ་མེད་ཅིང་། དབང་ཆེ་ཆུང་གི་བྱེ་བྲག་གིས་དྲི་བཟང་ངན་ཟ་བ་ཙམ་ཞིག་ཡོད་དོ། །དེ་དག་ནི་ཐེག་པ་ཐུན་མོང་བ་ལ་གྲགས་པ་ཙམ་ཞིག་ཡིན་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་གདམས་ངག་རྣམས་ལས། བར་དོར་འཇིགས་པའི་སྒྲ་བཞི། ཉམ་ང་བའི་གཡང་ས་གསུམ་སྟེ་རྐྱེན་བདུན་འཆར་བར་བཤད། དེ་ལ་འཇིགས་པའི་སྒྲ་བཞི་ནི། ས་ཆུ་ལ་ཐིམ་པས་རི་བོ་རབ་ཏུ་གྲུཾ་པའི་སྒྲ། ཆུ་མེ་ལ་ཐིམ་པས་བསྐལ་པ་འཇིག་པའི་རྒྱ་མཚོ་འཁྲུགས་པའི་སྒྲ། མེ་རླུང་ལ་ཐིམ་པས་དུས་མཐའི་མེ་ལྟ་བུའི་སྒྲ། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་དུས་མཐའི་རླུང་ལྟ་བུའི་སྒྲ་འབྱུང་བ་ཡིན། ཉམ་ང་བའི་གཡང་ས་གསུམ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ཀྱི་གཡང་ས་འཇིགས་ཤིང་ཡ་ང་བ་མཐོང་ནས་བདག་ཉིད་དེར་ལྷུང་བའམ། ལྷུང་གིས་དོགས་པ་ལ་སོགས་པའི་འཇིགས་སྐྲག་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང་། དེའི་རྐྱེན་གྱིས་སྐྱབས་འཚོལ་བའི་སྣང་བ་འབྱུང་བས། དེའི་དུས་སུ་སྐྱབས་གནས་དཀོན་མཆོག་གསུམ་དྲན་པ་གལ་ཆེ་བ་ཡིན། གཞན་ཡང་ཁྱོད་བར་དོ་ན་ཡོད་པའི་རྟགས་ནི། ནང་ན་ཁམས་དཀར་དམར་མེད་པས་ཕྱི་རོལ་དུ་ཉི་མ་དང་ཟླ་བའི་སྣང་བ་མི་འབྱུང་། གདོས་བཅས་ཀྱི་ལུས་མེད་པས་གྲིབ་མ་དང་རྗེས་མི་འབྱུང་། ཟག་བཅས་ཀྱི་མངོན་ཤེས་ཅུང་ཟད་ཡོད་པས་བླ་མ་དང་མཆོད་གནས་རྣམས་ཀྱི་སེམས་ཀྱི་རྒྱུ་བ་ངན་པ་རིག་ནས། མ་དད་པའི་དབང་གིས་ངན་སོང་དུ་འགྲོ་ཉེན་ཡོད་པས་དད་པ་བརྟན་པ་གལ་ཆེ་བ་ཡིན། གཞན་ཡང་ཉེ་འབྲེལ་རྣམས་ཀྱི་རྩར་སོང་ནས་ཕར་གཏམ་བརྗོད་ཀྱང་ཚུར་ལན་མི་འདེབས་པས་དེ་དག་གི་སེམས་ལ་བརྟགས་ནས་རྣམ་རྟོག་བཟང་ངན་གང་རྒྱུ་བ་ཤེས་ཤིང་། རང་དབང་བའི་ནོར་རྫས་རྣམས་གཞན་གྱིས་ཁྱེར་བ་ལ་སོགས་པ་མཐོང་ནས་ཆགས་སྡང་དྲག་པོ་སྐྱེ། དེས་མཚམས་སྦྱར་ཏེ་དམྱལ་བར་སྐྱེ་སྲིད་པས། བར་དོའི་འཁྲུལ་སྣང་དུ་ཤེས་པར་གྱིས་ལ། གང་ལའང་ཆགས་ལྡང་མ་བྱེད། དེ་ལྟ་བུའི་བར་དོའི་ཚེའི་ཚད་ལ་ངེས་པ་མེད་ཀྱང་། བཙུན་པ་དབྱིག་གཉེན་གྱི་བཞེད་པས་ནི་བར་དོ་ན་ཞག་བདུན་གནས་པའི་ཞག་ཕྱེད་དང་བཞི་ཡན་ཆད་ཚེ་སྔ་མའི་བག་ཆགས་ཤས་ཆེ་ཞིང་། དེ་ཕྱིན་ཆད་ཕྱི་མ་གང་དུ་སྐྱེ་འགྱུར་གྱི་སྣང་བ་འཆར་ཞིང་། དེས་ནི་སྐྱེ་བའི་ཚོགས་པ་རྙེད་ན་ལུས་ལེན། མ་རྙེད་ན་ཞག་བདུན་ཕྲག་རེའི་མཚམས་སུ་འཆི་ཆུང་རེ་དང་བར་དོར་ཡིད་ལུས་རེ་ལེན། དེ་ལྟ་བུས་བདུན་ཕྲག་བདུན་གྱི་བར་དུ་གནས་ལ། དེ་ནས་རིགས་དྲུག་གང་རུང་དུ་སྐྱེ་བ་ལེན་པར་ཤས་ཆེ་ཞིང་། ཁ་ཅིག་ནི་བསྐལ་པའི་བར་དུ་བར་དོར་གནས་པ་ཡང་ཡོད་པར་བཤད། གང་ལྟར་ཡང་རྣམ་ཤེས་རླུང་གི་བཞོན་པ་ཅན་དེ་ཉིད་ལ་ལུས་རྟེན་རགས་པ་མེད་པས། བྱ་སྤུ་རླུང་གིས་བསྐྱོད་པ་ལྟར་རང་དབང་དུ་མི་གནས་པ་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པས་ཉེན་ཏེ། སྐྱེ་གནས་འཚོལ་བའི་བྱ་བ་འབའ་ཞིག་བྱེད་པས། དེའི་གནས་སྐབས་སུ་བར་དོ་ལ་བར་དོ་ཡིན་པར་ངོ་ཤེས་པར་བྱས་ནས། སྐྱེ་གནས་ངན་པ་ལ་མ་ཞེན་པ་གལ་ཆེ་བ་ཡིན། མདོར་ན་རང་གི་མིའི་ཤེས་པ་བདུན་འགྱུར་ལས་རྨི་ལམ་གྱི་ཤེས་པ་གསལ། དེ་བདུན་འགྱུར་ལས་བར་དོའི་ཤེས་པ་གསལ་ཞིང་། ལུས་ཀྱི་འཆིང་བ་དང་བྲལ་བས་རྐྱེན་ཅུང་ཟད་ཀྱིས་ཀྱང་གྲོལ་ནུས་པར་བཤད་པའི་ཕྱིར་ན་དངོས་གྲུབ་ལེན་པའི་དུས་ཤིག་ལ་བར་དོ་བཟང་བ་ཡིན་ལ། དངོས་གྲུབ་བླང་བའི་ཡུལ་ནི་སྐྱབས་གནས་བསླུ་བ་མེད་པ་བླ་མ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཡིན་པས། དེ་དག་ལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང་། དབང་བསྐུར་ཞུ་བའི་འདུན་པ་དྲག་པོ་གྱིས། ཞེས་བརྗོད་ལ། དགུང་ཞག་རྫོགས་ཟིན་པའི་གཤིན་དོན་གྱི་ཆོ་ག་ལྟ་བུ་ཡིན་ཚེ་འདི་ལྟར་བརྗོད་པར་བྱ་སྟེ། འོ། ཚེ་ལས་འདས་པ་མིང་འདི་ཞེས་བྱ་བ་ཁྱོད་མ་ཡེངས་པར་ཉོན་ལ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་མོས་ཏེ། དེ་རྣམས་ཀྱི་སྤྱན་སྔར་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང་། ལུས་འབུལ་བའི་འདུན་པ་དང་བཅས་པས་ཚིག་འདི་དག་གི་རྗེས་བཟློས་མཛོད། ཅེས་བརྗོད་ལ། དཔོན་སློབ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་རྣམ་སེལ་བ། །བདག་ནི་སྐྱབས་སུ་མཆི་ལགས་སོ། །དེ་ཡིས་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་མཛད་པ། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཚེ་འདས་སྐྱབས་སུ་མཆི། །ཚེ་འདས་འཇིགས་པ་ཆེར་མཐོང་ནས། །ཀུན་ཏུ་བཟང་ལ་ཚེ་འདས་འབུལ། །འཇམ་པའི་དབྱངས་ལ་ཚེ་འདས་ཀྱི། །ལུས་འདི་བདག་གིས་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་པའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་འདི་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེའི་བདག་ཉིད་ཐམས་ཅད་ལ། །ཕྱག་འཚལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ནས་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་པའི་ཚིགས་བཅད་རྗེས་མ་ལན་གསུམ་བརྗོད་ནས། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྡིག་པ་སྦྱང་དུ་གསོལ། ལམ་བསྟན་དུ་གསོལ། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མཛད་དུ་གསོལ། ཞེས་སྙིང་ཐག་པ་ནས་བརྗོད་ཅིང་གསོལ་བ་འདེབས་པར་བསམ་མོ། །དེ་ནས་གཤིན་པོ་ལ་དབང་མི་བསྐུར་ན། ཚེ་འདས་དེ་ལྷར་བསྐྱེད་དགོས་པས། ཨོཾ་བཛྲ་ཡཀྵས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རབ་ཏུ་དགེས་པའི་སྤྱན་གདངས་པ། དར་གྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་པ་དྲིལ་བུ་ཁ་དཀུར་བརྟེན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུ་ཅན་དུ་གྱུར། ཞེས་བརྗོད་པས་ཚེ་འདས་ལྷའི་རང་བཞིན་དུ་གྱུར་པ་ལས། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ། རོལ་མོ་དང་བཅས་པས་མཆོད་ནས། རྡོ་རྗེ་དྲིལ་བུ་འཛིན་པས། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །ཞེས་ཤློ་ཀ་གཅིག་གིས་བསྟོད་ལ། ཡུལ་ཁ་ཅིག་ན་ཟས་གཏད་པ་དང་། གོས་ལྷྭམ་གཏོད་པ་སོགས་ཀྱི་ལུགས་ཡོད་པ་དེ་ལྟར་བྱེད་དགོས་བྱུང་ན། འདོད་ཡོན་སྣ་ཚོགས་པས་ཚེ་འདས་ལྷར་གྱུར་པ་ལ་མཆོད་པར་བསམ་ཞིང་།་་་་་འདི་མ་བྱས་ཀྱང་ཆོ་ག་ཆད་པའི་སྐྱོན་ཅུང་ཟད་ཙམ་ཡང་མེད་ཅིང་། དེང་སང་ཟས་སྣ་ལ་ཤ་ཆང་ལ་སོགས་བྱེད་པ་ཞིག་འདུག་ཀྱང་། འདི་ནི་འཁྲུལ་པ་ཁོ་ནར་མཐོང་ཞིང་། གལ་སྲིད་བྱེད་དགོས་ནའང་། ཟས་སྣ་དཀར་གསུམ་ཁོ་ན་དགོས་པར་སེམས་སོ།། འདོད་ཡོན་རྣམས་ལ་ཀུ་ཤའི་རྩ་བས་བུམ་ཆུ་གཏོར་ཏེ། ཨོཾ་བཛྲ་ཡཀྵས་བསང་། ཛྭ་ལས་གཟི་བྱིན་བསྐྱེད། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་གྲུབ་འཕྲལ་ཐོག་མར་གཤིན་པོ་ལྷར་བསྐྱེད་པ་ལ་དྲངས་གྲུབ་པ་དང་། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །རྣམ་ཤེས་རྟེན་གྱི་ལྷ་ལ་གཟུགས་འབུལ་གྱིས། །བཞེས་ཤིག་ཚེ་འདས་བྱང་ཆུབ་མྱུར་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །རྣམ་ཤེས་རྟེན་གྱི་ལྷ་ལ་སྒྲ་འབུལ་གྱིས། །བཞེས་ཤིག་ཚེ་འདས་བྱང་ཆུབ་མྱུར་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤབྡ་ཀཱ་མ་གུ་ན་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་དཀར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །རྣམ་ཤེས་རྟེན་གྱི་ལྷ་ལ་དྲི་འབུལ་གྱིས། །བཞེས་ཤིག་ཚེ་འདས་བྱང་ཆུབ་མྱུར་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །རྣམ་ཤེས་རྟེན་གྱི་ལྷ་ལ་ཟས་འབུལ་གྱིས། །བཞེས་ཤིག་ཚེ་འདས་བྱང་ཆུབ་མྱུར་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ར་ས་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །རྣམ་ཤེས་རྟེན་གྱི་ལྷ་ལ་གོས་འབུལ་གྱིས། །བཞེས་ཤིག་ཚེ་འདས་བྱང་ཆུབ་མྱུར་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་སྤརྵེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཤབྡ་ཀཱ་མའི་དུས་རོལ་ཆེན་དང་། སྤརྴེ་ཀཱ་མའི་དུས་རྟེན་ལ་གོས་ཟུང་སྐོན་པའི་སྟེང་ཀ་སོགས་གོང་མཆོད་པའི་སྐབས་ལྟར་བྱའོ། །དེ་ནས། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བའི། མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་བྲོ་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ་ལ་སོགས་པ་འདོད་པའི་ཡོན་ཏན་ཐམས་ཅད་ལ་མ་ཆགས་མ་ཞེན་པའི་སྒོ་ནས་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཅེས་བརྗོད་ལ་སྟེང་ངམ་ཇི་ལྟར་འོས་པའི་སར་མེ་བཏང་ལ་ཟས་སྣ་རྣམས་ནས་བསུར་གཏོང་། དེ་ནས་ཆོ་ག་ཞག་སྦྲེལ་ནས་བྱེད་ན་ནུབ་གོང་མ་རྣམས་ལ་འོག་་་་་་འདོད་ཡོན་བསྔོ་བ་མི་བྱེད་ན་ཚེ་འདས་ལྷར་བསྐྱེད་པ་ལ་མཆོད་བསྟོད་བྱས་པའི་མཇུག་ཏུ་བྱའོ།། ནས་འབྱུང་བ་ལྟར་གྱིས་ལམ་སྦྱངས་བསྟན་བྱའོ། །ནུབ་ཐ་མ་ལ་བྱང་བུ་སྲེག་པ་བྱེད་ན། ལས་ཀྱི་སློབ་མས། སྔར་འདུས་པའི་འཇིམ་པ་ལ་ཀྱོང་ཀྱོང་བཅོས་ལ་ལག་གཡས་ཀྱི་འཇིམ་ཀྱོང་དང་། གཡོན་གྱིས་དཔལ་འབར་བཟུང་། སློབ་དཔོན་གྱི་ལག་གཡས་རྡོ་རྗེ་དང་བཅས་པས་བྱང་བུའི་སྨྱུག་ནས་བཟུང་སྟེ་དྲིལ་གསིལ་དང་བཅས་པས།་་་་་དབུ་ཞྭ་བསྣམས་ལ། ཆོས་་་་་་འདི་ཡོངས་འཛིན་དཀོན་མཆོག་ལྷུན་གྲུབ་ཀྱིས་མི་འཁྲུགས་པའི་ཕྱིར་བཟློག་གི་ཆོ་གར་གསུངས་པ་ལྟར་འདིར་བཀོད་པ་ལགས། ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཤེས་པའི་ངང་ནས། འཁྲུལ་འཁོར་སྣང་བའི་ཚེ་འདས་ཀྱིས་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་གྱི་བུད་ཤིང་ཐམས་ཅད་བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་མེས་སྲེགས་པར་བསམས་ལ། ༈ །དེ་ནས་བྱང་བུ་བསྲེག་པའི་བརྡ་སྤྲོད་ནི། དཔལ་འབར་མེ་སྦར་བ་ཐོགས་ལ་འདི་སྐད་དོ། །ཚེ་ལས་འདས་པཆེ་གེ་མོ་ཞེས་བྱ་བ་ཁྱོད་རང་གིས་དམིགས་པ་འདི་བཞིན་མཛོད། འདི་ལྟར་གཟུགས་ལ་སོགས་པའི་སྣང་བའི་ཆོས་རྣམས་དང་། བདག་གཞན་གྱི་ཚོར་བ་བདེ་སྡུག་འདུ་ཤེས་ལ་སོགས་པ་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། རང་བཞིན་གྱིས་མ་གྲུབ་པ་ལ་དེ་བདེན་པར་བཟུང་སྟེ། དོན་ལ་མེད་པ་བཞིན་དུ་འཁྲུལ་སྣང་གིས་བསྡུས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱང་དགོས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་དུང་པ་རེ་བསྒོམ་ནས། ཁྱེད་རང་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ། ད་ལྟ་སྲིད་པ་བར་དོའི་འཁྲུལ་སྣང་། ཕྱི་མ་ངན་སོང་གསུམ་དུ་སྐྱེ་འགྱུར་གྱི་ལས་ངན་ཇི་སྙེད་ཡོད་པ་ཐམས་ཅད་བསྲེག་བྱ་བུད་ཤིང་གི་རྣམ་པར་གྱུར། སྐྱབས་གནས་བསླུ་བ་མེད་པའི་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་བྱིན་གྱིས་བརླབས་ནས། ཆོ་ག་འདི་རྣམ་པར་དག་པའི་ནུས་མཐུ་ཉེ་དུ་འབྲེལ་པ་ཤུལ་ན་མཆིས་པ་རྣམས་ཀྱི་དགེ་བའི་རྩ་བ་བགྱིས་པ་དང་། བགྱིད་བཞིན་པ་དང་། ཁྱེད་རང་གི་ཤེས་རྒྱུད་ཀྱི་སྟེང་ན་ཡོད་པའི་དགེ་རྩ་ཇི་སྙེད་ཡོད་པ་ཐམས་ཅད་བློས་ཕྱོགས་གཅིག་ཏུ་བསྡུས་ནས་ཡེ་ཤེས་ཀྱི་མེའི་རྣམ་པར་གྱུར། མེ་དེ་ཉིད་ཀྱི་བསྲེག་བྱ་སྡིག་པའི་བུད་ཤིང་འབྲས་བུ་སྡུག་བསྔལ་དང་བཅས་པ་ཐམས་ཅད་བསྲེག་བྱ་སྲེག་བྱེད་དང་བྲལ་བའི་ཚུལ་གྱིས་སྲེག་པས། ཁྱོད་རང་གི་རྣམ་པར་ཤེས་པའི་ངོ་བོ་སྐྱེ་བ་མེད་པ་རྡོ་རྗེ་སེམས་དཔར་གསལ་བ་དེ་ཉིད་འདི་ནས་སྐར་མདའ་འཕང་བ་བཞིན་དུ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་རྒྱལ་བ་འོད་དཔག་ཏུ་མེད་པའི་ཞབས་དྲུང་དུ་འཁོད་དེ། དེ་ཡང་གསལ་སྟོང་འཛིན་པ་མ་མཆིས་པའི་ངང་དུ་མཉམ་པར་འཇོག་པར་མཛོད། ཞེས་བརྗོད། སྟོང་ཉིད་་་་་་རྗེ་བཙུན་རིན་པོ་ཆེའི་གཞན་ཕན་འོད་ཟེར་དུ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ་སོགས་རྒྱས་པར་གསུངས་ཀྱང་དེང་སང་ཕྱག་ལེན་འདི་མཛད་དོ།། ཡེ་ཤེས་འབར་བའི་མེ། །ཚེ་འདས་སྒྲིབ་པའི་བུད་ཤིང་དང་། །འཁོར་བའི་སྡུག་བསྔལ་མ་ལུས་པ། །ཡེ་ཤེས་སྣང་བར་འབར་གྱུར་ཅིག །འདི་ལན་གསུམ་བྱ་སྟེ། ཐ་མའི་མཇུག་ཏུ་སློབ་དཔོན་གྱི་ཏིང་ངེ་འཛིན་གསལ་པོ་དང་ལྡན་པའི་སྒོ་ནས་རྩ་རིག་དྲག་ཏུ་བཟླས། གཞན་རྣམས་ཀྱིས་རོལ་མོ་བྱས་ལ། བྱང་བུ་ལ་མེ་སྦར་ཞིང་།་་་་་ཁ་ཅིག་ཚེ་འདས་ལྷར་བསྐྱེད་པའི་བྱང་བུ་བསྲེགས་པས་ལྷ་བསྲེགས་པའི་ཉེས་པ་ཡོད་ཟེར་ཏེ། དེ་ནི་མི་འཐད་དེ། འདིར་ནི་ཚེ་འདས་ཀྱི་ཤེས་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་དང་། འཁོར་བའི་སྡུག་བསྔལ་མ་ལུས་པ་སྟོང་པ་ཉིད་ཀྱི་ངང་དུ་བསམ་ནས་བསྲེག་པའོ། །ལྷ་མེ་ལ་བསྲེག་པའི་ཉེས་པ་ག་ལ་འབྱུང་། དེ་ལྟར་འབྱུང་ཚེ། སྦྱིན་སྲེག་གི་སྐབས་སུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐབ་དབུས་སུ་བསྐྱེད་ནས་སྦར་བར་བཤད་ལ། དེས་ན་འདི་ཡང་མི་འཐད་པར་འགྱུར་བས་ཐོས་རྒྱ་ཆུང་བར་ཟད་དོ།། ཐལ་བ་གཞན་དུ་མ་འཁྱར་བར་འཇིམ་ཀྱོང་གི་ནང་དུ་བསྡུ། དེ་ནས་ལམ་སྦྱངས་བསྟན་བྱ་བ་སྟེ་དྲིལ་གསིལ་དང་བཅས་པས་མེ་ཏོག་འཐོར་ཞིང་། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་འཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་འགྲོ་བར་ཤོག །རཏ་ནེ་རཏ་ནེ་མཧཱ་རཏ་ནེ་རཏ་ན་སཾ་བྷ་ཝ། རཏ་ན་ཀི་རཏ་ནེ། རཏ་ན་མ་ལ་བི་ཤུདྡྷེ། ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུྃ་ཏྲ་ཐ། ཅེས་བརྗོད་ཅིང་རྩ་རིག་དང་།་་་་་ལམ་སྦྱངས་བསྟན་འདི་གཙུག་དགུར་བཤད་ཅིང་། ཨོཾ་རཏ་ནེ་སོགས་ཕྱག་རྡོར་ནས་འབྱུང་ལ། དེ་དག་གི་དོན་ནི། ལས་སྦྱངས་བསྟན་ཞེས་གྲགས་པའི་ལམ་ནི། ཚོགས་ལམ་སྦྱོར་ལམ་མཐོང་ལམ། བསྒོམ་ལམ། བླ་ན་མེད་པའི་ཁྱད་པར་གྱི་ལམ། བྱང་ཆུབ་བར་ཆད་མེད་པའི་ལམ་དང་དྲུག་གོ །སྦྱང་བ་ནི། སྤྱིར་སྡིག་པ་སྦྱང་བ། ཁྱད་པར་ལམ་ཕྱི་མ་གཉིས་ཀྱིས་སྦྱོང་བའོ། །བསྟན་པ་ནི་ཁྱད་པར་གྱི་ལམ་བདེ་བ་ཅན་དུ་གནས་སྤོར་བ་མངོན་མཐོའི་ལམ་དང་བར་ཆད་མེད་པའི་ལམ་གྱི་བྱང་ཆུབ་ཆེན་པོར་གནས་སྤོར་བ་བྱང་ཆུབ་ཆེན་པོའི་ལམ་བསྟན་པའོ། །ཨོཾ་རཏ་ནེ་སོགས་ནི་འགྲོ་བའི་ལམ་ཡང་དག་པར་བསྟན་པའི་སྔགས་སོ།། རོལ་ཆེན་བྱ། ཡང་། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་སཾ་བྷ་ཝེ་མ་ཧཱ་སུ་ཁ་བ་ཏཱི་གཙྪནྟུ་སྭཱཧཱ། ཞེས་བརྗོད་ཅིང་རྩ་རིག་དང་རོལ་ཆེན་བྱ་སྟེ། འཇིག་རྟེན་འདི་དྲིལ་གསིལ་རོལ་ཆེན་རྣམས་བཞག་ལ།་་་་་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེས་ནས། དེར་སྐྱེས་པའི་བྱང་སེམས་རྙིང་པ་རྣམས་ཀྱིས་ཕྱིས་ཀྱི་དེ་ལ་ངོ་མཚར་བའི་སྒོ་ནས་མཆོད་པ་ནི། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་ཨརྒྷཾ་ནས།་་་་་སྤྲོས་པ་ལ་དགའ་ཞིང་རྒྱས་པར་བྱེད་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་ཤབྡའི་བར་རོལ་ཆེན་དང་བཅས་པས་མཆོད། འོག་མ་རྣམས་ལའང་ཤེས་པར་བྱའོ། །དེས་ཀྱང་སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་ལ་སྐྱེས་ཀྱི་ཚུལ་གྱི་མཆོད་པ་ནི། ཨརྒྷཾ་ནས་རོལ་ཆེན་གྱི་བར་གོང་བཞིན་དང་། དེར་སྐྱེ་བའི་རྒྱུ་བརྟག་པས་རྡོ་རྗེ་སློབ་དཔོན་གྱི་ཆོ་གའི་ནུས་མཐུ་ཡིན་པར་ཤེས་ཏེ། རྫུ་འཕྲུལ་གྱིས་འདིར་འོངས་ནས། བདག་དང་དཀྱིལ་འཁོར་པ་ལ་མཆོད་ཅིང་ཆེད་དུ་བརྗོད་པ་ནི། ཨརྒྷཾ་ནས་རོལ་ཆེན་གྱི་བར་གོང་བཞིན་དང་། རོལ་མོ་རྫོགས་པ་དང་། གདངས་དང་བཅས་པ་ཐལ་མོ་སྦྱར་ལ། ཨེ་མ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་ཆེད་དུ་བརྗོད་པར་བསམ། བདག་གིས་ཀྱང་སླར་དེ་ལ་མཆོད་པ་ནི། ཨརྒྷཾ་སོགས་ནས། ཤབྡ་རོལ་ཆེན་གྱི་བར་གོང་བཞིན་མཆོད་ལ། སླར་བདེ་བ་ཅན་དུ་སོང་བར་བསམས་ལ་ནུབ་ཕྱོགས་ལ་མེ་ཏོག་གཏོར་རོ། །དེ་ནས་ཚེ་འདས་ཀྱི་དོན་དུ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱས་པར་བརྗོད་ཅིང་། འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱི་རྒྱས་བཏབ་པར་བྱའོ།།  ༈ །གསུམ་པ་རྗེས་ནི། ལྷོ་སྒོའི་ཆོ་ག་དང་འབྲེལ་ཚེ་ལམ་སྦྱང་བསྟན་ཚར་བའི་རྗེས་དང་། སློབ་མ་དབང་བསྐུར་ཡིན་ན་དབང་ཆོག་ཚར་བའི་རྗེས་དང་། སྒྲུབ་མཆོད་རྒྱས་པ་ཡིན་ན་མདུན་བསྐྱེད་རྟེན་བྱེད་ཀྱི་བཟླས་པ་ཚར་བའི་རྗེས་སུ། ཆོ་ག་འདི་རྣམས་བྱ་སྟེ། བདག་བསྐྱེད་ལྟར་རང་ཉིད་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ལྔས་སྔགས་དང་ཕྱག་རྒྱས་དབང་བསྐུར་ཞིང་བྱིན་གྱིས་བརླབས། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཙྪིནྡ་ཙྪིནྡ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། གསུམ་གྱིས་སྔགས་དང་ཕྱག་རྒྱས་བྱིན་རླབས་བརྟན་པར་བསྒོམ། ཨོཾ་བཛྲ་སཏྭ་ཀྲོ་དྷ། ཨ་ན་ལརྐ། མཧཱ་བཛྲ་ཀྲོ་དྷ། དྲ་བ་དྲ་བ། བི་དྲ་བ་དྲ་བ། སརྦ་ཨ་པ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཤ་ར་ཧ་ར། པྲཱ་ནཱ་ན་ཧཱུྃ་ཕཊ། ཅེས་ཁམས་གསུམ་རྣམ་རྒྱལ་གྱི་སྔགས་དང་ཕྱག་རྒྱ་ཚར་གསུམ་སྙིང་གར་བཅས་པས་བདག་དང་གནས་ལ་སོགས་པའི་བར་ཆད་བསྲུངས། དེ་ནས་མདུན་བསྐྱེད་ཀྱི་མཐར་ཅི་འབྱོར་པའི་མཆོད་པ་གསར་པའམ་མ་འབྱོར་ན་མཆོད་པ་ཁ་གསོས་ལ།་་་་་ཕྱག་ལེན་ལ་འདི་མཛད། ཨོཾ་བཛྲ་ཡཀྵ་ཧཱུྃ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་བགེགས་བསལ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐཱ་བྷཉྫ་ར་ཎ་ཧཱུྃ་ཕཊ། རྡོ་རྗེ་མེའི་ཕྱག་རྒྱས་གཟི་བྱིན་བསྐྱེད། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཧཱུྃ། ནས། ཤབྡ་ཧཱུྃ་གི་བར་མཆོད་པ་སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། ངག་ཏུ། གཙང་ཞིང་གཙང་མར་སྦྱར་བ་ཡིས། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །མཆོག་ཏུ་དད་པས་འབུལ་ལགས་ཀྱིས། །ཅི་བདེར་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། ཞེས་སོགས་ཚིག་རྣམས་བརྗོད་པའི་དུས་ཐལ་མོ་སྦྱར་ཞིང་སྔགས་རྣམས་ཀྱི་ཚེ་པད་ཀོར་སྔོན་འགྲོའི་མཆོད་པ་སོ་སོའི་ཕྱག་རྒྱ་བཅས། དེ་བཞིན་དུ། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེར་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་སྤོས་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེར་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། མུན་པའི་ཚོགས་རྣམས་འཇོམས་བྱེད་ཅིང་། །ཕྱོགས་ཀུན་གསལ་བའི་སྒྲོན་མེ་འདི། །ཀུན་མཁྱེན་ཡེ་ཤེས་ཐོབ་བྱའི་ཕྱིར། །ཅི་བདེར་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་ལོ་ཀེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་ཡི་མཆོད་པ་འདི་དག་ནི། །རང་བྱུང་ཉིད་ལ་འབུལ་ལགས་ཀྱིས། །ཀུན་བཟང་བདེ་ཆེན་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །ཆོས་དབྱིངས་ཡེ་ཤེས་བརྙེས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ནཻ་ཝི་དྱཱ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། བླ་མེད་རྡོ་རྗེ་ཐེག་པའི་དོན་སྟོན་ཅིང་། །ཤེས་རབ་མཆོག་གི་རྗེས་འགྲོ་རོལ་མོའི་སྒྲ། །བདུད་ཀྱི་འཁོར་ལོ་གཞོམ་ཕྱིར་དབུལ་བར་བགྱི། །དོན་གྱི་དབྱིངས་ལ་མངའ་བརྙེས་འདི་བཞེས་ཤིག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། ཞེས་རོལ་ཆེན་བྱའོ། །དེ་ནས། ཕྱག་ཆེན་ལྔ་དྲིལ་གསིལ་དང་བཅས་པ་བྱ་ཞིང་། ༈ ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལ། །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཕྱག་འཚལ་སྦྱོང་བའི་རྒྱལ་པོ་ལ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་བདག །ཡིད་བཞིན་ནོར་བུ་རིན་ཆེན་གྱིས། །སེམས་ཅན་བསམ་པ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོག་གསུང་གི་བདག །གསུང་རབ་པདྨོ་ཁ་རྒྱས་པ། །ཁམས་གསུམ་དབུགས་དབྱུང་མཛད་པ་པོ། །ཤཱཀྱ་རི་དབང་ཁྱོད་ཕྱག་འཚལ། །ནན་ཏན་ཡེ་ཤེས་འཕྲིན་ལས་བདག །སྣ་ཚོགས་སེམས་ཅན་སྡུག་བསྔལ་ཀུན། །མ་ལུས་པར་ནི་ཞི་མཛད་པ། །མེ་ཏོག་ཆེར་རྒྱས་ཁྱོད་ཕྱག་འཚལ། །གྲྭ་ཡི་ཕྱོགས་ནི་ཀུན་ཏུ་ཡང་། །རིགས་ཀྱི་ཡུམ་བཞི་སྐུར་བསྟན་པ། །ལྷ་མོ་སྤྱན་དང་མཱ་མ་ཀཱི། །དཀར་མོ་སྒྲོལ་མ་ཁྱོད་ཕྱག་འཚལ། །རྩིབས་ཀྱི་ནང་ནི་ཐམས་ཅད་ན། །བཞུགས་པའི་རྡོ་རྗེ་སེམས་དཔའ་སོགས། །རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས། །རྒྱུད་བཞིན་བདག་གིས་བསྟོད་པར་བགྱི། །སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མ་མཆོད་པའི་ལྷ་མོ་དང་། །སྤོས་དང་མེ་ཏོག་མར་མེ་མ། །དྲི་ཡི་ལྷ་མོ་ཁྱོད་ཕྱག་འཚལ། །སྒོ་བཞིའི་དབུས་ན་ལེགས་བཞུགས་པའི། །དད་སོགས་ངོ་བོ་རྣམ་དག་པ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་སྲུང་རྣམས་ལ་ཕྱག་འཚལ་ལོ། །སྒོ་ཡི་ཁྱམས་ན་བཞུགས་པ་ཡི། །བྱམས་པ་ལ་སོགས་བཅུ་དྲུག་ནི། །རབ་དགའ་ལ་སོགས་གནས་མཛད་པའི། །བྱང་སེམས་རྣམས་ལ་ཕྱག་འཚལ་བསྟོད། །སྟོན་པའི་རྟགས་འཆང་ཉན་ཐོས་མཆོག །ལྷུང་བཟེད་འཁར་གསིལ་པུ་ཏི་ཕྱག །བསླབ་སྦྱངས་ཡོན་ཏན་ཀུན་ལྡན་པའི། །ཉན་ཐོས་རྣམས་ལ་ཕྱག་འཚལ་བསྟོད། །རྟེན་འབྲེལ་དོན་ལ་བརྟེན་གནས་པའི། །འཕགས་པ་རང་རྒྱལ་བཅུ་གཉིས་ནི། །འབྱུང་དང་ལྡོག་ལ་རབ་ཞུགས་པའི། །རང་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །ཁྲོ་བོ་སྲིན་པོའི་ཆ་ལུགས་ཅན། །སྦྲུལ་དང་མི་སྡུག་མགོས་བརྒྱན་ཅིང་། །སྟག་ལྤགས་ཀྱིས་ནི་སྣམ་དཀྲིས་པའི། །འཇིག་རྟེན་གསུམ་སྣང་སོགས་ཕྱག་འཚལ། །ཕྱི་ཡི་ཁོར་ཡུག་ལ་གནས་པའི། །འཇིགས་བྱེད་ལྷ་ཀླུ་གཟའ་སྐར་དང་། །ཕྱོགས་སྐྱོང་རྒྱལ་ཆེན་ཕྱག་འཚལ་ཞིང་། །འཇིག་རྟེན་པ་ཀུན་བསྟོད་པར་བགྱི། །ཞེས་པའི་བསྟོད་དོ། །དེ་ནས་ཐལ་མོ་སྦྱར་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་རྣམས་བྱང་ཞིང་དག་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ་བ་གདབ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛཱ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿ ཡི་གེ་བརྒྱ་པ་ལན་གསུམ་ལ་སོགས་པ་བརྗོད་པའི་རྗེས་སུ། ཐལ་མོ་སྦྱར་ཞིང་། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཡང་བཟོད་པར་མཛད་དུ་གསོལ། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ནི་མགོན་པོས་བཟོད་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་པ། །མ་འབྱོར་མ་རྙེད་མ་འཚལ་བ། །འདིར་ནི་བགྱི་བ་གང་བགྱིས་རྣམས། །དེ་དག་ཐམས་ཅད་བཟོད་པར་མཛོད། །ཞེས་སོགས་ཀྱིས་ཆོ་ག་ལྷག་ཆད་ཁ་བསྐང་ཞིང་། ནོངས་པ་བཟོད་པར་གསོལ་ནས། རས་བྲིས་ཀྱི་དཀྱིལ་འཁོར་ལ་དམིགས་ཏེ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ། རྒྱལ་བ་ཐམས་ཅད་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་རས་བྲིས་ཀྱི་དཀྱིལ་འཁོར་འདི་ཉིད་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་དང་། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བརྟན་པར་བྱས་ནས་མེ་ཏོག་དོར་རོ།།  ༄༅། །ཀུན་རིག་བླ་མ་བརྒྱུད་པའི་གསོལ་འདེབས་ངན་སོང་རྒྱུན་གཅོད་བཞུགས་སོ།། ན་མོ་གུ་རུ། བླ་མ་དང་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །རྣམ་འདྲེན་ཞིང་གི་སྟོན་པ་ཤཱཀྱའི་ཏོག །གསང་ཆེན་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཛིན། །ཤར་ཕྱོགས་ཟ་ཧོར་རྒྱལ་པོ་རབ་གསལ་ཟླ། །འགྲོ་བའི་སྐྱབས་མགོན་གསུམ་ལ་གསོལ་བ་འདེབས། །རྣམ་མང་རྒྱུད་སྡེའི་དོན་གཟིགས་རབ་འབྱོར་བསྐྱངས། །སྒྲོལ་མས་རྗེས་བཟུང་ཀུན་དགའ་སྙིང་པོའི་ཞབས། །རྣལ་འབྱོར་རྒྱུད་ཀུན་མཁྱེན་པའི་ཤེས་རབ་བསྐྱངས། །ཡོ་གའི་སྲོལ་འབྱེད་གསུམ་ལ་གསོལ་བ་འདེབས། །གསང་ཆེན་མངའ་བདག་ཞི་བ་སྙིང་པོ་དང་། །དཔག་ཡས་ཐུགས་རྗེའི་གཏེར་ཆེན་དགེ་མཚན་བཤེས། །ཚུལ་ཁྲིམས་ནོར་བུའི་གླིང་འཛིན་བདེ་བའི་ཞབས། །དགེ་ལེགས་འབྱུང་གནས་གསུམ་ལ་གསོལ་བ་འདེབས། །ཀུན་གཟིགས་ཤྲརྡྷ་ཀ་ར་ཝརྨ་དང་། །བོད་ཡུལ་གསལ་མཛད་ལོ་ཆེན་རིན་ཆེན་བཟང་། །མཐའ་བྲལ་དོན་རྟོགས་ཆོས་རྗེ་བྲག་སྟེང་པ། །བསྟན་པའི་སྲོག་ཤིང་གསུམ་ལ་གསོལ་བ་འདེབས། །སྐད་གཉིས་སྨྲ་བའི་མལ་ལོ་བློ་གྲོས་གྲགས། །སྙིགས་དུས་བསྟན་པའི་མཛོད་འཛིན་ས་ཆེན་མཚན། །གངས་ཁྲོད་རྡོར་འཛིན་རྗེ་བཙུན་གྲགས་པའི་ཞབས། །བསྟན་པའི་གསལ་བྱེད་གསུམ་ལ་གསོལ་བ་འདེབས། །ཆོས་ཀྱི་རྒྱལ་པོ་ས་སྐྱ་པཎྜི་ཏ། །རླུང་སེམས་དབང་བསྒྱུར་ཚོགས་བསྒོམ་ཀུན་དགའ་དཔལ། །འབྲས་བུའི་དོན་རྟོགས་ཉན་ཆེན་བསོད་ནམས་བརྟན། །འགྲོ་བའི་སྐྱབས་མགོན་གསུམ་ལ་གསོལ་བ་འདེབས། །ཏི་ཤྲཱི་ཆེན་པོ་ཀུན་དགའ་བློ་གྲོས་དང་། །ཤེས་བྱ་ཀུན་གཟིགས་བསོད་ནམས་རྒྱལ་མཚན་དཔལ། །མཁས་པ་ཆེན་པོ་བློ་གྲོས་བརྟན་པའི་ཞབས། །ཚོགས་གཉིས་ལམ་སྟོན་གསུམ་ལ་གསོལ་བ་འདེབས། །གྲུབ་པ་མཆོག་བརྙེས་དཔལ་ལྡན་ཚུལ་ཁྲིམས་ཞབས། །ཟབ་ལམ་མངའ་བདག་ཡེ་ཤེས་རྒྱལ་མཚན་དང་། །མཁས་པའི་གཙུག་རྒྱན་ཀུན་དགའ་བཟང་པོའི་ཞབས། །ཐུབ་བསྟན་ཉིན་བྱེད་གསུམ་ལ་གསོལ་བ་འདེབས། །རྟོགས་པའི་མངའ་བདག་སངས་རྒྱས་རིན་ཆེན་མཚན། །མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཞབས། །གང་དེའི་ཐུགས་སྲས་ཤེས་རབ་རྒྱལ་མཚན་དཔལ། །བསྟན་པའི་སྒྲོན་མེ་གསུམ་ལ་གསོལ་བ་འདེབས། །འགྲོ་བའི་དོན་མཛད་ནམ་མཁའ་དཔལ་བཟང་དང་། །ཕན་བདེ་སྩོལ་མཛད་ཀུན་དགའ་བསོད་ནམས་ཞབས། །ཞལ་སྐོང་ནི། ནུས་པའི་དཔལ་མངའ་བསོད་ནམས་དབང་ཕྱུག་མཚན། །རྡོ་རྗེ་འཛིན་པ་གསུམ་ལ་གསོལ་བ་འདེབས། །རྒྱུད་སྡེའི་མངའ་བདག་ཀུན་དགའ་བཀྲ་ཤིས་དང་། །ཐུགས་རྗེའི་གཏེར་ཆེན་བསོད་ནམས་རིན་ཆེན་ཞབས། །མཁས་གྲུབ་མཚུངས་མེད་ཀུན་དགའ་བློ་གྲོས་ཏེ། །འཇམ་དབྱངས་རྣམ་འཕྲུལ་གསུམ་ལ་གསོལ་བ་འདེབས། །མཁས་པའི་གཙུག་རྒྱན་ནམ་མཁའ་འཆི་མེད་དང་། །གྲུབ་པའི་དབང་ཕྱུག་ཀུན་དགའ་བསྟན་འཛིན་ཞབས། །མཁྱེན་རབ་མངའ་བདག་བསྟན་པའི་རྒྱལ་མཚན་ཏེ། །འཁོར་ལོའི་མགོན་པོ་གསུམ་ལ་གསོལ་བ་འདེབས། །འགྲོ་ལ་ཕན་དགོངས་བསོད་ནམས་རྒྱལ་མཚན་དང་། །རྨད་བྱུང་འཕྲིན་ལས་མངའ་བ་བློ་གྲོས་སྙིང་། །སྐྱེ་རྒུའི་གཙུག་རྒྱན་ཆོས་ཀྱི་ཉི་མ་སྟེ། །རིགས་བརྒྱའི་ཁྱབ་བདག་གསུམ་ལ་གསོལ་བ་འདེབས། །སྙིགས་དུས་འགྲོ་བའི་སྐྱབས་མཆོག་ཨེ་ཝཾ་པ། །འཁོར་ལོའི་མགོན་པོ་དྲིན་ཆེན་ཆོས་ཀྱི་རྗེ། །ཁྱབ་བདག་གཞན་ཕན་སྙིང་པོ་ལ་སོགས་པ། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་བགྱིས་པའི་ལེགས་བྱས་དགེ་བ་དང་། །རྩ་བརྒྱུད་བླ་མའི་ཐུགས་རྗེའི་བྱིན་རླབས་ཀྱིས། །བདག་ཅག་དཔོན་སློབ་དུས་འདིར་ཚེ་རིང་ཤིང་། །གྲངས་མེད་འགྲོ་བ་མང་པོ་ལམ་འགོད་ཤོག །ཆགས་སོགས་ཉོན་མོངས་དུག་གསུམ་གྱིས་བསླད་པའི། །བདག་སོགས་སྲིད་མཚོར་འཁྱམས་པའི་སེམས་ཅན་རྣམས། །ལས་ངན་སྡིག་སྒྲིབ་ངན་འགྲོའི་རྒྱུན་བཅད་ནས། །རྣམ་སྣང་ཆེན་པོའི་གོ་འཕང་ཐོབ་པར་ཤོག །བདག་གི་དུས་གསུམ་དགེ་བ་འདི་ཡི་མཐུས། །བདག་ཅག་དཔོན་སློབ་དུས་འདིར་ཚེ་རིང་ཞིང་། །བསམ་དོན་ཀུན་འགྲུབ་བསྟན་པ་རྒྱས་པ་དང་། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཤོག །སྐྱེས་ནས་བསམ་བཞིན་སྲིད་པ་ལེན་པ་དང་། །སྲིད་མཐའི་བར་དུ་བསྟན་པ་འཛིན་པར་ཤོག །ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱང་། བདག་གིས་རྗེས་བཟུང་ཐར་པའི་བདེ་ཐོབ་ཤོག །བསམ་པ་རྣམ་པར་དག་པའི་སྨོན་ལམ་འདི། །དཀོན་མཆོག་རྣམ་གསུམ་བདེན་པའི་བྱིན་རླབས་ཀྱིས། །ལོག་པར་འདྲེན་པའི་ཕྱོགས་ལས་རྣམ་རྒྱལ་ནས། །ཇི་བཞིན་མ་ལུས་ལེགས་པར་འགྲུབ་གྱུར་ཅིག །ཅེས་པ་ཀུན་རིག་དབང་གི་བླ་མ་བརྒྱུད་པར་གསོལ་བ་འདེབས་པ་འདི་ནི། བླ་མ་དབང་ཕྱུག་རྒྱ་མཚོ། བླ་མ་ངག་དབང་རྒྱ་མཚོ། བན་ཚང་པ་སངས་རྒྱས་བསྟན་པ་དར་རྒྱས་སོགས་བཅུ་ཕྲག་ལྷག་ཙམ་གྱིས་བསྐུལ་བའི་ངོར། ས་སྐྱ་པ་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱིས། ཕུན་ཚོགས་བདེ་ཆེན་དུ་སྦྱར་བ་འགྲོ་ལ་ཕན་བདེ་རྒྱ་ཆེར་འབྱུང་བའི་རྒྱུར་གྱུར་ཅིག ཀུན་དགའ་བཀྲ་ཤིས་མན་གྱི་ཁ་སྐོང་འདི་ག་རཱ་ཛ་སྤུར་དཔལ་ས་སྐྱའི་ཆོས་ཚོགས་ཀྱི་ཚོགས་འདོན་ཆེད། རང་ཉིད་ཀྱི་དབང་ཐོབ་པའི་བརྒྱུད་པ་ལྟར་འཁོན་རིགས་ཝ་གིནྡྲ་ནནྡས་བྲིས་པ་དགེ་ལེགས་འཕེལ།།  །།  ༈ །དེ་ནས་དྲིལ་བུ་གསིལ་ཞིང་། སྟོན་མཆོག་དམ་པ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །དེ་ནས་རོལ་མོ་དང་བཅས། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མོའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་བདེ་ལེགས་ཤོག །ཅེས་དང་། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་བར་གྱུར་ཅིག །ཅེས་སོགས་བརྗོད་ཅིང་མེ་ཏོག་དོར་རོ། །སླར་ཡང་བསྔོ་བ་སྨོན་ལམ་རྣམ་པར་དག་པ་བཏབ་ལ། རས་བྲིས་བཀུར་སྟི་དང་བཅས་པས་བསྡུས་ལ་དབེན་པར་གཞག་གོ །དེ་ནས་མཆོད་རྫས་དམན་པ་རྣམས་མགོན་མེད་པ་དང་། ཕོངས་པ་ལ་སྦྱིན། གོས་ཟུང་སོགས་མཆོད་རྟེན་དང་སངས་རྒྱས་ཀྱི་སྐུ་ལ་ཕུལ་ནས་ལས་ཀྱི་རྗེས་མི་མངོན་པར་བྱའོ།།  ༈ །དེ་ནས་སྔར་གྱི་འཇིམ་པ་དེ་བྱིན་གྱིས་བརླབས་པའི་ཕྱིར། འཇིམ་པའི་གོང་བུའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། ཨོཾ་ན་མོ་སོགས་རྩ་རིག་ཚར་གཅིག་བརྗོད་ལ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འོད་ཟེར་ཁ་དོག་སྣ་ལྔ་པའི་རྣམ་པར་སྤྱན་དྲངས་ཏེ་སྔགས་ཕྲེང་ལ་ཐིམ། སྔགས་ཕྲེང་འོད་དུ་ཞུ་ནས་འཇིམ་པ་ལ་ཐིམ་པས་འཇིམ་པ་ཡེ་ཤེས་ལྔའི་རང་བཞིན་གྱི་རིན་པོ་ཆེའི་ཕུང་པོར་གྱུར་པར་བསམ། རིན་པོ་ཆེ་བརྡར་ལ་རྩ་རིག་མང་དུ་བཟླས་པས་བྱིན་གྱིས་བརླབས་ཏེ། རྩ་རིག་གི་མཐར་ཆེ་གེ་མོ་ཞེས་བྱ་བའི་སྡིག་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་པ་གུར་གུམ་གྱིས་བྲིས་ཏེ་འབི་་་་་་འདི་བཞིན་གྱི་གཟུངས་བཞུགས་གྲུབ་ན་ཤིན་ཏུ་ལེགས་ཀྱང་། སྐབས་འདིར་དཀའ་ལས་ཆེ་བས་མ་བྱུང་ཀྱང་ཉེས་པ་ཆེར་མེད་པར་སེམས། འབིའི་ནང་དུ་བཅུག་ལ་བཟླ་བཞིན་དུ་མཆོད་རྟེན་ནམ་ལྷ་སྐུ་ལ་སོགས་པ་བཏབ། ཐེབས་པ་དང་རྩི་ཚོན་གསོལ་ཏེ། རང་ཉིད་ལྷའི་ང་རྒྱལ་དྲན་པར་བྱས་ལ། སུམྦྷ་ནིས་བགེགས་སྦྱངས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ། དེ་དག་སྐུ་ལ་སོགས་ཀྱིས་སྐུ་ཕྱི་བར་བསམ། འབྱོར་ན་གུ་གུལ་གྱིས་བདུག་ཅིང་ནས་སམ་ཡུངས་ཀར་གྱིས་བྲབས།་་་་་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཟླ་བའི་སྟེང་དུ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་དར་གྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེ་ཞུ་བ་ལས་བྱུང་བའི་ཆོས་སྐུའི་མཆོད་རྟེན་ཡངས་ཤིང་རྒྱ་ཆེར་བར་གྱུར་པའི་བུམ་པའི་ནང་དུ། དབུས་སུ་སེང་གེ། ཤར་དུ་གླང་པོ་ཆེ། ལྷོར་རྟ། ནུབ་ཏུ་རྨ་བྱ། བྱང་དུ་མཁའ་ལྡིང་རྣམས་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་རེ་རེ་དང་བཅས་པའི་དབུས་སུ། རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཤར་དུ་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན། གཡོན་མཉམ་གཞག ལྷོར་རིན་འབྱུང་སེར་པོ་གཡས་མཆོག་སྦྱིན། གཡོན་མཉམ་གཞག ནུབ་ཏུ་འོད་དཔག་མེད་དམར་པོ་མཉམ་གཞག བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྐྱབས་སྦྱིན། གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་དར་གྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་མཐའ་བསྐོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་བཅས་པར་གྱུར། ཞེས་དང་། སྐུ་གཟུགས་ཀྱི་རྟེན་ཡིན་ན། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ། ཨོཾ་ཨཱཿཧཱུྃ་ལས། རྡོ་རྗེ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསྐྱེད། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་རིགས་ལྔའམ། རྡོ་རྗེ་སེམས་དཔའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་སོགས་རྒྱས་བསྡུས་གང་རིགས་བྱ། མཆོད་དེ། ཛཿཧཱུྃ་བཾ་ཧོཿཞེས་མང་དུ་བརྗོད་ཅིང་། སོ་སོ་ལ་ཐིམ་པར་བསམ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་ཨཱསཿམཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། སླར་ཡང་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་རྣམས་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་ནས། ཤྲཱི་ཧཱུྃ། ཞེས་གསུངས་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རིགས་ལྔ་ལ་རིགས་ལྔ་སོ་སོ་དང་། སྐུ་གཟུགས་ཀྱི་རྟེན་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་རིགས་ལྔའི་བསྟོད་པ་གང་ཤེས་དང་། ལྷ་སྐུ་ཡིན་ན། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །སོགས་ཀྱིས་བསྟོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་ལྷ་རྣམས་ཀྱི་སྤྱན་འབྱེད་པའི་ཚུལ་བྱས་ལ། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་ཐོབ་སྟེ། སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ཅེས་བརྗོད། ཡེ་དྷརྨས་བྱིན་གྱིས་བརླབས་པའི་མེ་ཏོག་གཏོར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་དང་། ཡེ་དྷརྨ་མང་དུ་བརྗོད་ལ་མེ་ཏོག་གཏོར། སྐུ་གཟུགས་སམ་མཆོད་རྟེན་རྣམས་འོད་དུ་ཞུ་ནས་རང་རང་གི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར་པར་བསམས་ལ་མཆོད་དེ། མཆོད་རྟེན་ལ། སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ། །སྣ་ཚོགས་རིན་ཆེན་ཁམས་ལས་གྲུབ་པ་ཡི། །སྤྲུལ་པའི་མཆོད་རྟེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཆོས་སྐུའི་རང་བཞིན་ཅན་ལ་ཕྱག་འཚལ་ལོ། །ཞེས་དང་། ལྷ་སྐུ་ཡིན་ན་སོ་སོའི་སྒོས་བསྟོད་ཅི་ཤེས་བྱས་ལ་བཀྲ་ཤིས་བྱའོ། །འདི་ནི་ཡོངས་འཛིན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཀུན་རིག་གི་སྦྱིན་སྲེག་གི་མཇུག་ཏུ་གསུངས་པ་འདིར་བཀོད་པ་ལགས། འདི་ལྟར་བྱས་པས་དབང་བསྐུར་ཏེ་སྡིག་པ་སྦྱང་བ། ཕྱིར་ཟློག་གི་སྡིག་པ་སྦྱང་བ། མཆོད་རྟེན་བྱས་ཏེ་སྡིག་པ་སྦྱང་བ་གསུམ་ཀ་འབྱུང་བས་ཕན་ཡོན་ཤིན་ཏུ་ཆེའོ། །དཔལ་ལྡན་ངན་སོང་ཀུན་སྦྱོང་ཆོ་གའི་རིམ། །རྒྱུད་དང་རིན་ཆེན་བཟང་པོའི་བཤད་སྲོལ་དང་། །རྡོ་རྗེ་འཆང་དངོས་རྗེ་བཙུན་གསུང་རབ་ལྟར། །འཁྲུལ་མེད་གོ་བདེ་བདག་གིས་རྣམ་པར་སྦྱར། །དགེ་བ་གང་དེས་མར་གྱུར་འགྲོ་བ་ཀུན། །སྡུག་བསྔལ་རྒྱུ་དང་བཅས་ལས་རྣམ་གྲོལ་ཞིང་། །རྣམ་དག་བྱང་ཆུབ་སྤྱོད་པས་རྒྱུད་སྦྱངས་ནས། །ཁྱབ་བདག་རྡོ་རྗེ་སེམས་དཔར་འགྱུར་བར་ཤོག །ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་ཆོ་ག་གཞན་ཕན་མཐའ་ཡས་ཞེས་བྱ་བ་འདི་ནི། ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལ་བསྙེངས་པ་མི་མངའ་བའི་མཁྱེན་རབ་ཅན། རྗེ་བཙུན་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོ་ལ། ལྷ་རིགས་བྱང་ཆུབ་སེམས་དཔའ་གུ་གེ་ཆོས་ཀྱི་རྒྱལ་པོས་ཐོག་མར་བཀའ་སྩལ་ཞིང་། བར་དུ་དགེ་བའི་བཤེས་གཉེན་རབ་ཏུ་མང་པོས་བསྐུལ་བ་དང་། མཐའ་མར་མདོ་དང་སྔགས་ཀྱི་སྡེ་སྣོད་རབ་ཏུ་མང་པོ་ལ་སྦྱངས་ཤིང་། ཟབ་མོའི་དོན་ལ་དད་པ་ཐོབ་པ། སྡེ་སྣོད་འཛིན་པ་བསམ་གྲུབ་བཟང་པོས་ཡང་ཡང་དུ་བསྐུལ་ཞིང་། ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས། རྔ་ཆེན་གྱི་ལོ་་་་་་ཆུ་བོ་ཁྱི་ཐ་སྐར་གྱི་ཟླ་བའི་ཉེར་ལྔ་ལ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་མཐའ་ཡས་པ་ལ་ཕན་ཐོགས་པར་གྱུར་ཅིག ཅེས་སྙིགས་དུས་བསྟན་པའི་མངའ་བདག་རྒྱལ་བས་ལུང་བསྟན་བརྙེས་པ། རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་པོས་མཛད་པའི་གཞན་ཕན་མཐའ་ཡས་དེ་ཉིད་ལས། ཚིག་དོན་གྱི་ཆ་དང་ཕྱག་ལེན་མི་གསལ་བ་འགའ་ཞིག་སྣང་བ་རྣམས་བློ་དམན་པ་རྣམས་ཀྱིས་རྟོགས་པར་དཀའ་བ་ནས། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གཞན་ཕན་རྣམ་གཉིས། ཀུན་མཁྱེན་གུང་རུས་མཛད་པའི་ཀུན་རིག་གི་རྣམ་བཤད། ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་གཞན་ཕན་ཀུན་ཁྱབ། བྱས་འགྱུར་བ་བསོད་ནམས་སེང་གེས་མཛད་པའི་ཕྱག་་་་་་བསྟོད་རིང་གི་ཆེན་གྱི་ལག་ལེན། བྲང་ཏི་པ་མཁས་པའི་རིགས་སུ་འཁྲུངས་པ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་གཞན་ཕན་མཐའ་ཡས་ཀྱི་མཆན་དང་། དཔལ་ས་སྐྱ་པ་ཆེན་པོ་སྙིགས་དུས་བསྟན་པའི་ཉི་མ་སྔགས་འཆང་ངག་གི་དབང་པོས་མཛད་པའི་དབང་ཆོག གང་དེའི་སྲས་ཀྱི་ཐུ་བོ་བྱང་ཆུབ་སེམས་དཔའ་ཆེན་པོ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀྱིས་ཀྱང་གཞན་ཕན་མཐའ་ཡས་ཀྱི་མཆན་དང་། གསུང་ངག་ལས་ཇི་ལྟར་ཐོས་པའི་ཞིབ་ཆ་ཕྱག་ལེན་རྣམ་པར་དག་པ་མཛད་པ་མཐོང་ཞིང་། ལྷོ་སྒོའི་སྐབས་འདིར་རཏྣ་སཱ་ག་རས་མཛད་པའི་ལྷོ་སྒོའི་ཆོ་ག་ནས་ཀྱང་ཁ་བསྐང་ཞིང་། ཡོངས་འཛིན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སཱཙྪ་དང་རབ་གནས་ཀྱི་ཆོ་ག་མདོར་བསྡུས། གཞན་ཡང་འདི་ཉིད་ལ་ཉེ་བར་མཁོ་བའི་ཚིག་དོན་དང་། ཕྱག་རྒྱ་བཅའ་ཐབས་ལ་སོགས་པ་ཕྱག་ལེན་དང་བཅས་པ་བླ་མ་དམ་པ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་དེ་རྣམས་ཀྱི་བཞེད་པ་ཕྱོགས་གཅིག་ཏུ་ལེགས་པར་བསྡུས་ཏེ་བྲིས་པའོ། །ཞིབ་ཏུ་ཕྱག་ལེན་ཕྲ་མོ་རྣམས་ནི་བླ་མའི་གསུང་ངག་དང་མཐོང་བ་བརྒྱུད་པ་ལས་ཤེས་པར་བྱའོ། །འདིས་ཀྱང་རང་འདྲའི་བློ་གྲོས་ཞན་པའི་སྐྱེ་བོ་ལས་དང་པོ་ལ་མཐའ་ཡས་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།  །།འདིར་སྨྲས་པ། སྔོན་བྱོན་་་་་་གོང་དུ་བརྗོད་ཟིན་པའི་མཁས་མང་གསུང་རབ་རྒྱ་མཚོ་ལས། །ཡོངས་འཛིན་གྲགས་པའི་་་་་་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་གྱི་གསུང་གི་གྲུར་ཞུགས་ཏེ། །ལེགས་བཤད་་་་་་གསུང་རབ་འདི་ཉིད་དེད་དཔོན་གསུང་དང་མི་འགལ་བར། །ཟབ་དོན་རིན་ཆེན་གསུང་རྒྱུན་ཁོ་བོས་་་་་་པུཎྱ་དྷྭ་ཛས་བླངས། །སྐལ་ལྡན་སྐྱེ་བོའི་གཙུག་ཏུ་རབ་མཛེས་པས། །རང་གཞན་དོན་གཉིས་བསྒྲུབ་ལ་མ་རྨོངས་ཤིང་། །རྣམ་སྣང་ཆེན་པོའི་གོ་འཕང་བགྲོད་ཐབས་འདི། །ཐོས་ཆུང་ཕྱོགས་རེར་ཞེན་ལ་འདི་མི་མཁོ། །ཚུལ་འདི་སྨྲ་བ་རྗེ་བཙུན་ཆོས་ཀྱི་རྗེ། །འཁོན་སྟོན་བརྒྱུད་པར་བཅས་ལ་རབ་གུས་ཤིང་། །ལེགས་བཤད་འདི་ལ་བརྩོན་པ་ལྷུར་ལེན་པ། །འཁོན་རིགས་སྔགས་འཆང་ངག་དབང་ཀུན་བསོད་ལགས། །ཀུན་རིག་གི་ཆོ་ག་གཞན་ཕན་ལྷུན་གྲུབ་ཅེས་བྱ་བ་འདི་ཡང་སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱི་ཐུགས་སྲས་རྒྱལ་ཚབ་དམ་པ་གྲུབ་མཆོག་དབང་པོའི་མཚན་ཅན་སྐུ་མཆེད་དང་། ཁྱབ་བདག་འཁོར་ལོའི་མགོན་པོ་རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན་རྣམས་གཙོ་བོར་སྨོས་པའི་ཡོངས་འཛིན་ཆོས་བཞིན་དུ་སྤྱོད་པ་དུ་མའི་ཞབས་རྡུལ་སྤྱི་བོས་ལེན་པ་ས་སྐྱ་པ་ཆོས་མེད་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་ཛ་ཡ་སྟེ་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ་ཟླ་བ་བདུན་པའི་དཀར་ཕྱོགས་ཀྱི་ཚེས་བཅུ་བཞི་སྔགས་འཆང་བསྟན་པའི་ཉི་མ་དགོངས་པ་ཆོས་དབྱིངས་སུ་མཉམ་པར་བཞག་པའི་དུས་དྲན་གྱི་མཆོད་པ་འབུལ་བའི་ཉིན། དཔལ་ས་སྐྱའི་གཞི་ཐོག་བླ་བྲང་གི་ཚོམས་དམར་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་རིགས་རུས་ཕུན་སུམ་ཚོགས་ཤིང་དཔལ་དུས་ཀྱི་འཁོར་ལོའི་རྩིས་གཞུང་རྒྱ་མཚོ་དང་ཨཀྵ་རའི་འདུ་བྱེད་ལ་མཁས་པའི་ཕུལ་དུ་ཕྱིན་པ་སོགས་ལུགས་གཉིས་ཀྱི་མཁྱེན་སྤྱན་ཡངས་པ་ཀུན་དགའ་ཆོས་ཀྱི་སྒྲོན་མེའི་ཕྱག་སོར་གྱིས་འདུ་བྱེད་ལས་སྐྲུན་པའོ། །འདི་སྦྱར་དགེ་བས་བདག་ཅག་དཔོན་སློབ་རྣམས། །དུས་འདིར་ཚེ་རིང་ནད་མེད་བསམ་དོན་འགྲུབ། །ནམ་ཞིག་ཚེ་འདིར་སྣང་བ་ནུབ་མ་ཐག །བར་དོ་མེད་པར་མཁའ་སྤྱོད་བདེ་ལྡན་ནམ། །མངོན་དགའི་ཞིང་དུ་བླ་མ་ཡི་དམ་དང་། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་ཉེར་བསུས་ནས། །སྤངས་རྟོགས་མྱུར་རྫོགས་གང་འདུལ་སྤྲུལ་པ་ཡིས། །དོན་གཉིས་མཐར་ཕྱིན་བསྟན་པ་རྒྱས་བྱེད་ཤོག །སརྦ་མངྒ་ལཾ། དྷརྨཱ་ཨུད་ཡ་མསྟུ།་་་་་ཆོས་འདིར་དབང་གྱུར་ཅིག སརྦ་སུ་ལ་བྷ་ཝནྟུ།་་་་་ཐམས་ཅད་བདེ་བར་གྱུར་ཅིག ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།་་་་་སྐྱེ་འགྲོ་རྣམས་ལ་དགེ་བར་གྱུར་ཅིག དཔལ་ཀུན་རིག་གི་སྒྲུབ་དཀྱིལ་གྱི་གསུང་རབ་པར་འདི་དཔལ་ལྡན་ས་སྐྱའི་ཆོས་གྲྭར་བཞུགས་སོ།། །།ཞལ་གྲོ།།  །།

<< གོང་མ།

༈ ༸དཔལ་ས་སྐྱའི་༸གོང་མ་ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་མཛད་གསེང་དབར་ཞུ་དག་གཟིགས་ཞིབ་བཀའ་དྲིན་བླ་མེད་དུ་ཆེ་བར། གུས་ནས་དད་གུས་སྤྲོ་གསུམ་གཡོ་མེད་དུ་ཐུགས་རྗེའི་སྐྱབས་འོག་ལས་ནམ་ཡང་མི་འདོར་བར་གསོལ་བ་སྙིང་ཁོང་ནས་འདེབས་པ་དང་། ས་ཆོས་མཁན་པོ་ལས་འཛིན་པ་ངག་དབང་རྒྱལ་མཚན་མཆོག་ནས་གུས་ཀྱི་ཡིག་ནོར་སོང་བར་ཞུ་དག་གནང་བ་བཅས་ལ་ཐུགས་རྗེ་བླ་མེད་དུ་ཆཻ་ཞུ་བ་ལགས་སོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན། 2

    • མཁྱེན་ལྡན་བསོད་ནམས་ལགས། འཚམས་འདྲི་དང་སྦྲགས་བཀྲ་ཤིས་བདེ་ལེགས། ཁྱེད་དང་ཁྱེད་འདྲ་བའི་མཁྱེན་ལྡན་ཚོས་ང་ཚོའི་དྲྭ་བ་ལ་གཟིགས་ཞིབ་དང་རྒྱབ་སྐྱོར་གནང་བར་ངས་ང་ཚོ་རྩོམ་སྒྲིག་པ་ཡོངས་ཀྱི་ཚབ་བྱེད་དེ་ཐུགས་རྗེ་ཚེ་ཞུ་ན་འདོད། ད་ལྟའི་བར་ཀུན་རིག་གི་བརྙན་ཐུང་དམིགས་བསལ་མེད། རྗེས་སོར་རག་ཚེ་ཁྱེད་ལ་ཕུལ་ཆོག་ལགས།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*